Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕེབས་སོང་།

Posted on 2014-02-052014-02-05 By ཁ་བརྡ་ 9 Comments on ཕེབས་སོང་།

འབའ་སྲས།

གསེར་གྱི་འོད་ཟེར་འཕྲོ་བའི་གནས་མལ་གྱི་སྟེང་ན།།
རྨི་ལམ་མངོན་སུམ་བསྒྱུར་བའི་རྫུ་འཕྲུལ་གྱི་རྐང་བ།།
གཙུག་ཕུད་རལ་བའི་མེ་ཏོག་རྡུལ་ཆབ་ཀྱིས་བཀྲུས་ཏེ།།
བྱམས་པའི་ཁང་བཟང་བརྩིགས་པའི་བཙན་པོ་ཞིག་ཕེབས་སོང་།།

རྟ་མཆོག་བང་གིས་རྒྱུགས་པས་གནམ་ས་གཉིས་ཕྱེས་ཤིང་།།
འབྲོང་གི་རྭ་རྩེ་རྐང་བའི་རྨུ་ཐག་ལ་བསྒྲིལ་ཏེ།།
ཆུ་འཛིན་དཀར་པོ་དཀྲིགས་པའི་ཕོ་བྲང་གི་གནས་ནས།།
སྤྱན་ཆུ་ས་ལ་ཟགས་པའི་ལྷ་རྗེ་ཞིག་ཕེབས་སོང་།།

མཚོ་འོག་གཏེར་རྡོ་ཐབ་ཀྱི་བུད་ཤིང་ལ་བཏུས་ཤིང་།།
འཇའ་ཡི་དར་ཐག་མེ་རོ་དཀྲུག་བྱེད་དུ་བཀོལ་པའི།།
རིན་ཆེན་བྱུ་རུ་ཟས་ཀྱི་སྙིང་བོ་རུ་བཙོ་བའི།།
འཇིག་རྟེན་གསར་བ་སྐྱོང་བའི་བདག་མོ་ཞིག་ཕེབས་སོང་།།

ལྗོན་ཤིང་འདབ་མ་རྒྱལ་སྲས་རྣ་བདུན་གྱིས་སྤྲས་ཏེ།།
རྩྭ་རྐང་འཇག་མ་གནམ་འདེགས་ཀ་བ་རུ་བསླངས་ཤིང་།།
སྐར་མའི་གྲོང་ཁྱེར་འཛིན་མའི་གཞི་ཁྱིམ་དུ་བཞེངས་པའི།།
ཐབས་འཕྲུལ་ཕྱག་ཟུང་བདེ་བའི་བཟོ་བོ་ཞིག་ཕེབས་སོང་།།

༠༥/༠༢/༡༤ ཕྱི་དྲོར།

སྙན་ངག

Post navigation

Previous Post: ལོ་རྒྱུས་ལ་འགན་ཁུར་ནས་སྐད་ཆ་འདི་བཤད་འདོད་བྱུང་།
Next Post: ༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་ཉེར་བརྒྱད་པ། སྨན་བཅོས་ཀྱི་སྐོར།

Comments (9) on “ཕེབས་སོང་།”

  1. ཆབ་བྲག་ཕོ་ཉ། says:
    2014-02-05 at 5:20 pm

    ལོ་རྒྱུས་ཁ་ལོ་བསྒྱུར་ན་བཙན་པོ་དངོས། བསམ་སྤྱོད་ནད་ཡམས་སེལ་ན་ལྷ་རྗེ་མཆོག
    རིགས་ཀྱི་ལར་ཞེན་སྐྱོང་མཁས་ཁྱིམ་བདག་མ། གླིང་ཆེན་ཞི་བདེར་འགོད་པའི་བཟོ་བོ་སུ།
    དེ་དག་དེ་ལ་སྙིང་འདིས་མཆོད་པ་འབུལ།

  2. ཨ་མདོའི་བླ་མ། says:
    2014-02-05 at 11:16 pm

    འགྲེལ་བཤད་ཅིག་མེད་ན་གོ་ས་མ་རེད། སུ་ཞིག་གཤེགས་སོང་བ་རེད་དམ། ཡང་ན། བསྡུས་བརྗོད་ཀྱི་ལམ་ནས་སུ་ཞིག་ལ་སྐྱེལ་མ་བྱེད་ཀྱིན་ཡོད་དམ། སྙན་ངག་ན་འདིའི་ངོ་རྫོགས།

  3. གནམ says:
    2014-02-06 at 12:07 am

    སྐྱེལ་མ་མ་རེད། བསུས་མ་རེད། བླ་ཁོ་ཉི་མ་འདྲ་བོ།

  4. ཨ་མདོའི་བླ་མ། says:
    2014-02-06 at 12:18 am

    ཡ་ཡ། སྙན་ངག་པ་འབའ་སྲས་སམ་གནམ་གྱི་ངོ་སོ་བསྟོད།

  5. འབའ་སྲས། says:
    2014-02-06 at 2:28 am

    རྣམ་པ་ཚོ་བཀའ་དྲིན།

  6. མི་ཉག་སྐལ་བཟང་། says:
    2014-02-06 at 7:16 am

    སུ་ཕེབས་པ་ཡིན་ནམ།་ང་ནི་ད་ལྟ་ད་དུང་ཡང་བསྡད་ཡོད།

  7. ཀརྡོ་གཉེར་ཕྱག་པ་ says:
    2014-02-06 at 11:40 am

    ་་་ འཇིག་རྟེན་གསར་བའི་རྒྱལ་སྲས་རྣ་བདུན་གྱིས་སྤྲས་ཏེ ་་་་་
    འདི།
    འཇིག་རྟེན་གསར་པའི་རྒྱལ་སྲས་སྣ་བདུན་གྱིས་སྤྲས་ཏེ
    ཞེས་དགོས་འདུག་སྙམ་ལགས།

    ཕེབས་པ་ནི། འགྲོ་རྒྱུ། འགྲོ་བཞིན་པ། ཕྱིན་པའམ་འགྲོ་ཚར་བ་གསུམ་གའི་ཞེ་སར་སྦྱར་ཆོག་གོ

  8. ཀརྡོ་གཉེར་ཕྱག་པ་ says:
    2014-02-06 at 11:50 am

    དིང་གི་སྤྱི་སྐད་ཞེ་ས་ལ།
    ཁོང་ མདང་ ཕེབས་ སོང་།
    ཁོང་ དེ་རིང་ ཕེབས་བགྱིད་ འདུག
    ཁོང་ སང་ཉིན་ ཕེབས་བགྱི་ རེད།

  9. ཀརྡོ་གཉེར་ཕྱག་པ་ says:
    2014-02-08 at 6:04 am

    ཁོ་ མདང་ ཕྱིན་ སོང་།
    ཁོ་ དེ་རིང་ འགྲོ་བགྱིད་ འདུག
    ཁོ་ སང་ཉིན་ འགྲོ་བགྱི་ རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme