Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཁམས་ལོ་སར་གཅིག་གྱུར་གྱི་འབོད་བརྡ།

Posted on 2014-02-012014-02-01 By ཁ་བརྡ་ 33 Comments on བོད་ཁམས་ལོ་སར་གཅིག་གྱུར་གྱི་འབོད་བརྡ།

རྩོམ་མཁན་ཚུལ་ཁྲིམས་བློ་གྲོས། ཨེ་མ་ཧོས་མཚམས་སྦྱོར་ཞུས།

unnamedགངས་ཅན་མཐོ་སྒང་གི་ཡུལ་གྲུ་ཡངས་བོ་འདིར་་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ཀྱིས་ཕྱུག་པ་ཁོ་ན་ཙམ་མ་ཡིན་པར། འདི་ན་མི་རིགས་ཤིག་གི་རྫོང་མཐུག་པའི་རིག་གནས་ཀྱི་བཀྲག་མདངས་འོད་དུ་འཚེར་གྱིན་ཡོད།
འོན་ཀྱང་ད་ལྟའི་སྤྱི་ཚོགས་འཕེལ་ཕྱོགས་སམ་འཛམ་གླིང་དཔལ་འབྱོར་གཅིག་གྱུར་གྱི་འགྲོ་ཕྱོགས་དེས། ང་ཚོའི་སྲོལ་རྒྱུན་རིག་གནས་ཀྱི་གནས་བབས་ཏེ་སྔར་མེད་ཀྱི་ཉེན་ཁར་དེད་ཡོད། འདི་འདྲའི་རིག་གནས་གསར་རྙིང་གི་གདོང་ཐུག་འོག་ང་ཚོས་ངེས་པར་དུ་སྤུན་ཟླ་ལག་རྡང་སྤྲེལ་ནས། རང་འགུལ་སྒོས་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ཀྱི་ལས་གྲལ་དུ་ཞུགས་རྒྱུ་ནི་གལ་ཆེན་ལས་ཀྱང་གལ་ཆེན་ཞིག་ཏུ་ལྷགས་ཡོད།

དེ་བས་སྲོལ་རྒྱུན་དུས་སྟོན་ནི་མི་རིགས་ཤིག་གི་སྲོལ་རྒྱུན་རིག་གནས་ཀྱི་རྩ་བའི་གྲུབ་ཆ་དང་མི་རིགས་ཤིག་གི་སྲོལ་རྒྱུན་རིག་གནས་ཀྱི་མཚོན་རྟགས་སུ་མངོན་ཡོད་ལ། བགྲང་བྱ་སྟོང་ཕྲག་གི་དུས་ཡུན་རིང་བོའི་ཁྲོད་དུ་སྲོལ་རྒྱུན་དུས་སྟོན་གྱིས་རྒྱུན་མ་ཆད་པར་མི་རིགས་ཤིག་གི་བསམ་བློའི་འདུ་ཤེས་ཀྱི་ཁོར་ཡུག་བཞེངས་བསྐྲུན་བྱས་ཡོད་པར་མ་ཟད། མི་རིགས་ཤིག་གི་ཕུགས་བསམ་དང་རྣམ་དཔྱོད། སྤྱོད་ལམ་སོགས་ལ་འཚོལ་སྙེགས་དང་ཡིད་སྨོན་གང་འདྲ་བྱས་ཡོད་པ་གསལ་བཤད་བྱས་ཡོད།

དེ་བས་མི་རིགས་ཤིག་གི་རིག་གནས་དར་སྤེལ་དང་རྒྱུད་འཛིན་བྱ་བར་གཙོ་བོའི་འདེགས་ཤིང་ལྟ་བུར་གྱུར་ཡོད། དེ་ན་སྤྱི་ལོ༢༠༡༤ ཟླ་༣ ཚེས་༢ ཏེ། བོད་རབ་བྱུང་བཅུ་བདུན་པའི་ཤིང་རྟ་ལོའི་ལོ་སར་གཏང་་ལ་ཉེ་བའི་སྐབས་འདིར། ངས་ཁ་ཞེ་གཉིས་མེད་ཀྱིས་བོད་རིགས་སྤུན་ཟླ་ཡོངས་ལ་བོད་ལོ་གསར་གཅིག་གྱུར་སྒོས་རོལ་ཐུབ་པར་འབོད་བརྡ་ཞིག་བཏང་བ་ཡིན། ད་སྔ་ང་ཚོ་བོད་ཧྲིལ་བོ་དུས་ཐོག་གཅིག་མིན་པར། ཁ་ཐོར་རང་བཞིན་གྱིས་ལོ་སར་ལ་རོལ་གྱིན་ཡོད་པར་མ་ཟད། ཐ་ན་མི་རིགས་གཞན་གྱི་རྗེས་འབྲང་བ་མང་བོའང་ཡོད་པ་རེད།

ལོ་སར་གཅིག་གྱུར་བྱེད་པ་ལ་མི་རིགས་འདུ་ཤེས་ཁྱབ་བརྡལ་དང་མི་རིགས་གཅིག་སྒྲིལ་ནུས་བ་མཐོར་འདེགས་བྱེད་པ་སོགས་ཀྱི་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་པ་རེད། དེའི་ཕྱིར་མདོ་དབུས་ཁམས་གསུམ་དང་རྒྱལ་ཁབ་ཕྱི་ནང་ཀུན་ལ་ཡོད་པའི་་བོད་རིགས་སྤུན་ཟླ་ཡོངས་ལ་ལོ་སར་གཅིག་གྱུར་བྱ་བར་སྐུལ་མ་བྱས་ཏེ་ལག་ལེན་དངོས་ཀྱིས་ང་ཚོའི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ལ་ནུས་པ་མཉམ་རུབ་ཀྱིས་འབད་པ་རེ་བྱེད་པར་རེ་བ་ཞུ་བ་ཡིན།
མཇུག་མཐར། བོད་རབ་བྱུང་བཅུ་བདུན་པའི་ཤིང་་རྟ་ལོ་ཡི་་ལོ་སར་བསུ་བར་ཉེ་བའི་དུས་འདིར། རིགས་མཐུན་སྤུན་ཟླ་ཡོངས་ལ་ལོ་གསར་བའི་ནང་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ།

གསལ་བསྒྲགས།

Post navigation

Previous Post: ངའི་སྤུན་ཟླ།
Next Post: རྒྱ་གར་གྱི་རྒྱལ་རྟགས།

Comments (33) on “བོད་ཁམས་ལོ་སར་གཅིག་གྱུར་གྱི་འབོད་བརྡ།”

  1. གླག་རྒོད། says:
    2014-02-01 at 10:28 am

    ད་བོད་པའི་བླ་རྒན་ཚོ་ཆོས་པའི་ས་ནས་འདུག་ཐུབ་ན་བཟང་གི །དེ་མིན་གཅིག་གྱུར་གཉིས་གྱེས་སོགས་ཆབ་སྲིད་རྐྱང་བཤད་ནས་ཆོ་ཐོན་མདོག་ཅི་མི་འདུག

  2. པདྨ says:
    2014-02-01 at 1:29 pm

    ཡག་གི ཨེ་མ་ཧོས་འདིར་བསྐུར་པར་དགའ་བསུ་ཡོད།

  3. རྟེན་འབྱུང་། says:
    2014-02-01 at 2:28 pm

    རྩོམ་མཁན་ཚུལ་ཁྲིམས་བློ་གྲོས། ཨེ་མ་ཧོས་མཚམས་སྦྱོར་ཞུས།
    ཧཧཧཧཧཧཧ

  4. བྱམས་པ says:
    2014-02-01 at 2:31 pm

    བླ་རྒན་དེ་མེད་ན་ཁྱེད་རང་གིས་ ཡེ་གེ་ན་གཅིག་བྲིས་མི་ཐུབ་པས་དེ་ན་བླ་རྒན་གྱི་བཀའ་དྲིན་བསོམ་ཞིག

  5. བྱམས་པ says:
    2014-02-01 at 3:24 pm

    ཚལ་ཁྲིམས་བློ་གྲོལ་ལགས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཏོ།
    དེང་དུས་གཞོན་སྐྱེས་ཚོ་རང་གི་ནོར་བུ་རང་གི་བདག་པོ་མ་རྒྱབ་པར་དེང་དུས་ཁ་ལ་འཁྱེར་ནས་དེང་དུས་ཤེས་ཡོན་མ་སྦྱང་པར་དེང་དུས་ཀྱི་དགའ་སྟོན་ཡོད་ཚད་ཁྲབ་བསྡད་པ་ཡིན་ན་ནམ་རང་གི་མེས་པོས་བཞག་པའི་གཅེས་ནོར་རྣམས་གར་སོང་ཆ་མེད་ངང་རང་གི་ཁ་ལ་མཛུབ་མོ་བཙུག་ནས་ལྷག་ངེས་པར་རེད་

  6. ཁྱུང་དཀར། says:
    2014-02-01 at 3:48 pm

    འདི་ཚུལ་ཁྲིམས་བློ་གྲོས་ཀྱིས་བྲིས་པ་ཞིག་བཤད་ཀི་མི་འདུག འདིའི་སྐོར་ཤེས་འདོད་ཡོད་ན་རང་གྲོལ་སྨྱུག་གསར་ཚང་ལ་རྒྱུགས་དང་གནས་དེ་ན་གསལ་བཤད་གསལ་བོ་བྱས་ཡོད་ཀི

  7. ཨ་ཕྱི་ཆོས་སྒྲོན says:
    2014-02-01 at 4:10 pm

    དེ་རིང་ནི་ངའི་ཕ་ཡུལ་དོལ་པོ་གཙོས་པའི་ཧི་མ་ལ་ཡའི་ཡུལ་གྲུ་རྣམས་ཀྱི་ལོ་གསར་རེད། བརྩི་ལུགས་འདི་ནི་སྔ་རབས་སུ་བོད་ཀྱི་ལོ་གསར་དངོས་མ་དེ་ལགས་ཏེ། ད་ལྟའི་བོད་ཀྱིས་སྲུང་བའི་ཡོངས་གྲགས་ཀྱི་ལོ་གསར་དེ་ལ་སོག་པོའི་ཤན་ཡོད་པ་ནི་དེའི་ཟླ་བ་རྣམས་ལ་ཧོར་ཟླ་ཞེས་སུ་འབོད་པས་ཤེས། འོན་ཀྱང་། ང་ཚོ་ཧི་མ་ལ་ཡའི་བོད་རིགས་རྣམས་ཀྱིས་ད་དུང་ཡང་སྲོལ་ལུགས་རྙིང་པ་དེ་རང་སྤྱོད་ཀྱི་ཡོད། དེ་ལ་ཞང་ཞུང་གི་ལོ་གསར་དང་སོ་ནམ་པའི་གསར་ཡང་འབོད། གང་ལྟར་བོད་རྒྱལ་ལོ་༣༡༥༡ཤིང་ཕོ་རྟ་ཡི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་འདིས་ཁྱེད་ཀྱི་སྲོག་ལུས་དབང་ཐང་རླུང་རྟ་བླ་དང་བཅས་པ་དར་རྒྱས་ཡོང་བའི་སྨོན་འདུན་ཞུ།།

  8. ཅོག་མྱི། says:
    2014-02-01 at 5:25 pm

    ཐུན་མིན་ནི་རང་དབང་ཡིན།
    སོ་སོ་ནི་མཛེས་སྡུག་སྟེ།
    གཅིག་གྱུར་ལ་དགོས་པ་མེད།
    ངལ་བ་ནི་དོན་མེད་རེད།

    གོང་ས་མཆོག་གིས་ཀྱང་།
    དགེ་བཤེས་ཚིག་གི་མེ་ཏོག་ཡིན།
    འབྲས་བུ་མེད་པ་ས་མ་ཡ། ཞེས་གསུངས་དོན་ཡང་དགེ་བཤེས་མཁན་པོ་སྐྱ་སེར་གྱི་གནས་ལ་རྨོངས་པ་འདི་ཚོར་དམིགས་ནས་གདམས་པ་རེད་ཡ།

  9. མྱི་དཀར says:
    2014-02-01 at 11:34 pm

    མི་འདི་ཚོས་སྙན་གྲགས་ཞིག་ལ་རེ་བ་བརྒྱབས་ནས་ད་གང་བྱུང་མང་བྱུང་ཤོད་ཡོང་གི་འདུག ང་ཚོ་ནང་ཁུལ་ལ་མཐུན་སྒྲིལ་དགོས་ན་སྒྲོ་འདོགས་དང་སྐུར་འདེབས་ཀྱི་རྫུན་གཏམ་ཆོས་བཤད་མཉམ་དུ་བསྲེས་ཏེ་མ་གསུངས་དང་དེ་གས་འགྲིག་གི་རེད། ལུང་པ་རེ་ལ་ལོ་གསར་གཏོང་ཕྱོགས་ལུང་པ་རང་རང་གི་དུས་ཚོད་དང་བསྟུན་ནས་བྱེད་དགོས་པ་མ་གཏོགས་གཅིག་གྱུར་ཡོང་གི་མ་རེད། ལུང་པ་འགའ་རེར་དཔྱིད་འདེབས་སྔ་ལ་འགའ་རེར་དཔྱིད་འདེབས་འཕྱི་བས་ལུང་པ་རང་རང་གི་དཔྱིད་ལས་དང་བསྟུན་ནས་ལོ་གསར་གཏོང་སྲོལ་དེ་སྔོན་ལྟར་བྱས་ན་དེ་གས་འགྲིག་གི་རེད།

  10. ཁྱུང་དཀར། says:
    2014-02-02 at 3:10 am

    མྱི་དཀར་ལགས་ཀྱིས་གནས་ལུགས་དང་མཐུན་པའི་བཀའ་མོལ་གནང་འདུག

  11. བོད་ལ་ཞེན says:
    2014-02-02 at 5:26 am

    བོད་ཟླ་བཅུ་གཉིས་པའི་ལོ་གསར་དེ་ལ་ག་ཚོད་བཤད་ཀྱང་མདོར་ན་དེང་སང་འཛམ་བུའི་གླིང་ནང་རྒྱ་མིའི་ལོ་གསར་ཞེས་གྲགས་ཚར་བ་རེད། Chinese New Year དེས་ན་ང་ཚོ་བོད་མི་ཚང་མ་བོད་ཀྱི་ལོ་གསར་གཏོང་ན་དགའ།

  12. མྱི་དཀར says:
    2014-02-02 at 6:27 am

    དེ་ལ་རྒྱ་ལོ་ལོ་གསར་འབོད་མཁན་ཨ་མདོའི་ཕྱོགས་མ་གཏོགས་ཚང་མ་མ་རེད། ཁམས་ཁུལ་གྱི་ལུང་པ་མང་པོ་ནས་ཧོར་ཟླ་དང་པོའི་ལོ་གསར་ལ་རྒྱ་ལོ་ལོ་གསར་འབོད་ཀི་རེད།

  13. བོད་ལ་ཞེན says:
    2014-02-02 at 6:31 am

    བོད་ཟླ་དང་པོའི་ལོ་གསར་ལ་རྒྱ་ལོ་ཟེར་མ་རེད། རྒྱལ་ལོ་རེད། ཁམས་ཁུལ་་གྱི་ཡི་གེ་ཀློག་སྟངས་ལས་རྒྱ་ལོ་ཞེས་པ་དང་སྒྲ་གདངས་ཉེ་པོ་ཐོན་པ་རེད།

  14. མྱི་དཀར says:
    2014-02-02 at 7:25 am

    དག་ཆ་གསལ་པོ་ཤེས་མ་སོང་ལགས། ཧོར་ཟླ་བཅུ་གཉིས་པའི་ལོ་གསར་ལ་བོད་ལོ་ལོ་གསར་དང་། དང་པོའི་ལོ་གསར་ལ་རྒྱ་ལོ་ལོ་གསར་འབོད་ཀིན་འདུག གཅིག་བྱས་ན་རྒྱལ་ལོ་ཡིན་སྲིད། སྔར་སྡེ་པ་གཞུང་གི་དམག་མི་དང་། རྫོང་ཡོད་ས་རྣམས་མ་གཏོགས་ལུང་པ་ཁུག་སྐྱོག་ཕལ་ཆེ་བའི་ནང་ཧོར་ཟླ་བཅུ་གཉིས་པའི་ནང་ལོ་གསར་གཏོང་གི་རེད།

  15. ཁ་བའི་ཡུལ་གྱར་བ། says:
    2014-02-02 at 9:42 am

    ད་ལྟ་འདི་ནི་བོད་ངོ་མའི་ལོ་སར་ཡིན་ཧི་མ་ལ་ཡའི་རི་རྒྱུད་དང།  ཁམས་ཀྱི་ས་ཁུལ་མང་པོ་དང་ཨམ་མདོ་སོགས་བོད་ཁུལ་མང་པོ་ནས་ད་ལྟ་ཟླ་བ་འདིས་
    ནང་ལོ་སར་གཏོང་གི་རེད། རྗེས་མ་དེ་ནི་སོག་པོའི་བོད་ལ་དབང་རྒྱུར་བྱས་ནས་ཧོར་ཟླ་ཟེར་ནས་སོག་ལོ་ལོ་སར་རེད། ད་ཁྱེད་རྣམས་པས་
    དགྲ་བོའི་ལོ་སར་འདམ་གྱི་ཡིན་ཡང་ན་བོད་རང་ཉིད་ཀྱི་ལོ་སར་འདམ་ཀྱི་ཡིན།

  16. BONPO says:
    2014-02-02 at 9:47 am

    བིས་ལུག་ལོ་གསར་ཟེར་བ་དེའི་སྐོར་ལ་ཤེས་མཁན་ཨེ་ཡོད། ཡོད་ན་འགྲེལ་བཤད་ཅིག་ཡོད་པ་ཞུ།

  17. དྲི་མེད་ལྷག་བསམ། says:
    2014-02-02 at 10:08 am

    གོང་གསལ་ཡི་གེ་དེ་མཁན་ཚུལ་ཁྲིམས་བློ་གྲོས་ཀྱིས་སྤྲིངས་པ་ཡིན་མིན་ཅི་ལྟར་ཡང་། ཁོང་གིས་སྔོན་ཆད་གསུང་པ་དང་འབྲི་མྱོང་བ་ཞིག་རེད་ཟེར། གཙོ་བོ་མི་ཀུན་ལ་སྟབས་བདེ་ཡོང་བ། གུང་སེང་གཏོང་བ་དང་། དུས་སྟོན་བྱེད་པ་སོགས་ལ་ནོར་འཁྲུལ་མི་འབྱུང་བ་དང་། ཁྱད་པར་བོད་ཀྱི་རིག་གཞུང་ཕྱོགས་ཀུན་ནས་ཁྱད་ཆོས་ཡོད་པ། ཁུངས་བཙུན་པ་ཞིག་གི་ཆེད་དུ་གསུངས་པ་ལས། ལོ་གསར་དུས་ཚོད་འདི་ཞེས་ཆེད་དུ་ངོས་བཟུང་དེ་གསུང་མེད་པ་འདྲ། དགོངས་པ་དེ་དོན་དང་ལྡན་ཞིག་རེད། འགྲུབ་ན་ལེགས་ཆ་ཤིན་ཏུ་མང་། ཉག་རོང་དང་མགོ་ལོག་གི་ལོ་གསར་སོགས་ཤ་ཁུལ་དེའི་དུས་སྟོན་ལྟ་བུར་བརྩིས་ཀྱང་རུང་བས་ངེས་པར་མེད་པ་བཟོ་མི་དགོས། སྤྱི་ཡིས་ལོ་གསར་གཏན་ཁེལ་བྱས་ན་གོང་གསལ་གྱི་དགོས་པ་རྣམས་འབྱུང་། དེ་ཡང་ལོ་རྒྱུས་ཀྱི་དང་རྩིས་གཞུང་ལ་མཐུན་པའི་ལོ་ཚད་ལྡན་ཞིག་ལས། དབུས་པ་དང་ཨ་མདོའི་ཕྱོགས་ཞེན་གྱིས་མི་ཡོང་། དེ་བཞིན་སྒ་འགྱུར་དང་ཕྱི་འགྱུར་གྱི་མཁྲེང་ཞེན་ཀྱང་མི་ལེགས། བོད་རང་གི་ཐུན་མིན་ལོ་རྒྱུས་ལ་ཁུངས་གཏུག་ས་རྙེད་ན་བཟང་བར་སེམས། །ལོ་ཤེས་པས་མི་ཆོག དཔྱིད་ར་བ་ཟེར་བ་དུས་ཚོད་གང་ཡིན་ཞེས་དགོས། དེ་མ་ཤེས་ན་མདོ་དང་རྒྱུད། རྒྱ་རྩིས་སོགས་སུ་དཔྱིད་ར་ཞེས་འཁོད་ཀྱང་ས་གནས་སོ་སོའི་གནམ་གཤིས་ཀྱིས་བཞག་པས་དོན་དུ་ཐ་དད་པ་ཡིན་ནོ། །དེ་བཞིན་ཐང་རྒྱལ་རབས་སྔོན་དུ་རྒྱ་ནག་བྱང་རྒྱུད་དང་ལྷོ་ཕྱོགས་པའི་ལོ་མགོ་འཛིན་ཚུལ་ཡང་ཐ་དད་པ་འབྱུང་བར་བཤད། པུ་དེ་གུང་རྒྱལ་སྐབས་སུ་བྱུང་བའི་བལ་མའི་ཟླ་རྩིས་སུ། ཟླ་དང་པོའི་ཚེས་༢༢་ལ་ཡར་ལྷ་ཤམ་པོའི་ཁམ་སྡོག་ལ་མེ་ཏོག་ཤར་དུས་ལོ་གསར་གཏོང་བར་བཤད་པ་དང་། བོད་མེས་དཔོན་རྣམ་གསུམ་སྐབས་ཀྱི་ལོ་མགོ་ནི། གྱེ་རེ་ལོ་ཙཱ་སོགས་ཀྱིས་འདོད་པ་དཔྱིད་ར་བ་ཞེས་འཁོད་ཡོད། དེ་བཞིན་༼ཤིང་གླིང་༡༧༤༥་ལོར་མཛད་པའི༽སྐར་རྩིས་ཀྱི་སྔོན་འགྲོ་དྲི་མེད་འོད་ཟེར་རྒྱན་གྱི་མེ་ཏོག་ལས། བོད་རྗེ་མེས་དཔོན་སྐབས་སུ་ནི༎ལོ་གསར་དཔྱིད་ཟླ་རྒྱལ་ཟླར་མཛད། །༼རྒྱལ་ཟླ་ཧོར་ཟླ་༡༢་པ༽ཅེས་འབྱུང་བའི་ཁུངས་ལུང་ལ་དཔྱད་པར་མཛོད། །པདམ་བཀའ་ཐང་དུ། དེ་ནས་གླང་གི་ཟླ་བའི་ཚེས་གཅིག་ལ། །བོད་ཀྱི་ལོ་གསར་བྱེད་པའི་ཆས་བསྡུས་པས། །ཞེས་པའང་བོད་ཟླ་༡༢་པ་ཡིན་པ་དང་། ཉེར་མཁོའི་བུམ་བཟང་ལས། ཁྲི་རལ་སྐབས་ཞང་བོད་འཁྲུགས་པའི་དུས་ལོ་ར་སྔ་ནུར་བྱས་ཏེ་མགོ་ཟླ་སྟག་གི་ཟླ་བར་བཅོས་ཏེ་དམག་ལས་རྒྱལ་བར་བཤད་པ་སོགས་ལ་དཔྱད་པ་གནང་དགོས་སོ། །

  18. དྲི་མེད་ལྷག་བསམ། says:
    2014-02-02 at 10:12 am

    དགོངས་དག་ཞུ། ཡིག་ནོར་མང་པོ་ཤོར་འདུག་ཀྱང་བྲེལ་བ་ཆེ་སྒང་དུ་ཁེལ་བས་བཅོས་ཐུབ་མ་སོང་། །

  19. ཁ་བའི་ཡུལ་གྱར་བ། says:
    2014-02-02 at 10:28 am

    བོད་ལ་ཞེན་ལགས་་གསལ་བཤད་ཞུ་རྒྱུ་ཞིག་ལ་ཧོར་ཟླ་བཅུ་གཉིས་པ་དེ་ལ་རྒྱ་ལོ་ལོ་སར་རེད་ཟེར་ཀྱི་ཡོད་ན། རྒྱ་ཡི་རྩིས་ཀྱི་འབྱུང་ཁུང་ག་ནས་རེད་
    མཁྱེན་གྱི་ཡོད་བས། ད་ལྟའི་བོད་ཀྱི་གནའ་བོའི་ལོ་སར་དང་རྒྱ་ལོ་གཉིས་དུས་ཚིག་འདྲ་དགོས་བའི་རྒྱུ་མཚན་ངེས་ཅན་ཞིག་ཡོད། སྔོན་རྒྱ་ཡི་
    རྒྱལ་པོ་ཀང་ཙེ་་འཕྲུལ་གྱི་རྒྱལ་པོ་ནི་སྟོན་པ་གཤེན་རབ་མི་བོ་ཆེའི་དངོས་སློབ་ཡིན་ལ། སྟོན་པས་རྩིས་ཀྱི་བཀའ་་ཀང་ཙེ་་ལ་གཉེར་དུ་
    གཏད་ཡོད་ལ། སྟོན་པའི་ཙུན་མོ་བདུན་ལ་སྲས་འཁྲུང་ཡོད། དེ་དག་ནི་ཧོས་བཟའ་་་དཔོ་བཟའ་་་གསས་བཟའ་་་ཕྱ་བཟའ་་་་ཀོང་བཟའ་་་རྒྱ་བཟའ་
    བཅས་ཡིན། རྒྱ་ཡི་རྒྱལ་པོ་ཀོང་ཙེ་ཡི་བུ་མོ་ལ་སྲས་ཀོང་ཚ་འཕྲུལ་བུ་འམ་ཧ་ཤོན་དྷེ་བ་ཟེར། དེ་ནས་རྒྱ་ལོ་དང་གནའ་བོའི་བོད་ལོ་ལོ་སར་དུས་ཚིག་
    གཅིག་པ་ཁེལ་ཀྱི་ཡོད། བོད་ཀྱི་ཤན་རྒྱ་ལ་ཞུགས་པ་ལས་ཧོར་ལོ་ལོ་སར་ལྟར་དགྲ་བོའི་ལོ་སར་དང་བླངས་བྱས་པ་ཞིག་མིན།

  20. BONPO says:
    2014-02-02 at 10:29 am

    བོད་ཀྱི་ལོ་གསར།

    གནམ་ལོ་གསར་དུ་བརྗེ་བའི་དགའ་སྟོན་ལ།།
    ལོ་གསར་དུས་སྟོན་ཟེར་བའི་འུར་སྒྲ་ཞིག།།
    ས་ཆེན་གོ་ལར་ཁྱབ་པའི་གཤིས་གོམ་དངོས།།
    དེ་བས་བོད་ལ་ལོ་གསར་གཏམ་རྒྱུད་མང་།།

    གནས་ལུགས་དོན་ལ་འབྱོར་བའི་ཟིན་ཐོ་དང་།།
    བདེན་པ་ཕུགས་ལ་སྐྱེལ་བའི་གཏན་ཚིགས་སོགས།།
    ཡིན་ལུགས་བདེན་པར་སྨྲ་བའི་གཞུང་ལུགས་ཏེ།།
    བོད་ཀྱི་ལུང་པར་རྩིས་རིག་མན་ངག་མང་།།

    འོན་ཏེ་རྩིས་གཞུང་མན་ངག་གཞུང་ལུགས་ཁྲོད།།
    བོད་རྩིས་ཟེར་བའི་ཐ་སྙད་མ་མཐོང་གོང་།།
    རྒྱ་རྩིས་ཧོར་ཟླ་ལ་སོགས་གཞན་ལུགས་ཀྱི།།
    སྐར་ཚོགས་གྲངས་ལ་འགྲན་པའི་ཨང་རིམ་མང་།།

    ཡོངས་གྲགས་ཧོར་ཟླ་བཅུ་པ་ཀོང་པོ་ཡི།།
    ཨ་རྒྱལ་རྒྱལ་གྱི་ལོ་གསར་སྔ་བསྣུར་བཤད།།
    བཅུ་གཉིས་གནའ་སྲོལ་རྒྱལ་ལོ་ལོ་གསར་ཏེ།།
    དང་པོ་ཇིང་འགིར་ཧོར་དང་འབྲེལ་ལུགས་བཤད།།

    ལྷ་སའི་ལོ་ཐོ་མངའ་རིས་ལོ་ཐོ་སོགས།།
    སྟོད་སྨད་བོད་ལ་དེང་དུས་རྩིས་གཞི་དང་།།
    རྩིས་འགོ་མང་བས་ཟླ་བའི་གོ་རིམ་མང་།།
    དེས་ན་ལོ་འགོ་འཚོལ་ལ་རྙོག་འཛིང་ཆེ།།

    ཀ་པས་ལྷ་སའི་ལོ་ཐོ་དཔང་བཙུགས་ནས།།
    ཟླ་བ་གཅིག་གཅིག་གཅིག་ལ་ལོ་གསར་བཏགས།།
    ཁ་པས་མངའ་རིའི་ལོ་ཐོ་ཐོད་ཕྱར་ནས།།
    དེ་བཞིན་ལོ་གསར་ཟླ་བ་གཅིག་གཅིག་གཅིག།།

    འདི་ཡིན་བདེན་ལ་འདི་ཟེར་མི་བདེན་པའི།།
    གཅིག་གཅིག་གཉིས་གཉིས་ཁུངས་དང་དགོས་པ་སོགས།།
    གཅིག་གིས་བཀྲལ་བ་གཉིས་ཀྱི་རྒྱབ་བརྟེན་རེ།།
    རང་རང་སོ་སོའི་ས་ན་བདེན་དཔང་མང།།

    འདི་ན་གོང་གི་ལོ་གསར་བཞི་པོ་ཡི།།
    ཡིན་ལུགས་ཟུར་ཞིག་ཁོ་བོས་གླེང་དུ་འདོད།།
    རྟོག་དང་དཔྱོད་པའི་བསམ་གཞིག་ཕྱི་རྗེས་ན།།
    དམངས་ཁྲོད་ངག་རྒྱུན་རེ་ལ་བདེན་དངོས་རེ།།

    ཟླ་བ་བཅུ་པ་ཀོང་པོའི་ལོ་གསར་ནི།།
    ཀོང་པོ་ཨ་རྒྱལ་རྒྱལ་ཞེས་དམག་དཔོན་ཞིག།།
    ལོ་གསར་གོང་དུ་དགྲ་ལ་ཆས་དགོས་པས།།
    ལོ་གསར་སྔ་ལེན་བྱས་པ་རྒྱུན་ཆགས་ཟེར།།

    བཅུ་གཅིག་འབྲོག་ཁུལ་བེའུ་ལུག་ཁྱུ་ཚོགས་ལ།།
    གཟན་ཆས་ཐོག་མར་སྟེར་བའི་ནམ་དུས་སྟེ།།
    འདི་ལ་འབྲོག་པས་རྟེན་འབྲེལ་ཅན་དུ་བཤད།།
    མ་ཟད་མངའ་རིའི་པུ་ཧྲེང་ལོ་གསར་ཡིན།།

    བཅུ་གཉིས་ཟླ་བའི་ཐོག་མ་དཔྱིད་ར་སྟེ།།
    སྐར་མའི་དམ་པ་རྒྱལ་གྱིས་ཉ་བས་ན།།
    རྟེན་འབྲེལ་རྒྱལ་ལོ་ལོ་གསར་ཞེས་གྲགས་པ།།
    དམངས་ཁྲོད་ངག་རྒྱུན་སྔ་ནས་ད་བར་བརྒྱུད།།

    མ་ཟད་བཅུ་གཉིས་ཟླ་ལ་གཙང་ཁུལ་གྱི།།
    ཞིང་ལ་སོ་ནམས་བྱེད་པའི་འགོ་མོ་རུ།།
    ལོ་ལེགས་ཡོང་བའི་རྟེན་འབྲེལ་དགའ་སྟོན་གཟབ།།
    སོ་ནམ་ལོ་གསར་སྲོལ་རྒྱུན་བྱེད་སྒོ་ཞིག།།

    ལོ་གསར་འདི་ཉིད་སྟོད་ནས་ཨ་མདོའི་བར།།
    སྲོལ་རྒྱུན་ཚུགས་ཀ་བརྟན་པའི་འབྲོག་སྡེ་ཀུན།།
    གཅིག་མཐུན་ལམ་གྱི་གཞུང་ནས་རྒྱུ་བ་སྟེ།།
    འགའ་ཞིག་འདི་ལ་འབྲོག་པའི་ལོ་གསར་འབོད།།

    དང་པོ་ཡོངས་གྲགས་ལྷ་སའི་ལོ་གསར་ཏེ།།
    ཇིང་འགིར་ཧོར་གྱིས་བོད་ཁམས་དབང་བསྒྱུར་སྐབས།།
    དགའ་སྟོན་མཛད་སྒོ་གཉེར་བའི་ལུགས་ཡིན་ཞེས།།
    བཤད་པ་འདི་ཡང་ལོ་རྒྱུས་ཟུར་ཐོ་ཞིག།།

    མཁས་མང་བགྲོ་གླེང་བྱས་པས་ཐག་མ་ཆོད།།
    བླུན་མང་འུར་འདྲོག་བྱས་པས་དོན་མ་རྙེད།།
    བོད་ཀྱི་ལོ་གསར་གཅིག་བཤད་གཉིས་མཐོང་འདིར།།
    ཕྱིར་མིག་ལན་གཅིག་དོ་དགོང་ཁོ་བོས་གཅེར།།

    ༢༠༡༤ / ༡ / ༣༡ གངས་སྙུག་ནས་བྲིས།
    དྲྭ་གྲོགས་ཅིག་གིས་བྲིས་པ་བརྒྱུད་བཀོད་བྱས།

  21. མྱི་དཀར says:
    2014-02-02 at 12:34 pm

    དེང་སང་ལོ་གསར་གཅིག་གྱུར་དགོས་ཟེར་མཁན་འདི་ཚོ་ལ་དམིགས་ཡུལ་ཡག་པོ་མེད་ཐག་ཆོད་རེད་འདུག དེ་མིན་ཡོང་རྒྱུ་མེད་པའི་དེ་ནི་ཡོང་རྒྱུ་མེད་པའི་སྐད་ཆ་རེད། བོད་ཀྱི་ཡུལ་ལུང་རྒྱ་ཆེ་ཞིང་ལུགས་སྲོལ་མང་པོ་ཡོད་པ་དང་། ལོ་གསར་ཡང་གཏོང་དུས་མི་འདྲ་བ་མང་པོ་ཡོད་པས། ཐམས་ཅད་ལྷ་ས་བ་འམ་དབུས་པའི་ལད་མོ་བྱེད་དགོས་དོན་གང་ཡོད།

  22. མྱི་དཀར says:
    2014-02-02 at 12:37 pm

    དེང་སང་ལོ་གསར་གཅིག་གྱུར་དགོས་ཟེར་མཁན་འདི་ཚོ་ལ་དམིགས་ཡུལ་ཡག་པོ་མེད་ཐག་ཆོད་རེད་འདུག ལོ་གསར་གཅིག་གྱུར་དེ་ནི་ཡོང་རྒྱུ་མེད་པའི་སྐད་ཆ་རེད། བོད་ཀྱི་ཡུལ་ལུང་རྒྱ་ཆེ་ཞིང་ལུགས་སྲོལ་མང་པོ་ཡོད་པ་དང་། ལོ་གསར་ཡང་གཏོང་དུས་མི་འདྲ་བ་མང་པོ་ཡོད་པས། ཐམས་ཅད་ལྷ་ས་བ་འམ་དབུས་པའི་ལད་མོ་བྱེད་དགོས་དོན་གང་ཡོད། གཙང་ལུང་པ་ཚང་མས་རྒྱལ་ཟླ་བའི་ལོ་གསར་རོལ་དང་། ཁམས་ཕྱོགས་ཕལ་ཆེ་བ་དང་། ཨ་མདོ་སོགས་ཡུལ་ལུང་མང་པོ་ནས་ད་ལྟ་ལོ་གསར་རོལ་བཞིན་འདུག་གོ།

  23. པདྨ says:
    2014-02-02 at 1:25 pm

    ངོ་མ་ཞུས་ན་ལྷག་བསམ་དྲང་བདེན་གྱིས་ལམ་སྟོན་གནང་ཡང་ཤུགས་ལྡན་ཚོགས་པའི་རུ་ཁག་ནང་བཞིན་འགའ་རེ་ནི་སོ་སོའི་ལམ་ཁ་རུ་ཨུ་ཚུགས་རྒྱགས་ལུགས་ལ་བལྟས་ན་བོད་རིགས་ཡོངས་ལ་ལོ་སར་དང་ཆོས་ལུགས་ལ་རྒྱ་དང་སྤྱི་སེམས་་གཅིག་གྱུར་ཅིག་མི་འོང་ཇེ་གསལ་རེད་འདུག ད་དུང་མི་རིགས་ལ་དུང་ཞེན་ཅན་ཚོ་འཛམ་གླིང་ཤར་ནུབ་མི་རིགས་ཀྱི་རྒྱན་ཏུ་འགྱུར་མི་འདུག་གམ།

  24. སྤོབས་པ་མཐའ་ཡས། says:
    2014-02-02 at 1:37 pm

    ལོ་གསར་གཅིག་གྱུར་ཅིག་གཏོང་ཐུབ་ན་ལེགས་མང་པོ་འདུག གཞུང་འབྲེལ་གུང་སེང་སྟབས་བདེ་ཡོང་བ་དང་། མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཕེལ་བ་སོགལ་བ་སོགས་ལ་ཕན་པར་ངེས།

  25. པདྨ says:
    2014-02-02 at 1:51 pm

    བདེན་པའི་ལོ་རྒྱུས་རྣམ་པར་བཀྲ།།
    ལྷག་བསམ་བཟང་ལ་ཐོག་མཐར་ཤིས།།
    ལོ་སར་གཅིག་གྱུར་རོལ་ན་བདེ།།
    བོད་རིགས་སྤྱི་མཐུན་བཡུང་ན་ལེགས།།
    ༡ཡེ་ཤུའི་དགུན་དཀྱིལ་ལོ་སར་གཏོང་།།
    ༢ཁ་ཆེའི་དགུན་འབྲིང་ལོ་སར་ཚེས།།
    ༣རྒྱ་དང་བོན་པོའི་དགུན་ཐ་ཟེར།།
    ༤དཔྱིད་ཟླ་དང་པོ་བོད་ཀྱི་ལུགས།།
    ༥ཧོར་སོག་དཔྱིན་ཟླ་འབྲིང་བོ་དང་།།
    ༦དུས་འཁོར་ལུགས་ལ་ནག་ཟླར་ཚེས།།
    ༧སྐྱེས་རབས་རྣམས་སུ་དབྱར་འགོ་མ།།
    ༨ཟ་ཧོར་བལ་བོའི་དབྱར་འབྲིང་དང་།།
    ༩རྗེལ་རིགས་ཏོ་ལུགས་དབྱར་ཐར་རོལ།།
    ༡༠ཞིང་འབྲོག་ཡོལ་མོའི་སྟོན་འགོ་དང་།།
    ༡༡ རྒྱ་གར་ལྷོ་ལུགས་སྟོན་འབྲིང་པོ།།
    ༡༢ དམར་སྲོལ་ལུགས་ཀྱིས་སྟོན་ཐ་འདོད།།
    ༡༣ ཨོ་ཊུའི་ལུགས་སུ་མགུན་འགོར་ཚེས། །
    ཞེས་སོགས་འདོད་ལུགས་མང་ན་ཡང་།།
    བོད་རིགས་གཅིག་མཐུན་བྱུང་བ་ན།།
    དགེ་མཚན་ཆེ་བར་ཀུན་མཁྱེན་གསུངས།།
    སྟོན་པའི་འཁྲུངས་སྐར་བརྩི་སྲུང་དང་།།
    ལོ་སར་དུས་སྟོན་མཉམ་རོལ་ན།།
    མི་རིགས་ཤིག་གི་ལ་རྒྱ་མཚོན།།
    ཕྱོགས་རེ་ཁ་ཐོར་སོང་བ་ན།།
    རྒྱ་ནག་མི་རིགས་དྲུག་ཅུ་ཞེས།།
    ཀྲུང་གོ་བརྟགས་པ་ནང་བཞིན་ཆགས།།
    དེས་ན་གཟུར་གནས་བློ་ལྡན་ཚོས།།
    གོང་གི་ཏྰ་ལའི་བླ་མ་དང་།།
    བར་གྱི་སྲིད་སྐྱོང་གསར་རྙིང་དང་།།
    རྗེ་འབངས་བོད་རིགས་ཡིན་ཚད་ཀྱིས།།
    ཀུན་མཐུན་ཀུན་མཁྱེན་གསུངས་ལ་ཉན།།
    ཆིག་སྒྲིལ་བྱས་ན་མི་ལེགས་སམ།།
    ཀུན་མཐུན་བྱུང་ན་མི་མཛེས་སམ།།
    གཞི་བྱེས་ཁ་སེམས་མཐུན་པ་ན།།
    བདེན་པ་འཛམ་གླིང་ཀུན་ལ་གྲགས།།

  26. བཀྲ་ཤིས། says:
    2014-02-02 at 11:05 pm

    ཁྱེད་ཚོའི་ལོ་གསར་ཁ་སང་རེད།།
    ང་ཚོའི་ལོ་གསར་སང་ཉིན་རེད།།
    རིགས་མཐུན་ཕུ་ནུ་ཡིན་ན་ཡང་།།
    ལོ་གསར་མ་གཅིག་སོ་སོ་རེད།།

  27. བོད་ལ་ཞེན says:
    2014-02-02 at 11:40 pm

    མཆན་བུ་བ་ཁ་ཤས་ཀྱིས་བོད་རྒྱ་ཆེན་པོ་ཡིན་པ་དང་གནམ་གཤིས་མི་འདྲ་བ་ཡུལ་ལུང་མི་འདྲ་བས་ལོ་གསར་གཅིག་འགྱུར་ཡོང་ཐབས་མེད་གསུངས་པ་ནི་རྒྱུ་མཚན་ཡང་དག་པ་ཞིག་གཏན་ནས་མིན། དཔེར་མཚོན་གཅིག་ཞུ་ན། རྒྱ་ནག་ནི་ང་ཚོ་ལས་རྒྱ་ཞེ་དྲག་གི་ཆེ་བ་ཡོད་པ་དང་། རྒྱ་མི་དུང་ཕྱུར་བཅུ་གསུམ་ཙམ་ཡོད་པ་དང་། དེའི་སྟེང་ཐེ་ཝན་དང་། མ་ལི་ཤི་ཡ། སིང་ག་པུར་སོགས་ལ་ཡོད་པའི་རྒྱ་རིགས་ཁོ་ན་ལ་བསམ་ན་ཡང་ང་ཚོ་ལས་རྡབ་མང་པོས་མང་བ་དང་། གནམ་གཤིས་ལ་བསམ་ན་བོད་ལས་ཀྱང་རྒྱ་ནག་གི་ས་ཁུལ་རྣམས་ཀྱི་གནམ་གཤིས་ལ་ཁྱད་ཆེ་བ་ཡོད། འོན་ཀྱང་དཔྱིད་གསར་དུས་ཆེན་ནམ་རྒྱ་ནག་གི་ལོ་གསར་དེ་ཐམས་ཅད་ཀྱིས་གཅིག་འགྱུར་བསྲུང་བརྩི་བྱེད་ཀྱི་ཡོད། དེས་ན་ལོ་གསར་གཅིག་འགྱུར་དགོས་པ་དེ་གལ་ཆེན་པོ་ཡིན་པ་རྒྱ་རིགས་ལ་ལྟོས་དང་ཤེས་ཀྱི་རེད།

  28. བོད་ལ་ཞེན says:
    2014-02-02 at 11:48 pm

    བོད་ཟླ་དང་པོའི་ལོ་གསར་དེ་དབུས་པ་གཅིག་པུའི་ལོ་གསར་རེད་ཟེར་བ་ནི་རྫུན་གཏམ་འབའ་ཞིག་རེད། བོད་ཀྱི་ས་ཁུལ་ཕལ་ཆེ་བའི་ནང་རྒྱས་བསྡུས་ལ་མ་ལྟོས་པའི་བརྩི་བསྲུང་བྱེད་ཀྱི་ཡོད། ལྷག་པར་དུ་བོད་རྒྱལ་ཁབ་གཞུང་གིས་བརྩི་བའི་ལོ་གསར་བོད་མི་དམངས་ཀྱིས་ལོས་བརྩི་དགོས། གལ་སྲིད་གནམ་གཤིས་ལ་བསམ་ན་ཡང་བོད་ཟླ་བཅུ་གཉིས་དེར་རྒྱ་ནག་ནང་དཔྱིད་ཀྱི་གནམ་གཤིས་སླེབས་པ་རེད་མ་གཏོགས་བོད་ཀྱི་ས་ཁུལ་ཡོངས་ལ་ཧ་ལམ་ད་དུང་དགུན་དུས་གྲང་བའི་སྐབས་ཡིན། རྩིས་ལ་བསམ་ན་ཡང་བོད་ཀྱི་རྩིས་དང་མཐུན་པའི་ལོ་གསར་དེ་ཟླ་བ་དང་པོ་ཡིན།

  29. མྱི་དཀར says:
    2014-02-03 at 12:22 am

    བོད་པའི་ས་ཁུལ་ཁ་ཤས་ལ་ལོ་གསར་གཏོང་དུས་སཁུལ་ཁ་ཤས་ཀྱིས་དཔྱིད་འདེབས་བྱེད་ཀིན་ཡོད་རེད། དེ་ཚོས་དཔྱིད་འདེབས་གཡུག་ནས་ལོ་གསར་ག་འདྲ་བྱས་ནས་གཏོང་གི་རེད། གལ་སྲིད་ལོ་གསར་གཅིག་གྱུར་དགོས་ཞེས་ཨུ་ཚུག་རྒྱག་གི་ཡོད་ན་ཧོར་ཟླ་བཅུ་པའི་ཀོང་པོའི་ལོ་གསར་དེ་བོད་ཁུལ་ཡོངས་ཀྱི་ལོ་གསར་བྱས་ན་འཚམས་ཤོས་རེད་འདུག བོད་ཀྱི་ཞིང་འབྲོག་ས་ཁུལ་ཕལ་ཆེ་བར་དེ་དུས་ལས་ཀ་དམིགས་བསལ་བ་གང་ཡང་མེད་པར་དལ་ཤོས་རེད་འདུག ལོ་གསར་སྐྱིད་པོ་བྱས་ནས་གཏོང་ཁོམ་ཡོད་ས་རེད།

  30. ཁ་བའི་ཡུལ་གྱར་བ། says:
    2014-02-03 at 1:18 am

    ཧཧཧཧཧ་མྱི་དཀར་གྱི་གསུང་པ་བདེན་པ་རེད་ལོ་སར་གཅིག་གྱུར་དགོས་ན་མྱི་དཀར་ཀྱི་གསུང་པ་ནང་བཞིན་ཇིས། དེ་མིན་ན་ཕྱོགས་ཞེན་གཅིག་པུ་
    བཞད་སྡད་ན་ཡོང་རྒྱུ་གང་ཡང་མེད། ཀོང་པོའི་ལོ་སར་ནི་ཆོས་ལུགས་དང་ཆོལ་ཁ་གང་གི་ཕྱོགས་རྟོགས་ཞིག་མ་ཡིན། དེ་མིན་ཆོས་ལུགས་ཁ་
    ཁྱེར་ཆབ་སྲིད་ཁོག་ལ་སྦས། ཆབ་སྲིད་ཁ་ཁྱེར་ཆོས་ལུགས་ཁོག་ལ་སྦས་ནས་ཕན་ཚུན་ཙན་གནོད་བྱེད་བསམ་པ་དེ་དེང་དུས་ད་སྟོང་བསམ་ཁོ་ན་རེད།
    དུག་ལྔའི་དབང་འོག་ལ་ཚུད་པའི་སྐྱེ་བོ་དག་ཁག་ག་ལ་ཡོད། ཡིན་ཡང་དྲང་བདེན་གྱི་ལམ་ནས་སོང་ན་ཡག་ཤོས་དེ་རེད་བསམ།

  31. ཁ་བའི་ཡུལ་གྱར་བ། says:
    2014-02-03 at 1:18 am

    བཤད་་་

  32. གཙང་རིགས། says:
    2014-02-04 at 12:10 am

    དུས་སྟོན་ཙམ་ལ་མ་མཐུན་ན།།
    མཐུན་སྒྲིལ་ཟེར་བ་སྟོང་གཏམ་རེད།།

  33. ཕུར་པ་སྐྱབས། says:
    2014-02-04 at 12:18 am

    ལོ་སར་སྔོན་ལ་གཏོང་མཁན་ཚོས་ལུགས་རྙིང་གི་ལོ་གསར་པ་བརྩིས་པ་རེད། ཕྱི་ཟླ་གསུམ་པའི་ཚེས་གཉིས་ལ་ལོ་སར་གཏོང་མཁན་ཚོས་ལུགས་གསར་གྱི་ལོ་གསར་པ་བརྩིས་པ་རེད། དེ་ལས་སླ་བ་ཞིག་གང་ན་ཡོད། བོད་རང་གི་ལུགས་དགོས་ན་ལོ་སར་སྔོན་ལ་ཐོངས། དེ་མི་དགོས་ན་རྗེས་ལ་ཐོངས། གོ་ཨེ་སོང་། ཧ་ཧ་ཧ་ཧ་ཧ་་ཧ་ཧ་ཧ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme