Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནམ་ས་གའུ་ཁ་སྦྱར།

Posted on 2010-01-12 By དབང་ཕྱུག་ 8 Comments on གནམ་ས་གའུ་ཁ་སྦྱར།

མི་རྐང་གླིང་བུ།

ཉེ་བའི་ཆར་དེང་རབས་བོད་ཀྱི་རིགས་པ་སྨྲ་བ་འགའ་ཞིག་གིས་སྔོན་གྱི་དུས་སུ་ནུབ་ཕྱོགས་ཀྱི་བསམ་བློ་བ་དང་། རྟོག་དཔྱོད་ཅན་རྣམས་ཀྱིས་ས་ཡི་གོ་ལ་འདི་རིལ་རིལ་དང། ལེབ་ལེབ་ཇི་ལྟར་འདོད་པའི་གཏམ་ལས་འཕྲོས་ནས་འབེལ་གཏམ་དང་བགྲོ་གླེང་ལྷུགས་པོ། བར་བར་དུ་རྩོད་པ་ཚ་ངར་ཅན་ཡང་མང་དུ་གནང་བར་གུས་པས་རྗེས་སུ་ཡི་རང་ཞུ། དེ་རིང་གུས་པས་ང་ཚོ་སྒང་པ་བོད་ཀྱི་མེས་པོ་རྣམས་ཀྱིས་འཇིག་རྟེན་འདི་ཉིད་ཀྱི་དབྱིབས་དང་གྲུབ་ཚུལ་ཇི་ལྟར་ཡོད་པའི་སྐོར་ལའང་ཅུང་ཙམ་བསམ་བློ་གཏང་རིན་ཡོད་པར་བསམ། དེ་ལྟར་ཇི་ཡིན་གསལ་བའི་རང་རེའི་ལོ་རྒྱུས་ཁུངས་མ་དང་། བྱུང་རབས་དངོས་མ་དེ་དག་ནི་སྔ་དུས་སུ་བཙན་པོ་དཀྲོངས་པ་དང་། འབངས་གྱེན་ལོག ཉེ་དུས་སུ་རིག་གནས་གསར་བརྗེ་ཆེན་པོ་སོགས་ཀྱིས་གཏན་དུ་གྱེས་མཇལ་ཞུས་ཟིན། ད་ལྟ་བཞུགས་པའི་ཆོས་འབྱུང་དང་རྒྱལ་རབས་སུ་གྲགས་པ་ཕལ་མོ་ཆེ་ནི་སྟོན་པ་བཀའ་དྲིན་ཅན་གྱི་ཆོས་ཚུལ་ཇི་ལྟར་དར་བའི་ཚུལ་ལས་འཕྲོས་ནས་གླེང་བ་ཤ་སྟག་ཏུ་སོང་གཤིས་ཆེས་གདོད་མའི་དུས་ཀྱི་བོད་ཀྱི་བྱུང་རབས་དེ་དག་ས་འོག་གི་གཏེར་བཞིན་དུ་མི་གསལ་བར་གྱུར། འོན་ཀྱང་ད་ལྟ་ཆེས་ཉུང་ཤས་སུ་གྱུར་ཅིང་ཁ་མ་གང་ཞིང་། ཆ་མི་ཚང་བའི་གཏོ་ཆོག་དང་ཤོག་ཛར་དུམ་བུ་འགའ་ཡི་སྣེ་ལ་འཇུ་ནས་གཞན་གྱི་རིག་གཞུང་གྱིས་ཁ་མ་སྐོང་བའི་གདོད་མའི་བོད་རྒན་རྣམས་ཀྱི་བསམ་པའི་ཁྱེར་སོ་དང་། འདུ་ཤེས་འཛིན་སྟངས་དེ་དག་སློག་ཙམ་རེ་བྱས་ན་བསམ། དེ་ཡང་འཇིག་རྟེན་གྲུབ་ཚུལ་ནི། མུ་མེན་ཕྱཱ་ཡི་པྲ་ཕུད་ལས།

གནའ་སྔ་སྲིད་པའི་དང་པོ་ལ།།
ཞེ་སྔ་བསྐལ་པའི་ཐོག་མ་ལ།།
ཅི་ཡང་མེད་པའི་སྟོང་པ་ལས།།
ཅི་ཡང་མཁྱེན་པའི་འོད་ཅིག་བྱུང་།།
འོད་དེ་རབ་ཏུ་རྒྱས་པ་ལས།།
ཡེ་ཤེས་ལྷ་ཡི་ཐུགས་རྗེ་དང་།།
སྤྱི་མཐན་སེམས་ཅན་བསོད་ནམས་ལས།།
ཕྱི་ནང་སྣོད་བཅུད་འཇིག་རྟེན་ཆགས།། ཞེས་དང།
རླངས་ཀྱི་པོ་ཏི་བསེ་རུ་ལས།
དམིགས་ནི་ཕ་ལ་དམིགས་ནི་མ།།
དེ་ན་བ་མོ་དཀར་ཙམ་སྲིད།།
བ་མོ་བཞུ་པས་ཟིལ་པར་སོང༌།།
ཟིལ་པ་འགྲིལ་བས་ཆུ་བོ་སོང༌།།
ཆུ་བོའི་ཁ་དོག་སྤྲིན་དུ་ཆགས།།
ཆུ་བོའི་ཐོག་ཏུ་རྡུལ་དུ་ཆགས།།

དེ་ལ་ས་ཆེན་ཁད་ཀྱིས་ཆགས།། ཞེས་དང་ཐོག་འདི་ཡིན་གྱི་ངོས་བཟུང་མེད་པར་ཐམས་ཅད་སྐྱ་ཧང་ཧང་དུ་ཡོད་པས་འོད་དང་། བ་མོ། ཟིལ་པ། ཆུ། སྤྲིན། དེ་ནས་ས་གཞི་སོགས་རིམ་གྱིས་ཆགས་པར་བཤད།

ད་འོ་ན་དེའི་དབྱིབས་གཟུགས་དེ་ཇི་ལྟར་རིལ་རིལ་དང་། ཡང་ན་ལེབ་ལེབ་ཏུ་ཡོད་སྙམ་ན། མེས་པོ་དེ་དག་གིས་འཇིག་རྟེན་འདི་ཉིད་རིལ་རིལ་ཡིན་པ་མ་ཟད་གའུ་ཁ་སྦྱོར་ཏེ། དཀྱིལ་དུ་རྒྱ་ཆེ་ཞིང་མཐོངས་ཡངས་པ། ཕྱོགས་བཞི་མཐའ་ནས་འབྱར་བ། མདོར་ན་ཤ་བག་ལེབ་ལྟར་བུ་ཞིག་གསུངས་ཡོད་པ་ཡིན་ཏེ། དེ་ཡང་ཡོ་ག་ལྷ་གྱེས་ཅན་ལས།

དང་པོ་བསྐལ་པ་བས་བསྐལ་སྲིད་པས་མ་སྲིད་ཙམ་ན། ཕྱ་ཡེ་མཁྱེན་ཆེན་པོ་བྱ་བ་གཅིག་སྲིད་པ་ས་ཡིས་བསྐོས་ཏེ་བྱུང་། དེ་ལས་ཁོ་མ་འགྲོ་རྗེའི་ལེགས་པའི་ཧོར་དྲུག་ཅེས་པ་གཅིག་སྲིད། དེའི་ཞལ་གྱིས་ངད་པ་སྤྱན་གྱིས་སྒྲོས་མ། དབུ་སྐྲ་ཕྱག་སོར་ཙམ་གཅིག་གནས་པ་སྟེ། གནམ་ས་ཆ་མ་ཕྱེད་ཀྱི་བར་དུ་ཕུས་བཏབ་པས། གནམ་ས་ཆ་ཕྱེད་དེ། གནམ་རིམ་པ་བཅུ་གསུམ་ནི་ཁང་རིམ་ཁང་དུ་ཡས་ཕུབ། ས་རིམ་པ་བཅུ་གསུམ་ནི་གདན་རིམ་གདན་དུ་མས་གཏིང། གནམ་ས་གའུ་ཁ་སྦྱོར་དེའི་ནང་དུ་འོད་དཀར་ནག་གཉིས་སྲིད། ཅེས་དེ་ལྟར་བུའི་གནམ་ས་གའུ་ཁ་སྦྱར་གྱི་ནང་དུ་བཅུད་ཀྱི་སེམས་ཅན་དེ་དག་རིམ་གྱིས་གྲུབ་པར་གསུངས་འདུག འབྲོག་པ་སྦྲ་གུར་གྱི་ནང་དུ་བསྡད་པ་ལྟར་ཕྱིའི་གནམ་ས་གཉིས་ཀྱང་མིག་གིས་ཆོད་མཚམས་ཤིག་ནས་འདབས་འབྱར་ནས་ཡོད་པ་བསམ་ཚུལ་འདི་ན་མ་སྨིན་པའི་འདོད་ཚུལ་ཞིག་སྟེ་འགྲིམ་འགྲུལ་ཉུང་ཞིང་ཁུག་དཀྱོག་ཏུ་བསྡོད་མཁན་དག་ལ་སྐྱེ་སྲིད་པའི་དོགས་པ་ཞིག་རེད་བསམ། འདི་དག་གི་སྐབས་སུ་ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་རི་ཡི་རྒྱལ་པོ་རི་རབ་ཟེར་བ་སོགས་ནི་མཐོང་རྒྱུ་མི་འདུག་པས་མཎྜལ་ལས་འབྱུང་བའི་ས་དབྱིབས་འདི་ནི་ཕྱིས་སུ་རྒྱ་གར་གྱི་འདོད་ཚུལ་ཡིན་པར་འདྲ། འོན་ཀྱང་དགེ་ཆོས་ཀྱི་འཇིག་རྟེན་རིལ་མོའམ་ཟླུམ་པོ་ཞེས་པའི་རྩོམ་གྱི་རྨང་གཞི་དང། རྟོག་དཔྱོད་ལ་འདེད་པའི་སྒོ་མོ་འདྲ་བ་དེ་ནི་ནུབ་ཕྱོགས་པའི་ཚན་རིག་པས་བརྙེད་པའི་གྲུབ་དོན་འཇིག་རྟེན་རིལ་རིལ་དེ་ལ་བརྟེན་པ་མ་གཏོགས་བོད་ཀྱི་ཆེས་རྙིང་མའི་གཞུང་ནས་འབྱུང་བའི་གནམ་ས་གའུ་ཁ་སྦྱར་གྱི་ལུགས་འདི་དག་ལ་བརྟེན་ཡོད་ཚོད་མི་འདུག་གོ

རྩོམ་རིག

Post navigation

Previous Post: གླུ་བ་བཀྲ་ཤིས་དོན་འགྲུབ་ལ་ཁྲིམས་ཆད།
Next Post: བྱམས་པ་ཕུན་ཚོགས་དང་ལེགས་མཆོག་གཉིས་ཀྱིས་གོ་གནས་ནས་རྩ་དགོངས་ཞུས་འདུག།

Comments (8) on “གནམ་ས་གའུ་ཁ་སྦྱར།”

  1. གཅན་བཟོད་རྒྱམ། says:
    2010-01-12 at 5:21 am

    ད་ཚང་མས་ས་གཞི་འདི་ལེབ་མོ་དང་རིལ་རིལ་གང་ཡིན་བརྩད་བསྡད་ཀི་ཡིན་པས། སུམ་ཅུའི་དུས་དྲན་སླེབས་ལ་འདུག བོད་ཕྱི་ནང་གཉིས་ཀྱི་རྒྱལ་ཞེན་པ་ཚོས་ངོ་རྒོལ་ངེས་པ་དང་། བོད་རྒྱ་ཞི་མོལ་ལ་སོགས་ཀྱི་སྐོར་ནས་ཀྱང་འདི་ལྟར་ཚ་ཚ་འུར་འུར་གྱིས་གླེང་གཞི་རེ་བཟོས་ཏེ་བགྲོ་གླེང་ཞིག་བྱས་ན་ཅི་མ་རུང་ཨང༌།

  2. གངས་ཅན says:
    2010-01-12 at 8:18 am

    ངའི་གློག་ཀླད་ཀྱི་སྒེའུ་ཁུང་Window vista ཡིན་པས་དེའི་
    photoshop and pagemakerགཉིས་གྱི་ནང་དུ་བོད་ཡིག་ཧི་མ་ལ་ཡའི་ཡིག་གཟུགས་བེད་སྤྱོད་བྱེད་མི་ཐུབ་པས་ལམ་སྟོན་གནོང་རོགས་ཞུ།

  3. ཁ་ཕྱོགས་མེད says:
    2010-01-12 at 8:37 am

    མི་རྐང་གིས་ཉམས་དང་བཅས་དཔྱད་པ་ཐུང་ངུ་འདིའི་འགོ་བརྩམས་སྟངས་ལ་བལྟས་ན་ངོ་མ་ད་ཡག་པོ་ཞིག་བྲིས་ཡོད་རྒྱུ་རེད་དྲན་སོང། ལུང་དེ་གཉིས་ཀྱིས་ཉིད་ཀྱིས་གང་སྒྲུབ་བསམ་པའི་དོན་དེ་མི་འགྲུབ་པ་མ་ཟད་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་ཀྱང་ཐོན་སྲིད་རྒྱུ། གའུ་ཟེར་དུས་རིལ་བུ་ཡིན་དགོས་ནི་མ་རེད་དེ་ལས་ལྡོག་ཏེ་ལེབ་ལེབ་གྲུབ་འགྲོ་ནི་རེད།
    ས་ཡི་ཐོག་ཏུ་གནམ་བཀབ་པ་ལྟ་བུ་གོ་དགོས་ནི་རེད། དེ་ཙམ་གྱིས་དགེ་ཆོས་མ་ཟེར་ང་ཚོའི་མགོ་སྐོར་ཐུབ་རྒྱུ་མ་རེད་ལོ་་་་་་་་་་་་་

  4. ཁ་ཕྱོགས་མེད says:
    2010-01-12 at 8:44 am

    མི་རྐང་གིས་ཉམས་དང་བཅས་དཔྱད་པ་ཐུང་ངུ་འདིའི་འགོ་བརྩམས་སྟངས་ལ་བལྟས་ན་ངོ་མ་ད་ཡག་པོ་ཞིག་བྲིས་ཡོད་རྒྱུ་རེད་དྲན་སོང། ལུང་དེ་གཉིས་ཀྱིས་ཉིད་ཀྱིས་གང་སྒྲུབ་བསམ་པའི་དོན་དེ་མི་འགྲུབ་པ་མ་ཟད་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་ཀྱང་ཐོན་སྲིད་རྒྱུ། གའུ་ཟེར་དུས་རིལ་བུ་ཡིན་དགོས་ནི་མ་རེད་དེ་ལས་ལྡོག་ཏེ་ལེབ་ལེབ་གྲུབ་འགྲོ་ནི་རེད།
    གནམ་ས་གའུ་ཁ་སྦྱར་ཟེར་ན་ས་ཡི་ཐོག་ཏུ་གནམ་བཀབ་པ་ལྟ་བུ་གོ་དགོས་ནི་རེད། སྤྱིར་གའུ་དབྱིབས་འདྲ་མིན་ཡོད་ནི་རེད་དཔེར་ན་གྲུ་བཞི་དང་གོར་མོ་སོགས་མང་ནི་རེད་ཀྱང་རིལ་བུ་དཀོན་རྒྱུ་རེད། དེ་ཙམ་གྱིས་དགེ་ཆོས་མ་ཟེར་ང་ཚོའི་མགོ་སྐོར་ཐུབ་རྒྱུ་མ་རེད་ལོ་་་་་་་་་་་་་

  5. མི་རྐང་གླིང་བུ says:
    2010-01-12 at 9:53 am

    ཁ་ཕྱོགས་མེད་ལགས། དོ་སྣང་གནང་བར་སྐྲག་མོ་དགའ་བྱུང་།
    གནམ་རིམ་པ་བཅུ་གསུམ་ཡར་དང་། ས་རིམ་པ་བཅུ་གསུམ་མར་ཡོད་སུ་འགི
    གའུ་ལེབ་ལེབ་བག་ལེབ་འདྲ་བ་དེ་ཡིན་ས་མི་འགི་གོ།

  6. གཅན་བཟོད་རྒྱམ། says:
    2010-01-12 at 11:27 am

    གངས་ཅན་ལགས། ཧི་གཟུགས་སོགས་རྒྱལ་སྤྱིའི་ཨང་རྟགས་ཅན་གྱི་ཡིག་གཟུགས་དེ་ཚོ་པད་ཇེ་མད་ཁར་ནང་དུ་མི་འགྲོ་བ་འདྲ། cs3 ནང་དུ་འགྲོ་གི་འགྲོ་ལགས།

  7. སྨྱུག་རྒོད་གངས་བུ་དཔལ། says:
    2010-01-13 at 1:34 am

    གངས་ཅན་ལགས། ཧི་གཟུགས་དེ་photoshop དང་pagemaker ནང་དངོས་མེད་ཆགས་འགྲོ་གི་འདུགཡ། དེ་ལས་ང་ཚོས་ཧི་གཟུགས་ནས་tcrcབོད་གཞུང་ཡིག་གཟུགས་དེར་བསྒྱུར་རྒྱུའི་ཅ་ལག་ཞིག་དགོས་འདུག

  8. མི་རྐང་གླིང་བུ says:
    2010-01-14 at 9:53 am

    མི་ཡིས་འབད་བརྩོན་བྱེད་ནས་གྲུབ་དགོས་ཀྱི་འདུག བྱས་ན། གསར་གཏོད་ལ་བསམ་བློ་ཐོངས། ཧ་ཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme