Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྷུང་བཟེད་ལས་འཕྲོས་པའི་བླུན་པོ་ཆུ་སྣ་གར་འཁྲིད་ཀྱི་ཚུལ་རྣམས་བཀོད་པ།

Posted on 2014-01-152014-01-15 By ཁ་བརྡ་ 16 Comments on ལྷུང་བཟེད་ལས་འཕྲོས་པའི་བླུན་པོ་ཆུ་སྣ་གར་འཁྲིད་ཀྱི་ཚུལ་རྣམས་བཀོད་པ།

ཚེ་རིང་།

ཨཕ་གྷན་ནི་སི་ཐན་ནས་ཉེ་བའི་ཆར་གསར་རྙེད་བྱུང་བའི་ནང་པའི་ལྷུང་བཟེད་ཆེན་པོ་དེའི་གནས་ཚུལ་སྐོར་བོད་ཀྱི་དུས་བབ་དང་། ཁ་བརྡ་གཉིས་ལ་བཀོད་པ་བརྒྱུད་དོ་སྣང་བྱུང་། གསར་འགྱུར་ཆ་ཚང་བཀླགས་པ་བརྒྱུད་ལྷུང་བཟེད་ཀྱི་ལྗིད་ཚད་ལ་ཀི་ལོ་མི་ཊར་Km བཀོད་པ་དེར་ཁྲེལ་དགོད་ཅིག་རང་དབང་མེད་པར་ཤོར། དེ་ནས་མཐོ་ཚད་ལ་ཕི་ཊི་ft༧་༥། ཡོད་པ་དང་། ཁ་ཞེང་ལ་སེན་ཊི་མི་ཊར་cm ༡༨ ཞེས་བཀོད་པ་མཐོང་དུས་ཡིད་མི་ཆེས་པར་འགྱུར། མཐར་ལྷུང་བཟེད་ཀྱི་མཐོ་ཚད་དང་ཁ་ཞེང་གི་གནས་ཚུལ་རྩ་བ་ནས་ནོར་ཡོད་པ་ཤེས་རྟོགས་བྱུང་།
http://articles.timesofindia.indiatimes.com/2014-01-12/india/46112681_1_bhikshapatra-kabul-museum-begging-bowl

ཕལ་ཆེར་གསར་འགྱུར་འགོད་མཁན་དང་། རྩོམ་སྒྲིག་པ་དང་། ཁ་བརྡ་ནང་གི་མཆན་བཀོད་པ་མང་པོ་ཞིག་གིས་ཕི་ཊི(ft)དང་སིན་ཊི་མི་ཊར་(cm)གཉིས་ཀྱི་རིང་ཚད་ཇི་ཙམ་ཞིག་ཡོད་མེད་ཀྱི་ཚོད་དཔག་ཀྱང་ཐུབ་ཀྱི་མེད་པའི་སྣང་ཚུལ་བྱུང་། ཕི་ཊི(ft)༡ལ་སེན་ཊི་མི་ཊར་(cm)༣༠་༤༨ཡོད་པ་དང་། སེན་ཊི་མི་ཊར་༡༨་ཟེར་དུས་ཕི་ཊི་ཕྱེད་ཀ་ལྷག་ཙམ་ལས་མེད་ཅིང་། རིང་ཐུང་ནི་མི་ཕོ་གཞོན་ཞིག་གི་སོར་མོ་བཅུ་གཉིས་ཙམ་ཞིག་ལས་མེད། གོང་བཀོད་ཀྱི་ཚད་དེ་ལྟར་ན་ལྷུང་གཟེད་ཀྱི་བཟོ་ལྟ་ནི་ཇ་མདོང་འདྲ་པོ་ཞིག་ལས་དཔེ་རིས་སུ་འཁོད་པ་དེ་འདྲ་རྩ་བ་ནས་ཡོང་ཐབས་མེད།

དེ་ལས་ཀྱང་ཡ་མཚན་ཆེ་བ་ནི་ཀློག་པ་པོ་ཕལ་མོ་ཆེས་བོད་ཡིག་ཐོག་འཁོད་པའི་གསར་འགྱུར་ནོར་འཁྲུལ་ཅན་དེར་ཡིད་ཆེད་བྱས་ནས་དཔྱད་པ་འདྲ་མིན་བྱེད་ཁུལ་བྱེད། དངོས་ཡོད་གནས་ཚུལ་ནི། ལྗིད་ཚད་ཀི་ལོ་ ༣༥༠ གཡས་གཡོན་དེ་རང་ཡིན་ཀྱང་། གསར་འགོད་པའི་དབྱིན་ཡིག་གི་ཆུ་ཚད་ཞན་པ་ལྟ་བུའི་རྒྱུ་རྐྱེན་གང་ཡིན་ཆ་མ་འཚལ་ཡང་། དབྱིན་ཡིག་ཐོག་དངོས་སུ་བཀོད་པ་ནི། ལྷུང་བཟེད་ཀྱི་ཁ་ཞེང་(diameter)ལ་ཕི་ཊི(ft) ༧་༥ དང་། མཐུག་ཚད་ལ་སེན་ཊི་མི་ཊར་(cm) ༡༨ ཞེས་བཀོད་འདུག

མདོར་ན། ཐེངས་འདི་གནས་ཚུལ་འདི་གང་ཞིག་གསལ་སྟོན་བྱས་ཡོད་དམ་ཟེར་ན། འབྲེལ་ཡོད་བོད་ཡིག་གསར་འགྱུར་བརྒྱུད་ལམ་ཁག་གི་རྩོམ་སྒྲིག་པ་དང་། གསར་འགོད་པའི་ཆུ་ཚད་དང་སྤྱི་ཚོགས་ལ་འགན་ཁུར་ཞན་པ། དེ་བཞིན་འབྲེལ་ཡོད་མང་པོ་ཞིག་ལ་གཞི་རིམ་གྱི་ཤེས་བྱའི་གནས་ཚད་དམའ་བ་སོགས་བསྟན་ཡོད།

རྩོམ་རིག

Post navigation

Previous Post: སྟོན་པའི་ལྷུང་བཟེད་རྙེད་པ།
Next Post: ཨ་རབ་གསར་བརྗེ་ལས་བླངས་པའི་རྒྱ་ནག་གི་བསླབ་བྱ་བཞི།

Comments (16) on “ལྷུང་བཟེད་ལས་འཕྲོས་པའི་བླུན་པོ་ཆུ་སྣ་གར་འཁྲིད་ཀྱི་ཚུལ་རྣམས་བཀོད་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-01-15 at 8:00 am

    འདིར་གཟིགས་དང་།
    http://pilgriminkabul.files.wordpress.com/2011/03/img_0713.jpg

  2. གནམ says:
    2014-01-15 at 8:50 am

    ཁ་ཞེང་ཟེར་ན་འགྲིག་གམ་ཁ་འཁོར་ན་ཟེར་ན་འགྲིག། ཁའི་ཞེང་ན་feet 5.7 ཡོད་ན་ཆེ་དྲག་པ་མ་ཡིན་ནམ། ཁའི་འཁོར་ན་དེ་འདྲ་ཞིག་ཡོད་ཟེར་ན་ཏག་ཏག་ཡིན་བསམ་སོང་བས། མཁས་མདོག་ལ་ཡིས་གསལ་བཤད་ཞིག་ཞུ་རོགས། ཧ་ཧ་ཧ།

  3. ཀ་ཁའི་རྫི་བོ། says:
    2014-01-15 at 9:09 am

    རྩོམ་པ་པོས་དེ་ཤེས་པས་གསར་འགོད་པ་དང་ཀློག་པོ་ཡོངས་ལ་ཁྲེལ་དགོད་ཀྱི་འདུག མ་གཞན་གྱི་ནོར་འཁྲུལ་ཡོ་བསྲང་བྱས་ན་ལུགས་དང་མཐུན་ཡང་། དེ་ཙམ་ཤེས་པས་རང་ཉིད་མཁས་རློམ་དང་གཞན་གྱིས་སྣང་བ་མ་བཞག་པས་བླུན་པོའོ།། ཞེ་ན་སྐད་ཆ་དེ་ཏག་ཏག་བསྡད་ཀི་ཨེ་ཡོད་ནཱ།

  4. ཚེ་རིང་། says:
    2014-01-15 at 10:16 am

    གྲོགས་ཚེ་རིང་ལགས། ངེད་གཉིས་ཀྱི་མིང་གཉིས་པར་གྱུར་འདུག་པས་རྗེས་མ་གླེང་རྙོག་མི་ཡོང་ཆེད་གཅིག་གིས་མི་འདྲ་བ་ཞིག་བཟོས་ན་བཟང

  5. རྒྱང་མིག says:
    2014-01-15 at 12:44 pm

    དེ་ནི་གནའ་དངོས་ཤིག་ཡིན་པ་ལ་བསྙོན་དུ་མེད་ཀྱང་སྟོན་པའི་ལྷུང་བཟེད་ཅིག་ཡིན་པར་ཡིད་ཆེས་གཏན་ནས་མེད། འདུལ་གཞུང་དག་ཏུ། ལྷུང་བཟེད་ཀྱི་རུང་བ་ལྔ་ལས་ཁ་དོག་གི་རུང་བ་བྱ་རོག་གི་མིག་ལྟར་ནག་པ་དང་། དབྱིབས་ཀྱི་རུང་བ་སྒོ་ང་ཕྱེད་བཅད་ལྟར་ཟླུམ་པ།
    དེ་བཞིན་ལྷུང་བཟེད་ཀྱི་ཆེ་ཚད་ཐད་ནས་ཆེ་བར་ཕུལ་བཅོ་བརྒྱད་ཤོང་བ་ཞིག་དང་། ཆུང་ཚད་ལ་ཕུལ་དགུ་ཤོང་བ་ཞིག་ཡོད་ཚུལ་གསུངས་འདུག

    ཕུལ་གྱི་ཐད་དུ་”དེ་ཡང་བོད་ཀྱི་བྲེ་གང་ལ་ཡ་ཁྱོར་ཉི་ཤུ་རྩ་གཅིག་ཡོད་པས་དེ་ཉིད་དུམ་བུ་དྲུག་ཏུ་བགོས་པའི་གཅིག་སྟེ་ཡ་ཁྱོར་གསུམ་དང་ཕྱེད་ཀ་ལ་ཕུལ་གང་རྩི་བ་དེར་དྲུག་ཕུལ་ཟེར་ཞིང་། ཡ་ཁྱོར་ཉི་ཤུ་རྩ་གཅིག་པོ་དེ་ཉིད་དུམ་བུ་བདུན་ལ་བགོས་པའི་ཆ་གཅིག་སྟེ་ཡ་ཁྱོར་གསུམ་ལ་ཕུལ་གང་རྩི་བ་དེ་ལ་བདུན་ཕུལ་ཟེར།”ཞེས་དུང་དཀར་བློ་འཕྲིན་གྱིས་གསུངས།

  6. བསྟན དབང་ says:
    2014-01-15 at 1:59 pm

    གང་ལྟར་ཡང་ལྷུང་བཟེད་དེ་ལྗིད་ཚད་དང་ ཁ་འཁོར་ པར་གཅས་གང་ནས་ག་ནས་ཏས་ཀྱང་སྟོན་པ་སྐུ་དངོས་ཀྱི་ཡིན་པར་ཡིད་ཆེད་བཀའ་བ་འདུགས་ སྟོན་པའི་སྐུ་སྒྲ་ཆེན་པོ་གཅིགས་གི་ཡིན་ཤས་ཆེ་
    གསར་རྒྱུར་དེ་དགའ་སྐྱོ་གཉིས་ལྡན་རེད་འདུགས་ གང་ལ་ཟེར་ན་དེའི་སྒང་ཁ་ཆེའི་ཆོས་སྐོད་ཚར་དུས་ནང་པ་སྣམ་ལ་བདེ་པོ་ཡོ་གི་རེད་པས་གད་ཏེ་ཡིག་གི་སུབ་པ་ཡིན་ན་ཁ་ཆེ་ཚོས་ཟིང་སློང་ངེས་རེད།

  7. རྟ་བདུན་དབང་བོ says:
    2014-01-15 at 2:55 pm

    སྟོན་པ་རང་ཉིད་ཀྱིས་ལྷུང་བཟེད་སྤུས་ལེགས་འདི་འདྲ་ཞིག་ནམ་ཡང་བེད་སྤྱོད་མི་སྲིད་པ་རེད། ལྷུང་བཟེད་དེའི་རི་མོར་ལྟོས་དང་ཤེས་ཐུབ། །

  8. ཀླུ་སྨྱོན། says:
    2014-01-15 at 3:21 pm

    ད་རེས་རྙེད་པའི་ལྷུང་བཟེད་དེ་ནི་སྟོན་པའི་བཞེས་ལག་མཆོད་སྤྱད་དུ་ཕུལ་བ་ཞིག་མ་ཡིན་པར་སྟོན་པར་གུས་ཞབས་མཚོན་པའི་ལེགས་སྐྱེས་ཤིག་དང་སྟོན་པར་རྗེས་དྲན་བྱེད་ཆེད་ཅིག་རེད། ལེགས་སྐྱེས་ཀྱི་ཆེ་ཆུང་ནི་འབུལ་མཁན་དེས་ག་ཚོད་བཟོས་བཟོས་རེད། དེང་སང་འཛམ་གླིང་གི་སྣ་གྲགས་དེ་འདྲར་རྗེས་དྲན་མཚོན་བྱེད་དུ་མགོ་ནས་ལུས་སྟོད་མ་གཏོགས་ལག་པ་དང་ལུས་སྨད་མེད་པའི་སྐུ་འདྲ་བཞེངས་སྲོལ་ཆེན་པོ་འདུག་པ་ལྟ་བུ་རེད།

  9. ཨོ་རྒྱན་ཉི་མ། says:
    2014-01-15 at 4:02 pm

    སངས་རྒྱ་ཀྱི་ཡིན་པའི་རྒྱུ་མཚན་གང་བཤད་འདུག གལ་སྲིད་སངས་རྒྱས་ཀྱི་ཡིན་ན་ཡང་། དེ་ཉིད་ལྷུང་བཟེད་ཡིན་དགོས་སམ།

  10. ཨོ་རྒྱན་ཉི་མ། says:
    2014-01-15 at 4:03 pm

    སངས་རྒྱས་ཀྱི་་་་་་་་་

  11. ལྷ་བྱ་འཕུར་མ says:
    2014-01-16 at 1:51 am

    ཨ་ལས་ཨ་མཚན་དགོས་དོན་ག་རེ་ཡིན་ནམ། ཁྱེད་ཀྱིས་བྲིས་པའི་ལྷུང་བཟེད་ཀྱི་ཁ་ཞེང་(diameter)ལ་ཕི་ཊི(ft) ༧་༥ ཟེར་དུས་ཁྱེད་རང་ལའང་ནོར་འཁྲུལ་ཤོར་འདུག དབྱིན་ཇིའི་ཕི་ཊི་ཟེར་དུས་མཐོ་ཚད་ཡིན་དགོས། ཁ་ཞེང་( diameter ) ཟེར་དུས་རིང་ཚད་ཡིན་ངེས་རེད།

  12. ཚེ་རིང་བསམ་གྲུབ། says:
    2014-01-16 at 3:24 am

    ཕི་ཊི་ཟེར་བ་མཐོ་ཚད་ཁོ་ནར་གོ་བ་རེད་ཟེར་བ་གད་མོ་ཤོར་བའི་སྐད་ཆ་རེད། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ རྒྱ་གར་དབུས་གནའ་རྫས་ཞིབ་འཇུག་ཁང་གིས་བཤད་པའི་གསར་འགོད་གསལ་བསྒྲགས་ནང་དུ་གསལ་གསལ་ཐིང་ཐིང་བཤད་འདུག ཁ་ཞེང་དང་མཐུག་ཚད། ལྗིད་ཚད་བཅས་གསལ་པོ་འཁོད་འདུག འོན་ཀྱང་གསར་དུ་རྙེད་པའི་ཅ་དངོས་དེ་ལྷུང་གཟེད་ཡིན་མིན་གྱི་རྩོད་པ་དེ་དངོས་གནས་རྣམ་དཔྱོད་ཡོད་པའི་བཀའ་མོལ་རེད། རྒྱུ་མཚན་ལྡན་པ་རེད། དེ་མིན་དབྱིན་ཡིག་གསར་འགྱུར་དང་། འདྲ་པར་ཡན་ཆད་ལ་ཡང་མ་བལྟས་པར་ཅི་བཤད་འདི་བཤད་མེད་པའི་བླུན་གཏམ་དེ་ཚོ་ལ་བསམས་ན། བོད་ཡིག་ཁོ་ན་ཤེས་མཁན་བོད་མི་ཚོ་ག་ཚོད་ཙམ་རྗེས་ལུས་ཐེབས་ཡོད་པ་ཤེས་ཐུབ། ད་གཉིད་སད་རན་འདུག

  13. ཆུ་ཐིགས་སྔོན་མོ says:
    2014-01-16 at 3:40 am

    རི་བོང་གནམ་རྡིབ

  14. ཞུས་ཆེན་པ says:
    2014-01-16 at 5:33 am

    ཚེ་རིང་གིས་བླུན་པོ་ཆུ་སྣ་གར་འཁྲིད་ཟེར་བ་དང་ཚེ་རིང་བསམ་གྲུབ་ཟེར་བས་བོད་ཡིག་ལས་ཡིག་རིགས་གཞན་མི་ཤེས་པ་ཚོར་གཉིད་སད་རན་འདུག རང་རེའི་སྐད་ཡིག་ལས་སྐད་ཡིག་གཞན་མ་ཤེས་ན་རྗེས་ལུས་སུ་ལྟ་བ་ནི་མཐོང་ཆུང་གི་སྐད་ཆ་རེད་འདི་ལ་རྒྱུག་པ་ལེབ་རྡུང་ཟེར་ནི་རེད། དོན་གྱིས་རང་ཉིད་མཁས་མདོག་བསྟན་པ་རེད། ཐམས་ཅད་ཁྱད་གསོད་ཀྱི་སྐད་ཆ་དེ་འདྲ་མ་གསུང་རོགས། གསར་འགོད་པ་དང་མཆན་པ་རེ་ཟུང་གིས་དོ་སྣང་ཞིབ་ཚགས་མ་གནང་བ་དང་གོ་ནོར་འབྲི་ནོར་རེ་ཐེབས་ཡོད་པ་བདེན་པ་རེད། དཔེར་ན་ལྷུང་བཟེད་ཀྱི་ལྗིད་ཚད་ལ་ཀེ་ལོ་ལྒ་རམ་༣༥༠་ ༤༠༠ བར་འདུག་ཟེར་བར་ཁ་ཤས་ཀྱིས་ཀེ་ལོ་སུམ་བརྒྱ་ལྔ་བཅུ་ནས་བཞི་བརྒྱའི་བར་ཡོད་པར་གོ་བ་བླངས་ནས་ཧང་སངས་མདོག་བསྟན་པ་ལྟ་བུ་རེད། ཀེ་ལོ་ལྒ་རམ་སུམ་བརྒྱ་ལྔ་བཅུ་གསུམ་སྡོམ་ན་ད་གཟོད་ཀེ་ལོ་གཅིག་དང་ལྒ་རམ་ལྔ་བཅུ་རེད། གནའ་བོའི་ས་རྫ་ལས་གྲུབ་པའི་ལྷུང་བཟེད་ཅིག་ལ་མཚོན་ན་ལྗིད་ཚད་འདི་འདྲ་རྒྱུན་ལྡན་གྱི་ཕོར་བ་ཞིག་གི་ལྗིད་ཚད་རེད། ཧང་སངས་ནས་འདྲོགས་དགོས་དོན་མི་འདུག རྒྱ་གར་གསར་ཤོག་གིས་གསལ་བོར་བྲིས་འདུག དེ་ལ་འགྲེལ་ལོག་མི་དགོས་བསམ།

  15. ཚེ་རིང་བསམ་གྲུབ། says:
    2014-01-16 at 10:34 am

    ཞུས་ཆེན་པ་ཁྱེད་རང་གིས་བྲིས་པ་དེར་ཡག་པོ་བྱས་ནས་ལྟོས་དང་། ༼ ཀེ་ལོ་ལྒ་རམ་སུམ་བརྒྱ་ལྔ་བཅུ་གསུམ་སྡོམ་ན་ད་གཟོད་ཀེ་ལོ་གཅིག་དང་ལྒ་རམ་ལྔ་བཅུ་རེད། གནའ་བོའི་ས་རྫ་ལས་གྲུབ་པའི་ལྷུང་བཟེད་ཅིག་ལ་མཚོན་ན་ལྗིད་ཚད་འདི་འདྲ་རྒྱུན་ལྡན་གྱི་ཕོར་བ་ཞིག་གི་ལྗིད་ཚད་རེད།༽
    ང་ནི་ཧང་སང་སོང་། དངོས་གནས་ཡིན། མཁས་མདོག་རྩ་བ་ནས་མིན། ཀི་ལོ་གྷ་རམ་གཅིག་ལ་གྷ་རམ་སྟོང་གཅིག་ཡོད། (1Kilogram=gram1000) དེང་དུས་ཤེས་བྱའི་གནས་ཚད་ཧ་ཅང་སྐྱོ་པོ་འདུག སྤྱིར་ཀི་ལོ་ཟེར་བ་ནི་སྟོང་གི་དོན་ཅན་རེད། གྷ་རམ་སྟོང་ལ་ཀི་ལོ་གྷ་རམ་དང་། མི་ཊར་སྟོང་ལ་ཀི་ལོ་མི་ཊར་ལ་སོགས་པ་ལྟ་བུ་རེད།

  16. ལྷ་བྱ་འཕུར་མ says:
    2014-01-17 at 12:02 am

    དངོས་གནས་གཞན་ལ་སྨད་ནས་རང་ཉིད་མཁས་མདོག་སྟོན་པ་ནི་རང་སྣང་ང་རྒྱལ་མཐོ་བའི་རྟགས་ཤིག་རེད།གཞན་གང་ཡང་བཤད་རྒྱུ་མེད།ཚེ་རིང་ལགས་ད་ཐེངས་དེ་ཙམ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme