Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྦེལ་ལྗམ་དུ་བོད་མིའི་སྐྱབས་བཅོལ་ཡིག་ཆའི་སྐོར།

Posted on 2014-01-272014-01-27 By ཁ་བརྡ་ 3 Comments on སྦེལ་ལྗམ་དུ་བོད་མིའི་སྐྱབས་བཅོལ་ཡིག་ཆའི་སྐོར།

གནས་ཚུལ་མཁོ་གཏོང་བ། སྤེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས།

unnamed-17ཟླ་འདིའི་ཚེས་༢༥ ཉིན། སྤེལ་ལྗམ་བོད་རིགས་ཚོགསཔའི་གོ་སྒྲིག་འོག་སྦར་སིལ་དུ་ཡོད་པའི་ན་ལན་ཊའི་དགོན་པའི་ནང་། ཉེ་བའི་ཆར་བོད་མི་སྐྱབས་བཅོལ་ཞུ་མཁན་མང་བོ་ཞིག་ལ་ཡིག་ཆ་མ་རག་པའི་དཀའ་ངལ་འཕྲད་ཡོད་པའི་སྐོར་ལ་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། ཚོགས་འདུའི་སྐུ་མགྲོན་དུ་སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་དང་དྲུང་ཆེ་ཀརྨ་ལགས། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་བཅས་ཕེབས་ཡོད་འདུག་ལ། གཞན་ཡིག་ཆ་ནག་པོ་ཆགས་མཁན་དང་འདྲི་བ་གཉིས་བ་ཡོང་རྒྱུ་ལྷག་བསྡད་ཡོད་མཁན་བཅས་བོད་མི་ཉིས་བརྒྱ་ཙམ་འདུ་འཛོམས་བྱུང་ཡོད་འདུག

ཚོགས་འདུའི་སྟེང་སྤེལ་ལྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱས་ལགས་ནས་སྤེལ་ལྗམ་དུ་སྐྱབས་བཅོལ་ཞུས་ཡོད་པའི་རང་རིགས་བོད་མི་ཕོན་ཆེ་ཞིག་གི་ཡིག་ཆ་ནག་པོ་ཆགས་ཡོད་པ་དང་། ཁོང་ཚོའི་ཆེད་སྤེལ་ལྗམ་བོད་རིགས་ཚོགས་པའི་ངོས་ནས་ཁྲིམས་རྩོད་པ་ཡག་པོ་ཞིག་བཙལ་ཏེ་ཁྲིམས་གཏུགས་རོགས་རམ་གྱི་ཐབས་ལམ་བཙལ་བཞིན་ཡོད་པའི་དེ་རིང་ནག་པོ་ཆགས་ཡོད་མཁན་ཚོའི་མིང་ཐོ་བསྡུ་ལེན་བྱ་རྒྱུ་ཡིན་པ་དང་། དྲི་བ་གཉིས་བ་ཡོང་རྒྱུ་སྒུག་བསྡད་ཡོད་མཁན་ཚོའི་དྲི་ལན་སྐབས་དོ་སྣང་ག་རེ་བྱེད་དགོན་མིན་སྐོར་ལམ་སྟོན་དང་། སྤེལ་ལྗམ་གཞུང་གིས་སྐྱབས་བཅོལ་ལེན་པའི་སྲིད་ཇུས་ཇེ་དམ་དུ་སོང་ཡོད་པའི་སྐོར་ངོ་སྤྲོད། གཞན་རང་རིགས་ཡིག་ཆ་ནག་པོ་ཆགས་མཁན་ཚོའི་ནང་ཕྲུ་གུ་སྐྱེས་ཡོད་མཁན་དམིགས་གསལ་དཀའ་ངལ་འཕྲད་བཞིན་པ་ཚོའི་ཆེད་བོད་རིགས་ཚོགས་པའི་ངོས་ནས་མཚན་ཚོགས་གོ་སྒྲིག་དང་ཞལ་འདེབས་བསྡུ་སློང་བརྒྱུད་དཔལ་འབྱོད་བསྡུ་རུབ་ཀྱིས་རོགས་ཕན་གང་ནུས་བྱ་འཆར་ཡོད་པ་བཅས་གསུངས་སོང་། unnamed-16

སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ནས་ཉེ་ཆར་སྤེལ་ལྗམ་དུ་བོད་མི་མང་བོ་ཞིག་གི་ཡིག་ཆ་ནག་པོ་ཆགས་པ་ནི་རང་རེའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་རེ་ཟུང་གིས་སྐད་ཆ་བཤད་སྟངས་མ་འགྲིག་པའི་དབང་གིས་ཡིན་ཚུལ་གྱི་དཀྲོགས་གཏམ་ཞིག་ཁྱབ་བཞིན་ཡོད་པའི་སྐོར་ལ་གསལ་བཤད་གནང་དོན། ༢༠༡༣ ལོའི་ཕྱི་ཟླ་༣ པའི་ཚེས་༦ ལ་སིད་སུ་དང་སྤེལ་ལྗམ་གཞུང་གི་སྐྱབས་བཅོལ་ལས་ཁུངས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་དང་བལ་ཡུལ་དུ་བསྐྱོད་ཡོད་པ་དང་། ཁོང་ཚོས་ལྡི་ལི་ནས་སྐུ་ཚབ་དོན་གཅོད་ཁང་། བདེ་དོན་ལས་ཁུངས། སྣེ་ལེན་ཁང་། བོད་ཀྱི་སྲིད་བྱུས་ཁང་། མདུན་ལམ་ལམ་སྟོན་ཚོགས་པ། བོད་ཀྱི་ཚོང་དོན་ཚོགས་པ། ད་རུང་རྒྱ་གར་གྱི་མཁས་པ་དང་བོད་མི་སྒེར་བ་ཁག་ཅིག་བཅས་ལ་ཐུག་འཕྲད་གནང་ཡོད་འདུག
རྡ་ས་ནས་ཁོང་ཚོས་གཞོན་ནུ་དང་བུད་མེད་ཚོགས་པ། དགུ་བཅུ་གསུམ། བོད་རང་དབང་སློབ་ཕྲུག་ཚོགས་པ། སྒྲོལ་མ་གླིང་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། རང་རེའི་སྒྲིག་འཛུགས་ཀྱི་ནང་སྲིད་དང་བདེ་སྲུང་ལས་ཁུངས། འཕྲོད་བསྟེན་ལས་ཁུངས། སྣེ་ལེན་ཁང་བཅས་ལ་གཟིགས་སྐོར་གནང་ཡོད་འདུག་ལ། སྤྱི་འཐུས་ཚོགས་གཙོ་ལགས་དང་ལྷན་བཀའ་མོལ་གནང་ཡོད་འདུག རྡ་རམ་ས་ལའི་SP་ལའང་ཐུག་འཕྲད་གནང་ཡོད་འདུག དེའི་རྗེས་ཁོང་ཚོ་བལ་ཡུལ་དུ་བསྐྱོད་དེ་བོད་མིའི་ཚོགས་པ་ཁག་ལ་གཟིགས་ཡོད་འདུག

སྤྱི་ཡོངས་ཀྱི་གནས་སྟངས་ལ་བལྟས་བ་ཡིན་ན་བལ་ཡུལ་ལས་རྒྱ་གར་ཏུ་གནས་སྡོད་བོད་མི་ཚོའི་གནས་སྟངས་ཡག་པོ་ཡོད་པ་དང་། ས་གནས་ཁ་ཤས་སུ་རྒྱ་གར་ཡུལ་མི་ལས་བོད་མིའི་གནས་སྟངས་ཡག་པ་དང་བོད་མིའི་རྒྱ་གར་ཡུལ་མི་གཡོག་ཏུ་བཀོལ་བའི་གནས་སྟངས་གཟིགས་ཡོད་འདུག
ཡང་དཀྲོགས་གཏམ་དུ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་དང་སྤྱི་འཐུས་སྤེན་པ་ཚེ་རིང་བཅས་སྤེལ་ལྗམ་དུ་སླེབས་སྐབས་སྤེལ་ལྗམ་གཞུང་ལ་བོད་མི་ཚོར་དཀའ་ངལ་མེད་སྐོར་ཞུས་ཡོད་པ་ནི་བདེན་པ་མིན་སྐོར་གསལ་བཤད་གནང་དོན། ན་ནིང་ཕྱི་ཟླ་༨ པར་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཨི་ཊ་ལི་རུ་གཞུང་དོན་ཕྱོགས་བསྐྱོད་ཕེབས་ཞོར་ཏུ་བཀའ་ཤག་གི་གཞིས་ཆགས་རོགས་རམ་གྱི་ལས་འཆར་གསལ་བཤད་ཆེད་སྤེལ་ལྗམ་བོད་རིགས་མི་མང་ལ་ཐུག་ཡོད་པ་ལས་སྤེལ་ལྗམ་གཞུང་དང་གྲོས་ཚོགས་གང་ལའང་ཐུག་མེད་པ་རེད། དེའི་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་ཧོ་ལན་ཊི་རུ་འཚོགས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱི་འགན་འཛིན་ལྷན་ཚོགས་སྟེང་བཅར་སྐབས་ཞོར་ཏུ་སྤེལ་ལྗམ་མི་མང་ལ་ཐུག་འཕྲད་ཆེད་ཕེབས་པ་ལས་སྤེལ་ལྗམ་གཞུང་ལ་ཐུག་མེད།

unnamed-15ཉེ་ཆར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་ཡུ་རོབ་གྲོས་ཚོགས་དང་སྤེལ་ལྗམ་གྲོས་ཚོགས་ཁག་ལ་ཐུག་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་མིའི་དཀའ་སྡུག་ཁག་གསལ་བཤད། བོད་དོན་ལ་རྒྱབ་སྐྱོར་གནང་དགོས་བའི་འབོད་སྐུལ་གནང་བ་ལས་བོད་མི་ལ་དཀའ་ངལ་མེད་སྐོར་ཞིག་གཏན་ནས་གླེང་མེད། སྤྱིར་བཏང་རང་རེའི་མཛད་གཙོ་རྣམ་པ་འདིར་ཕེབས་སྐབས་ཀྱི་མཛད་རིམ་ཁག་སྐུ་ཚབ་དོན་གཅོད་ནས་གྲ་སྒྲིག་གནང་གི་ཡོད་ལ་གསུང་མོལ་ག་རེ་གནང་བ་དོན་གཅོད་ནས་ཉར་བསྡད་ཡོད་པ་རེད་ཅེས་གསུངས་པ་དང་། དོན་གཅོད་མཆོག་ནས་སྤེལ་ལྗམ་གཞུང་གིས་སྐྱབས་བཅོལ་ལ་འཛིན་པའི་སྲིད་ཇུས་ནི་ཁ་སང་བྱ་ཉལ་བསྡད་ཡོད་སར་དེ་རིང་བྱ་ཉལ་བསྡད་མེད་པར་འགྱུར་བ་ཕྱིན་ཡོད་ལ། ད་ལྟའི་སྐྱབས་བཅོལ་འགན་འཛིན་ལྕམ་Maggie De Block ཚོགས་པ་ཡིས་སྐྱབས་བཅོལ་ཐད་དམ་དྲག་གི་སྲིད་ཇུས་བཟུང་སྟེ་སྤེལ་ལྗམ་གཞུང་ལ་ཁེ་ཕན་བསྐྲུན་ཡོད་པས་སྤེལ་ལྗམ་མི་མང་ཁྲོད་ཁོ་མོ་ལ་རྒྱབ་སྐྱོར་གྱི་ཚད་མཐོ་རུ་འགྲོ་བཞིན་་ཡོད་པ་མ་ཟད་ཁོ་མོ་མ་འོངས་བར་སྲིད་འཛིན་ཆགས་སྲིད་པའང་བརྗོད་ཀྱི་ཡོད་ལ། ཕྱི་ཟླ་༣ པའི་ནང་སྤེལ་ལྗམ་དུ་འོས་ཤོག་བླུགས་པའི་་དུས་ལ་སླེབས་ཡོད་པའི་ཁོ་མོའི་ཚོགས་པ་ལ་རྒྱབ་སྐྱོར་འཐོབ་ཆེད་སྐྱབས་བཅོལ་ཐད་དམ་དྲག་གི་སྲིད་ཇུས་གནང་བ་ཡིན་སྲིད་ལ་འོས་ཤོག་རྗེས་སྲིད་ཇུས་ལ་འགྱུར་བ་ཕྱིན་མི་སྲིད་པའང་མ་རེད་ཅེས་བརྗོད།

དོན་གཅོད་ལགས་ཀྱིས་མུ་མཐུད་གསུངས་དོན། ཡིག་ཆ་ནག་པོ་ཆགས་ཡོད་པའི་དཀའ་ངལ་སེལ་ཆེད་སྤེལ་ལྗལ་གཞུང་གི་མི་སྣ་ཁག་ལ་ཐུག་འཕྲད་གནང་སྟེ་RC སྐོར་འགྲེལ་བརྗོད་གནང་རྒྱུ་ཡིན་ལ། RC ལག་འཁྱེར་དེ་ལས་བོད་མི་ཚོ་ཕྱི་རྒྱལ་མིའི་ཐོབ་ཐང་ཙམ་ལས་སྐྱབས་བཅོལ་པ་ཡིན་པ་གསལ་མི་འདུག་ལ། ལོ་རེ་དུས་ཡུན་རྫོགས་ཚེ་ཕར་འགྱངས་ཞུ་དགོས་བ་དང་ས་གནས་གཞན་ལ་འགྲོ་སྐབས་departure ཞུ་དགོས་བ། ས་ཆ་ཉོ་ཚོང་གི་ཐོབ་ཐང་མེད་པ་དང་། སློབ་སྦྱོང་དང་ལས་ཀའི་མཐུན་རྐྱེན་མེད་པ་བཅས་ཀྱི་སྐོར་གསལ་བཤད་གནང་སྟེ་སྤེལ་ལྗམ་གཞུང་གིས་བོད་མི་སྐྱབས་བཅོལ་བའི་ཐད་ཀྱི་ཐག་གཅོད་འགྲིག་མེད་པ་གླེང་གི་ཡིན་ཅེས་གསུངས།
མཐར་སྐུ་ངོ་མཆོག་གིས་བོད་མི་ཚོའི་སྐད་འཕྲིན་སྟེང་དཀྲོགས་གཏམ་འདྲ་མིན་བརྗོད་དེ་གཞུང་དང་མི་མང་དབར་འགལ་ཟླ་བཟོ་བཞིན་པ་དེ་ཡག་པོ་མིན་ལ། སྐད་འཕྲིན་སུའི་བཟོས་བ་ངོ་ཤེས་དགོས་བ་དང་དཀྲོགས་གཏམ་དེ་དག་དགྲ་བོ་ལ་དགོས་བའི་ལག་ཆ་རུ་གྱུར་སྲིད་པའི་བེད་སྤྱོད་སྐབས་བསམ་བློ་གཏོང་དགོས་བ་དང་གཟབ་ནན་བྱ་དགོས་བའི་འབོད་སྐུལ་གནང་སོང་། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ནས་ཐེངས་འདིའི་ཚོགས་འདུ་སྟེང་གནས་ཚུལ་ཇི་བྱུང་སྤྱི་འཐུས་གྲོས་ཚོགས་ལ་སྙན་གསེང་ཞུ་རྒྱུ་ཡིན་པ་དང་། བོད་མི་ཚོའི་ས་གནས་བོད་རིགས་ཚོགས་པ་དང་དོན་གཅོད་ལ་ཡིད་ཆེས་གནང་ཚེ་དཀའ་ངལ་སེལ་ཐུབ་ངེས་བ་རེད་ཅེས་གསུངས།

མཐར་སྤེལ་ལྗམ་བོད་རིགས་ཚོགས་པའི་ཚོགས་གཞོན་སྨན་པ་ཆོས་རིགས་ལགས་ནས་ཐུགས་རྗེ་ཆེ་གཏམ་བཤད་དང་སྦྲགས་ཁོང་སྒེར་ངོས་ནས་ཡིག་ཆ་ནག་པོ་ཆགས་མཁན་ཚོའི་ཁྲོད་ནད་མནར་གྱིས་བོད་སྨན་བསྟེན་དགོས་བྱུང་ཚེ་བོད་སྨན་རིན་མེད་ཀྱིས་སྤྲོད་ཀྱི་ཡིན་ཚུལ་བརྗོད་སོང་། གཞན་ཚོགས་འདུའི་སྟེང་ཡིག་ཆ་ནག་པོ་ཆགས་མཁན་ཚོའི་ངོས་ནས་བཀའ་སྤྱི་གཉིས་ལ་མཚན་འཁོད་སྙན་ཞུ་ཞིག་འབུལ་རྒྱུ་ཡིན་པ་བསྒྲགས་སོང་ལ། ཚོགས་འདུའི་རྗེས་ཡིག་ཆ་ནག་པོ་ཆགས་མཁན་༡༠༣ ཙམ་གྱིས་བོད་རིགས་ཚོགས་པ་ལ་མིང་ཐོ་སྤྲད་ཡོད་འདུག

གསར་འགྱུར།

Post navigation

Previous Post: 《ལོ་རྒྱུས་ཀྱི་འདྲ་པར་རྙིང་པ་འགའ།》
Next Post: གསར་བརྗེའི་དཔའ་བོ།

Comments (3) on “སྦེལ་ལྗམ་དུ་བོད་མིའི་སྐྱབས་བཅོལ་ཡིག་ཆའི་སྐོར།”

  1. ཤར་པ་ says:
    2014-01-27 at 1:04 pm

    བོད་གཞུང་གི་མགོ་གཙོ་ཚོས་བོད་པར་རོག་རམ་བྱེད་གལ་ཆེ། རྒྱ་གར་དུ་བཞུགས་པའི་བོད་མི་ཚོ་རྒྱ་གར་མི་སེར་ལག་འཁྱེར་ངེས་པར་དུ་ཞུ་དགོས། དེའི་ཐོག་ལ་བོད་གཞུང་ནས་རོག་རམ་དང་ཤུགས་རྒྱབ་དགོས། བོད་མི་རྒྱ་གར་མི་སེར་རག་ན་བོད་དོན་ཐོག་ཤུགས་སྔར་ལས་ཆེ་རུ་འགྲོ་བ་ལས་ཆུང་རུ་འགྲོ་མི་སྲིད། རྒྱལ་བ་ཡིན་བཞིན་ནོར་བུའི་སྐུ་ཚེའི་རིང་ལ་བོད་པར་རྒྱ་གར་མི་སེར་ལག་འཁྱེར་ངེས་པར་དུ་ཞུ་དགོས། བོད་པར་རྒྱ་གར་མི་སེར་ཆག་ན་བོད་མིའི་སྒྲིག་གཛུགས་མེད་པ་ཆག་ཡོང་ན་བསམ་པའི་གུ་དོག་ཐུགས་བསམ་མ་བཞེས་རོག།

  2. དགེ་བའི་བློ་གྲོས། says:
    2014-01-28 at 11:25 am

    བོད་པ་ཚོའི་གཤིས་ཀ་དང་། སྤྱོད་ལམ་ཡོད་ཚད་རྡུག་ཏུ་འགྲོ་བཞིན་འདུག དེ་ཕྱིར་ད་དཀའ་ཁག་ཆེ་རུ་འགྲོ་རྒྱུ་རེད། སྐྱ་སེར་སུ་ཡིན་ཡང་སྔོན་མ་ནང་བཞིན་ཡོང་གི་མེད་པ་རེད།

  3. ལྷོ་མཐའི་ཕོ་ཉ says:
    2014-02-02 at 1:58 pm

    སྤྱིར་བཏང་བོད་གཞུང་གིས་ད་བར་དུ་བོད་མི་སྐྱབས་བཅོལ་བ་མི་ཉུང་བ་ཞིག་ལ་རོགས་རམ་གནང་བའི་ལུགས་སྲོལ་མེད་ལ་ལྷག་པར་དུ་བོད་ནས་གསར་དུ་འབྱོར་བའི་བོད་མི་མང་དག་གཅིག་ལ་རོགས་རམ་བྱེད་ཀྱི་མེད་པ་གསལ་བོ་ཡིན། ཐ་ན་གངས་སྐྱིད་ཀྱི་ལས་ཁུངས་ཁག་གི་ནང་ནས་ལས་བྱེད་ཚོའི་བྱེད་སྟངས་ལས་ངོ་མ་བློ་ཕམ་བྱེད་དགོས་བཟོས་པ་ཉུང་ཉུང་མིན། རྡ་སའི་སྲང་ལམ་གྱི་གསར་འབྱོར་བ་མི་ཉུང་བ་ཞིག་ད་སྐབས་གར་སོང་ཆ་མེད་དུ་གྱུར་སོང་ལ་དེ་དག་ཚང་མ་བོད་གཞུང་གིས་བདག་པོ་མ་རྒྱབ་པའི་དབང་གིས་བོད་དུ་ལོག་པ་དང་། བུ་ལོན་མང་པོ་བྱིན་ཏེ་ཕྱི་རྒྱལ་དུ་བསྐྱོད་སོང་བ་རེད། བདག་པོ་རྒྱབ་མིན་དཔེ་མཚོན་ཞིག་བཀོད་ན། ལོ་རེའི་ནང་ཕལ་ཆེར་ཕྱི་རྒྱལ་ཨ་རི་དང་ཁེ་ཎ་ཊ་བཅས་ལ་བོད་མི་མང་དག་གཅིག་སྐྱབས་བཅོལ་དུ་སྐྱེལ་བཞིན་ཡོད་པ་རེད། དེ་དག་ནི་རྒྱ་བལ་འབྲུག་གསུམ་ནང་ཁྱིམ་ཚང་དང་ས་ཞིང་། སྒོ་ཕྱུགས། ཁང་པ་བཅས་ཡོད་མཁན་དག་ལ་དཀའ་ངལ་ཡོད་རབས་བཤད་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་འདི་ནས་ཕེབས་སྐྱེལ་བྱེད་བཞིན་པ་དང་ཕྱི་རྒྱལ་ནས་ཕེབས་བསུ་བྱེད་ཀྱི་ཡོད་པ་རེད། རྡ་སའི་རི་ངོགས་ཆུང་ཆུང་འདི་ནས་བོད་མི་ཕལ་ཆེ་བ་ཞིག་ཁང་པ་མེད་ལ། སྒོ་ཕྱུགས་དང་ཞིང་ཁ་དེ་བས་མེད། ཐ་ན་ཟླ་གཅིག་གི་ཁང་གླ་སྤྲོད་མི་ཐུབ་མཁན་གྱི་གསར་འབྱོར་བ་མང་དག་གཅིག་འཚོ་བའི་གནོན་ཤུགས་མ་ཐེག་པར་བུ་ལོན་སྔ་གཡར་གྱིས་སྐྱབས་བཅོལ་དུ་སོང་བ་མཐོང་ཚེ་ཕྲག་དོག་བྱེད་པ་ལས་རོགས་རམ་ཞིག་བྱས་མ་མྱོང་བ་གསལ་བོ་ཡིན་ལ་ད་ཐེངས་དེ་ནི་གསལ་བོ་ཆགས་སོང་བ་རེད། དེ་མིན་བཤད་རྒྱུ་མང་ཡང་བཤད་པ་དོན་མེད་པས་གལ་ལ་ཐུག་ན་གསལ་བཤད་བྱེད་ཀྱི་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme