Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལུགས་རྙིང་ལོ་གསར་དེ་རྒྱའི་ལོ་གསར་ཙམ་མ་རེད།

Posted on 2014-02-112014-02-11 By ཁ་བརྡ་ 13 Comments on ལུགས་རྙིང་ལོ་གསར་དེ་རྒྱའི་ལོ་གསར་ཙམ་མ་རེད།

རྔ་བ་ཤེས་རབ།

རྒྱུ་མཚན་མི་ཤེས་པ་ཁ་ཤས་གཡམ་རྒྱུགས་བྱས་ཏེ་ལུགས་རྙིང་ལོ་གསར་འདི་རྒྱའི་ལོ་གསར་ཡིན་ཚུལ་བཤད་པ་དེ་ནི་ཞིབ་འཇུག་ཡག་པོ་མ་བྱས་པའི་སྐད་ཆ་རེད། རྩིས་སྔ་ཕྱི་གཉིས་ཀ་བོད་ཀྱི་སྐར་རྩིས་ཀྱི་ལུགས་ལས་ཕྱི་རོལ་ཏུ་གྱུར་པ་གང་ཡང་མ་རེད། ཟླ་ལྷག་འདོན་སྟངས་ལ་ཁྱད་པར་ཤོར་བ་ཙམ་རེད། ཟླ་ལྷག་འདོན་སྟངས་མི་འདྲ་བ་སྐྱོན་ཡིན་ན་བྱེད་རྩིས་དང་གྲུབ་རྩིས་གཉིས་ཀྱང་མི་འདྲ་བས་དེ་གཉིས་གང་རུང་སྐྱོན་ཅན་དུ་ཐལ་ལོ།། བསྟུན་དགོས་ན་ཉུང་བས་མང་པ་ལ་བསྟུན་དགོས་པས་ལྷ་སའི་ལོ་གསར་དེ་མར་བསྟུན་དགོས་ཀྱི་རེད། ལུགས་རྙིང་ལོ་གསར་གྱི་རྩིས་འདི་ཨ་མདོ་དང་རྒྱ་ནག་ཙམ་ག་ལ་ཡིན། འདི་ལ་ཁམས་ཨ་མདོ་གཉིས་ཀས་མི་ཚད། ཆེན་པོ་ཧོར། རྒྱ་ནག སིང་ག་པོར། ཐེ་ཝན། ར་ཤི་ཡ། འཇར་པན་སོགས་ཤར་ཨེ་ཤ་ཡའི་རྒྱུད་ཀྱི་མི་འབོར་ཧ་ཅང་མང་པོ་ཞིག་གི་ལོ་གསར་ཡིན། འདི་ལ་རྒྱུ་མཚན་མང་པོ་ཡོད་པ་དེ་དག་རྩིས་ལ་མཁས་པ་ཚོར་བགྲང་རྒྱུ་ཡོད་པ་ལས་གཞན་སུས་ཀྱང་མི་ཤེས།

ད་སྐབས་བོད་ཀྱི་བཅུ་ཕྲག་རིག་གནས་སྤྱིའི་ཆ་ནས་ཉམས་ཀྱི་ཡོད། དེའི་ནང་ནས་སྐར་རྩིས་དེ་ལས་ཀྱང་ཉམས་རྒུད་ཆེན་པོ་ཕྱིན་ཡོད། གནའ་རབས་སྐར་རྩིས་མཁས་པས་ཡུལ་ལུང་སོ་སོའི་དུས་བཞིའི་འགྱུར་ལྡོག་དང་ས་བབ་གནས་སྟངས། གནམ་གཤིས་དང་བསོད་ནམ་ཞིང་ལས་སོགས་མང་པོ་ཞིག་ལ་གཞིགས་ནས་བོད་མདོ་སྨད་ཕྱོགས་སུ་ལོ་གསར་བྱེད་སྟངས་ལྷ་ས་དང་མི་འདྲ་བ་བྱས་པ་རེད། ལོ་གསར་བྱེད་སྟངས་དེ་དུས་འཁོར་སྐར་རྩིས་དང་རྒྱུད་གཞུང་གང་དང་ཡང་འགལ་གྱི་ཡོད་པ་མ་རེད།
ད་སྐབས་སྐར་རྩིས་ལ་དོ་སྣང་དང་སྦྱང་བརྩོན་བྱེད་མཁན་མེད་པས་སྔོན་མའི་སྲོལ་རྒྱུན་བྱེད་སྟངས་དེ་དག་དགོས་པ་ཅིའི་ཕྱིར་ཡོང་བ་ཤེས་མཁན་དཀོན་ཞིང་། མང་པོ་ཞིག་ཆབ་སྲིད་ཀྱི་དབང་དུ་སོང་སྟེ་རང་བྱུང་ཁམས་ཀྱི་དངོས་པོའི་གཤིས་ལུགས་ལ་བསྟུན་ཤེས་ཀྱི་མེད་པ་རེད། དེའི་ཕྱིར་ལོ་གསར་བྱེད་སྟངས་འགྱུར་བ་གཏོང་དགོས་ལུགས་དང་དེར་དགེ་མཚན་ཡོད་ལུགས་བཤད་པ་ཚང་མ་དོན་དུ་རིག་གཞུང་ཉམས་རྒུད་འགྲོ་བཞིན་པ་མཚོན་པ་ཁོ་ན་ཡིན། དེ་ནི་རང་ཚུགས་མེད་པའི་ལས་ཀ་མ་གཏོགས་དགེ་མཚན་ཞིག་གང་ཡང་མ་རེད།

མི་ཤེས་པ་འགའ་ཞིག་ལོ་གསར་དེ་ལྷ་སར་མ་བསྟུན་ན་དུས་ཆེན་ཁག་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་མང་པོ་ཞིག་ལ་ནོར་འཁྲུལ་ཐེབས་ཀྱི་ཡོད་མདོག་བཤད་པ་ནི་སྨྲ་བ་ལ་དགའ་བ་ཙམ་དུ་ཟད་དེ། ཉིན་ཞག་རྩིས་པའི་དུས་ཆེན་ཁག་གི་བརྩི་སྲུང་མང་པོ་ཞིག་ནི་རྟེན་འབྲེལ་ཙམ་ལས་གཟའ་སྐར་འཕྲོད་སྦྱོར་ཇི་མ་ཇི་བཞིན་ནམ་ཡང་ཁེལ་ཐུབ་ཀྱི་མེད། མང་ཆེ་བ་ནི་ཁྱད་པར་མེད། འགའ་ཞིག་གིས་རིག་གཞུང་ཆབ་སྲིད་ཀྱི་ལག་ཆ་བྱེད་ཀྱི་འདུག རིག་གཞུང་ཆབ་སྲིད་ལ་བསྟུན་ཁུལ་བྱས་ན་རིག་གཞུང་དེའི་རིན་ཐང་བརླགས་ཚར་བ་རེད། བོད་མིའི་མཐུན་སྒྲིལ་ཆེད་ལོ་གསར་དུས་གཅིག་ལ་གཏོང་དགོས་ཟེར་བ་ཡང་སྙིང་པོ་མེད་པའི་གཏམ་ཡིན་ཏེ། ལོ་གསར་དུས་མི་འདྲ་བ་ལ་བྱས་པས་མཐུན་སྒྲིལ་ལ་གནོད་མི་ཐུབ་ལ་ལོ་གསར་དུས་གཅིག་ལ་བྱས་པས་མཐུན་སྒྲིལ་གསར་པ་ཞིག་བཟོ་ཡང་མི་ཐུབ་བོ།། སྤྱིའི་ཆ་ནས་ལོ་གསར་བྱེད་སྟངས་གང་ཡང་ཡོད་ལོས་ཆོག དེ་ནི་གཙོ་བོ་ས་གནས་དེ་དང་དེའི་བསོད་ནམ་ཞིང་ལས་དང་གནམ་གཤིས་སོགས་ལ་ལྟོས་ནས་བྱེད་ཆོག་པས་སོ། དཔེར་ན་གཙང་ཕྱོགས་སུ་བོད་ཟླ་༡༢ ཚེས་ཤར་ལ་ལོ་གསར་བྱེད་པ་ལྟ་བུ་རེད།

འགའ་ཞིག་གིས་ལོ་རྒྱུས་ཤེས་ཁུལ་གྱིས་ལུགས་རྙིང་ལོ་གསར་དེ་སོག་པོའི་རྒྱལ་པོས་བོད་ཆོལ་གསུམ་ཁ་ཁར་གཏོང་ཆེད་བཟོས་རབས་བཤད་པ་དོན་སྙིང་གང་ཡང་མེད་དེ། ཧོར་ཟླ་དང་པོར་ལོ་གསར་བྱེད་སྲོལ་དེ་ལོ་རྒྱུས་ཐོག་ཧོར་ཇིན་གིར་རྒྱལ་པོ་མི་ཉག་ལས་རྒྱལ་བའི་རྒྱལ་ཁའི་དུས་སྟོན་དེ་ལོ་གསར་དུ་བཟུང་བ་ནས་བྱུང་ཞེས་བཤད་སྲོལ་ཞིག་ཡོད། དེ་ནི་ལུགས་རྙིང་དང་བོད་དབུས་ཕྱོགས་ཀྱི་བརྩི་སྟངས་གཉིས་ཀ་ལ་ཁྱད་མེད་དུ་ཡོད་པ་ལས་ལུགས་རྙིང་ཁོ་ནར་སྦྱོར་བ་འཁྲུལ་བ་ཡིན། དེ་གཉིས་ཀ་གང་ཡིན་རུང་ཧོར་གྱི་ཟླ་བ་དང་པོ་ལ་ལོ་གསར་གཏོང་གི་ཡོད་པས་སོ།། གལ་ཏེ་བོད་ཀྱི་ལོ་གསར་དེ་དུས་འཁོར་རྒྱུད་ལུགས་ཀྱི་ལོ་འགོ་འཛིན་མཚམས་ལ་ལོ་གསར་གཏོང་བར་འདོད་པ་ཡིན་ན་ཧོར་ཟླ་གསུམ་པའི་ཚེས་གཅིག་ལ་ལོ་གསར་གྱིས་ཤིག
མདོར་ན་ལོ་གསར་གཏོང་ལུགས་སྔ་སྲོལ་རང་འཇགས་འཇོག་དགོས་པ་ལས་ཡར་འགྱུར་མར་འགྱུར་རང་ཚུགས་མེད་པའི་བྱ་བ་དེ་དག་གིས་ཁོངས་འཁྱོལ་བ་ཞིག་མི་ཡོང་། ཉིན་ཞིག་ལྷ་ས་ན་ལོ་གསར་ལུགས་རྙིང་ལ་བྱེད་པའི་དུས་ཚོད་དེར་ཡང་བསྐྱར་ཕྱིར་འདས་ལོག་རྒྱག་དགོས་ཐུག་ཀྱི་རེད།

རྩོམ་རིག

Post navigation

Previous Post: མི་ཚེའི་འགྲོ་ལམ།
Next Post: ཁྱོའི་ཕ་རྒན་སུ་ཡིན།

Comments (13) on “ལུགས་རྙིང་ལོ་གསར་དེ་རྒྱའི་ལོ་གསར་ཙམ་མ་རེད།”

  1. ཆུ་ཐིགས་སྔོན་མོ says:
    2014-02-11 at 3:11 am

    འདི་ལྟར་དོགས་སློང་བྱས་པ་ཡག་པོ་རེད་་་འོན་ཀྱང་ས་བབས་གནས་སྟངས་དང་་སོ་ནམ་ཞིང་ལས་སོགས་ལ་གཞིགས་ནས་ལོ་སར་མ་འདྲ་བ་བྱུང་ཚུལ་ལ་མུས་མཐུན་མེད་་་་་་དེ་འདྲ་ཡིན་ན་ནམ་རྒྱུན་ལོ་སར་ལ་ཁྱད་པར་ཡོད་དགོས་པ་རེད་་་་ཡིན་ནའང་ད་ལོ་ཁྱད་པར་ཡོད་ན་ལོ་རྗེས་མར་ཁྱད་པར་མེད་པར་ཆགས་པ་གནམ་གཤིས་དང་ས་བབས་འགྱུར་སོང་བ་ཡིན་རྒྱུ་མ་རེད་་་་་་རྩིས་པ་ཚོས་ཟླ་འཕྲོ་འདོན་སྟངས་མ་འདྲ་བ་ཟེར་ན་དེ་ཡང་ཡིན་རྒྱུ་མ་རེད་་་བྱེད་གྲུབ་གཉིས་པོ་གང་ཡིན་ཡང་རྩིས་འཕྲོ་འདོན་དགོས་པ་གཅིག་པ་རེད་་་་དབུས་སྨད་གཉིས་ཀྱི་རྩིས་གཞུང་མ་འདྲ་བ་རེད་ཟེར་གི་ཡོད་རྒྱུ་མ་རེད་་་་

  2. མགོན་པོ says:
    2014-02-11 at 8:50 am

    ངོ་མ་བདེན་གི མི་འགའ་ཞིག་གི་གང་དྲན་ཁ་ནས་བཤད་གི

  3. ཆབ་བྲག་ལྷ་མོ་སྐྱབས། says:
    2014-02-11 at 9:08 am

    འདིའི་སྐོར་ལ་ད་དུང་ཞིབ་ཚགས་ཀྱིས་དཔྱད་བརྗོད་སྤེལ་ཐུབ་ན་བཟང། ཡག་པོ་འདུག
    ཨ་མདོའི་ལོ་སར་ཟེར་བ་དེ་རྒྱ་གར་ནང་གི་བོད་པ་ཚོས་བཏགས་པ་མིན་ནམ། ངས་འདི་ལ་ཤར་ཕྱོགས་ཀྱི་ལོ་གསར་ཟེར་གྱི་ཡོད། རྒྱུ་མཚན་ཤར་ཕྱོགས་ཀྱི་མི་རིགས་དང་མི་གྲངས་མང་པོ་ཞིག་གི་ཐུན་མོང་གི་ལོ་སར་ཡིན་པས་སོ།

  4. གཡུ་ཐོག་བུ། says:
    2014-02-11 at 9:49 am

    འདི་ལ་རྒྱུ་མཚན་མང་པོ་ཡོད་པ་དེ་དག་རྩིས་ལ་མཁས་པ་ཚོར་བགྲང་རྒྱུ་ཡོད་པ་ལས་གཞན་སུས་ཀྱང་མི་ཤེས། ཟེར་བས་རྩིས་ཀྱི་མཁས་དབང་རྔ་བ་ཤེས་རབ་སོགས་མ་གཏོགས་ང་ཚོའི་གོ་སྐལ་ཞིག་མིན་པ་འདྲ། ཁ་རོགས་བསྡད་ན་ཡག་ཤོས་ཡིན་ས་རེད།

  5. གཡུ་ཐོག་བུ། says:
    2014-02-11 at 9:51 am

    ཡང་་་་་་་ ད་སྐབས་བོད་ཀྱི་བཅུ་ཕྲག་རིག་གནས་སྤྱིའི་ཆ་ནས་ཉམས་ཀྱི་ཡོད། དེའི་ནང་ནས་སྐར་རྩིས་དེ་ལས་ཀྱང་ཉམས་རྒུད་ཆེན་པོ་ཕྱིན་ཡོད།་་་་་་་་་་་་
    ཟེར་བས་སྐུ་ཉིད་སྐར་རྩིས་རིག་པའི་བསྟི་གནས་སྨན་རྩིས་ཁང་དུ་སོང་ནས་རྩིས་པ་ཚོར་ཟབ་སྦྱོང་གནང་ཐུབ་ན་དགེ་མཚན་ཆེ་བ་མིན་འདུག་གམ།

  6. ཁྱུང་ཆེན། says:
    2014-02-11 at 9:54 am

    ཡག་པོ་འདུག ཡིན་ནའང། རྩིས་ཁོ་ནར་བརྟེན་ནས་བྱུང་བ་རེད་ཟེར་ན་ད་དུང་ཞིབ་འཇུག་བྱེད་དགོས་པ་ཞིག་འདུག ཆེན་པོ་ཧོར་གྱི་དབང་བསྒྱུར་དང་ཐད་འབྲེལ་ཡོད་པ་དེའང་བསུབ་ཐབས་བྲལ་བ་རེད། སོ་ནམ་སོགས་དུས་བཞིའི་འཚི་ཚིས་གནམ་གཤིས་དང་བསྟུན་ཤོས་ཆེ་ཚུལ་ལ་རྒྱུ་མཚན་ཆེ་ནའང་ཡུལ་ལུང་གཞན་ལ་དེ་ཙམ་ཁྱབ་ཀྱི་མེད་པས་ད་དུང་དཔྱོད་ཅིག

  7. གཡུ་ཐོག་བུ། says:
    2014-02-11 at 9:56 am

    ་་་་་་་་་་་ད་སྐབས་སྐར་རྩིས་ལ་དོ་སྣང་དང་སྦྱང་བརྩོན་བྱེད་མཁན་མེད་པས་སྔོན་མའི་སྲོལ་རྒྱུན་བྱེད་སྟངས་དེ་དག་དགོས་པ་ཅིའི་ཕྱིར་ཡོང་བ་ཤེས་མཁན་དཀོན་ཞིང་།་་་་་་་་་་་
    ་་་་་་་་་་་་་དེའི་ཕྱིར་ལོ་གསར་བྱེད་སྟངས་འགྱུར་བ་གཏོང་དགོས་ལུགས་དང་དེར་དགེ་མཚན་ཡོད་ལུགས་བཤད་པ་ཚང་མ་དོན་དུ་རིག་གཞུང་ཉམས་རྒུད་འགྲོ་བཞིན་པ་མཚོན་པ་ཁོ་ན་ཡིན། དེ་ནི་རང་ཚུགས་མེད་པའི་ལས་ཀ་མ་གཏོགས་དགེ་མཚན་ཞིག་གང་ཡང་མ་རེད།་་་་་་་་་་་་་་་་་
    ་་་་་་་་་་་་་ཉིན་ཞག་རྩིས་པའི་དུས་ཆེན་ཁག་གི་བརྩི་སྲུང་མང་པོ་ཞིག་ནི་རྟེན་འབྲེལ་ཙམ་ལས་གཟའ་སྐར་འཕྲོད་སྦྱོར་ཇི་མ་ཇི་བཞིན་ནམ་ཡང་ཁེལ་ཐུབ་ཀྱི་མེད། མང་ཆེ་བ་ནི་ཁྱད་པར་མེད།་་་་་་་་
    ་་་་་་་་་་་་འགའ་ཞིག་གིས་ལོ་རྒྱུས་ཤེས་ཁུལ་གྱིས་ལུགས་རྙིང་ལོ་གསར་དེ་སོག་པོའི་རྒྱལ་པོས་བོད་ཆོལ་གསུམ་ཁ་ཁར་གཏོང་ཆེད་བཟོས་རབས་བཤད་པ་དོན་སྙིང་གང་ཡང་མེད་་་་་་་་་་
    སོགས་བཀའ་སྐྱོན་མང་པོ་གནང་འདུག་གདའ།

  8. ཁྱུང་ཆེན། says:
    2014-02-11 at 10:08 am

    བཀའ་བཀྱོན་མང་པོ་གཏོང་གི་ཡོད་པ་དེ་མགོ་འབུས་ཙམ་ཡིན་པའི་རྟགས་བསྟན་པ་ལས་གཞན་ཅི་ཡང་མ་རེད། ཞིབ་འཇུག་པ་དངོས་མ་དེ་ཚོས་མཁས་པ་རྣམས་ཀྱི་བཞེད་སྟངས་གོང་སྒྲིག་ནས་བཀོད། དེ་དག་ནང་ཕན་ཚུན་དུ་རིག་པའི་ལམ་དཔྱད་བསྡུར་བྱས་ཏེ། གྲུབ་དོན་ཞིག་གཏན་འབེབས་གནང་རྗེས་མཇུག་བསྡུ་གི་རེད། དེ་ལྟར་བསྡུས་པ་ཡིན་ན། ཁུངས་མེད་རྣམས་དེ་བས་གསལ་བོ་ཆགས་ཟིན་སྟབས། རིག་པ་སོ་ན་གནས་མཁན་ཞིག་ཡིན་ན། སྐད་ཆ་ཁམ་གང་མ་ཤོད་གོང། བཀའ་བཀྱོན་འདོམ་གང་རྩ་བ་ནས་གནང་གི་མ་རེད། ཧཧཧཧ འདི་རྣམས་རྔ་བའི་ཡུལ་གྱི་ཡིག་རྨོངས་པ་རྣམས་ལ་བཤད་པ་ཡིན། སྤྱིར་ཡུལ་དེ་བ་ན་མཁས་པ་ཉུང་པས་ཡིན།

  9. ཨ says:
    2014-02-11 at 12:56 pm

    ཕ་གསོད་བུ་ལ་བཤད་རྒྱུ་མང་ཟེར་བ་རེད། སྐད་ཆའི་སྒང་ལ་སྐད་ཆ་རྩེག་བསྡད་ན་དོན་སྙིང་ཞིག་ཡོད་པར་མ་མཐོང་། དུས་བརྩིའི་རིགས་གཅིག་མཐུན་ཡོང་ན་འདོད་མཁན་ཚོ། ཅི་ཡང་མི་ཤེས་ནི་རེ་མ་རེད། ཉམས་འགྲོ་བར་སྐྲག་ནས་ཨུ་ཚུགས་པ་ཚོ་ནི་ངོ་མ་དགོད་འཆོར་ཡུལ་རང་རེད་་་་་་་་་

  10. ཤར་པ་ says:
    2014-02-11 at 1:01 pm

    བོད་ཀྱི་དཀར་རྩེས་རིགས་པས་ཉི་ཟླ་གཟའ་འཛིན་སོགས་འཁྲུལ་མེད་སྟོན་ཐུབ་པས་ཡིད་ཆས་ཡོད་ལ་དཀར་རྩེས་ཚོའི་བློ་རིགས་ལ་ཡང་སྤོབ་པ་ཡང་སྐྱེ་བཞིན་ཡོད། འོན་ཀྱང་ཚེ་རབ་རྩེས་ལ་ཡིད་ཆས་དཀའ།

  11. གཡུ་ཐོག་རྒྱལ་པོ། says:
    2014-02-11 at 1:58 pm

    སླར་ཡང་ཞེན་ཁོག་གི་སྐད་ཆ་ཞིག་བཤད་འདུག ད་བྱས་ན། ལྷ་སའི་ལོ་གསར་དེ་ཡང་ཨ་མདོའི་ལོ་གསར་ལ་བསྒྱུར་ན་ཡག་པོ་མེད་འགྲོ
    ཨ་ཙིའི་དུས་ད་ལྟའི་སྐབས་སུའང་སྤུན་ཟླ་ནང་ཁུལ་དུ་ཞེན་ཁོག་ཁོ་ན་བྱེད་པ་ལས་གཞན་ཅི་ཡོད། ང་ཚོའི་མི་རིགས་འདི་ཅི་འདྲའི་ལྐུག་པ་ལ།

  12. དྲན་དཀར་དཔལ་ཡོན་ says:
    2014-02-11 at 2:33 pm

    ཁྱུང་ཆེན་གྱི་མཆན་བརྒྱད་པ་དེར་བཙན་དྲག་ཆེ་ཞིང་སྣང་ཚུལ་འདི་ང་ལ་ཡང་བྱུང་། རྔ་ཤེས་རླུང་རོ་མ་གཅིག་ཡིན་ཙ་ཡིན་ས་རེད། ཏོག་ཙམ་སྦས་འདུག
    ལོ་གསར་གྱི་གོ་དོན་ཅི་རེད། ལོ་གསར་གཏོང་ཚུལ་ཅི་རེད། འདི་ལ་ནམ་སང་བྱིས་པ་གཅིག་གི་ངོས་ནས་ཨ་ཕས་ཀ་ར་མང་པོ་ཉོས་ནས་གོས་གསར་བསྐོན་ཉིན་དེ་རེད་ཆོག་ཆོག་ཡིན། རླུང་མ་ལང་བར་འདི་ལྟར་བཤད་སྲིད། དེ་ཡང་བྱིས་པའི་གུ་ཡངས་ཀྱི་གོ་དོན་གཅིག་ལོས་ཡིན། བག་ཕེབས་ཀྱི་བཤད་པ་ཡང་རེད། ཉིན་འགའི་སྔོན་གི་དེ་ཡང་ལོ་གསར་རྔ་ཤེས་ལྟར་ན་ཧོར་ལོ་སར་བར་བརྩི་གི་མི་འདུག འདི་ཡང་ཨ་མདོའི་མི་དམངས་ཀྱི་བསམ་པའི་འཁྱེར་སྲོལ་དང་ཧ་ཅང་མཐུན། དམངས་ཀྱིས་འདུ་ཤེས་ཀྱིས་དེ་ལྟར་དུ་འདུ་ཤེས་མི་འཛིན་པ་ཙམ་མ་ཟད་བོད་ལོ་སར་བ་མ་གཏོགས་རྒྱ་ལོའི་ལོ་གསར་དང་ཧོར་ལོའི་ལོ་གསར་གང་རུང་ལས་གཞན་བོད་ལོ་སར་བ་ཁོ་ནར་འདོད། ཡིན་ཀྱང་ལོས་ཡིན་བོད་མིས་ཚེས་པ་གཅིག་ལ་ལོ་སར་བ་རེད།

    མཁས་དབང་ཞེང་གཞེགས་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་་་་་་་ལོ་གསར་དང་་་་་ལོ་གསར་གཏོང་ཚུལ་གཉིས་ཀར་འགྲེལ་བརྒྱབ་འདུག་པ་མ་ཟད། རྒྱ་ཧོར་གྱི་ལོ་གསར་ཨ་མདོའི་ལོ་གསར་སོགས་གཅིག་པ་ཡོང་བའི་རྐྱེན་ཡང་འགའ་བཀོད་འདུག

    ང་ཚོས་དེར་བལྟ་དེ་ཡང་ཁ྄ོང་གིས།
    ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཇིང་གེར་ཧན་ཀྱིས་རབ་བྱུང་བཞི་པའི་མེ་བྱི་(༡༢༡༦ལོའི་རྒྱ་རྩིས་དཔྱིད་ཟླ་ར་བ་སྟག་གི་ཟླ་བ་སྟེ་ཟླ་བ་བཅུ་གཅིག་པའི་ཡར་ངོའི་ཚེས་བཅོ་བརྒྱས་ལ་མི་ཉག་གི་ཡུལ་དུ་དམག་དྲངས་ནས་རབ་བྱུང་བཞི་པའི་མེ་ཕག(༡༢༢༧)རྒྱ་རྩིས་དཔྱིད་ཐ་་འབྲུག་གི་ཟླ་བ་སྟེ་གསུམ་པའི་ནང་མི་ཉག་གི་ཡུལ་ཡོངས་རྫོགས་དབང་འོག་ཏུ་བསྡུས་ནས་དགའ་སྟོན་རྟེན་འབྲེལ་བྱས་པ་དེ་ལ་ལོ་གསར་དུ་རྩིས་ཏེ་ལོ་འགོ་བསྒྱུར་བ་དེ་ནས་བཟུང་ཧོར་ཡུལ་དུ་ལོ་འགོ་དེ་ལ་ལོ་གསར་གཏོང་སྲོལ་བྱུང་ཞིང་། བོད་དུ་ས་སྐྱས་དབང་བསྒྱུར་བྱེད་པ་ནས་ཧོར་ལུགས་ཀྱི་སྲོལ་ལྟར་ལོ་ཟླ་རྩི་དགོས་པའི་བཀའ་ཕབ་སྟེ་རྒྱ་རྩིས་ཀྱི་ཟླ་བ་གསུམ་པར་བོད་ཀྱི་ལོ་གསར་གཏོང་སྲོལ་བྱུང་བ་ཡིན་ཅེས་གསལ་འདུག
    ད་ལྟ་ནི་མདོ་སྨད་པས་དཔྱིད་གསར་དུས་ཆེན་ཡིན་པས་དགའ་བས་གཏོང་གི་མེད། ཧོར་ལོ་གསར་པ་ཡིན་པས་དགའ་བས་གཏོང་གི་མེད།
    རྒྱ་ལོའི་ལོ་གསར་ཡིན་པས་དགའ་བས་གཏོང་གི་ཡོད་མ་རེད་གདའ། གཅིག་གྱུར་ལ་སྐུལ་བ་པོས་དེ་བས་ཀྱང་ཨ་ཅང་ཅང་། ཆེན་པོ་ཧོར་མི་ཚོས་བོད་ཆིག་བསྒྲིལ་ལ་སེམས་མི་གནག རྒྱས་ནི་གནག་ག་གནག་ནི་རེད།
    གྱ་སྟོན་ལས་ལོ་གསར་མཉམ་དུ་མཉམ་དུ་བཏང་ནས་སྨོན་ལམ་གཅིག་བརྒྱབ་ན་དེ་ཡང་མ་རེད་ཟེར་ཡ་མི་འདུག་ག བོད་ཟེར་ན་མགོ་འཁྲེགས་རེད་གདའ།

  13. ངག་དབང says:
    2014-02-12 at 3:05 am

    ད་སྐབས་སྐར་རྩིས་ལ་སྦྱང་བརྩོན་ཡོད་མེད་ སྐར་རྩིས་ལོའི་ཐོོ་ཁག་འགྲེམས་སྤེལ་བྱེད་པའི་སྡེ་ཚན་ལས་མི་མཐོང་ངམ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme