Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སློབ་གསོའི་སྙིང་དོན།

Posted on 2014-01-132014-01-13 By ཁ་བརྡ་ 5 Comments on སློབ་གསོའི་སྙིང་དོན།

སེར་ཤུལ་རིན་ཆེན་དོན་གྲུབ།

སློབ་གསོ་ཞེས་བརྗོད་སྐབས་མི་རིགས་འདྲ་མིན་དང་། རིགས་རྒྱུད་ཐ་དད། ཆོས་ལུགས་ཀྱི་རྗེས་འབྲང་ཡིན་མིན། སྐྲ་སེར་དམར་དང་། གཟུགས་རིང་ཐུང་། ཤ་དཀར་དམར་གྱི་ཁྱད་པར་མེད་པར་འགྲོ་བ་མི་ཚང་མས་ལེགས་ཕྱོགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ཡང་སློབ་གསོ་དང་སློབ་གསོའི་གཞུང་ལུགས་ཀྱིས་རང་ཉིད་དང་རང་ཉིད་ཀྱི་སྤྱི་ཚོགས་ལ་ལེགས་ཚོགས་ཤིག་སྐྲུན་བཞིན་པས་རེད། སློབ་གསོའི་གོ་དོན་ཡང་གང་ཞིག་ལ་བསླབས་ཤིང་སྦྱངས་བའི་གྲུབ་དོན་གྱིས་རང་ཉིད་ཀྱི་བསམ་བློ་དང་། འཚོ་བ། ཁོར་ཡུག སྤྱི་ཚོགས་བཅས་སུ་ལེགས་ཚོགས་གང་ཞིག་གསོ་བ་སྟེ་ཉམས་པ་སླར་གསོ་བ་དང་། མ་ཉམས་པ་གོང་དུ་འཕེལ་བར་བྱེད་པ། མེད་པ་གསར་སྐྲུན་བྱེད་པའི་བརྒྱུད་རིམ་དེ་རེད།

ཆེས་མཛེས་སྡུག་ལྡན་པའི་སློབ་གསོའི་དེའི་བརྒྱུད་རིམ་ནས་སྐྱེ་བོ་དམ་པའམ་མཆོག་ཏུ་གྱུར་བའི་སྐྱེ་བོ་ཇི་སྙེད་ཅིག་བྱུང་ཞིང་དེ་དག་གིས་འོད་དང་དྲོད་ཀྱིས་གང་བའི་སྤྱི་ཚོགས་ཇི་སྙེད་ཅིག་བསྐྲུན་ཡོད། འདི་དག་ཡོང་བའི་རྐྱེན་རྩ་གཙོ་བོ་ནི་ཡང་དག་པའི་སློབ་གསོའི་གཞུང་ལུགས་དང་། སློབ་གསོའི་གཞུང་ལུགས་དེ་ལག་ལེན་དུ་བསྟར་ཐུབ་མིན་ལ་རག་ལུས་ཡོད། རྒྱུ་མཚན་དེ་དག་གི་ཕྱིར་དམ་པའི་ཁ་རྒྱུན་དུ་”ཁ་བཤད་བརྒྱ་ལས་ལག་ལེན་གཅིག་གལ་ཆེ”ཞེས་པའི་བཤད་སྲོལ་འདི་བྱུང་བ་རེད། བོད་གངས་ཅན་པའི་སློབ་གསོའི་བརྒྱུད་རིམ་ལ་མཚོན་ན་གནའ་ནས་ད་བར་དུ་ཚད་གང་འཚམ་ཞིག་གི་ངོས་ནས་བལྟས་ན་ཡང་དག་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག་པ་ཞིག་ཡིན།
འོན་ཀྱང་སློབ་གསོའི་གཞུང་ལུགས་དང་ལག་ལེན་གྱི་བར་སྟོང་དག་གིས་དུས་ནས་དུས་སུ་ནོར་འཁྲུལ་དང་ནོར་འཁྲུལ་ཤོར་བཞིན་ཡོད།
མི་རིགས་གང་ཞིག་གི་སློབ་གསོ་སྨྲ་བའམ་སློབ་སྟོན་པ་ནི་མི་རིགས་དེའི་འཚོ་གནས་རིན་ཐང་གི་འབྱུང་རྩར་ངོས་འཛིན་བྱེད་ཆོག་མོད། སློབ་གསོ་སྨྲ་བ་དང་སློབ་སྟོན་པ་ཁོ་ནས་སྒྲུབ་མི་ཐུབ་པའི་གནད་ཀྱི་འགག་རྩ་ནི་གང་ཟག་སྒེར་རེ་རེའི་ངོས་ནས་སློབ་གསོ་དང་ལེན་དང་། སློབ་སྟོན་ལག་ལེན་དུ་བསྟར་ཐུབ་མིན་དེ་རེད།

སློབ་གསོ་ཚད་ལྡན་ནི་བལྟོས་འཇོག་གི་ངོས་ནས་བཞག་དགོས་པ་ལས། རང་སྐྱ་བའི་ངོས་ནས་ངོས་འཛིན་བྱེད་ཐབས་མེད། དེའི་རྒྱུ་མཚན་ནི་འགྲོ་བ་མིའི་ཁམས་དང་མོས་པའི་རང་བཞིན་གྱིས་སྤྱི་ཚོགས་དང་། གནས་སྟངས་ཀྱི་དབང་གིས། སློབ་གསོའི་གཞུང་ལུགས་སམ་ལེགས་པའི་སློབ་གསོ་གཅིག་ལན་རེར་ཕན་པ་དང་སྐབས་རེར་གནོད་པར་འགྱུར་གྱི་ཡོད་པ་དངོས་མཐོང་མངོན་གསུམ་རེད། གླང་ཆེན་སྟོང་གིས་མི་ཐེག་པའི་གནས་ལུགས་ཀྱི་མཛེས་པ་འདི་ལ་རྟེན་ནས་སློབ་གསོ་སྨྲ་བའི་མཁས་དབང་ཁོང་གིས་“ངས་འཛམ་གླིང་གི་མི་མང་ཚང་མར་ནང་ཆོས་ནི་རིག་གཞུང་ཡག་ཤོས་དེ་ཡིན་ཞེས་བརྗོད་མི་ཐུབ”ཅེས་གསུངས་ཡོད།

དེ་བས་ང་ཚོས་ཡང་དག་པའི་སློབ་གསོ་དང་། སློབ་གསོའི་གཞུང་ལུགས་ངོས་འཛིན་བྱེད་སྐབས་མི་རིགས་གཞན་དང་། རྒྱལ་ཁབ་གཞན་གྱི་སློབ་གསོ་ན་ཁོ་མཆོག་དང་། ཕུལ་དུ་མཐོང་ནས་འདི་ཁོ་ནས་ང་ཚོ་མཛེས་སྡུག་ཕུལ་དུ་བྱུང་བའི་ཞིང་ཁམས་སུ་འཁྲིད་པར་བྱེད་དོ།། རྒྱུ་མཚན་ནི་ཁོང་ཚོར་འདི་ཡོད་པས་ཁོ་ཚོ་ང་ཚོ་ལས་ལྷག་པའི་ལེགས་ཚོགས་འདི་ཐོབ་པ་རེད་ཅེས་ཡང་བཤད་བསྐྱར་བཤད་བྱས་ཏེ། ཚད་མཐོ་བའི་གནས་ལུགས་བགྲང་ཡོད་བསམ་པ་ནི་རྩ་བ་ནས་ནོར་བའི་ཕྱོགས་སུ་ཕྱིན་པ་རེད།
མི་རིགས་གཞན་ལ་ཡོད་ན་ང་ཚོར་ཡོད་དགོས་པའི་ངེས་པ་མེད་ལ། མི་རིགས་གཞན་གྱི་ཡང་དག་པའི་སློབ་གསོ་ཡིན་ན་བོད་མི་རིགས་ཀྱི་ཡང་དག་པའི་སློབ་གསོ་ཡིན་པའི་ངེས་པའང་མེད། ཡང་དག་པའི་སློབ་གསོ་ནི་འགྲོ་བ་མིའི་ཁམས་མོས་རང་བཞིན་ལ་བལྟོས་ནས་འཇོག་པ་ལས་ལེབ་རྡུང་སྙོམས་སྒྲིག་ཐུབ་པའི་གནས་ལུགས་ལ་ཡེ་ནས་རྒྱང་ཐག་གིས་བཀྱེད་པས་བཙན་ཚུགས་ཀྱིས་འདུ་ཤེས་སྒྱུར་སྐྲུན་ཐུབ་པ་ཞིག་གཏན་ནས་མིན།

དེས་ན་ད་བར་དུ་བོད་མི་རིགས་ཀྱི་སློབ་གསོའི་ཁ་ཕྱོགས་ནང་བསྟན་ཆོས་ལུགས་ཀྱི་ཤན་ཤུགས་ཀྱིས་མི་ཆོས་རིག་པའི་སྟོང་ཆ་ཁོ་ན་ངོས་འཛིན་གྱིས་ལྷ་ཆོས་རིག་པའི་སློབ་གསོའི་མཛེས་པ་ལ་གཡུལ་བཤམས་ཤིང་། དམོད་བོར་དགོས་ལ། ལྷ་ཆོས་རིག་པའི་རྨོངས་དད་འདུ་ཤེས་ཀྱི་བསམ་བློ་དོར་བ་ནས་བོད་མི་རིགས་འདི། མི་རིགས་གཞན་དང་གཞན་ལྟར་མཛེས་པའི་ཁྲི་འཕང་ལ་ཕེབས་འགྲོ་བའི་འདུ་ཤེས་འཛིན་སྟངས་དེ་ཡང་། དོན་དངོས་རང་བཞིན་གྱིས་ཡང་དག་པའི་གནས་ལུགས་ཤིག་དང་། ལག་ལེན་དུ་བབ་པའི་ཆོས་ཉིད་ངོ་མ་གང་ཡང་མ་ཡིན་པར་གསར་ཞེན་འདུ་ཤེས་ཀྱི་འཕག་འཚག་རྐྱང་བ་ཞིག་རེད།

འགྲོ་བ་མི་ཚང་མར་མི་ཚེའི་ལམ་བུ་འདིའི་སྟེང་དུ་ངེས་པར་དུ་དགོས་པ་ནི། དཔལ་འབྱོར་དང་། འཕྲོད་བསྟེན། ད་དུང་ཞི་བདེ་དང་། ཕན་སེམས། ལྷད་མེད་པའི་བརྩེ་སེམས་དྲོད་མོའི་མཁའ་དབུགས་སོགས་རེད། མི་ཆོས་དང་། འཚོ་གནས་རིན་ཐང་ཟེར་ནས་ཇི་ལྟར་བཤད་ཀྱང་མཐར་གཏུགས་ས་ནི་འདི་དག་ཡིན་ལ། དེ་ཡང་ཕར་དེད་ན་འདོད་ཚིམ་རང་བཞིན་ཀྱི་འཚོ་བ་དེ་རེད། ལྷ་ཆོས་རིག་པའི་སྙིང་དོན་དང་། མི་ཆོས་རིག་པའི་གྲུབ་དོན་གང་ཡིན་ཡང་བདེ་སྐྱིད་དང་། འདོད་ཚིམ་ཀྱི་ཆེད་དུ་དམིགས་ཡོད་མོད། ཚད་ལས་བརྒལ་བའི་འདོད་ཧམ་དང་། གཡམ་རྒྱུགས་ཐོད་བརྒལ་གྱི་འདུ་ཤེས་དེས་ནམ་ཡང་འདོད་ཚིམ་གྱི་འདུ་ཤེས་འཛིན་སྟངས་དེའི་ཁ་གཏད་དུ་ལང་བཞིན་ཡོད།

དེ་བས་གང་ཞིག་གིས་འཚོ་གནས་རིན་ཐང་གི་དོན་སྙིང་ལོག་འགྲེལ་བྱེད་བཞིན་པའི་འབྱུང་རྩ་ནི། གཟུ་བོའི་བློ་གྲོས་ཀྱི་མ་འདང་བའི་སྟོང་ཆ་དང་། གསར་ཞེན་སྨྱོ་མཆོང་གི་ཨ་གསར། རང་གི་རིན་ཐང་ལྟ་བའི་དཔྱོད་ཤེས་བྲལ་བ། ལེགས་ཉེས་དབྱེ་འབྱེད་དང་། ཡང་དག་པའི་རྒྱབ་ལྗོངས་ཀྱི་གཞི་འཛིན་གང་ཡང་མེད་པར་གཞན་གྱི་ཡོད་ཚད་ལ་འགྲམ་ཆུ་ལྡང་བའི་འདུ་ཤེས་ཐ་ཆད་པ་དེ་རེད།
དེས་ན་ང་ཚོས་མི་ཆོས་རིན་ཐང་གི་ཆེད་དུ་མདུན་དུ་རྒྱུགས་ཤིང་། ཡང་རྩེར་འཛེགས་དགོས་ན། དེ་རིང་ནས་ཐ་ཆད་པའི་འདུ་ཤེས་དེར་སེམས་གཏིང་ནས་དམོར་བོར་ཞིང་། རྒྱབ་ཕྱོགས་ནས་རང་ཚུགས་བཟུང་དགོས།

༢༠༡༣/༤/༣༠ ལ་བྲིས།

རྩོམ་རིག

Post navigation

Previous Post: དགུ་རོང་སྤུན་གྲོལ་གྱི་ལོག་རྟོག
Next Post: རྒྱལ་སྤྱི་དང་རྒྱ་ནག་ནང་དུ་དབུ་མའི་ལམ་གྱི་གྲུབ་འབྲས་སྐོར།

Comments (5) on “སློབ་གསོའི་སྙིང་དོན།”

  1. ཤར་པ་ says:
    2014-01-14 at 5:36 am

    ད་ཅོ་རང་གིས་སུ་ལ་ལབ་་ཀྱི་ཡོད་ཧ་མི་གོ་འགི་། ཨ་རོ་དེ་ལས་གསལ་རུ་གཏང་བའི་བློ་ཁོག་མེད་པ་ཨེ་ཡིན་རིགས་ཀྱི་བུ།

  2. རྟེན་འབྱུང་། says:
    2014-01-14 at 2:27 pm

    སུ་ལ་ལབ་ཀྱི་ཡོད་མེད་གསལ་བོ་རེད་རང་གི་ཚོར་བ་ཙམ་གྱི་རྗེས་སུ་སོང་ནས་རིགས་པའམ་རྒྱ་མཚན་ཐོག་བསམ་མི་ཐུབ་མཁན།་ཚོར་བའི་རྗེས་འབྲང་། དེང་སང་གི་གསར་བུ་འགའ་རེ་རེད

  3. རྟེན་འབྱུང་། says:
    2014-01-14 at 2:29 pm

    སློབ་གསོའི་སྐོར་ལ་རྩོམ་ཡིག་ཡག་པོ་བྲིས་འདུག་པས་ཐུགས་རྗེ་ཞུ།

  4. ཤར་པ་ says:
    2014-01-15 at 6:58 am

    རང་ཕྱོགས་ལ་བཀའ་རྒྱུད་ཞ་དམར་པ་དང་། སུ་སུར་དོལ་བརྟེན དགོན་པ་ས་སོགས་ཀྱི་ཕྱོགས་ལ་སློབ་གསོ་རྒྱབ་ཐུབ་ན་བཀའ་དྲིན་ཆེ་།

  5. dhoshul says:
    2014-01-18 at 2:01 am

    དབུ་མའི་ལམ་ངོས་ཀྱིས་ཉམས་མྱོང་ཕྱོགས་བསྡུས་བྱས་ཏེ་མཐའ་བསྡོམས་བརྒྱབ་ནས་ཕྱིན་པ་རེད།
    གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
    hh_2014_1_12༧གོང་ས་མཆོག་གིས་“སྤྱིར་བཏང་ངོས་རང་རྒན་ཡོལ་དུ་ཕྱིན་ཏེ་འགན་མེད་ཀྱང་། ངོས་རང་ལོ་བཅུ་དྲུག་ནས་བདུན་ཅུ་དོན་དྲུག་བར་ངོས་ཀྱིས་འགན་ཁྱེར་ནས་བསྡད་པ་རེད། རྒྱ་བོད་འབྲེལ་བ་བྱེད་རྒྱུའི་དབུ་མའི་ལམ་ཡང་ངོས་ཀྱིས་ཉམས་མྱོང་མང་པོ་ཕྱོགས་བསྡུས་དང་འབད་བརྩོན་བྱས་ཏེ་མཐའ་བསྡོམས་བརྒྱབ་ནས་ཕྱིན་པ་རེད། དེར་བརྟེན་གཏམ་འགོ་ངོས་ཀྱིས་བཙུགས་སྟབས་མི་མང་ཚོར་གསལ་བཤད་མ་བྱས་ན་མི་འགྲིག་པ་ལྟ་བུ་འདུག་”བཀའ་སློབ་གནང་འདུག
    དེ་ཡང་ཕྱི་ཟླ་༡ ཚེས་༡༢ ཉིན་༸གོང་ས་མཆོག་གིས་རྒྱ་གར་མཱ་ཧ་རཱ་ཤི་ཊ་རཱ་མངའ་སྡེའི་བྷན་ངྷ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་གནང་བ་དང་། དེར་ཡོད་སེར་སྐྱ་མི་མང་ལ་སྔོན་མའི་བོད་ཀྱི་གནས་སྟངས་སྐོར་ལ་བཀའ་སློབ་གནང་དོན། “ངོས་རང་ལ་ཆུང་དུས་ར་སྒྲེང་དང་སྟག་བྲག་རྒྱལ་ཐོག་གིས་གནང་བ་རེད། ཁྱེད་རང་ཚོ་མི་རབས་རྒན་པ་ཡོད་ན་མཐོང་ཐོས་མྱོང་གསུམ་ཡོད་ཤས་ཆེ། སྤྱིར་བཏང་རྒྱལ་ཐོག་སོ་སོའི་གཙོ་བོ་ཞབས་གྲས་ཚོས་ཕྱོགས་ལྷུང་ཐོག་ནས་ཕྱིན་ཡོད། གང་ལྟར་དཔོན་པོ་རེ་ཟུང་གི་ལག་པར་དབང་ཆ་ཡོངས་རྫོགས་ཡོད་སྟབས། ཁྲིམས་ཀྱི་དབང་སྒྱུར་མེད་པར་མི་མང་ཚོར་བཀའ་གཏོང་གི་ཡོད་པ་མ་མ་ཏོགས། མི་མང་ལ་ཞབས་འདེགས་ཞུ་མཁན་ཡིན་བསམས་པ་ཕལ་ཆེར་མེད། ངོས་ཀྱིས་དེ་དུས་ནས་བྱེད་ཕྱོགས་དེར་སྐྱོན་འདུག་བསམས་པ་དྲན་བཞིན་ཡོད། མང་གཙོར་དགེ་མཚན་ཆེན་པོ་ཞིག་ཡོད་པར་བརྟེན། ངོས་ཀྱིས་དགའ་བཞིན་སྤྲོ་བཞིན་དང་དུ་བླངས་ཏེ་དགའ་ལྡན་ཕོ་བྲང་གིས་སྲིད་དབང་འཛིན་རྒྱུ་མཇུག་སྒྲིལ་བྱས་པ་ཡིན།”ཅེས་གསུངས་འདུག
    ༧གོང་ས་མཆོག་གིས་“ང་ཚོ་མང་གཙོའི་འཕེལ་རིམ་དང་ལག་བསྟར་བྱེད་རྒྱུའི་ཐོག་ནས་བརྗོད་ན། པེ་ཅིང་སྲིད་གཞུང་གི་འགྲོ་སྟངས་དང་ང་ཚོ་དྷ་སར་སྒྲིག་འཛུགས་ཆུང་ཆུང་ཞིག་ལས་མེད་ཀྱང་འགྲོ་སྟངས་ཚད་ལོང་བ་ཞིག་ཆགས་ཀྱི་ཡོད། རྒྱ་མི་གུང་ཁྲན་མཁྲེགས་བཟུང་ཅན་ཚོས་ནམ་རྒྱུན་ཞིང་བྲན་ལམ་ལུགས་དང་སྤྱི་ཚོགས་རྙིང་པ། རྗེས་ལུས་རེད། ཅེས་སྐྱོན་བརྗོད་བྱེད་གཞི་གང་ཡང་མེད་པ་ཆགས་ཡོད། ངོས་ཀྱིས་ཆབ་སྲིད་ཀྱི་ལས་འགན་ནས་དགོངས་ཞུ་བྱེད་དགོས་དོན་ནི། ངོས་རང་སེམས་ཤུགས་ཆག་པ་དང་བོད་དོན་རེ་བ་བརླགས་པ་ལྟ་བུའི་ཐོག་ནས་བྱས་མེད།”ཅེས་གསུངས་སོང་།
    ཁོང་གིས་རྒྱ་བོད་འབྲེལ་མོལ་སྐོར་གསུང་དོན། “ཕྱི་ལོ་༢༠༠༢ ལོར་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བྱེད་རྒྱུ་ཞིག་བྱུང་ཡོད་ཀྱང་ང་ཚོས་འབྲེལ་བ་བྱེད་ཡུལ་དེ་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་རེད། ལས་ཁུངས་དེའི་ནང་གི་མི་དེ་དག་བསམ་བློ་རྒྱ་ཆེན་པོ་གཏོང་མ་ཐུབ་མཁན་དང་། རང་ཉིད་ལ་དབང་ཆ་ཡོད་སྟབས་ཧ་ཅང་མཁྲེགས་པོ་བྱས་ནས་སྡོད་མཁན་ཞིག་ཆགས་འདུག་པར་བརྟེན་གང་ཡང་བྱུང་མེད། དུས་ཡུན་དེའི་རིང་ལ་རྒྱ་ནག་གཞུང་དང་ང་ཚོ་འབྲེལ་བ་བྱས་ནས་གྲུབ་འབྲས་གང་ཡང་ཐོན་མེད་ཀྱང་། རྒྱ་ནག་མི་མང་ཁྲོད་བོད་ཀྱི་གནས་ཚུལ་གོ་རྟོགས་ཡོང་རྒྱུ་ ཤུགས་ཆེ་རུ་ཕྱིན་ཡོད་པ་མ་ཟད། ལྷག་པར་ཤེས་ཡོན་ཅན་ཚོའི་ནང་ནས་བོད་ཀྱི་གནས་ཚུལ་ལ་དོ་སྣང་གསར་པ་སླེབས་ཏེ་བོད་དོན་ལ་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེན་པོ་འདུག དཔེར་ན། འདས་པའི་ལོ་གསུམ་བཞིའི་ནང་ལ་བོད་དོན་སྐོར་རྒྱ་མི་རང་ཉིད་ཀྱིས་བྲིས་ཡོད་པ་རྩོམ་ཡིག་སྟོང་ཕྲག་གཅིག་ཙམ་བྱུང་ཡོད། དེང་སྐབས་རྒྱ་མིས་ང་ཚོར་ཁ་བྲལ་རེད། ཅེས་བརྗོད་ཀྱི་ཡོད། ང་ཚོས་ཁ་བྲལ་གང་ཡང་བྱེད་ཀྱི་མེད་པ་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་སྡོད་ཀྱི་ཡིན། ཞེས་བརྗོད་བཞིན་ཡོད།”ཅེས་གསུངས་འདུག
    hh1_2014_1_12༧གོང་ས་མཆོག་གིས་བོད་ཀྱི་རྒྱལ་རབས་དང་འབྲེལ་ནས་བོད་དོན་སྐོར་གསུང་དོན། “རྒྱལ་པོ་གླང་དར་རྗེས་བོད་ཁ་བྲལ་ཕྱིན་འདུག དེ་ནས་ལོ་སྟོང་ཕྲག་ལྷག་བོད་ཆོལ་ཁ་གསུམ་གཅིག་སྒྲིལ་བྱུང་མྱོང་མེད། རྒྱ་གུང་ཁྲན་གྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དེང་སྐབས་བོད་ཆོལ་གསུམ་ གྱི་མི་མང་ཚང་མར་གཅིག་སྒྲིལ་གྱི༌ལྷག་བསམ་དང་སེམས་ཤུགས་ཧ་ལས་པ་འདུག དེ་ལྟ་བུ་ཞིག་ཡོད་བཞིན་པ་དེ་ང་ཚོས་ནམ་ཡང་བརྗེད་ཐབས་མེད་པར་བརྟེན། ང་ཚོ་ལེགས་ཉེས་སྐྱིད་སྡུག་གང་བྱུང་ཡང་ཆོལ་ཁ་གསུམ་མཉམ་ཟ་མཉམ་འཐུང་དང་སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུ་ཡིན་མ་གཏོགས། ང་ཚོ་ཁ་བྲལ་ཐབས་མེད་པ་ཞིག་ཆགས་ཡོད། མང་ཚོགས་ལ་བསམ་ཚུལ་ཤུགས་ ཆེ་ཡོད་སྟབས། མཁྲེགས་བཟུང་བྱེད་མཁན་གྱི་རིགས་ག་ལེར་ག་ལེར་གྲོགས་མེད་ཁེར་རྐྱང་གི་གནས་སྟངས་ཆགས་ཀྱི་འདུག དེ་ལྟ་བུའི་གནས་སྟངས་འོག་ད་ལྟའི་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་གསར་པའི་བསམ་བློ་ཕྲན་བུ་གུ་ཡངས་པ་ཡོད་སྐོར་རྒྱ་མི་མང་པོས་ངོས་ལ་བརྗོད་བྱུང་། རིམ་བཞིན་འགྱུར་བ་འགྲོ་གི་ཡོད་པ་ལྟ་བུ་འདུག དེར་བརྟེན་ང་ཚོ་ཚང་མས་དུས་ད་བར་དུ་དཀའ་ལས་བརྒྱབ་སྟེ་ལྷག་བསམ་དང་སྙིང་སྟོབས་ཞུམ་མེད་ཐོག་བསྡད་ཡོད།”ཅེས་གསུངས་འདུག
    ཁོང་གིས་ནང་གི་མི་མང་གི་སྐོར་གསུང་དོན། “གཙོ་བོ་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ནས་ཧ་ལས་པའི་སེམས་ཤུགས་བྱས་ཏེ་བསྡད་པ་རེད། སེམས་ཤུགས་དང་མཁྲེགས་པོ་བྱས་ནས་བསྡད་སྟབས། རྒྱ་རིགས་མི་མང་ནང་དང་ལྷག་པར་ཤེས་ཡོན་ཅན་མང་དག་ཅིག་གིས་བདེན་པ་མཐོང་སྐབས། རྒྱ་ནག་གཞུང་གི་སྲིད་བྱུས་ནོར་བའི་བསམ་ཚུལ་ཤུགས་ཆེ་སླེབས་ཀྱི་འདུག དེ་ལྟ་བུའི་ཤུགས་རྐྱེན་འགོ་ཁྲིད་ཚོའི་ཐོག་ལ་ཏན་ཏན་སླེབས་ཀྱི་ཡོད། སྤྱིར་བཏང་ངོས་རང་རྒན་ཡོལ་དུ་ཕྱིན་ཏེ་འགན་མེད་ཀྱང་། ངོས་རང་ལོ་བཅུ་དྲུག་ནས་བདུན་ཅུ་དོན་དྲུག་བར་ངོས་ཀྱིས་འགན་ཁྱེར་ནས་བསྡད་པ་རེད། རྒྱ་བོད་འབྲེལ་བ་བྱེད་རྒྱུའི་དབུ་མའི་ལམ་ཡང་ངོས་ཀྱིས་ཉམས་མྱོང་མང་པོ་ཕྱོགས་བསྡུས་དང་འབད་བརྩོན་བྱས་ཏེ་མཐའ་བསྡོམས་བརྒྱབ་ནས་ཕྱིན་པ་རེད། དེར་བརྟེན་གཏམ་འགོ་ངོས་ཀྱིས་བཙུགས་སྟབས་མི་མང་ཚོར་གསལ་བཤད་མ་བྱས་ན་མི་འགྲིག་པ་ལྟ་བུ་འདུག དེང་སྐབས་རང་བཙན་བརྗོད་ན་སེམས་ཤུགས་ཡོད་པ་དང་། རང་སྐྱོང་བརྗོད་ན་སེམས་ཤུགས་མེད་པའི་སྐད་ཆ་ཤོད་མཁན་ཡོང་གི་འདུག དེ་ལྟར་མིན་པས་ཁྱེད་རང་ཚོ་མགོ་སྐོར་ཐེབས་རྒྱུ་མེད། ཁྱེད་རང་ཚོ་རང་བཙན་གྱི་བསམ་བློ་ཡོད་མཁན་ཡིན་ན། རང་བཙན་སྒྲུབ་ཆོག་གི་རེད་ཀྱང་གང་འདྲ་བྱས་ནས་སྒྲུབ་བམ། རང་བཙན་དགོས་ཞེས་སྐད་བརྒྱབ་པ་ཁོ་ནས་འགྲིག་གི་མེད། རང་བཙན་བསྒྲུབ་ན་དང་པོ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་རེད་མ་གཏོགས་འཆམ་མཐུན་དང་སྐད་ཆ་བཤད་ནས་ཡོང་རྒྱུ་མེད། རྒྱ་མི་དགྲ་ཁ་གཏད་བཟོས་ན་ང་ཚོས་རྒྱ་མིར་ཐུབ་ཀྱི་རེད་དམ་མ་རེད། བསམ་བློ་ཡག་པོ་གཏོང་དགོས།” ཞེས་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme