Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒན་འཇིགས་མེད་རྒྱལ་མཚན་མཆོག་གི་དགོངས་འཆར།

Posted on 2014-01-242014-01-24 By ཁ་བརྡ་ 7 Comments on རྒན་འཇིགས་མེད་རྒྱལ་མཚན་མཆོག་གི་དགོངས་འཆར།

བརྒྱུད་གཏོང་བ། འོད་ཟེར་ཀུན་ཁྱབ།

ཉིན་དྲུག་གི་རིང་ལ་འཚོགས་པའི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་རང་གིས་བཏོན་པའི་བསམ་འཆར་འགའ།

 

གཅིག

བོད་ཁུལ་གྱི་སློབ་གྲྭ་མང་བོའི་ནང་དུ་བོད་ཀྱི་སྐད་ཡིག་གཅིག་པུ་བོད་སྐད་ཀྱིས་ཁྲིད་པ་ལས་གཞན་རྩིས་དངོས་རྫས་གསུམ་སོགས་རྒྱ་ཡིག་གི་སྟེང་དུ་ཁྲིད་བཞིན་ཡོད་པ་ནི་ནོར་འཁྲུལ་ཅིག་ཡིན་ཏེ། སློབ་མ་ལ་སློབ་སྦྱོང་སྤྲད་པའི་དམིགས་ཡུལ་གཙོ་བོ་ནི་སྦྱང་བྱའི་རིག་གནས་ཀྱི་ནང་དོན་ཤེས་སུ་འཇུག་པ་དང་མ་འོངས་པ་ན་བཀོལ་སྤྱོད་བྱེད་ཐུབ་རྒྱུ་དེ་ཡིན་པས། མི་རིགས་གང་ཞིག་ཡིན་ཀྱང་སྐད་རིགས་གཉིས་པའི་སྟེང་ནས་ཁྲིད་པ་ལས་རང་གི་ཕ་སྐད་ཀྱི་སྟེང་ནས་ཁྲིད་ན་གོ་སླ་བ་ཡིན་ཚུལ་དེ་མི་རིགས་ཚང་མའི་མྱོང་སྟོབས་ཀྱིས་གྲུབ་སྟེ། དཔེར་ན། ཟི་ལིང་གྲོང་ཁྱེར་གྱི་རྒྱའི་སློབ་མ་རྣམས་ལ་དབྱིན་ཇིའི་ཡི་གེའི་སྟེང་ནས་རྩིས་དངོས་རྫས་གསུམ་སོགས་ཀྱི་དཔེ་ཁྲིད་བྱས་ཚེ་གོ་བ་ལོན་མིན་གྱིས་རྟོགས་ཐུབ། གཞན་ཡང་བོད་ཁུལ་གྱི་སློབ་མ་རྣམས་ཀྱི་མ་འོངས་པའི་ཞབས་ཞུ་བྱེད་ཡུལ་གཙོ་བོ་བོད་ཁུལ་གྱི་བོད་མི་རྣམས་ཡིན་པས་བོད་མི་ལ་བོད་སྐད་ཀྱིས་གོ་བརྡ་སྤྲོད་པའི་སློབ་མ་སྐྱེད་སྲིང་བྱེད་རྒྱུ་དེ་མ་འོངས་པའི་བོད་ཁུལ་གྱི་སློབ་གསོ་དང་དཔལ་འབྱོར། ཚན་རིག་འཕེལ་རྒྱས་ཡོང་བའི་ཐབས་ལམ་ཉག་གཅིག་ཡིན།

 

གཉིས་པ།

དགེ་རྒན་གྱི་གྲངས་ཀ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་ནི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བའི་རྨང་གཞི་རེད། འོན་ཀྱང་བོད་ཁུལ་གྱི་སློབ་གྲྭ་མང་བོའི་དགེ་རྒན་གྱི་སྤུས་ཚད་དམའ་བར་མ་ཟད་གྲངས་ཀ་ཧ་ཅང་ཉུང་། དཔེར་ན་མགོ་ལོག་ཁུལ་གྱི་སློབ་གསོ་ཅུང་བཟང་བའི་རྫོང་ནི་རྨ་ཆེན་རྫོང་ཡིན། རྨ་ཆེན་རྫོང་གི་དགེ་རྒན་གྱི་གྲངས་ཀ་ལ་མཚོན་ན་སློབ་ལོ་མ་རན་པའི་བྱིས་པའི་སློབ་མ་༡༠༨༩ ཡོད། རྒྱལ་ཁབ་ཀྱི་ཚད་གཞི་ལྟར་ན་སློབ་མ་ལྔ་ལ་དགེ་རྒན་གཅིག་དགོས་མོད། ད་ཡོད་དགེ་རྒན་ཉེར་ལྔ་ལས་མེད་པས་བྱིས་གཉོར་དགེ་རྒན་༡༩༣ ཆད། སློབ་ཆུང་ལ་སློབ་མ་༥༧༥༠ ཡོད། རྒྱལ་ཁབ་ཀྱི་ཚད་གཞི་ལྟར་ན་སློབ་མ་བཅུ་དྲུག་ལ་དགེ་རྒན་གཅིག་དགོས་མོད། ད་ཡོད་སློབ་ཆུང་དགེ་རྒན་ཉིས་བརྒྱ་དང་ང་དགུ་ལས་མེད་པས་སློབ་ཆུང་དགེ་རྒན་༦༤ ཆད། སློབ་འབྲིང་སློབ་མ་༢༠༦༩ ཡོད། རྒྱལ་ཁབ་ཀྱི་ཚད་གཞི་ལྟར་ན་སློབ་མ་བཅུ་གཉིས་ཙམ་ལ་དགེ་རྒན་གཅིག་དགོས་མོད། ད་ཡོད་སློབ་འབྲིང་དགེ་རྒན་བརྒྱ་དང་བཅུ་བདུན་ལས་མེད་པས་སློབ་འབྲིང་དགེ་རྒན་༥༩ ཆད། དེ་ལྟར་ན་རྨ་ཆེན་རྫོང་ལ་དགེ་རྒན་༣༡༦ ཆད་ཡོད་པས་བྱིས་པའི་སློབ་མ་༩༦༤ དང་། སློབ་ཆུང་སློབ་མ་༡༠༢༤ ། སློབ་འབྲིང་སློབ་མ་༦༩༣ བཅས་ཁྱོན་སློབ་མ་ཉིས་སྟོང་དྲུག་བརྒྱ་བརྒྱད་ཅུ་གྱ་གཉིས་༼༢༦༨༢༽ལ་དགེ་རྒན་འདངས་མེད་པས་ཧ་ཅང་འཇིགས་སུ་རུང་བའི་གནས་སུ་གྱུར་ཡོད།

 

གསུམ་པ།

འགོ་བ་ལ་ལ་ཞིག་གིས་དམངས་སྒྲུབ་སློབ་གྲྭ་ཡོད་ཀྱང་རུང་ལ་མེད་ཀྱང་ཆོག་པའི་བསམ་ཚུལ་བཟུང་ཡོད་པས། དམངས་སྒྲུབ་སློབ་གསོ་ནི་རྒྱལ་ཁབ་ཀྱི་སློབ་གསོ་འཕེལ་རྒྱས་ཁྲོད་དུ་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་ཚུལ་དམངས་སྒྲུབ་སློབ་གསོའི་བཅའ་ཁྲིམས་སུ་གསལ་ལ། མི་མང་དམངས་ཚོགས་ལ་དགོས་མཁོ་ཆེ་ཚུལ་ཡང་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལོ་ངོ་ཉི་ཤུའི་རིང་བསགས་པའི་ཉམས་མྱོང་གིས་ཤེས་ཐུབ་སྟེ། དཔེར་ན་ལོ་རེར་གསར་ཞུགས་སློབ་མ་སྟོང་ཁ་ལྷག་གིས་ཕྲེང་བསྒྲིགས་ནས་ལོ་ནས་ལོར་བསྒུགས་ཡོད་པ་འདིས་སྤྱི་ཚོགས་ལ་དགོས་མཁོ་ཆེ་བ་མཚོན་ཐུབ།

 

བཞི་བ།

རྒྱ་མི་རིགས་ལ་མཚོན་ན་གནའ་སྔ་མོ་ནས་སྲོལ་རྒྱུན་གྱི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པའི་མི་རིགས་ཁྱད་པར་བ་ཞིག་ཡིན་མོད། དེང་སྐབས་ཀྱི་རྒྱའི་སློབ་གྲྭ་སོ་སོའི་ནང་དུ་དེང་རབས་ཀྱི་རིག་གནས་མང་དུ་ཡོད་ཀྱང་རྒྱ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སློབ་ཁྲིད་མེད་པས། སློབ་གྲྭའི་ནང་གི་སློབ་མ་མང་བོ་ཞིག་ལ་རྒྱ་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་ལ་དུང་བ་ཤིན་ཏུ་ཟན་ལ། སྲུང་སྐྱོབ་བྱེད་པའི་འདུན་པ་ཡང་ཧ་ཅང་ཆུང་། རེ་བ་ལ་རྒྱལ་གཉེར་གྱི་སློབ་གྲྭ་སོ་སོའི་ནང་དུ་རྒྱ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བསླབ་ཏུ་བཅུགས་ནས་ཀྲུང་གོའི་རྒྱལ་སྤྱིའི་རང་བཞིན་གྱི་སློབ་གསོའི་ནང་སྙིང་དེ་རྒྱལ་ཁབ་རང་གི་མི་རིགས་ཀྱི་རིག་གནས་ཀྱིས་ཟིན་པར་བྱེད་དགོས། དེ་བཞིན་དུ་བོད་མི་རིགས་ཀྱི་རྒྱལ་སྤྱིའི་རང་བཞིན་གྱི་སློབ་གསོའི་ནང་སྙིང་ཡང་བོད་པའི་རིག་གནས་ཀྱིས་བྱེད་དགོས་པ་རིགས་པས་གྲུབ།

 

ལྔ་བ།

ས་གནས་ཤིག་གི་ལས་ཞུགས་དང་ལས་ཤོར་གྱི་གནས་ཚུལ་གྱིས་ས་གནས་དེའི་དཔལ་འབྱོར་སྒྲིག་གཞི་ལེགས་མིན་དང་འགོ་ཁྲིད་ཀྱི་ནུས་པ་རྟོགས་ཐུབ། རོང་འབྲོག་མང་ཚོགས་ཀྱི་དངོས་པོའི་གནས་ཚུལ་དང་མཐུན་པའི་སྒོ་ནས་བྱ་བ་བཀོད་སྒྲིག་བྱེད་རྒྱུ་ནི་མང་ཚོགས་ཀྱི་འདོད་བློ་སྐོང་བའི་བྱ་བ་གལ་ཆེན་ཞིག་ཡིན། ཡིན་ན་ཡང་བྱ་བ་བཀོད་སྒྲིག་བྱེད་ཚེ་བྱ་བ་ལས་མཁན་གྱི་མི་སྣའི་རིག་གནས་ཆུ་ཚད་དང་འཚོ་བའི་གནས་ཚུལ་ལ་གཞིགས་ཏེ་བཀོད་སྒྲིག་བྱེད་པ་ལས་གང་བསམ་དུ་བཀོད་སྒྲིག་བྱེད་མི་རུང་། དཔེར་ན་ཉིས་སྟོང་བཅུ་གཉིས་ལོར་ཞིང་ཆེན་སྲིད་གྲོས་ཀྱིས་འཆར་གཞི་དང་བཀོད་སྒྲིག་ལྟར་ཁུལ་སོ་སོ་ནས་ལས་ཤོར་དང་བྱ་བ་མེད་པའི་མི་སྣ་མང་བོ་ཞིག་ལ་བྱ་བ་ཐག་གཅོད་བྱས་པས་དངོས་གནས་ཕན་ནུས་ལྡན་པའི་བྱ་བ་མང་བོ་བསྒྲུབས། ཡིན་ན་ཡང་རོང་འབྲོག་གི་གནས་སྤོར་ཁྱིམ་མི་མང་བོ་ཞིག་ནང་ལོགས་ཀྱི་ཁེ་ལས་རྣམས་སུ་ལས་ཀ་ལས་རྒྱུའི་གོ་སྐབས་སྤྲད་མོད། ཁོ་ཚོའི་རྒྱ་ཡིག་དང་རྒྱ་སྐད་མི་ཤེས་པའི་དབང་གིས་དཀའ་ངལ་མི་ཉུང་བ་ཞིག་འཕྲད། རྗེས་ཕྱོགས་དེ་འདྲའི་བྱ་བ་བཀོད་སྒྲིག་བྱེད་ཚེ་ཁོ་ཚོའི་རིགས་གནས་ཆུ་ཚད་དང་བསམ་བློའི་འདུ་ཤེས། ལུས་སེམས་བདེ་ཐང་བཅས་ལ་ལྟ་ཞིབ་ནན་མོ་བྱས་ཏེ་བཀོད་སྒྲིག་བྱེད་རྒྱུ་ནི་ཁོ་ཚོའི་འཚོ་བ་ལ་ཡུན་རིང་དུ་ཕན་མི་ཕན་གྱི་གནད་འགག་རེད།

 

དྲུག་པ།

མཉམ་སྒྲུབ་ཚོང་སྡེ་འཛུགས་རྒྱུ་ནི་རྒྱལ་ཁབ་ཀྱི་ཞིང་གསུམ་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་གཅིག་ཡིན། རང་ཞིང་ལ་མཚོན་ན་ལོ་གསུམ་བཞིའི་རིང་ལ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་མཉམ་སྒྲུབ་ཚོང་སྡེ་བསྒྲུབས། ལོ་ངོ་དེ་དག་གི་རིང་ལ་སྡེ་བ་རེར་སྐྱེ་ཁམས་མཉམ་སྒྲུབ་ཚོང་སྡེ་རེ་བསྒྲུབ་ཏུ་བཅུག ཡིན་ན་ཡང་ས་གནས་ལ་ལར་མཉམ་སྒྲུབ་ཚོང་སྡེ་མིང་སྟོང་ཙམ་ལས་དཔལ་འབྱོར་གྱི་ཡོང་སྒོ་སྒྲུབ་ཐུབ་མཁན་ཤིན་ཏུ་ཉུང་ལ། རྒྱལ་ཁབ་ཀྱིས་བྱིན་པའི་རྣམ་གྲངས་ཀྱི་སྒོར་ཁྲི་ཉི་ཤུ་བོ་ཡང་མི་སྒེར་ལ་བགོས་པའི་གནས་ཚུལ་བྱུང་ཡོད། རོང་འབྲོག་མང་ཚོགས་ཁྲོད་དུ་རང་རྟོགས་ཀྱིས་བསྒྲུབས་པའི་མཉམ་སྒྲུབ་ཚོང་སྡེ་ལ་རྣམ་གྲངས་ཀྱི་སྒོར་མོ་ཐོབ་ཀྱིན་མེད་པས། གོང་རིམ་གྱིས་མང་ཚོགས་ཀྱི་བསམ་བློ་ལ་སྒུལ་ཤུགས་དང་སྐུལ་མ་ཐེབས་ཆེད་རང་རྟོགས་ཀྱིས་སྒྲུབ་མཁན་དང་སྲིད་གཞུང་གིས་བཀོད་སྒྲིག་ལྟར་སྒྲུབ་མཁན་གཉིས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་ནི་ས་གནས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་མིན་གྱི་དོན་ཆེན་ཞིག་ཏུ་གྱུར་ཡོད།

 

བདུན་པ།

སྤྱི་ཚོགས་བདེ་འཇགས་ཡོང་རྒྱུ་ནི་མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་འཕེལ་རྒྱས་ཡོང་བའི་གཞི་རྩ་ཞིག་ཏུ་གྱུར་ཡོད་པས་སྲིད་གཞུང་དང་གོང་རིམ་འགོ་ཁྲིད་ཀྱིས་འདིའི་ཕྱོགས་ལ་དབྱེ་ཞིབ་ནན་མོ་བྱེད་དགོས། དེང་སྐབས་བོད་ཁུལ་བདེ་འཇགས་མིན་པའི་གོ་སྐབས་དང་བསྟུན་ནས་མི་ལ་ལ་ཞིག་གིས་དབྱེན་རྫུན་གྱི་བྱ་བ་ཁོ་ནར་འབད་དེ་མི་དང་མིའི་བར། འགོ་ཁྲིད་དང་འབངས་མིའི་བར། ཚོགས་པ་དང་ཚོགས་པའི་བར། སྡེ་ཁག་དང་སྡེ་ཁག་གི་བར་བཅས་ལ་དབྱེན་རྫུན་བཤད་ནས་བསྡད་ཡོད། དཔེར་ན་ཉིས་སྟོང་བཅུ་གཉིས་ལོར་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་རྩོམ་བསྒྲིགས་བྱས་ཤིང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས་པའི་གསར་བྱུང་རྒྱུན་བཀོལ་ཐ་སྙད་ཕྱོགས་བསྒྲིགས་ཀྱི་དཔེ་ཆའི་རྒྱབ་ཤོག་སྟེང་བཀོད་ཡོད་པའི་ནོར་བུ་མེ་འབར་གྱི་རི་མོ་ལ་ཆབ་སྲིད་ཀྱི་ཉེས་སྐྱོན་བཀལ་བ་བཞིན་རེད། དེང་སྐབས་བོད་ཁུལ་དུ་མི་ལ་ཕྲག་དོག་བྱེད་པ་དང་། མི་ལ་ངན་བཤད་ལྐོག་གཡོ་བྱེད་པའི་ཐབས་ལམ་གཙོ་བོ་ནི་ཆབ་སྲིད་ཀྱི་ཉེས་སྐྱོན་འགེལ་རྒྱུ་དེ་རེད། དེའི་ཕྱིར་མཐའ་ཕྱོགས་གཅིག་གྱུར་ལས་ཁུངས་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་བྱ་བ་ལ་དབྱ་ཞིབ་ནན་མོ་བྱེད་པ་ལས་སྐད་ཆ་གོ་ཚད་བདེན་པར་བཟུང་ནས་ཉེས་ཆད་དང་ཁྲིམས་སྦྱོར་བྱས་ན་འཆམ་མཐུན་དང་བདེ་འཇགས་ཀྱི་ལྡོག་ཟླར་འགྱུར་བཞིན་ཡོད།

 

བརྒྱད་པ།

དགོན་པའི་དོ་དམ་འཐུས་ཚང་དུ་གཏོང་བ་དང་དགོན་པའི་གྲྭ་བ་དང་མང་ཚོགས་ལ་བདེ་འཇགས་ཡོང་རྒྱུ་ནི་ཞི་འཇམ་འཆམ་མཐུན་དང་བདེ་སྐྱིད་ཀྱི་འཚོ་བ་ཡོང་བའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། དེའི་ཕྱིར་ས་གནས་སྐོར་ཞིག་གིས་ཏང་ཡོན་ལས་བྱེད་པ་མང་བོ་དགོན་པའི་དོ་དམ་ཁང་གི་འགོ་ཁྲིད་ལ་བསྐོ་བཞག་བྱས་ཡོད་མོད། དགོན་པའི་དོ་དམ་གྱི་ཕྱོགས་ལ་ནུས་པ་ཆེན་པོ་ཐོབ་ཀྱིན་མེད་པར་མ་ཟད། དགོན་པ་ལ་ལར་གོང་རིམ་ནས་བསྐོ་བཞག་བྱས་པའི་ལས་བྱེད་པ་དང་དགོན་པ་གཉིས་དགྲ་གཤེད་ལྟ་བུར་གྱུར་ཡོད། རྒྱུ་མཚན་གཙོ་བོ་ནི་ཁོ་ཚོས་ཆོས་ལུགས་མི་ཤེས་པར་མ་ཟད་བོད་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་གང་ཡང་མི་ཤེས་པས། གྲྭ་མང་གི་སེམས་ལ་འབབ་པའི་སློབ་གསོ་གཏོང་མི་ཤེས་ཤེང་། སྐབས་ལ་ལར་སྲིད་གཞུང་དང་དགོན་པའི་བར་ལ་ཕྲ་མ་བཤད་མཁན་དུ་གྱུར་ནས་མཐུན་སྒྲིལ་གྱི་བཀཀ་རྡོ་ལྟ་བུར་འགྱུར་བཞིན་ཡོད།

 

དགུ་བ།

རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག་མང་བོ་ཞིག་ཡོད་མོད་ལག་བསྟར་བྱས་པ་ཧ་ཅང་ཞན་པས་ཞིང་ཆེན་གྱི་དམངས་ཆེན་བསྐོས་མི་ལྷན་ཚོགས་ཀྱིས་ཞིབ་དཔྱོད་ལེགས་པོ་བྱེད་རྒྱུ་གལ་ཆེ། དཔེར་ན། བོད་རིགས་རང་སྐྱོང་ཁུལ་སོ་སོའི་མི་དམངས་མང་ཚོགས་མང་བོས་བོད་ཡིག་གི་ཡར་ཞུ་དང་གཏུགས་ཡིག་སོགས་བྲིས་པ་ལ་ནུས་པ་མེད་པ། སྲིད་ཇུས་དང་ཁྲིམས་ལུགས་མང་བོ་བོད་ཡིག་ཏུ་བསྒྱུར་མེད་པ། གཞུང་ལམ་གྱི་ས་མཚམས་མང་བོར་བདེ་འཇགས་ཀྱི་ཁྱབ་བསྒྲགས་ཡི་གེ་བོད་ཡིག་ཏུ་བསྒྱུར་མེད་པ། ཚོགས་ཆེན་གཉིས་ཀྱི་ཡིག་ཆ་ཡང་བོད་ཡིག་སྟེང་དུ་ཆ་ཚང་བར་བསྒྱུར་ཐུབ་ཀྱིན་མེད་པ། སྒོ་བྱང་ལ་ཡིག་ནོར་མང་བ། ཟི་ལིང་གྲོང་ཁྱེར་གྱི་བོད་མི་ཁྲི་ཉི་ཤུ་ལྷག་གི་བྱིས་པ་རྣམས་ལ་བོད་ཡིག་སློབ་པའི་གོ་སྐབས་མེད་པ་སོགས་ཀྱིས་མཚོན་ཐུབ།

སྣ་ཚོགས།

Post navigation

Previous Post: བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་སྟག་སྣ་འཇིགས་མེད་བཟང་པོ་མཆོག་གི་ལོ་རྒྱུས་<<མི་ཚེའི་མྱོང་ཚོར།>>
Next Post: སྟག་སྣ་འཇིགས་མེད་བཟང་པོ། མི་ལོ་སོ་བདུན་རིང་བཙོན་འཇུག

Comments (7) on “རྒན་འཇིགས་མེད་རྒྱལ་མཚན་མཆོག་གི་དགོངས་འཆར།”

  1. རྒྱང་མིག says:
    2014-01-24 at 11:00 am

    སྲིད་སྐྱོང་དང་ཤེས་རིག་ལས་ཁུངས་ལ་ངོ་བཤུས་རེ་ངེས་པར་དུ་འབུལ་དགོས་པ་ཞིག་འདུག ཉེ་སྔོན་ཤེས་རིག་ཚོགས་ཆེན་ཞེས་པའི་སྐབས་སུ་ཡང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མ་གཏོགས། བོད་ཀྱི་རིག་གཞུང་དང་བོད་ཀྱི་སྐད་ཡིག་གི་དར་རྒུད་ཐད་ལ་སེམས་ཚོར་ཆེན་པོའི་ངང་བསམ་འཆར་འདོན་མཁན་མི་འདུག་ག་་་་་་་

  2. ཆབ་བྲག་ལྷ་མོ་སྐྱབས། says:
    2014-01-24 at 12:27 pm

    དེང་སང་རེ་བ་ཅན་གྱི་གཞིས་བཞུགས་སྤུན་ཟླ་གང་མང་ཞིག་གཉིད་ལས་སད་དེ་ངེས་དོན་གྱི་རང་སྐྱོང་རྩོད་ཀྱིན་འདུག ང་ཚོས་བོད་ནང་གི་སློབ་གསོའི་ཐད་ལ་གཞོགས་འདེགས་གང་ཐུབ་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

  3. ཞུས་ཆེན་པ says:
    2014-01-24 at 6:06 pm

    བོད་ནང་གི་གྲག་ཚད་འཕག་ཚད་ཚང་མ་འདིར་བསྒྲགས་ན་ཡག་པོ་མི་འདུག ཕན་ལས་གནོད་གཞིར་འགྱུར་སྲིད་པས་བོད་ནང་གི་གནས་ཚུལ་གང་ཞིག་ཡིན་རུང་ཕྱིར་མ་བསྒྲགས་སྔོན་ལ་བསམ་བློ་ཏན་ཏན་གཏང་སྟེ་ཕར་ཕྱོགས་ཀྱི་མིའི་བདེ་འཇགས་དང་མ་འོང་བའི་བྱེད་ཕྱོགས་ལ་གནོད་པ་མེད་པའི་རྒྱབ་མདུན་གཉིས་ཆར་བལྟ་ཤེས་རྒྱུ་དེ་གལ་ཆེར་མཐོང་།

  4. ཨ་ནུ་ཐང་བསོད་ནམས། says:
    2014-01-25 at 9:14 am

    དངོས་གནས་དགོངས་ཚུལ་ཡག་པོ་འདུག མི་རིགས་ལ་བསམ་བློ་བཏང་བས་གནད་དུ་འཁེལ་བའི་དགོངས་གསུངས་བ་ལ་རྒྱབ་སྐྱོར་ཡོད། དེ་ནི་ཚུལ་བློ་དང་གཏན་ནས་མི་འདྲ་ཞིང་། ཚུལ་བློས་དུས་ཀུན་མི་རིགས་ལ་བསམ་བློ་མི་བཏང་བ་ཆོས་ཕྱོགས་ཁོ་ན་བསམ་བློ་བཏང་ནས་སྐད་ཆ་མང་དུ་འབྱོན་བཞིན་ཡོད་པས་རྒྱབ་སྐྱོར་མེད། འོན་ཀྱང་། འཇིག་མེད་རྒྱལ་མཚན་ལ་རྒྱལ་སྐྱོར་ཡོད།

  5. བསྟན་ཚེ་ says:
    2014-01-25 at 10:23 am

    དེ་རིང་ངས་བསམ་ཚུལ་རྟོགས་ཙམ་ཞུ་འདོད་བྱུང་།།་ སྤྱིར་ཁ་བརྡ་གྲྭ་བ་ལ་བལྟ་ཀློག་བྱེད་རྒྱུར་འཛེམས་བཞིན་ཡོད་་་་་་༼དག་ཆ་སོགས་ནོར་ན་ཚང་མར་དགོངས་དག་ཞུ༽་རྒྱུ་མཚན་གང་ཡིན་ཞུས་ན་་གྲ་ཐོག་འདི་ན་སྐྱེས་དམན་ཀླད་མེད་འགའ་ཞིག་གིས་ཁ་འཛང་བྱེད་བཞིན་ཡོད་པ་དང་གཅིག་མཚངས་རེད་འདུག།་( this is a་sort of web where brainless people are gossiping all the time, all the viewers and readers are like a gossiping girls, especially these monks who always discriminate each other) འོན་ཀྱང་དེ་རིང་་བཤད་འདོད་པ་འདི་རེ་བ་ཀྱང་ཡིན་ལ་བསམ་ཚལ་ཀྱང་ཡིན་་་་་༼བྱུང་ན་བོད་ནང་གི་གྲགས་ཅན་མི་སྣ་ཁག་གི་ལས་དོན་ལ་ཇི་རྟོགས་སོགས་མ་གནང་ན་ཧ་ཅིང་ལེགས་་་་་་་ཚང་མས་འདི་ལ་འཛེམས་བྱ་བར་སྨོན་་་་ཐུགས་རྗེ་བླ་ལྷག་ཏུ་ཆེ།།༽

  6. རྒྱང་མིག says:
    2014-01-25 at 4:28 pm

    བོད་ཀྱི་སློབ་གསོ་བ་ཆེན་མོ་འཇིགས་མེད་རྒྱལ་མཚན་ལྟ་བུ་ལ་ང་ཚོས་མིག་དཔེ་ཡར་ལྟ་དང་སློབ་སྦྱོང་བྱེད་དགོས་ཀྱི་འདུག ཁོང་གིས་རང་གི་མི་རིགས་ཀྱི་སྐད་ཡིག་ཐད་དུ་ཁྲིམས་མཐུན་ཐོག་ནས་དྲང་བདེན་གྱི་དགོངས་འཆར་རླབས་ཆེན་གནང་བར་དགའ་གུས་ཞུ། དེ་ཡང་ཁོང་གིས་ཚོགས་ཆེན་ཞིག་གི་སྟེང་དུ་ཡོངས་ཁྱབ་ཀྱིས་ཆེད་དུ་གསུངས་འདུག་པས་འདི་ལ་འཛེམ་དོགས་དང་སྦ་གསང་བྱེད་དགོས་པའི་རིགས་གང་ཡང་མ་མཐོང་།

    དེ་ཡང་ཁོང་གིས་ཁ་གསལ་བོའི་ངང་ནས་”དེང་སྐབས་བོད་ཁུལ་བདེ་འཇགས་མིན་པའི་གོ་སྐབས་དང་བསྟུན་ནས་མི་ལ་ལ་ཞིག་གིས་དབྱེན་རྫུན་གྱི་བྱ་བ་ཁོ་ནར་འབད་དེ་མི་དང་མིའི་བར། འགོ་ཁྲིད་དང་འབངས་མིའི་བར། ཚོགས་པ་དང་ཚོགས་པའི་བར། སྡེ་ཁག་དང་སྡེ་ཁག་གི་བར་བཅས་ལ་དབྱེན་རྫུན་བཤད་ནས་བསྡད་ཡོད།”ཅེས་གསུངས་པ་འདི་ཐད་དངོས་གནས་གཟབ་དགོས་པ་ཞིག་རེད་ལ། ཡོངས་ཁྱབ་ཀྱིས་དོན་འདི་ཤེས་དགོས་པ་ཞིག་རེད།

    ལ་ལས་རང་གི་ཚིག་ཕྲེང་ཁ་ཤས་ཙམ་གྱི་ཡིག་ནོར་ཙམ་ཡང་ངོས་མི་ཟིན་པར་ཤ་ཚ་ཡོད་མདོག་གིས་སྐད་ཆ་འདྲ་མིན་བཤད་བསྡད་ན་དེ་བས་ཡག་པོ་མ་རེད། ཁོང་གི་དགོངས་འཆར་དེ་ལྟ་བུ་འདོན་པར་སོ་སོའི་བློ་རིག་དང་རྣམ་དཔྱོད་ཀྱིས་མ་ལྕོགས་ཀྱང་། མི་རིགས་ཀྱི་སྲོག་རྩ་སྐད་ཡིག་གི་འཕེལ་འགྲིབ་ཕྱོགས་ནས་དགོངས་འཆར་གནད་སྨིན་དེ་ལྟ་བུ་བཏོན་པར་ལུགས་མཐུན་ངང་རྒྱབ་སྐྱོར་དང་གཞོགས་འདེགས་ཅིས་ཀྱང་བྱ་དགོས་པར་སེམས།

  7. ཁྱུང་དཀར། says:
    2014-01-26 at 11:02 am

    མི་ལ་ལས་གནས་ཚུལ་ཤེས་མདོག་དང་འཇོན་མདོག་བསྟན་ནས་བོད་ནང་གི་དྲ་ལམ་ཁག་ནས་རྩོམ་ཡིག་སྣ་མང་བཤུ་འཁྱེར་བྱས་ཏེ་རང་དབང་ལུང་པའི་དྲ་ལམ་འགར་འགོད་ཀི་འདུག དེས་རྗེས་ནས་འུར་རྒྱག་པ་འགས་ས་སྟོད་གནམ་སྟོད་བྱས་ནས་འགྲེལ་དོན་གཞན་ཞིག་ཏུ་འཁྱེར་ནས་མཆན་བུ་སྣ་མང་བཏབ་ཡོང་། དེས་མཇུག་འབྲས་ཀྱིས་བོད་ནང་བཞུགས་པའི་ཤེས་ལྡན་མི་སྣར་གཞུང་མིས་བརྙེས་ཚོད་བྱས་ཆོག་ཆོག་འདུག་ལ། ཁ་ཤས་ཤིག་དོན་དག་མེད་ས་ནས་དཀའ་ངལ་ནང་ལྷུང་གི་ཡོད། འདི་དག་སུས་བྱེད་ཀི་ཡོད་ཟེར་ན་རང་དབང་ལུང་པར་གང་ཡང་བཤད་ཆོག་པའི་མི་ཀླད་མེད་རེ་ཟུང་གི་བྱེད་སྟངས་ཡིན། དེ་འདྲའི་བོད་རྩོམ་དང་གནས་འཕྲིན་ལ་དོ་སྣང་ཡོད་ན་བོད་ནང་གི་དྲ་རྒྱ་གང་སར་རྒྱུགས་དང་ལྟ་ཀློག་བྱེད་ཆོག་ཆོག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme