Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་དང་ལག་པ།

Posted on 2014-01-222014-01-22 By ཁ་བརྡ་ 10 Comments on ཁ་དང་ལག་པ།

བསོད་ནམས་ནོར་བུ།

ཁ་ནས་ཐོན་པ་དེ་བྱམས་དང་སྙིང་རྗེ་ཡིན།།
ལག་གིས་བཟུང་རྒྱུ་དེ་བྱ་ཤ་ཉ་ཤ་ཡིན།།
ཁ་དང་ལག་པ་གཉིས་རིང་ཐུང་མ་སྙོམ་པས།།
སྟོན་པའི་དགེ་སྦྱོང་ཚོ་ཨ་འུ་ནེ་ཙོ་ཡིན།།

ཁ་ཡིས་འགྲེལ་རྒྱུ་དེ་བདག་མེད་བདེན་མེད་ཡིན།།
ལག་ལ་ཐོགས་རྒྱུ་དེ་བདག་འཛིན་བདེན་འཛིན་ཡིན།།
ཁ་ཡིས་བཤད་ས་ལ་ལག་གིས་མ་རེག་པས།།
སྟོན་པའི་དགེ་སྦྱོང་ཚོ་ཨ་འུ་ནེ་ཙོ་ཡིན།།

ཁ་ནས་སྨྲ་རྒྱུ་དེ་བྱང་ཆུབ་སེམས་བསྐྱེད་ཡིན།།
ལག་གིས་བླང་རྒྱུ་དེ་ཉན་ཐོས་སྤྱོད་པ་ཡིན།།
ཁ་ཡིས་རྒྱབ་ལོགས་ལ་ལག་པ་མ་ཡོང་བས།།
སྟོན་པའི་དགེ་སྦྱོང་ཚོ་ཨ་འུ་ནེ་ཙོ་ཡིན།།

ཁ་ཡིས་བཤད་རྒྱུ་དེ་ལས་དང་རྒྱུ་འབྲས་ཡིན།།
ལག་གིས་ལས་རྒྱུ་དེ་གང་བྱུང་མང་བྱུང་ཡིན།།
ཁ་དང་ལག་པ་གཉིས་ལྟ་སྤྱོད་མ་མཐུན་པས།།
སྟོན་པའི་དགེ་སྦྱོང་ཚོ་ཨ་འུ་ནེ་ཙོ་ཡིན།།

ཁ་ལ་ཁྱེར་རྒྱུ་དེ་སྤྱི་ཕན་ལྷག་བསམ་ཡིན།།
ལག་གིས་བྱ་རྒྱུ་དེ་རང་དོན་སྦུག་བཅུག་ཡིན།།
ཁ་དང་ལག་པ་གཉིས་མངོན་ལྐོག་མི་མཐུན་པས།།
སྟོན་པའི་དགེ་སྦྱོང་ཚོ་ཨ་འུ་ནེ་ཙོ་ཡིན།།

ཁ་ནས་གླེང་རྒྱུ་དེ་འཁོར་བ་ངེས་འབྱུང་ཡིན།།
ལག་གིས་བསྒྲུབ་རྒྱུ་དེ་སྲིད་པའི་ཕུན་ཚོགས་ཡིན།།
ཁ་ཡི་རི་མོ་དེ་ལག་པས་བསུབ་འགྲོ་བས།།
སྟོན་པའི་དགེ་སྦྱོང་ཚོ་ཨ་འུ་ནེ་ཙོ་ཡིན།།

སྙན་ངག

Post navigation

Previous Post: དཀར་ངོགས་འཚོལ་བ།
Next Post: ང་ལ་ཁོམ་པ་མེད།

Comments (10) on “ཁ་དང་ལག་པ།”

  1. མེ་ཏོག་དཀར་པོ says:
    2014-01-22 at 8:42 am

    སྟོན་པའི་རྗེས་འཇུག་ཁ་ཅིག་ལ་ཡིན་ན་ངོས་ལེན་ཡོད། གཞན་གླུ་བརྒྱ་ངག་གཅིག་དང་། བརྒྱ་ཁ་ཆིག་གཅོད་དུ་སྣང་ངོ་།།

  2. བཀྲ་ཡེ་ཚང་། says:
    2014-01-22 at 9:24 am

    བོད་པའི་མཚན་ཉིད་དེ་འདྲ་ཞིག་རེད་ཟེར་ན་མི་འགྲིག་རྒྱུ་མི་འདུག

  3. བསམ་ཤེས། says:
    2014-01-22 at 2:03 pm

    སྙན་ངག་ཁོག་སྟོང་འདི་འདྲ་བ་བོད་པའི་ནང་ལ་འགྲོ་ཡི། རྣམ་དཔྱོད་ཅན་གྱི་ཡར་འཐོན་སྤྱི་ཚོགས་ཨ་རི་ལྟ་བུའི་ནང་ལ་བསྟོད་པ་ལྟ་ཅི། ཁྲིམས་གྱི་གཉའ་ཤིང་ཕོག་སྲིད། ཨ་རི་ལྟ་བུར། ཆོས་ལུགས་གཅིག་གི་མཚན་ནས་འབོད་ནས་དེའི་ཉམས་ལེན་པ་ཚོར་སྤྱི་སྤྱོད་ཀྱི་སྐྱོན་བརྗོད་བྱས་ན། སྐྱོན་བརྗོད་དེ་ནི་ཁུངས་མ་དག་པ་དང་། ཆོས་ལུགས་དེ་གའི་མི་དམངས་ཚོར་ཐུབ་ཚོད་དང་། ཆོས་ལུགས་དབྱེ་འབྱེད་རིང་ལུགས་པ་སོགས་ཀྱི་རྙོག་ཁྲ་ཆེ་བར་བཙུགས།

    དེར་བརྟེན། རྩོམ་པ་པོས་བསམ་བློ་རྒྱ་ཆེ་ཙམ་བཏང་ནས། རང་གཞན་ཀུན་ལ་ཕན་མེད་དང་། ལྷག་དོན་རང་རིགས་ལ་ཀུན་ནས་གནོད་པའི་ཁུངས་ལུང་མེད་པའི་སྐྱོན་འདི་འདྲ་བྱེད་པ་ནི། རང་རིགས་འདིར་ཤིན་དུ་ནས་སྡང་བའི་དགྲ་བོ་རྒྱ་དམར་གྱིས་ཀྱང་བྱེད་མི་སྲིད་པས། གཟོན་དགོས། རྒྱ་མིས་ཀྱང་། ཁ་བྲལ་རིང་ལུགས་པ་ཉུང་ཤས་ཅེས་བོད་པ་མང་ཆེ་བར་གཟོན་པར་བྱེད། ཁྱེད་བོད་ཡིག་དང་བོད་ཀྱི་རིག་གནས་ལ་བྱང་ཆུབ་པ་ཞིག་གིས། ནང་པ་ཚང་མར་འདི་ལྟར་ཁུངས་ལུང་མེད་པར་སྐྱོན་བརྗོད་བྱེད་པ་ནི་ཅུང་ཐལ་ཆ་ཆེ་བ་དང་། རྣམ་དཔྱོད་དང་སློབ་གསོ། མི་སྤྱོད་སོགས་ཀྱི་ཡོན་ཏན་མང་པོ་ཞིག་ནས་མི་ལྡང་བའི་སྐྱོན་འདུག་སྙམ།

    གོང་ས་མཆོག་གིས་ཀྱང་། ཁ་ཆེ་ཉུང་ཤས་ལས། མང་ཆེ་བ་འཇིགས་སྐུལ་རིང་ལུགས་པ་མ་རེད་ཅེས་དབྱེ་འབྱེད་གསལ་པོར་མཛད་ཀྱི་འདུག རྒྱ་དམར་གྱིས་ཀྱང་། ཁ་བྲལ་རིང་ལུགས་པ་ཉུང་ཤས་ཅེས་དབྱེ་འབྱེད་བྱེད་ཁུལ་གྱི་རྣམ་པ་བསྟན་པས་ན། ཁྱེད་ཀྱིས་དེ་ལས་ལྡོག་ནས་ནང་པ་ཀུན་ལ་བླང་དོར་གྱིས་ཕུང་པའི་ཟོལ་པོ་ཞིག་ལ་བརྩིས་པ་འདི་གཞན་ལ་མཐོང་ཆུང་དང་། དམའ་བེབ། ཚིག་མཚོན་སོགས་ལས་མི་གདའ།

  4. དགའ་སྐུ་ says:
    2014-01-22 at 3:03 pm

    དེང་དུས་ང་ཚོར་དམངས་གཙོ་ཟེར་དུས་གང་བྱུང་བྱུང་བཤད་ཆོག་པ་དང་ལུང་མེད་ཀྱི་དམོད་པ་སྣ་ཚོགས་འདུག་་དཔེར་ན་ངོ་དེབ་ནང་བླ་མ་མཚད་ཉིད་ལྡན་པ་ཚོ་ལའང་དོན་དག་གང་ཡང་མེད་པའི་མཚར་གཏམ་དེ་འདྲ་བྲིས་འདུག། དམངས་གཙོ་ངོ་མར་དེ་འདྲ་རྩ་ནས་མིན་པར་དེ་ལས་ལྡོག་སྟེ་གཞན་ལ་གུས་པ་དང་རང་གི་ཐོབ་ཐང་དངོས་ན་ཡོད་པ་ལ་ཁུངས་ལུང་དང་ཁྲིམས་ཐོགས་རྩོད་ཆོག
    པ་སོགས་རེད་འདུག་མ་གཏོགས་པ་སྨྲ་བརྗོད་རང་དབང་ཟེར་ནས་སྨྱོན་པའི་འཆལ་གཏམ་བཤད་ཀིན་སྡོད་ན་བཙོན་ཁང་ནང་མི་སླེབ་མི་སྲིད་པ་མ་རེད། བླ་མ་གྲྭ་པའམ་སྟོན་པའི་དགེ་སྦྱོང་སུས་དེ་འདྲ་གནང་མཁན་དེར་མཛུབ་སྟོན་གནང་དང་ཕོ་ཆོ་ག་རེད། ཧཧཧཧཧ

  5. དགའ་སྐུ་ says:
    2014-01-22 at 3:06 pm

    དེང་དུས་ང་ཚོར་དམངས་གཙོ་ཟེར་དུས་གང་བྱུང་བྱུང་བཤད་ཆོག་པ་དང་ལུང་མེད་ཀྱི་དམོད་པ་སྣ་ཚོགས་འདུག་་དཔེར་ན་ངོ་དེབ་ནང་བླ་མ་མཚད་ཉིད་ལྡན་པ་ཚོ་ལའང་དོན་དག་གང་ཡང་མེད་པའི་མཚར་གཏམ་དེ་འདྲ་བྲིས་འདུག། དམངས་གཙོ་ངོ་མར་དེ་འདྲ་རྩ་ནས་མིན་པར་དེ་ལས་ལྡོག་སྟེ་གཞན་ལ་གུས་པ་དང་རང་གི་ཐོབ་ཐང་དངོས་ནས་ཡོད་པ་ལ་ཁུངས་ལུང་དང་ཁྲིམས་ཐོགས་རྩོད་ཆོག
    པ་སོགས་རེད་འདུག་མ་གཏོགས་པ་སྨྲ་བརྗོད་རང་དབང་ཟེར་ནས་སྨྱོན་པའི་འཆལ་གཏམ་བཤད་ཀིན་སྡོད་ན་བཙོན་ཁང་ནང་སླེབ་མི་སྲིད་པ་མ་རེད། བླ་མ་གྲྭ་པའམ་སྟོན་པའི་དགེ་སྦྱོང་སུས་དེ་འདྲ་གནང་མཁན་དེར་མཛུབ་སྟོན་གནང་དང་ཕོ་ཆོ་ག་རེད། ཧཧཧཧཧ

  6. མེ་ཏོག་དཀར་པོ says:
    2014-01-22 at 5:09 pm

    ཁྱོད་རང་ཤཀྱའི་དགེ་སྦྱོང་ཁས་ཆེ་བ་ཡིན་ན་་
    སྟོན་པའི་དགེ་སྦྱོང་ཚོ་ཨ་འུ་ནེ་ཙོ་ཡིན།། ཞེས་པ་་་་སྟོན་པའི་དགེ་སྦྱོང་ཚོ་ཨ་འུ་ནེ་ཙོ་ང་།། ཞེས་བསྒྱུར་དང་ཏག་ཏག་དོན་ལ་གནས་པ་ངས་ཁག་ཁུར་ཆོག

  7. མེ་ཏོག་དཀར་པོ says:
    2014-01-22 at 5:23 pm

    སྟོན་པའི་དགེ་སྦྱོང་ང་ཨ་འུ་ནེ་ཙོ་ཡིན།། གོང་དེ་ནོར་སོང་། འདི་ཡིན་ད

  8. ཀརྡོ་གཉེར་ཕྱག་པ་ says:
    2014-01-23 at 7:13 am

    བསོད་ནམས་ནོར་བུས་ནེ་ཚོར་མཐོང་། །
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ཨ་འུ་ནེ་ཙོས་ཆོས་གོས་གྱོན། །
    ཨ་འུ་ནེ་ཙོས་ངེས་འབྱུང་བསམས། །
    ཨ་འུ་ནེ་ཙོས་བྱང་སེམས་བསྒོམས། །
    དེ་འདྲའི་ནེ་ཙོར་གུས་ཕྱག་འཚལ། །
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ཀརྡོ་ང་ཡིས་དག་སྣང་སྦྱངས། །

  9. ཉི་རྒན། says:
    2014-01-24 at 2:58 am

    སྟོན་པའི་དགེ་སྦྱོང་ཟེར་དམའ་བ་སེམས་ལ་བསམ་ཡང་ངག་ནས་དོན་མི་ནུས་པ་ཞིག་རེད་ གལ་སྲིད་ཁྱེད་རང་སྟོན་པ་ལ་རྣམ་པར་དག་པའི་ཡིད་ཆེས་ཡོད་ན། ༧གོང་ས་མཆོག་ཀྱང་སྟོན་པའི་དགེ་སྦྱོང་གི་ཁོངསུ་གཏོགས་པ་མིནམ།

  10. ཉི་རྒན། says:
    2014-01-24 at 8:41 am

    བསོད་ནོར་ཟེར་བ་ཁྱོད་རང་སྟོན་པའི་དགེ་སྦྱོང་མ་ཡིན་སྡིག་སྦྱོང་གི་ཁོངས་སུ་གཏོགས་པ་སེམས་གང་ལ་ཟེར་ན་ ང་ཚོབོད་པའི་གཏམ་ལ་ བསྡད་ས་དེ༼ ༽ ་་་ད་དེ་ཙམ་གྱིས

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme