Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རབ་གསར་བརྗེ་ལས་བླངས་པའི་རྒྱ་ནག་གི་བསླབ་བྱ་བཞི།

Posted on 2014-01-152014-01-15 By ཁ་བརྡ་ 2 Comments on ཨ་རབ་གསར་བརྗེ་ལས་བླངས་པའི་རྒྱ་ནག་གི་བསླབ་བྱ་བཞི།

ཛཅརའེ་ཀེཀ་ཡིས་བརྩམས། རིག་འཛིན་ལྷུན་གྲུབ་ཀྱིས་བསྒྱུར།

ཨ་རབ་གསར་བརྗེ་བྱུང་སྟེ་ལོ་ངོ་གསུམ་ཙམ་འདས་ཟིན་ཀྱང། ཡུལ་གྲུ་དེ་དག་གི་ནང་གནས་སྟངས་ནི་འགྱུར་བ་འགྲོ་བཞིན་ཡོད་པས། ད་དུང་མཇུག་འབྲས་ཅི་བྱུང་མཐའ་སྡོམ་རྒྱག་རྒྱུའི་དུས་ཚོད་རན་མེད་པ་མཚོན། རྒྱ་ནག་དམར་ཤོག་ཚོགས་པ་ནི་ཨ་རབ་གསར་བརྗེ་ལས་བསླབ་བྱ་ཅི་ཞིག་ཐོབ་ཐབས་བྱེད་མཁན་གྱི་སྒྲིག་འཛུགས་སྡེ་ཁག་ཅིག་རེད། ཚང་མས་ཤེས་གསལ་ལྟར་རྒྱ་ནག་དམར་ཤོག་ཚོགས་པས་འཛམ་གླིང་གི་ས་ཁུལ་གང་དུ་ཆབ་སྲིད་སྙོག་ཟིང་བྱུང་པར་རྒྱུས་ལེན་ཤེས་རྟོགས་བྱས་པ་བརྒྱུད་ནས་རྒྱལ་ནང་དུ་ཞི་བདེ་ལྷིང་འཇགས་ཡོང་པའི་ཐབས་ལམ་ལ་བསླབ་བྱ་རག་ཐབས་བྱེད་ཀྱི་ཡོད།

མངོན་གསལ་དོད་ཤོས་ཀྱི་དཔེ་མཚོན་ནི། རྒྱ་ནག་དམར་ཤོག་ཚོགས་པས་ཨུ་རུ་སུ་མནའ་མཐུན་རྒྱལ་ཁབ་འཐོར་ཞིག་ཕྱིན་པའི་རྒྱུ་རྐྱེན་ཐད་གཞི་རྒྱ་ཆེ་བའི་སློབ་སྦྱོང་བྱས་ཡོད་ཅིང་། ལོ་ངོ་བཅུ་ཕྲག་རིང་ཨུ་རུ་སུ་མནའ་མཐུན་སྐོར་སློབ་སྦྱོང་བྱས་ཏེ། བསླབ་བྱ་ཐོབ་ཐབས་བྱེད་པ་ནི་ཏང་གི་སློབ་གྲྭའི་སྦྱོང་ཚན་གྱི་ཁོངས་སུ་གཏོགས་ཡོད་པ་དང་། མགོ་ཁྲིད་ཚོས་དུས་རྟག་ཏུ་མཚོན་གང་ཐུབ་བྱེད་ཀྱི་ཡོད།
རྒྱ་ནག་དམར་ཤོག་ཚོགས་པས་ཨ་རབ་གསར་བརྗེའི་ཐོག་གཞི་རྒྱ་ཆེ་བའི་སློབ་སྦྱོང་བྱེད་ཀྱི་མེད་ཀྱང་། ཨ་རབ་ནང་ཐོན་པའི་གནས་ཚུལ་དག་རྒྱུ་མཚན་མང་པོ་ཞིག་གིས་ཐོག་ནས་ཏང་ལ་དོན་ཆེན་ཆགས་ཀྱི་ཡོད། དང་པོ་ནི་དེའི་ཁྱབ་ཚད་ཆེ་ཆུང་དང་གལ་གནད་དེ་རེད། ལྷག་པར་དུ་ཨ་རབ་གསར་བརྗེའི་མགོ་སྟོད་རྒྱ་རིགས་ཚོར་སྐུལ་མ་ཐེབས་ཏེ། རྒྱ་ནག་ནང་བ་སྤྲུ་མེ་ཏོག་གི་གསར་བརྗེ་འགོ་བཙུགས་ཡོད་ཀྱང་། ལས་འགུལ་དེ་ལས་གྲུབ་འབྲས་ཆེས་མངོན་མེད་མོད། བདུན་ཕྲག་འགའ་ཞིག་རིང་དངངས་ཚབ་སྐྱེས་དགོས་བཟོས་ཤིང་རྒྱ་ནག་དམར་ཤོག་ཚོགས་པས་བག་ཟོན་ཇི་ཟབ་བྱས་དགོས་པའི་གནས་སུ་བསྐྱལ།

མཐར་རྒྱའི་མགོ་ཁྲིད་ཚོས་དམིགས་བསལ་གྱིས་ཨ་རབ་གསར་བརྗེ་ལ་དོ་སྣང་སླེབས་དོན་ནི། དེས་དབྱེ་ཞིབ་བྱེད་རྒྱུའི་སྦྱོང་ཚན་ལེགས་པོ་ཞིག་མཁོ་འདོན་བྱས་ཡོད་པས་རེད། ཨ་རབ་རྒྱལ་ཁབ་ཁག་གི་ནང་ངོ་རྒོལ་ནི་འབྱུང་རྐྱེན་གཅིག་མཚུངས་ཀྱིས་སྐུལ་སློང་བྱས་ཡོད་མོད། སྐབས་ཐོག་རྒྱལ་ཁབ་སོ་སོས་ངོ་རྒོལ་ཁག་ལ་རྒོལ་ལན་ཇི་ལྟར་སློག་ཡོད་པ་དང་མཐར་ཐུག་གྲུབ་འབྲས་ཅི་བྱུང་གི་ཁ་ཕྱོགས་འགྱུར་སྟངས་དེ་རེད། དེར་བརྟེན། རྒྱ་ནག་དམར་ཤོག་ཚོགས་པར་རྒྱལ་ནང་དུ་དབང་ཆ་ཇི་ལྟར་བརྟན་སྲུང་བྱེད་དགོས་ཐད་རིན་ཐང་བྲལ་བའི་བསླབ་བྱ་ཐོབ་ཡོད། ཨ་རབ་གསར་བརྗེ་ལས་དོན་གནད་བཞི་དམིགས་བསལ་གྱི་འབྲེལ་བ་ཡོད།

 

༡༽  རྐྱེན་མ་བྱུང་སྔོན་ལ་ཟློག་པ།

ཨ་རབ་གསར་བརྗེའི་འབྱུང་རྐྱེན་གཞི་རྩ་ལས་རྣམ་པར་འགྲོལ་བའི་དབང་འཛིན་པ་ནི། ཆེས་ཐོག་མར་ཨི་ཇབ་ནང་ངོ་རྒོལ་དུས་ཟིང་བྱུང་སྐབས་སོ་ཌེ་ཨ་རབ་བའེ་རྒྱལ་ཁབ་ཀྱིས་དོ་གནད་ཆེན་པོས་ཞི་ལྷིང་ཐོག་ནས་ངོ་རྒོལ་བ་སྔོན་འགོག་ཐུབ་པ་བྱས་ཡོད་པ་དང་། གྷུལབ་Gulfམཐུན་འབྲེལ་ལྷན་ཚོགས་ཀྱིས་བྷ་རེན་རྒྱལ་ཁབ་ནང་དེའི་སྐབས་འབྱུང་བཞིན་པའི་དུས་ཟིང་ཐོག་དྲག་ཤུགས་བཀོལ་ཏེ། ངོ་རྒོལ་བཀག་སྐྱིལ་དང་འགེབས་གཡོགས་ཀྱིས་མི་མངོན་པར་བྱས། དྲག་གནོན་བཀའ་རྒྱ་ཕྱིར་བསྡུས་བྱས་ཟིན་པའི་རྗེས་སུའང་སྲིད་གཞུང་གིས་གུ་ཡངས་ཕྲན་ཙམ་ལས་སྤྲད་མེད། གཞན་ཡང་། རྒྱལ་ཁབ་མོརོཁོ་དང་ཇོརཌན་སྲིད་གཞུང་གིས་ཀྱང་དམིགས་ཀར་མི་དམངས་གི་རྒྱབ་སྐྱོར་མེད་པའི་མགོ་ཁྲིད་ཕྱིར་འབུད་བྱས་པ་ལྟ་བུའི་གུ་ཡངས་བྱ་འགུལ་ཐོག་ནས་ངོ་རྒོལ་ལྷིང་འཇགས་ཡོང་ཐབས་བྱས། རྒྱ་ནག་མགོ་གཙོ་གསར་པ་ཚོས་ཀྱང་གཅིག་མཚུངས་ཀྱིས་ཐབས་ལམ་བཀོལ་པ་ནི། ཡོངས་གྲགས་ཀྱིས་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་གྱི་བྱ་འགུལ་སྤེལ་བཞིན་ཡོད་པ་དེའི་དམིགས་ཡུལ་ནི། མི་དམངས་ཀྱིས་དམར་ཤོག་ཚོགས་པའི་ཐལ་སྐྱོན་ལ་འཁོན་འཛིན་ཆུང་དུ་གཏོང་རྒྱུ་དེ་རེད།

 

༢༽  གསར་འགྱུར་བརྒྱུད་ལམ་སྟངས་འཛིན།

ཨ་རབ་གསར་བརྗེས་གསར་འགྱུར་བརྒྱུད་ལམ་ལ་སྟངས་འཛིན་བྱེད་རྒྱུ་ནི་གནད་དགག་ཅིག་ཡིན་པ་བསྟན་ཡོད། ཉེ་འཆར་གྱི་ངོ་རྒོལ་ལས་འགུལ་ཁག་དང་གཅིག་མཚུངས་ཀྱི་ཨ་རབ་གསར་བརྗེའི་སྐབས་ངོ་རྒོལ་པ་ཚོས་རྔམ་སྟོན་ཁྲོམ་སྐོར་གོ་སྒྲིག་དང་མུ་མཐུད་ནས་དགོས་དོན་ཆེད་ཐུན་མོང་གི་འགུལ་ཤུགས་སྤུང་ཐུབ་པ་བྱུང་པ་ནི། གསར་འགྱུར་བརྒྱུད་ལམ་རྒྱུ་རྐྱེན་ལྟེ་བ་དེ་ཡིན་པ་བསྟན་པ་ཡོད། གསར་འགྱུར་བརྒྱུད་ལམ་སྟངས་འཛིན་ཇི་ཙམ་བྱེད་ཐུབ་མཁན་གྱི་སྲིད་གཞུང་ཚོས་དེ་ཚོད་ཀྱིས་ངོ་རྒོལ་དུས་ཟིང་ལས་འགྲོལ་ཐུབ་པའི་གོ་སྐབས་བྱུང་ཡོད་པ་རེད།
གསར་འགྱུར་བརྒྱུད་ལམ་ཐོག་རྒྱ་ནག་དམར་ཤོག་ལས་ལྷག་པའི་སྟངས་འཛིན་བྱེད་ཐུབ་མཁན་གྱི་སྲིད་གཞུང་ཞིག་མེད་པ་རེད། ཉེ་སྔོན་ཤེས་རྟོགས་བྱུང་པར་གཞིག་ན། རྒྱ་གཞུང་གིས་ཚད་འཛིན་དང་བཅོས་ལྷད་ཀྱིས་རྒྱ་ནག་མི་དམངས་ཀྱི་བསམ་ཚུལ་ལ་དོ་དམ་ཞིབ་བཤེར་བཀོད་སྒྲིག་བྱེད་པ་ནི་འཛམ་གླིང་ལོ་རྒྱུས་ནང་སྔོན་ཆད་བྱུང་མྱོང་མེད་པ་ཞིག་རེད་ཅེས་ཟེར། རྒྱ་ནག་ནང་གསར་འགྱུར་བརྒྱུད་ལམ་སྤེལ་རྒྱས་མྱུར་དུ་འགྲོ་བཞིན་ཡོད་མོད། ནུབ་ཕྱོགས་ཀྱི་ཡོངས་གྲགས་བརྒྱུད་ལམ་ཁག་བཀག་འགོག་བྱས་ཡོད་ཅིང་། རྒྱ་ནག་གི་དྲ་ཚིགས་བཀོལ་སྤྱོད་པ་ཚོས་སྲིད་གཞུང་གི་བདག་དབང་ཅན་གྱི་བརྒྱུད་ལམ་ཁག་བེད་སྤྱོད་བྱེད་ཀྱི་ཡོད་སྟབས། རྒྱ་ནག་དམར་ཤོག་ཚོགས་པས་ངོ་རྒོལ་དོན་རྐྱེན་ཅི་འདྲ་ཞིག་འཐོན་མ་ཐག་དྲ་ཚིགས་བརྒྱུད་ལམ་དག་སྐབས་དུས་བཀག་སྡོམ་བྱེད་ངེས་རེད།

ཨ་རབ་གསར་བརྗེས་རྒྱལ་སྤྱི་གསར་འགྱུར་བརྒྱུད་ལམ་བཀག་སྡོམ་བྱེད་དགོས་ཀྱི་གལ་གནད་ཀྱང་བསྟན་ཡོད། ཨ་རབ་དབང་འཛིན་སྲིད་གཞུང་ཁག་ལས་སུས་རང་དབང་ཅན་གྱི་གསར་འགོད་བརྒྱུད་ལམ་སྔོན་འགོག་བྱེད་ཐུབ་པ་དེ་ཚོད་ཀྱིས་ངོ་རྒོལ་པར་་གཉའ་གནོན་བཙན་བཀོད་བྱེད་རྒྱུར་སྟབས་བདེ་པ་ཆགས་ཡོད། དེ་ནི་བྷ་རེན་རྒྱལ་ཁབ་ནང་བྱུང་པའི་དོན་རྐྱེན་གྱིས་གསལ་པོ་མཚོན་ཡོད། སེ་རི་ཡའི་སྲིད་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་བཀག་སྡོམ་བྱས་པས་ནུས་པ་ཤུགས་ཆེན་འཐོན་ཡོད། གསར་འགོད་པས་སེ་རི་ཡའི་རྒྱལ་ཁབ་ནང་འཛུལ་ཞུགས་ཨེ་ཐུབ་ཀྱིས་འབད་བརྩོན་བྱས་ཡོད་མོད། མི་དམངས་སྡེབས་གསོད་ཀྱི་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་མེད་པར་གྱུར་ཡོད། སེ་རི་ཡའི་མི་སེར་༡༠༠༠༠༠ལྷག་ཤི་རྐྱེན་བྱུང་པའི་གནས་ཚུལ་ཨལ་ཇ་ཛི་ར་བརྙན་འཕྲིན་ཐོག་རྒྱང་བསྲིངས་བྱས་པ་དང་། གཞི་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མགོ་གཙོ་ཚོས་བར་འདུམ་བྱེད་དགོས་པའི་གནོད་ཤུགས་དྲག་པོ་སྤྲད་ཡོད། དེར་བརྟེན། གལ་ཏེ་རྒྱ་ནག་ནང་དུ་དོན་སྙིང་ལྡན་པའི་ངོ་རྒོལ་དུས་ཟིང་ཞིག་འཐོན་ན་དམར་ཤོག་ཚོགས་པས་ལམ་སང་ཕྱི་རྒྱལ་གསར་འགོད་པ་ཚོ་ཕྱིར་འབུད་གཏོང་ངེས་པ་རེད།

 

༣༽  མི་དམངས་དབྱེ་འབྱེད།

ཨ་རབ་གསར་བརྗེའི་ལས་འགུལ་མང་པོ་ཞིག་ཐུན་མོང་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཁག་གི་ནང་ལམ་ལྷོང་བྱུང་ཡོད། ལྡོག་ཕྱོགས་ནས་སྤྱི་ཚོགས་དབྱེན་འབྱེད་བྱས་ཏེ་དབང་འཛིན་སྲིད་གཞུང་ཁག་གིས་སྲིད་དབང་བདག་གཟུང་གི་རང་དོན་ཆེད་བཀོལ་སྟེ་རྒྱལ་ཁ་ཐོབ་ཡོད་པ་རེད། དེར་བརྟེན། སུ་དྷེ་དང་བྷ་རེན་སྲིད་གཞུང་གིས་ངོ་རྒོལ་ལས་འགུལ་དག་ནི་ཨེ་རན་རྒྱལ་ཁབ་ནང་བྱུང་པ་བཞིན་ཤཡའི་ཁ་ཆེའི་ཆོས་དད་ཤོག་ཁག་ཚོས་བློ་ཡིད་མ་འཚིམས་པའི་རྣམ་འགྱུར་བསྟན་པ་ཙམ་ཡིན་པ་འགྲེལ་བཤད་བརྒྱབས། དེ་དང་གཅིག་མཚུངས། སེ་རི་ཡའི་སྲིད་འཛིན་བྷ་ཤར་ཨལ་ཨཛདྷེ་ཡིས་གྲངས་མང་སུནི་ཆོས་དད་ཤོག་ཁག་རྒྱབ་སྐྱོར་པ་ཚོ་སེ་རི་ཡའི་གྲངས་ཉུང་ཚོགས་ཁག་ལས་ལོགས་སུ་སྟངས་འཛིན་བྱེད་ཐུབ་ཡོད་པ་མ་ཟད། ཁོས་ད་དུའང་སུནི་ཆོས་དད་ཤོག་ཁག་ཁ་གཏད་པའི་ནང་ནང་ཁུལ་དབྱེན་དཀྲུག་བྱས་ཡོད། ཡེ་མེན་སྲིད་གཞུང་གིས་ཀྱང་དབྱེན་འབྱེད་ལམ་ནས་དབང་ཆ་རྒྱུན་འཛིན་བྱེད་ཐུབ་ཡོད།

བསམ་གཞིགས་འགའ་ཞིག་ཐོག་ནས། རྒྱ་ནག་མི་འབོར་བརྒྱ་ཆ་༩༡ཧན་རྒྱ་རིགས་ཡིན་ཙང་གནས་ཚུལ་འདི་ནི་རྒྱ་ནག་དམར་ཤོག་ཚོགས་པར་དེ་ཙམ་བེད་སྤྱོད་ཡོད་པ་ཞིག་མི་མཐོང་མོད་ཀྱང་། ད་དུའང་གྲངས་ཉུང་མི་རིགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྩིས་པའི་ཉེ་ཆར་གྱི་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་ལྷག་པའི་དྲག་སྤྱོད་དོན་རྐྱེན་བྱ་འགུལ་ལྟ་བུར་རྒྱ་ནག་དམར་ཤོག་ཚོགས་པས་འགྲེལ་བཤད་རྒྱག་པར་དཀའ་ཚེགས་ཆེན་པོ་འཕྲད་ཀྱི་ཡོད། དེར་མ་ཟད་རྒྱ་ནག་ཧན་མི་རིགས་ཡིན་མོད་ཀྱང་ས་ཁུལ་སོ་སོར་སྡེ་ཚན་དབྱེ་བ་མང་དུ་མཆིས་པ་དག་རྒྱ་ནག་དམར་ཤོག་ཚོགས་པས་དགེ་མཚན་དུ་བཀོལ་སྤྱོད་བྱེད་བཞིན་ཡོད།

 

༤༽ དབང་འཛིན་པ་གཅིག་སྒྲིལ།

མཐར་དོན་ཨ་རབ་གསར་བརྗེས་སྲིད་གཞུང་གི་དབང་ཆ་སླར་གསོ་ཡོང་བར་དབང་འཛིན་མི་སྣ་ཕན་ཚུན་གཅིག་སྒྲིལ་དགོས་པ་མངོན་གསལ་གྱི་ར་འཕྲོད་བྱས་ཡོད། ཨི་ཇབ་སྲིད་འཛིན་ཧུསནི་མུབྷརཀ་དུས་ཐུང་ནང་དབང་ཆ་ལས་མར་ཟག་པའི་རྒྱུ་རྐྱེན་ནི། ངོ་རྒོལ་ལས་འགུལ་འགོ་མ་བཙུགས་པའི་ཟླ་བ་མང་པོའི་སྔོན་ནས་ཐོན་ཡོད་པ་ཞིག་ཏེ། ཁོ་བ་དང་དམག་མི་བར་དབང་ཆ་རྗེས་འཛིན་གྱི་གནད་དོན་ཐོག་འཐབ་རྩོད་ཤུགས་ཆེན་བྱུང་ཡོད་པ་རེད། དངོས་སུ་སྲིད་འཛིན་མུབྷརཀའི་རྗེས་འཛིན་པ་མོཧཱ་མདྷི་མོར་སེ་ཡང་་ལམ་སང་དབང་ཆ་ལས་ཟག་པའང་དམག་མི་རྒྱབ་སྐྱོར་ཞན་པས་ཡིན། དེ་དང་ཕྱོགས་མཚུངས་ཀྱི་ཡེ་མེན་སྲིད་གཞུང་དབང་ཆ་ཆ་ཚང་ཤོར་མེད་ཀྱང་མངོན་གསལ་དོད་པོས་རྒྱལ་ནང་དུ་དབང་འཛིན་ལ་ཤུགས་རྐྱེན་ཐེབས་ཡོད་པ་ནི། གཙོ་བོ་བར་མི་དབང་ཤུགས་ཀྱི་རྒྱབ་སྐྱོར་ཐོབ་ཐུབ་མེད་པར་རག་ལུས། ཨེ་ཇབ་དང་ཡེ་མེན་རྒྱལ་ཁབ་གཉིས་དང་མི་འདྲ་བའི་སེ་རི་ཡའི་གསར་བརྗེ་ནང་སྲིད་གཞུང་གི་མགོ་གཙོ་ཨཛཌི་ཡིས་ཨལཝིཏི་གྲངས་ཉུང་ཤོག་ཁག་གི་རྒྱབ་སྐྱོར་བླངས་ཐུབ་ཡོད་པ་དེས་ངོ་རྒོལ་ལས་འགུལ་མ་བྱུང་སྔོན་ཚོད་ནས་གལ་ཆེའི་གནད་ཡོད་མི་སྣ་མང་པོ་མཉམ་མཐུན་དཔུང་སྒྲིག་བྱས་ཡོད།

རྒྱ་ནག་དམར་ཤོག་ཚོགས་པར་གནད་དོན་འདི་ཧ་ཅང་ཞན་ཆ་ཆེན་པོ་ཡོད། ལོ་ཟླ་རིམ་པའི་ནང་ཏང་ལ་དགའ་ཞེན་ཉམས་དམའ་དུ་འགྲོ་བཞིན་པ་དང་། རྒྱ་མི་ཕལ་མོ་ཆེས་དམར་ཤོག་ཚོགས་པར་མཉམ་ཞུགས་བྱེད་པ་ནི་སྒེར་གྱི་དཔལ་འབྱོར་ཁེ་ཕན་ཆེད་ཆགས་ཀྱི་ཡོད། འོན་ཀྱང། དམར་ཤོག་ཚོགས་པས་དཔལ་འབྱོར་སྐྱར་ཏུ་བརྟན་སྲུང་སྲིད་བྱུས་བཀོད་སྡོམ་བྱེད་བཞིན་ཡོད་སྟབས། དཔལ་འབྱོར་གྱི་རློམ་སེམས་ཀྱང་ཇེ་མར་ཟག་བཞིན་ཡོད། སྐོར་སྲུང་པ་དང་དམག་མི་བཅས་ཚུད་པའི་ཏང་མི་དཀྱིས་མ་ཚོས་ཉམས་རྒུད་འདིར་འཐབ་རྩོད་ཀྱི་རྗེས་འབྲས་ནི་འབྱུང་འགྱུར་རྒྱ་ནག་གི་གནས་བབ་བསྐྲུན་ངེས་ཡིན།། །།

མ་རྩོམ་དྲ་ཐག http://thediplomat.com/2014/01/four-things-china-learned-from-the-arab-spring/

འགྱུར་རྩོམ།

Post navigation

Previous Post: ལྷུང་བཟེད་ལས་འཕྲོས་པའི་བླུན་པོ་ཆུ་སྣ་གར་འཁྲིད་ཀྱི་ཚུལ་རྣམས་བཀོད་པ།
Next Post: << སྐྲག་སྣང >>

Comments (2) on “ཨ་རབ་གསར་བརྗེ་ལས་བླངས་པའི་རྒྱ་ནག་གི་བསླབ་བྱ་བཞི།”

  1. རྒྱང་མིག says:
    2014-01-15 at 11:16 am

    གོང་གི་རྩོམ་པ་པོའི་མིང་”ཛཅརའེ་ཀེཀ་”ཞེས་པ་དེ་བོད་སྐད་དུ་ཅི་ལྟར་ཀློག་དགོས་སམ། དེ་བཞིན་རང་རེའི་ཡིག་སྒྱུར་མཁན་མང་པོ་ཞིག་གིས་མི་རིགས་གཞན་གྱི་མི་མིང་དང་། ས་མིང་སོགས་བོད་ཡིག་དུ་བསྒྱུར་དུས་སྒྲ་མཚུངས་ཡོང་བ་ལ་བོད་ཡིག་ནང་སྦྱོར་ཀློག་བྱེད་མི་ཤེས་པའི་བོད་ཡིག་འདྲ་ཁྱད་མཚར་རེ་བཀོལ་སྤྱོད་བྱེད་པ་འདི་ཐད་དྲ་གྲོགས་ཚོས་དགོངས་ཚུལ་རེ་གསུང་རོགས།

  2. ཉམས་ཞིབ་པ་ says:
    2014-01-15 at 4:53 pm

    གོང་གི་མིང་བསྒྱུར་བྱེད་སྟངས་དེ་ནི་ས་ར་ན་ཐེའི་བོད་ཀྱི་མཁས་པ་ལྐུགས་པ་ཚོའི་བྱེད་སྟངས་ལ་གཞོན་སྐྱེས་བླུན་པོ་ཚོས་ལད་ཟློས་བྱེད་སྟངས་ཀྱི་སྐྱོ་གར་ཞིག་རེད་།
    རྩོམ་པ་པོའི་མིང་དེ་དབྱིན་ཡིག་ཏུ Zachary Keck རེད། འདི་བོད་ཡིག་ཏུ་ “རྫ་ཆ་རེས་ ཁེ་ཁུ་”ཟེར་ནས་སྒྲ་བསྒྱུར་བྱས་ན་འགྲིག
    ཛཅརའེ་ཀེཀ་(བོད་ཡིག་སྒྲ་ལོག་འདི་འདྲ་འབྲི་མི་དགོས།)

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme