Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་བཙན་པོའི་རྒྱལ་ཁབ་ཀྱི་ཤུལ་བཞག་མཚན་སྙན་དྲན་གསོའི་ལས་འགུལ།

Posted on 2014-02-122014-02-12 By ཁ་བརྡ་ 5 Comments on བོད་བཙན་པོའི་རྒྱལ་ཁབ་ཀྱི་ཤུལ་བཞག་མཚན་སྙན་དྲན་གསོའི་ལས་འགུལ།

བོད་རང་བཙན་སློབ་ཕྲུག་ཚོགས་པ།

unnamedསྔ་ལོའི་ཟླ་༢ པའི་ཚེས་༡༣ ཉིན། འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་༣༠་ལྷག་གི་ནང་དུ་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཉིན་གཅིག་དུས་གཅིག་ལ་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེགས་འཛུགས་བྱེད་པ་དང་། བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་ཆ་གལ་ཆེན་འགྲེམས་སྟོན། ད་དུང་། རྒྱལ་ཁབ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ཁག་ལ་ཞུ་གཏུགས་བྱེད་པ་སོགས་རྣམ་པ་མི་འདྲ་བའི་ལས་འགུལ་སྣ་མང་ཞིག་སྤེལ་ཏེ། ༧རྒྱལ་དབང་སྐུ་ཕྲེང་༡༣ པ་མཆོག་གིས་སྤྱི་ལོ་༡༩༡༣ ལོར་བོད་རང་བཙན་གཙང་མ་ཡིན་པའི་བསྒྲགས་གཏམ་སྤེལ་ནས་ལོ་རྒན་ཧྲིལ་བོ་བརྒྱ་ཏག་ཏག་འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད་ལ། འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་མང་པོ་ཞིག་ཀྱང་ལས་འགུལ་ནང་མཉམ་ཞུགས་གནང་སྟེ། བོད་ཀྱི་འདས་པའི་ལོ་རྒྱུས་ལ་གུས་བརྩི་དང་ད་ལྟའི་བོད་ནང་གི་བོད་མིའི་གནས་སྟངས་ཀྱི་ཐད་ལ་གདུང་སེམས་མཉམ་བསྐྱེད་བྱས་ཡོད། དེ་དང་འབྲེལ་བའི་བརྙན་པར་ལ་གཟིགས་འདོད་ཚེ། དྲ་ཐག་འདིའི་ཐོག་ལ་བསྣུན་རོགས། https://www.youtube.com/watch?v=_ZTFS7IOjQU

ད་ལོར་ཆ་མཚོན་པ་ཡིན་ན། ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་ཉིན་མོ་(ཟླ་༢་པའི་ཚེས་༡༣)གལ་ཆེན་དེ་སྲུང་བརྩིའི་ཆེད། རྒྱ་གར་དང་བོད་ཀྱི་གཞས་ཚོགས་མང་པོ་འབོད་འགུག་བྱས་ཏེ་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོིའི་ཉེ་འགྲམ་གྱི་རྡོ་སི་ར་ཐང་ཆེན་དུ་༼རང་དབང་།༽ཞེས་པའི་རོལ་དབྱངས་འདུ་འཛོམས་རྒྱ་ཆེན་པོ་ཞིག་འཚོགས་འཆར་ཡོད།

རོལ་དབྱངས་འདུ་འཛོམས་འདི་ནི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་བོད་བཙན་པོའི་རྒྱལ་ཁབ་ཀྱི་ཤུལ་བཞག་མཚན་སྙན་དྲན་གསོ་བྱེད་པའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་ལ། ལོ་རྒྱུས་རང་བཞིན་གྱི་ཉིན་མོ་གལ་ཆེན་འདི་སྲུང་བརྩི་བྱེད་པའི་དམིགས་ཡུལ་ནི། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་དང་མི་བདེན་རྫུན་སྒྲིག་བྱེད་བཞིན་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཁག་ལ་རྒོལ་རྡུང་བྱེད་པ་དང་། དུས་མཚུངས་སུ། རྒྱལ་སྤྱིའི་སྡིངས་ཆའི་སྒང་དུ་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་གོང་སྤེལ་གཏོང་རྒྱུ་དེ་ཡིན།

བོད་བཙན་པོའི་རྒྱལ་ཁབ་ཀྱི་ཤུལ་བཞག་མཚན་སྙན་དྲན་གསོ་བྱེད་པའི་ལས་འགུལ་འདི་བརྒྱུད་ནས་ང་ཚོས་འདས་པར་དམ་འཛིན་བྱེད་ཀྱི་ཡོད་པ་མ་ཟད། རང་དབང་དང་དམངས་གཙོ་ལྡན་པའི་མ་འོངས་གངས་ལྗོངས་གསར་བ་ཞིག་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཡང་འདིང་གི་ཡོད། ད་ལོར་ཆ་མཚོན་ན་ཡང་། ཟླ་༢ པའི་ཚེས་༡༣ ཉིན། འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་༢༠ ལྷག་གི་ནང་དུ་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་རང་བཙན་གྱི་ཉིན་མོ་སྲུང་བརྩི་བྱེད་པའི་ལས་འགུལ་གྱི་ཁྲོད་དུ་ཆ་ཤས་ལེན་བཞིན་ཡོད།

ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འབྲེལ་མཐུད་པ་པུ་རེན་ངྷེ་ཡ་་ཞེར་མ་ལགས་ཀྱིས། “འདས་པའི་ལོ་ངོ་ཁ་ཤས་སྔོན་དུ། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་རང་བཞིན་གྱི་རོལ་དབྱངས་འདུ་འཛོམས་འཚོགས་ཏེ། གཞས་དབྱངས་ཀྱི་ལམ་ཁའི་ཐོག་བོད་དོན་དྲིལ་བསྒྲགས་བྱེད་པའི་ལས་འགུལ་ལ་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ་ཚང་མས་མཁྱེན་གསལ་རེད་ལ། ད་ཐེངས་ཀྱི་རོལ་དབྱངས་འདུ་འཛོམས་འདི་བརྒྱུད། མཐོ་སློབ་ཀྱི་་སློབ་ཕྲུག་མང་པོ་ཞིག་སྐོང་འགུག་བྱས་ནས་འཇིག་རྟེན་ཀུན་ཁྱབ་ཀྱི་རང་དབང་གི་ཀུན་གཞི་བརྩི་སྲུང་བྱེད་པ་ཙམ་མ་ཟད། ལོ་རྒྱུས་ཐོག་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། འདས་པའི་ལོ་ངོ་༦༠་ལྷག་གི་རིང་དུ་རྒྱ་ནག་སྲིད་གཞུང་གིས་འཛམ་གླིང་མི་དམངས་ཀྱི་དྲན་འཛིན་གྱི་ཡོལ་བའི་ངོས་ནས་བོད་ཀྱི་འདས་པའི་ལོ་རྒྱུས་ཤུལ་མེད་བཟོ་བར་འབད་རྩོལ་བྱེད་བཞིན་ཡོད་པ་དེར་འཛོམས་ཀྱི་མི་ཚོགས་ཡོངས་ལ་ཁྱབ་སྤེལ་བྱེད་རྒྱུ་ཡིན།”ཞེས་བརྗོད་སོང་།

ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སློབ་སྦྱོང་བྱེད་བཞིན་ཡོད་པ་མ་ཟད། ལྡི་ལི་བོད་བཙན་སློབ་ཕྲུག་ཚོགས་པའི་ལས་སྣེ་ཡི་འགན་འཁུར་བཞིན་པའི་སློབ་མ་ཆོས་དབྱིངས་དབང་མོ་ལགས་ཀྱིས་རོལ་དབྱངས་འདུ་འཛོམས་དེ་རྒྱ་གར་གྱི་རྒྱལ་སའི་ནང་བོད་ཀྱི་འདས་པའི་ལོ་རྒྱུས་ཕྱིར་དྲན་དང་འགྲེལ་བརྗོད་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་ཏུ་མཐོང་གི་ཡོད་ལ། མོས་“ད་ལོ་ང་ཚོ་ངོས་ནས་བོད་བཙན་པོའི་རྒྱལ་ཁབ་ཀྱི་ཤུལ་བཞག་མཚན་སྙན་སྲུང་བརྩི་བྱས་པ་བརྒྱུད། རྒྱ་ནག་གི་ལོ་རྒྱུས་འཁྱོག་བཤད་རིགས་ཐེར་འདོན་བྱེད་པ་མ་ཟད། བོད་ཀྱི་གསར་སྐྱེས་ན་གཞོན་ཚོར་བོད་ཀྱི་འདས་པའི་ལོ་རྒྱུས་དྲན་གསོ་ཐེངས་ཤིག་བྱས་ཏེ་རང་ཉིད་བོད་པ་ཞིག་ཡིན་པའི་གདེང་སྤེབས་མཐོ་རུ་འདེགས་རྒྱུ་དང་། བོད་ཀྱི་ན་གཞོན་ཚོས་འཛམ་གླིང་ཚོགས་སྡེ་དང་དབུ་ཁྲིད་ཁག་ལ་བོད་དོན་སྐོར་འགྲེལ་བརྗོད་དང་ཞུ་གཏུགས་བྱེད་པའི་འོས་འགན་ཕྲག་ཏུ་བཞེས་དགོས་པའི་སྐུལ་འདེད་བྱེད་རྒྱུ་ཡིན”ཞེས་བརྗོད་སོང་།

བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་མི་ཚོའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་ལས་འགུལ་འདྲ་མིན་རྩོམ་གྱིན་ཡོད། ང་ཚོ་ནི་འཛམ་གླིང་གི་རྒྱལ་ཁབ་༣༥ ལྷག་གི་ནང་དུ་ཡོད་པའི་་ལས་འགུལ་པ་དང་གཞོན་སྐྱེས་མི་སྣས་གྲུབ་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཁེ་མེད་ཚོགས་པ་ཞིག་ཡིན་ལ། ཚོགས་པ་འདིར་ཡན་ལག་༦༥༠ ཙམ་ཡོད། ཤེས་ཡོན་དང་། འཚེ་མེད་ཞི་བའི་ལས་འགུལ། གཞི་རིམ་གྱི་བཀོད་སྒྲིག་ལ་སོགས་པའི་སྦྱོང་བརྡར་ཁག་བརྒྱུད་ནས་བོད་མིའི་གཞི་རྩའི་ཐོབ་ཐང་དང་ཆབ་སྲིད་ཀྱི་རང་དབང་རྩོད་ལེན་བྱེད་ཀྱིན་ཡོད་ལ། ང་ཚོའི་ལས་གཞི་ཁག་བརྒྱུད་ནས་གཞོན་སྐྱེས་ཚོར་འགོ་ཁྲིད་ཀྱི་སྦྱོང་བརྡར་སྤྲད་དེ་ཁོང་ཚོས་མ་འོངས་པར་འཛམ་གླིང་ནང་གི་དྲང་བདེན་གྱི་འཐབ་རྩོད་དང་ལས་འགུལ་ཁག་གི་ཁྲོད་དུ་སྣེ་ཁྲིད་བྱེད་ཐུབ་པའི་ནུས་པ་བསྐྱེད་བསྲིང་བྱེད་རྒྱུ་དེ་ཡིན།

སྤྱི་ལོ་༢༠༡༤་ཟླ་༢་ཚེས་༡༢་ཉིན།
འབྲེལ་གཏུགས་བྱེད་ཡུལ།
པུ་རེན་ངྷེ་ཡ་་ཞེར་མ། +919999787628
ཆོས་དབྱིངས་དབང་མོ། +918285541492

www.sftindia.org
www.studentsforafreetibet.org
www.tibetaction.net

གསལ་བསྒྲགས།

Post navigation

Previous Post: གསུང་རབ་ཀྱི་དགོངས་པ་དོན་དངོས།
Next Post: བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བརྒྱད་པ།

Comments (5) on “བོད་བཙན་པོའི་རྒྱལ་ཁབ་ཀྱི་ཤུལ་བཞག་མཚན་སྙན་དྲན་གསོའི་ལས་འགུལ།”

  1. དབྱངས་ཅན་དགྱེས་པའི་བློ་གྲོས། says:
    2014-02-12 at 1:01 pm

    ད་རྡ་ས་ནས་ཤེས་ཡོན་མེད་པའི་མི་རྒན་ཚོས་རྐུབ་བཅགས་དང་དབུ་མ་རང་བཙན་བརྩད་ནས་རྒྱ་་ནག་ཚང་ཕལ་ཆེར་བརྗེད་ཀིན་མེད་འགྲོ ད་ཆ་གཞོན་སྐྱེས་ཤེས་ཡོན་པདག་མདུན་དུ་ཐོན་ནས་ལས་འགུལ་སྤེལ་བར་རྒྱབ་སྐྱོར་དང་ཡི་རངས་བཅས།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-02-12 at 1:11 pm

    ་་་་་་་་་་་ ཚོགས་པ་འདིར་ཡན་ལག་༦༥༠ ཙམ་ཡོད། ཤེས་ཡོན་དང་། འཚེ་མེད་ཞི་བའི་ལས་འགུལ། གཞི་རིམ་གྱི་བཀོད་སྒྲིག་ལ་སོགས་པའི་སྦྱོང་བརྡར་ཁག་བརྒྱུད་ནས་བོད་མིའི་གཞི་རྩའི་ཐོབ་ཐང་དང་ཆབ་སྲིད་ཀྱི་རང་དབང་རྩོད་ལེན་བྱེད་ཀྱིན་ཡོད་་་་་་་་་་

  3. བསྟན དབང་ says:
    2014-02-12 at 3:36 pm

    ༄ བོད་རང་དབང་སློབ་ཕྲུགས་ཚོགས་པ་ཟེ་མ་རེད་པས་ གས་སྲིད་མིན་ན་དབྱིན་ཡིགས་ལ་རྒྱུར་བ་གཏོང་དགོས་འདུགས་ ༡༩༡༣ལོ་ལ་རང་བཙན་གསལ་བསྒྲགས་བསྐྱར་མནན་གནང་འདུགས་ཀྱང་དེ་དུས་འབྲི་ཆུ་ཚུན་གཅས་རེད་གདུགས་པས་ད་དེ་རང་སྲུང་བརྩི་བྱེད་ཀྱི་ཡིན་པས་?

  4. ཁྱི་ཕྲུག says:
    2014-02-12 at 8:20 pm

    དང་པོ་རང་བཙན་གསལ་བསྒྲགས་ཀྱི་ཡིག་ཆ་དེ་ཞིབ་ཚགས་པོ་ཀློག་རྗེས་འདིར་བགྲོ་གླེང་འཚོག་གི་ཤོག

  5. ཨ་མདོའི་བླ་མ། says:
    2014-02-13 at 1:22 am

    དོན་ངོ་མར་རང་བཙན་རྩོད་ཀྱི་ཡིན་ན། རང་བཙན་མ་ཡིན་པའི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་བྱེད་དགོས་ཀྱི་ཡོད་པ་རེད། དེ་མ་གཏོགས་ལབ་ཚད་སྟོང་བ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme