Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་དབང་།

Posted on 2008-09-09 By དགེ་རབ་ 2 Comments on རང་དབང་།

སྤོབས་པ་མཐའ་ཡས།

རང་གི་རང་དབང་ནམ་ཡང་མི་འདོར་ཞིང་། །
དེ་བཞིན་གཞན་ལ་འཚེ་བ་མི་བགྱིད་པའི། །
ཆོས་མཐུན་ལས་ཀྱིས་རང་རང་འཚོ་བ་འདི། །
འཇིག་རྟེན་མི་ཡི་རྩ་བའི་དམ་ཚིག་ཡིན། །

རང་དབང་བདེ་བ་སྙིང་ལ་བཅངས་ན་ཡང་། །
སྐྱེས་པའི་ཉིན་ནས་འཆི་བའི་མཐར་ཐུག་བར། །
གཞན་ལ་བསྟུན་ཅིང་གཞན་རྗེས་འབྲངས་འབྲངས་བ། །
བསམ་ན་རང་སེམས་གཞན་གྱི་ཚེ་གཡོག་ཉིད། །

བཙུན་པའི་ངུར་སྨིག་ལྷབ་ལྷུབ་གོས་དང་ཁ་ཆེ་བུ་མོའི་གདོང་གཡོག་འདི། །
གཅིག་གིས་བལྟས་ན་གཅིག་གི་ཆས་འདི་དོན་མེད་ངལ་བའི་ཁུར་ཙམ་སྟེ། །
བྲམ་ཟེ་རལ་བ་ཅན་གྱིས་མཐོང་ན་གཉིས་ཀ་བླུན་པོའི་ཆ་ལུགས་ཙམ། །
སིག་པ་མགོ་དཀྲིས་ཅན་གྱིས་བསམ་ན་གསུམ་པོའི་སྲོལ་དེ་སྐྱོན་ཅན་ཉིད། །

ལུས་དང་སེམས་ལ་ལྷན་ཅིག་སྐྱེས་པའི་ཆགས་སྡང་ཚོར་བའི་བདེ་སྡུག་དང་། །
འབྲེལ་བ་མེད་པའི་སྲོལ་དང་ལུགས་ལ་ཨ་འཐས་ཞེན་པའི་དབང་གྱུར་ཏེ། །
སྲོག་ཆགས་རྒྱལ་པོ་འགྲོ་བ་མི་ཡིས་རང་གཞན་ཕུང་ལ་སྦྱར་བའི་ཚུལ། །
བསམ་ན་ཉམ་ཆུང་དུད་འགྲོའི་རིགས་ལ་དམ་པའི་མིག་དཔེར་འོས་པ་མང་། །

ཚད་དང་གྲངས་ཀྱི་ཕ་མཐའ་མི་དམིགས་པའི། །
ཆོས་དང་སྲིད་ཀྱི་སྲོལ་ལུགས་ཕལ་མོ་ཆེ། །
ཅི་ཙམ་དང་དུ་བླངས་པ་དེ་ཙམ་དུ། །
ཕྱི་ཕྱིར་རང་ཉིད་འཆིངས་བའི་ཞགས་པ་ཉིད། །

ཆད་ལས་བཙན་པོས་བསྐུལ་བའི་རྒྱལ་ཁྲིམས་དང་། །
དམ་ཚིག་གཉན་པོས་བཞག་པའི་ཆོས་ཁྲིམས་གཉིས། །
གུ་ཡངས་ནང་གི་རང་དབང་འཕྲོག་བགྱིད་ན། །
ལྕགས་སྒྲོག་གསེར་སྒྲོག་འཆིངས་བྱེད་མཉམ་པ་ཉིད། །

ལུས་ཀྱི་འདོམས་དང་ལག་པའི་མཛུབ་མོ་གཉིས། །
གཅིག་སྦེད་གཅིག་སྟོན་ངོ་ཚའིསྤང་བླངས་ལུགས། །
དགོས་དང་དགོང་པ་འཆད་དུ་མ་མཆིས་ཀྱང་། །
དོན་མེད་དང་དུ་བླངས་པའི་ཁྲིམས་སྲོལ་ཙམ། །

ངེས་འབྱུང་བློ་ཡི་ལྕགས་ཀྱུས་མ་ཟིན་པའི། །
མི་འདོད་སྡུག་བསྲན་བཙུན་པའི་ཆ་ལུགས་ལ། །
དམ་པའི་བསླབ་སྡོམ་ཞེས་སུ་མིང་བཏགས་པའི། །
ཁྲིམས་གཙང་མི་ཚེ་དེ་ཡང་དེ་རུ་ཟད། །

རང་དབང་གཞན་གྱིས་འཕྲོག་ཅེས་གཤེ་བྱེད་ཀྱང་། །
རང་ལ་དབང་བ་རང་གིས་འགོག་བྱེད་པའི། །
རང་རེའི་ཁྲིམས་སྲོལ་འགལ་འདུའི་ཕུང་པོ་ཅན། །
རང་ངོ་འཕྲོད་ཚེ་བྱིས་པའི་རྩེད་མོ་ཙམ། །

ཆོས་སྲིད་སྲོལ་ལུགས་ཙམ་དང་རྗེས་བསྟུན་པའི། །
རེ་དོགསཁྲིམས་ཀྱི་ཁུར་འདི་ནམ་བོར་བ། །
དེ་ནི་ལྷན་སྐྱེས་ནང་གི་རང་དབང་སྟེ། །
གུ་ཡངས་སེམས་ཀྱི་ངལ་གསོ་ཞེས་ཀྱང་བྱ། །

མི་མངོན་གསང་བ་སྙིང་གི་ཁང་བུ་ན།
མི་འགྱུར་དུང་བའི་སེམས་ཀྱི་གཞོན་ནུ་འདི། །
མི་ཁའི་སྒྲོ་སྐུར་ཙམ་ལ་མི་འཇིགས་པར། །
མི་ཆོས་གཙང་མས་གཅེས་སྐྱོང་བྱེད་པར་ཞུ། །

སྙན་ངག

Post navigation

Previous Post: ཟས་བཅད་སྨྱུང་གནས་དང་བཀའ་ཁྲིའི་གཏམ་བཤད།
Next Post: བཀའ་བློན་ཁྲི་བའི་རྗེས་སྐྱོང་བ།

Comments (2) on “རང་དབང་།”

  1. ཨ་འབྲུག་དཀོན་མཆོག says:
    2008-09-09 at 11:21 pm

    རྣམ་འབྱེད་བློ་གྲོས་ཆེན་པོའི་ངར་སྐད་ཀྱིས། གངས་ལྗོངས་རིག་པའི་ས་འཛིན་འགེངས་བྱེད་པ༎་ ངེས་དོན་པཎ་ཆེན་ས་སྐྱ་བླ་མས་ཀྱང༌། བདེ་བའི་མཐར་ཐུག་རང་དབང་ཉིད་དུ་གསུངས། །
    མི་ཡི་འཚོ་བར་ལྷ་འདྲེའི་འདུ་ཤེས་ཀྱི༎ ལམ་དང་ལུགས་ཀྱི་སྒྲིབ་ཡོལ་ཆེས་མཐུག་པའི། འཛམ་གླིང་རྩེ་ཐོག་ཉི་མའི་འཇིག་རྟེན་འདི། མུན་པའི་ནང་ནས་མུན་པའི་ནང་དུ་བསྐྱོད༎
    གནས་ལུགས་ཐམས་ཅད་ཚད་གཞི་གཅིག་གིས་འཇལ༎ མཛེས་སྡུག་མཐའ་དག་ཁ་དོག་གཅིག་ཏུ་བསྒྲུབ༎ གཞན་གྱི་འདོན་འདུན་བདེ་སྣང་སྣ་ཚོགས་ལ། ཐེ་ཇུས་བྱེད་པའི་ལམ་ལུགས་རང་རེར་མང༌༎་
    མི་ལ་རས་པ་གཅེར་བུར་རྒྱུ་བ་དང༌།། དགེ་ཆོས་སྨྱོན་པ་འཆལ་བོར་གྱུར་བ་དག། ཚུལ་འཆོས་སྒྲོམ་བུའི་ནང་གི་སྐྱེས་ཆེན་ཚོའི༎ མཛེས་འཛིན་ལྟ་བའི་རྒྱ་ལ་ཤོང་ངམ་ཅི༎

  2. མགོན་པོ་ཕྱག་གཉིས་པ། says:
    2008-09-10 at 10:29 am

    ཕྱི་རུ་ཁྲིམས་སྒྲིག་གོམས་སྲོལ་གོས་ཀྱིས་དམ།།
    ནང་དུ་རེ་དྭོགས་དགའ་སྡུག་བཅིངས་པས་མནར།།
    ཕྱི་ནང་མཚམས་སུ་འཚོ་གནས་ཁོ་ནར་རྩོད།།
    རང་དབང་ཞེས་པའི་ཚིག་འདིའི་དོན་མ་རྟོགས།།
    གཞན་དབང་ཞེས་པ་དངོས་ཡོད་འཚོ་བ་སྟེ།།
    རང་དབང་ཞེས་པ་འཚོ་བའི་རྨི་ལམ་ཡིན།།
    རྨི་ལམ་སྐྱིད་པོ་བཙོན་རའི་ནང་དུ་རྨིས།།
    གླུ་ཆུང་སྙན་མོ་གཉིད་ཁུང་ནང་དུ་ལེན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme