Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྨན་བླ་སྐྱབས་ཀྱི་ཁ་ཤགས་དེ་ལ་མང་ཚོགས་ཀྱིས་གོ་བ་མ་ལོན་པ།

Posted on 2014-01-172014-01-17 By ཁ་བརྡ་ 5 Comments on སྨན་བླ་སྐྱབས་ཀྱི་ཁ་ཤགས་དེ་ལ་མང་ཚོགས་ཀྱིས་གོ་བ་མ་ལོན་པ།

རྔ་རྒོད།

འདི་ནི་བསམ་བློ་བ་ཁོང་གིས་ལོ་མང་སྔོན་ནས་བརྩམས་པའི་སེམས་ཆུང་སྡེ་བ་ཞེས་པའི་གོ་དོན་དང་ལྷག་པར་དུ་ཁ་ཤགས་འདིའི་ནང་གི་མི་སྣ་གཙོ་བོ་གསལ་ལེ་རྒྱལ་ཞེས་པ་འདི་མི་བཟང་བོ་ཞིག་གམ་ཡང་ན་ངན་པ་ཞིག་ཏུ་བརྩི་རྒྱུ་མ་མཐུན་པའི་དབང་གིས་ཁོ་བོས་འདིར་དེའི་སྐོར་ཆེད་དུ་གླེང་བ་ཡིན་ནོ།། སྤྱིར་ན་བརྩམས་ཆོས་ཤིག་ཡིན་པས་དེ་ལ་ཀློག་མཁན་དང་ཉན་མཁན་གྱི་ངོས་ནས་ཕར་གོ་བ་ལེན་སྟངས་ཤིག་དང་། བརྗོད་བྱ་བརྩམས་ཆོས་རང་ངོས་ནས་ཚུར་གོ་བ་ལེན་པའི་སྲོལ་གཉིས་ཡོད།
དེའི་ཕྱིར། དང་བོར། ཉན་ཀློག་མཁན་མང་ཚོགས་ཀྱི་བསམ་བློ་ལ་བལྟས་ཏེ་བསྙད་ན། ཁོང་ཚོས་གསལ་ལེ་རྒྱལ་ཞེས་པའི་མི་འདི་ནི་ངོ་ཚ་མེད་ཀྱང་ལས་རྒྱུ་འབྲས་མི་བརྩི་མཁན། མདོར་དེད་ན་མགོ་སེར་ལ་མགོ་སྐོར་གཏོང་མཁན་ཞིག་ཡིན་པར་མ་ཟད། གཞན་བོད་ཀྱི་ཞབས་འདྲེན་པ་ལྟ་བུའི་མི་ངན་པ་དགུ་འཛོམས་ཤིག་ལ་གསལ་ལེ་རྒྱལ་ཞེས་བསྙད་དོ།། སྐད་ཆ་འདིའི་ཕུགས་ན་ནང་དོན་འདི་འདྲ་ཞིག་འདུག གལ་སྲིད་རང་རིགས་ཤིག་གིས་རང་ཉིད་ཁོ་ནའི་ཆེད་དུ་བོད་ཀྱི་སྲིད་འབྱོར་རིག་གསུམ་གང་རུང་ཞིག་རྒྱབ་རྟེན་བགྱིས་ཏེ་གཞན་པ་བསླུ་བའི་གང་ཟག་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། འོན་ཀྱང་གང་ཟག་འདིའི་རིགས་ལ་སྐྱ་སེར་གྱི་དབྱེ་བ་དང་གསར་རྙིང་གི་ཁྱད་པར་ཞིག་གཏན་ནས་མེད་ལ་ལྷག་པར་རོང་འབྲོག་གི་ཁྱད་པར་དེ་ལས་ཀྱང་མེད་པ་ནི་རང་གཞན་ཚང་མས་ཤེས་གསལ་ལྟར་རོ།།

ཕ་རོལ་པོ་དེས་གཞན་པ་ལ་མགོ་སྐོར་གཏོང་བའི་ཐབས་ལ་གོང་ཞུས་ལྟར་རིགས་གསུམ་ཡོད། ཆོས་ལ་བརྟེན་ནས་གཞན་མགོ་སྐོར་བ་དང་སྲིད་ལ་བརྟེན་ནས་གཞན་པ་བསླུ་བ་དང་དཔལ་འབྱོར་ལ་བརྟེན་ཏེ་གཞན་པའི་མགོ་སྐོར་བ་གསུམ་མོ།། དམིགས་བསལ་མང་ཚོགས་ཀྱིས་འདོད་པའི་གསལ་ལེ་རྒྱལ་ཞེས་པ་དེས་ཀྱང་ཉི་ཚེ་བའི་བརྩེ་དུང་ཙམ་མ་ཡིན་པར་ཁོང་གི་རྒྱབ་ལྗོངས་ནའང་བོད་ཀྱི་ད་ལྟའི་སྲིད་འབྱོར་རིག་གསུམ་གང་ཞིག་བཟུང་ཡོད་པ་རེད། འོན་ཀྱང་ལྡོག་ཕྱོགས་ནས་བསྙད་ན་ཕྱི་རྒྱལ་བ་ཚོས་ཀྱང་བོད་པའི་སྲིད་འབྱོར་རིག་གསུམ་གང་རུང་བཙོང་སྟེ་རང་གཞན་གཉིས་ཀ་བསླུས་པའི་དོན་དངོས་ཀྱི་ལོ་རྒྱུས་ཀྱང་བྱུང་ཡོད།

འོན་ཏེ་མང་ཉུང་བསྡུར་ན་ཉུང་ཉུང་རེད། ང་ཚོར་ཁ་ཤོས་ཁ་ཤོ་ལ་མཛུབ་སྟོན་ལྟར། གསལ་ལེ་རྒྱལ་ལ་གཤེ་གཤེ་གཏོང་མཁན་མང་བོ་ཡོད། འོན་ཀྱང་གཤེ་གཤེ་གཏོང་མཁན་ནང་ནས་མི་ལྷག་བསམ་ཅན་ཁ་ཤས་ལ་རྒྱུ་མཚན་ཡོད་དེ། ཁོང་ཚོས་དབྱེ་འབྱེད་ཕྱོགས་རིས་ཀྱི་སྐད་ཆ་ཙམ་མ་ཡིན་པར། འདྲ་མཉམ་རྒྱུ་འབྲས་ཀྱི་སྐད་ཆ་ཞིག་གསུང་གིན་ཡོད། དེ་ནི་ཕྱི་གླིང་བ་གླེན་པ་སྐོར་ཞིག་གིས་ནང་བསྟན་ཆོས་ལུགས་འདི་ལ་དགའ་ཞིང་དུང་བའི་ངང་ལྷག་པར་༧གོང་ས་མཆོག་གི་བཀའ་སློབ་ལ་ཡིད་ཆེས་ཀྱི་དང་བ་འདྲེན་མཁན་ཚོ་ལ་ཇ་ལན་ཆུས་མི་འཇལ་བའི་རེ་སྐུལ་དང་མི་གཤིས་རང་བཞིན་ལ་བརྩི་བཀུར་ཞུས་པ་ཞིག་ཀྱང་རེད། གཞན་མང་བོས་ཁ་ནས་ཅི་བཤད་ལ་རྒྱུ་མཚན་ཡོད་མེད་ཅི་རིགས་ཡིན། དེའི་ཕྱིར། གསལ་ལེ་རྒྱལ་གྱི་མིང་གི་རྣམ་གྲངས་ལ། མི་སྐྱ་གསལ་ལེ་རྒྱལ་དང་། གྲྭ་བ་གསལ་ལེ་རྒྱལ་དང་། བཙུན་མ་གསལ་ལེ་རྒྱལ་དང་། བླ་མ་གསལ་ལེ་རྒྱལ་དང་། དབྱིན་ཇི་རྐུབ་ལྡག་མཁན་དང་། མགོ་སྐོར་མཁན་དང་། ལྟས་ངན་དང་། ཞབས་འདྲེན་པ་ལ་སོགས་རྗོད་ཀྱིན་མཆིས།

གཉིས་པ། སྐབས་སུ་བབ་པའི་དོན་སྙིང་ངོ་མ་དེ་བརྩམས་ཆོས་སེམས་ཆུང་སྡེ་བའི་མགོ་མཇུག་བར་གསུམ་པོ་དེ་ལ་བརྟགས་ཏེ། ནང་དོན་ངོ་མ་འདིར་བཙུར་འོང་ན། གསལ་ལེ་རྒྱལ་ཞེས་པ་རྒྱུ་འབྲས་མི་བརྩི་མཁན་དང་། ཡང་ན་བོད་པའི་ཞབས་འདྲེན་ཞིག་ཡིན་པའི་སྒྲུབ་བྱེད་ཀྱི་གཏམ་བརྗོད་ཅིག་མེད། གཞན་བརྗོད་བྱ་ཁ་ཤགས་འདི་ལ་ནང་དོན་གསུམ་ཡོད།
གཅིག་ནི། ང་ཚོའི་བསམ་བློ་གུ་དོག་ཡིན་པས། གུ་ཡངས་ཀྱི་བསམ་གཞིག་དགོས་རབས་སྐོར་རེད།
གཉིས་པ། ཕྱིའི་དེང་རབས་རིག་གནས་ཀྱིས་བོད་ཀྱི་རིག་གནས་ལ་ཁ་བསྐང་དགོས་པའི་བསླབ་བྱ་བཏོན་པ་དེ་རེད།
གསུམ་པ། ཡོངས་ཁྱབ་ཀྱི་བརྩེ་དུང་དང་འདྲ་མཉམ་རང་དབང་སོགས་གལ་ཆེ་རབས་སྐོར་རེད།
དེའི་ཕྱིར། འདི་གསུམ་པོ་ལས་འཕྲོས་ཏེ་སྐབས་འདིའི་ཁ་ཤགས་ཀྱི་དཔེ་མཚོན་གཙོ་བོར་གསལ་ལེ་རྒྱལ་ཁོང་འཛིན་དགོས་པའི་རྒྱུ་མཚན་གྱི་གནད་ཀྱང་འདི་ལ་ཐུག་ཡོད། དེའི་ཕྱིར། བཞད་གར་འདིའི་ནང་གི་གསལ་ལེ་རྒྱལ་གྱི་ཚབ་མཚོན་མང་བོ་མེད་དེ། དཔེར་ན། བཀའ་དྲིན་ཅན་དགེ་བའི་གཉེན་ཆེན་མོ་དགེ་བཤེས་ཐུབ་བསྟན་སྦྱིན་པ་མཆོག་དང་། དེང་རབས་ཀྱི་བསམ་བློ་བ་ཆེན་པོ་སྐུ་ཞབས་པདྨ་འབུམ་ལགས་དང་། ཕྱག་རྗེས་བསྟན་རྒྱུ་ཡོད་པའི་ནོར་གླིང་བཀའ་ཟུར་སྐལ་བཟང་ཡེ་ཤེས་ཚང་དང་། ལྷག་བསམ་གྱིས་ཕྱུག་པའི་ཨ་མྱེ་རྨ་ཆེན་ཚང་གི་བཀྲ་ཤིས་ཚེ་རིང་སོགས་རེད།

ད་དུང་དམིགས་བསལ། ཁ་ཤགས་འདིའི་གཏིང་གི་གོ་བ་ལ་བསྙབས་ཏེ་དཔེ་མཚོན་ཁ་ཤས་བརྗོད་ན། དཔལ་དོན་འགྲུབ་རྒྱལ་དང་། དབྱིན་བོད་ཤན་སྦྱར་རྩོམ་མཁན་ཕྱག་རྗེས་ཅན་བཀྲ་ཤིས་ཚེ་རིང་མཆོག་དང་། མཁས་དབང་དགེ་འདུན་ཆོས་འཕེལ་དང་། མཁས་མཆོག་ཐོན་མི་སམ་བྷོ་ཊ་སོགས་ཀྱང་གསལ་ལེ་རྒྱལ་གྱི་དཔེ་དང་སྦྱར་འོས་སྙམ་མོ།།

མཇུག་གི་གསལ་བཤད། སྐལ་བ་དང་ལྡན་པ་ཞིག་ལ། བསམ་བློ་བ་སྐུ་ཞབས་སྨན་བླ་སྐྱབས་མཆོག་དེང་སང་དངོས་སུ་བཞུགས་ཡོད་པས། ཁོ་བོས་འདིར་དམ་པ་ཁོང་གིས་ཅི་གསུང་གི་ལན་གསལ་བོ་ཞིག་མ་རྙེད་པར་དུ། རང་གི་གཏན་ཚིགས་དེ་ལ་རང་གིས་ཡིད་ཆེས་བྱ་འོས་སོ།།

ཞེས་དབྱིན་ཡུལ་ནས་རྔ་རྒོད་ཀྱིས་༢༠༡༤/༡ /༡༧ ལ་བྲིས།

སྣ་ཚོགས།

Post navigation

Previous Post: སེམས་པ་དབེན་རི་ལ་ཆས་པ།
Next Post: སྨོད་ཚིག་ཚིག་མཛོད་ཀྱི་གསལ་བརྡ།

Comments (5) on “སྨན་བླ་སྐྱབས་ཀྱི་ཁ་ཤགས་དེ་ལ་མང་ཚོགས་ཀྱིས་གོ་བ་མ་ལོན་པ།”

  1. གནམ says:
    2014-01-17 at 5:51 am

    མི་མང་། གོ་བ་དེ་འདྲ་ལེན་ནི་ཞིག་གོ་ཡང་མ་མྱོང་། བོད་སྐད་ཤེས་ནི་དང་ཟུར་ཟ་གོ་ནི་ཞིག་ཡིན་ན། ཁྱེད་ཀྱིས་རྟོག་བཟོ་བྱས་བའི་མི་མང་གི་གོ་བ་ནི་མི་མང་ལ་མཐོང་ཆུང་དང་། སྨན་བླ་ཡར་འཇོག་མ་ཤེས་བ་ཙམ་ལས། བཤད་ནི་ཤིག་འདྲ་ཞིག་མི་འདུག་ཟེར་འདོད་བྱུང་།
    སྨན་བླས་བོད་ལ་གོ་རྒྱུའི་གོ་བ་དང་བོད་སྐད་བཤད་པས། སྨན་བླ་དང་ཨ་མདོ་བའི་བར་ལ་གོ་འཛོལ་དེ་འདྲ་ནམ་ཡང་བྱུང་མྱོང་མེད། དེ་ནི་ཁོང་གིས་བཤད་འདོད་པའི་སྐད་ཆར་སྒྱུ་རྩལ་ལྡན་པས་རེད། བོད་མང་གིས་བོད་སྐད་གོ་བས་གོ་བ་ནི་ཁྱོད་དང་ང་། ཁོང་དང་མོ་ཚང་མ་ལ་གོ་བ་གཅིག་པ་སྤྲད་ཡོད།
    འགྲེལ་ལོག་དེ་འདྲ་རྒྱག་ནི་མེད་ལ་རྒྱག་དགོས་པའི་དགེ་བ་ཡང་མ་མཐོང་བས། ཁ་ལག་གཉིས་ཚེགས་སྡུག་ལ་གཏོད་ཀི་མ་འདུག་ཞུའོ།

  2. འཇམ་དབྱངས། says:
    2014-01-17 at 10:01 am

    སྨན་བླའི་ཁ་ཤགས་དང་རྩོམ་ཡིག་འདིའི་བརྗོད་དོན་གཉིས་ལ་འདྲ་འབྲེལ་སྤུ་ཙམ་ཡང་མི་འདུག་སྙམ་མོ།།

  3. ཉམས་ཞིབ་པ་ says:
    2014-01-17 at 11:23 pm

    དངོས་གནས་གོ་བ་ལོན་མ་སོང་།
    ཁ་བཤགས་སྒྱུ་རྩལ་དེ་སྨན་བླ་སྐྱབས་ཀྱི་ཆེད་ལས་ལྟ་བུ་རེད།
    རྔ་རྒོད་ཀྱི་ཆེད་ལས་དབྱིན་ཡུལ་དུ་ཟ་ཁང་གི་མ་གཡོག་བྱེད་རྒྱུ་དེ་རེད། མ་གཡོག་ཞིག་གིས་སྒྱུ་རྩལ་བརྩམས་ཆོས་ལ་དཔྱད་བརྗོད་སྤེལ་བ་འདི་སྒྱུ་རྩལ་ལ་མཐོང་ཆུང་རེད་།

  4. དབང་འདུས། says:
    2014-01-17 at 11:33 pm

    ངས་ཀྱང་མི་ཤེས་ཤེས་དམོག་ཅིག་བྱེད། གསལ་ལེ་རྒྱལ་མ་རེད། ས་ལེ་རྒྱག ས་ལེ་ཞེས་པ་ནི་ལུང་པ་གཞན་གྱི་ཚིག་རེད། གཉེན་ཚན་ནང་ཁུལ་ལ་འཁྲིག་སྤྱོད་བྱེད་མཁན་དང་། ཡང་ན་མི་རིགས་གཞན་དང་ལྷན་དུ་འཁྲིག་སྤྱོད་བྱེད་མཁན་ལ་ཟེར་བ་རེད། དཔེར་ན་ཨ་ཙ་རེ་ས་ལེ་ཞེས་པའི་མཚན་དོན་ལ་བརྟགས་དཔྱད་གྱིས་དང་། མ་ས་ལེ་ཞེས་པའི་མཚངས་འབོད་ལ་བརྟགས་དཔྱད་ཀྱིས་དང་།

  5. འཇིགས་མེད། says:
    2014-01-18 at 2:51 pm

    གོ་བ་ག་ནས་ལོན་ ང་ཚོ་དབུས་པས་ཚིག་གཅིག་ཀྱང་གོ་ཡི་མིན་འདུག་ ཡིན་ནའི་ཨམ་མདོ་བ་ཚོས་གོ་བ་ལོན་པའི་རེ་བ་ཡོད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme