Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཝལ་ཐོ་རེན་སི། ལྷ་ཡུལ་ལྟ་བུའི་གངས་ཤུད་རྒྱག་ས།

Posted on 2014-01-272014-01-27 By ཁ་བརྡ་ 3 Comments on ཝལ་ཐོ་རེན་སི། ལྷ་ཡུལ་ལྟ་བུའི་གངས་ཤུད་རྒྱག་ས།

ཐེ་བོ་སངས་རྒྱས།

unnamed-19ཁ་སང་ངའི་གྲོགས་པོ་བསོད་ནམས་དོན་འགྲུབ་ལགས་དང་སྐད་འཕྲིན་ནང་ཁ་བརྡ་འཁྱུག་ཙམ་བྱས། ཁོས་ང་ལ་སྐད་གྲགས་ཆེ་བའི་དགུན་ཁའི་གངས་ཤུད་རྒྱག་ས་ཝལ་ཐོ་རེན་སི་ Val Thorens, ངོ་སྤྲོད་སྟབས་བདེ་དང་སྦྲགས། དེའི་སྐོར་གྱི་ཡིག་ཆ་སྙིང་བསྡུས་ཤིག་བསྐུར་ནས་དེ་བོད་ཡིག་ནང་བསྒྱུར་རོགས་ལབ་བྱུང་། དེ་ཡིན་པ་ཧྥ་རན་སིའི་རཱོ་ཝོན་ཨལ་ཕེ་སི་Rhone-Alpes, France,ཞེས་པའི་ས་ཁུལ་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་མི་ཁྲེར་ཉིས་སྟོང་སུམ་བརྒྱའི་སར་ཆགས་ཡོད་པ་དང་། གངས་རིའི་བརྒྱུད་དེ་ནས་བལྟས་ན་ཧྥ་རན་སིའི་ཁོར་ཡུག་ཙམ་དུ་མ་ཚད། སུད་སི་དང་ཨི་ཏྲ་ལིའི་རི་བརྒྱུད་ཀྱི་རི་རྩེ་ཆིག་སྟོང་ལས་མང་བ་རྒྱང་ནས་མངོན།

དེར་བརྟེན་འདི་ཡུ་རོབ་གླིང་གི་གངས་ཤུད་རྒྱག་སའི་ས་ཚིགས་མཐོ་ཤོས་དེ་ཡིན་པར་ཆ་འཇོག་བྱེད། དེང་སང་ཡུལ་དེའི་གངས་ཤུད་རྒྱག་སའི་ས་གནས་ལྟེ་བར་གྱུར་པ་དང་། འཛམ་གླིང་ནང་ལུ་གུ་རྒྱུད་དུ་སྦྲེལ་བའི་གངས་ཤུད་རྒྱག་ས་ཁོད་ཡངས་ཤོས་སུ་བརྩི། དེ་ལུང་གཤོངས་གསུམ་ལས་གྲུབ་ཅིང་གྱེན་ཐུར་ལ་ཧ་ལམ་ལེ་དབར་དྲུག་བརྒྱ་ལྷག་ཡོད། དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བའི་ནང་འདི་ནས་གངས་ཤུད་རྒྱག་སར་དམིགས་པའི་རི་གྲོང་ཆུང་ངུ་ཞིག་བཙུགས། ༡༩༦༧ ལོ་དང་༡༩༦༩ ལོ་དག་ཏུ་རི་གྲོང་དེ་རིམ་པས་རྒྱ་བསྐྱེད་བཏང་བ་ཞིག་ཡིན་ཅིང་། ལོ་ལྟར་ཕྱི་ཟླ་བཅུ་གཅིག་པ་ནས་ཟླ་བ་ལྔ་ཙམ་རིང་གངས་ཤུད་རྒྱག་མཁན་ཆ་སྙོམས་ཉིན་རེར་མི་སུམ་ཁྲི་ཡས་མས་ཡོད་ཚོད་རེད།

ཝལ་ཐོ་རེན་དེ་དགུན་དུས་ཧྥ་རན་སིའི་ནང་མང་མོས་ཀྱིས་སྤྲོ་གསེང་དང་གངས་ཤུད་རྒྱག་པར་འགྲོ་ཡུལ་ཏེ། ཧྥ་རན་སི་གཙོས་པའི་ཡུ་རོབ་གླིང་གི་འབྱོར་ལྡན་དང་། འབྱོར་འབྲིང་གང་མང་ཞིག་ཆུ་ཚོད་དང་འགྲོ་གྲོན་ལ་མ་བལྟོས་པར་འདིར་གངས་ཤུད་རྒྱག་ཏུ་ཡོང་གིན་ཡོད་འདུག ཡ་མཚན་པ་ཞིག་ལ། འདིར་ཡོང་མཁན་མང་ཆེ་བས་ལུས་རྩལ་སྦྱོང་བརྡར་དང་ཁམས་བསངས་ལ་དམིགས་པ་ལས་གཞན། སེམས་ནང་གསང་བའི་རྨི་ལམ་ཞིག་ཡོད་པ་ནི་ཉི་མ་གཅིག་བོད་དུ་གངས་ཤུད་རྒྱག་རྒྱུ་དང་། ད་ལྟ་གངས་ཤུད་འགྲན་བསྡུར་སོགས་རྨི་ལམ་དེའི་སྟ་གོན་ལྟ་བུར་ངོས་འཛིན་ཐོག རྨི་ལམ་དེ་མངོན་འགྱུར་ཡོང་བར་སེམས་གཏིང་ནས་སྨོན་ལམ་འདེབས་ཀྱིན་ཡོད་སྐད།unnamed-20

དེ་གའི་མི་རྣམས་བོད་མི་རིགས་དང་བོད་ཀྱི་རིག་གཞུང་ལ་དགའ་ཞེན་དཔེ་མེད་ཆེ་རབས་བཤད། སྐར་མ་ལྔ་ཅན་གྱི་གསོལ་མགྲོན་ཁང་ཁ་ཤས་ནང་བོད་ཀྱི་རི་མོ་དང་འདྲ་པར་སྣ་ཚོགས་གྱང་ངོས་སུ་བཀལ་བ་མཐོང་རྒྱུ་འདུག་ཟེར། སྤྱིར་བཏང་ལུས་རྩལ་རྩེད་རིགས་དར་སོ་ཆེ་བ་ནི་ཤེས་རིག་དར་བའི་མཚོན་རྟགས་ཤིག་ཏུ་ངོས་འཛིན་པ་དེ་དོན་ལའང་གནས་པར་སེམས། འདས་པའི་བྱུང་རབས་ལ་ཕྱིར་མིག་ཅིག་བལྟས་ན། བོད་བཙན་པོའི་དུས་སྐབས་དག་ཏུ་རྟ་ཐོག་སྤོ་ལོ་དང་། སྦེ་ག མདའ་རྩལ་སོགས་རྩེ་སྲོལ་བཏོད་མོད། དོན་དངོས་ཐོག་དེ་དག་རྒྱུན་ནམ་འཛིན་དར་སྤེལ་ཆེན་པོ་མ་བྱུང་བའི་ཁར། མིང་དོན་མཚུངས་པའི་བོད་ཁ་བ་ཅན་དུ་གངས་ཤུད་རྒྱག་སྲོལ་དེ་མ་དར་བ་འདྲ།

འགྱུར་རྩོམ།

Post navigation

Previous Post: བོད་གཞིས་བྱེས་གཉིས་ཀྱི་བླ་ཆེན་རྣམས་ལ་ཕུལ་བའི་གདུང་དབྱངས།
Next Post: རྨི་ལམ་གྱི་གླུ་དབྱངས།

Comments (3) on “ཝལ་ཐོ་རེན་སི། ལྷ་ཡུལ་ལྟ་བུའི་གངས་ཤུད་རྒྱག་ས།”

  1. ཆུ་ཐིགས་སྔོན་མོ says:
    2014-01-27 at 4:06 pm

    སྐར་མ་ལྔ་ཅན་དེའི་ནང་དུ་ལས་ཀ་ལས་མཁན་གྱི་བོད་པ་གཉིས་ཀྱང་འདུག་རབས་ཟེར་གི

  2. ཀརྡོ་གཉེར་ཕྱག་པ་ says:
    2014-01-28 at 7:19 am

    འདི་ནང་བཞིན། སོ་སོའི་སྐྱེས་ས་ཕ་ཡུལ་གྲོང་འཁྱེར། གྲོང་རྡལ། གྲོང་གསེབ། འབྲོག་ས། གནས་རི་སོགས་ཀྱི་སྐོར་ལ་འདྲ་དཔར་དང་བཅས་ཁྱབ་སྤེལ་བྱེད་ཐུབ་ན་ཅི་མ་རུང་སྙམ་ལགས།

  3. ཞུས་ཆེན་པ says:
    2014-01-29 at 4:31 pm

    མགྲོན་ཁང་འདིའི་ནང་གི་ལས་ཀ་པ་བོད་པ་ཕོ་གསར་གཉིས་ཡོད་གཅིག་ངའི་ཚ་བོ་ཞིག་ཡིན། ང་ཡང་འདིར་དར་ཤུད་སྟེག་གི་ཐེངས་གཅིག་ལ་སོང་མྱོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme