Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་བྱང་མ་བཙལ་བའི་སྙན་ངག

Posted on 2014-01-112014-01-11 By ཁ་བརྡ་ 18 Comments on ཁ་བྱང་མ་བཙལ་བའི་སྙན་ངག

བཀྲ་ཤིས་དོན་འགྲུབ།

ལོ་ཟླའི་ཤོག་ལྷེ་བཀླགས་ནས་ཚར་བཞིན་འདུག།
ལང་ཚོའི་ལོ་མ་ལྗང་གུ་སད་ཀྱིས་ཁྱེར།།
གླེགས་བམ་ཧྲུལ་པོའི་ཁྲོད་ཀྱི་འཚོ་བ་འདིར།།
ད་ནི་སྡོམ་ཚིག་ནན་པོ་རྒྱག་རན་བཞག།

རལ་གྲིའི་ཟས་སུ་སྦྱིན་པའི་སྐྲ་ལོ་དེ།།
ལས་ཀྱི་མིག་ཆུའི་མཚོན་དོད་ཡིན་པ་འདྲ།།
གཟན་སྣེ་རླུང་གིས་སྐྱོད་པའི་གཞན་དབང་འདི།།
མི་རྐྱང་ཞིག་གི་སྡོམ་ཚིག་ཁོ་ན་ཡིན།།

སེམས་པ་རིས་སུ་འབྲི་བའི་སྨྱུ་གུ་དེ།།
ང་ཡི་གྲིབ་གཟུགས་ནག་པོའི་རྣམ་འགྱུར་ཏེ།།
རང་སྣང་གླུ་ལ་བཅོལ་བའི་ཞེན་ཆགས་འདི།།
མི་ཡུལ་འགྲིམས་པའི་རྐང་རྗེས་རབ་རིབ་ཅིག།

སྐྱིད་སྡུག་རླབས་རིས་སྨིག་རྒྱུའི་གསེང་ལ་ཐིམ།།
ལྷག་བསམ་དཀར་པོ་ལ་ཁའི་ན་བུན་འདྲ།།
སྣང་སྲིད་སྒྱུ་མའི་རྒྱ་མཚོ་འཕྱོ་ས་ནས།།
རྨི་ལམ་མཚར་པོ་ཞིག་ལ་འཁྲེང་ནས་གདའ།།

མཚན་སྨག་འཇིགས་པོས་འཐིབས་པའི་ཡུལ་ཁམས་ནས།།
འཇའ་མཚོན་འཛིན་པའི་སྟོང་བསམ་མ་འཆང་ན།།
ཚེར་མས་ཁེངས་པའི་འཕྲང་ལམ་དོག་པོ་ནས།།
རྐང་ཁྲག་ས་ལ་བརྡོལ་བའི་སྡུག་བསྔལ་ཡོད།།

མེ་ཏོག་མཛེས་པ་འགྲན་པའི་དབྱར་ལྗོངས་དེ།།
རླུང་གི་ལག་པས་ཧད་ཀྱིས་ཁྱེར་ནས་ཡལ།།
བྱེ་རླུང་འཚུབ་མ་བསྡོངས་པའི་དགུན་གཞུང་འདི།།
མི་ཚེའི་གདོང་རིས་མཚོན་པའི་ཟློས་གར་ཙམ།།

སྙན་ངག

Post navigation

Previous Post: ངའི་གྲོགས་པོ་དམ་པ་བཛྲ་ཚུལ་ཁྲིམས།
Next Post: རྗེས་དྲན་དབྱངས་གསལ་ཡིད་ཀྱི་མེ་ལོང་།

Comments (18) on “ཁ་བྱང་མ་བཙལ་བའི་སྙན་ངག”

  1. ཨོ་རྒྱན་ཉི་མ། says:
    2014-01-11 at 12:19 pm

    དོན་མེད་སེམས་ལ་མི་བདེ་ཚོར་བས་ཉེན། །
    ངག་ནས་འཁུན་སྒྲ་དབང་མེད་འཆོར་བའི་ཚེ། །
    སྲིད་པའི་ལས་ཀྱིས་སྲིད་པར་འཁྲིད་པ་ཡི། །
    བསམ་སྦྱོར་གཉིས་ལ་སྟངས་འཛིན་དམ་པོ་བྱོས། །

  2. བན་དེ་བ། says:
    2014-01-11 at 12:34 pm

    བྱང་སེམས་ཆོག་ཤེས་ངག་སྒོའི་ཁང་བཟང་ནས།
    སྟོང་གསུམ་ལྡིར་བའི་འབྲུག་བཞིན་གྲགས་ནའང།
    བསམ་སྦྱོར་མ་འབྲེལ་ན་གཅིག་བྲིས་ནའང།
    ཆགས་སྡང་རྨོངས་པའི་གཏམ་གྱི་སྤྲིན་ནག་གཡོ།

  3. དབང་འདུས། says:
    2014-01-11 at 9:11 pm

    བཙུན་པས་འཁོར་བར་སྨོན་པའི་སྙན་ཚིག་ལ།།
    ཉམས་མྱོང་ཅན་གྱིས་གདམས་པ་མདོར་བསྡུས་ཞིག །
    བཅོས་མིན་སེམས་ཀྱིས་གཏིང་ནས་ཕུལ་པ་ལ།།
    ད་དུང་རྒྱས་ཤིས་རྒྱས་པའི་གསལ་བཤད་ཞུ།།

    བཙུན་པ་རྣམས་ཀྱིས་དགོན་པར་ཡིད་ཆད་ཅིང་།།
    ཁྱིམ་པ་རྣམས་ཀྱིས་གྲོང་ལ་ཡིད་ཆད་དེ།།
    སོ་སོའི་བདེ་སྐྱིད་གཞན་ནས་འཚོལ་འདོད་ཀྱང་།།
    སྲིད་པ་སྒྱུ་མའི་ཕུང་པོ་ནམ་ཡང་རྫུན།།

    དེས་ན་ཚེ་འདིར་སྐྱིད་འདོད་ཆེར་མེད་པར།།
    བདེ་ནས་བདེ་བར་འགྲོ་བའི་ཉམས་ལེན་ཞིག
    དགོས་ཞེས་ཉམས་མྱོང་ཅན་ཚོས་གསུངས་པ་དེས།།
    མཐར་ཐུག་སེམས་ཀྱི་གཏིང་ལ་ངེས་པ་སྟེར།།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-01-11 at 11:32 pm

    རྩོམ་ཡིག་འབྲི་བ་པོ་དང་།
    མཆན་འདེབས་མཁན་པོ་རྣམས།
    ཡི་གེ་དག་པར་བྲིས་པ་མཐོང་བ་འདིས།
    ཉི་གསལ་སྣང་བ་སྐྱིད་ལ་གྲོགས་སུ་གྱུར།།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-01-11 at 11:35 pm

    འདིས། ཞེས་པ་འདི། ཞེས་བཅོས་སོ།

  6. ཨོ་རྒྱན་ཉི་མ། says:
    2014-01-12 at 12:55 am

    ངོ་ཚ་མེད་པའི་བོན་པོའི་སྤྱོད་པ་དང་།།
    རྒྱུ་འབྲས་མེད་པའི་ཕུང་གསུམ་མི་གླུད་དག།
    བོད་འདི་མིང་མེད་གཏོང་མཁན་གཏེ་བོ་ཡིན།།
    ཆོས་འདི་རིན་མེད་བསྒྱུར་མཁན་དང་པོ་ཡིན།།

  7. ཨོ་རྒྱན་ཉི་མ། says:
    2014-01-12 at 1:06 am

    མི་བདེན་བསམ་ན་གཞུག་ནས་ལྟོས་དང་ཤེས།།
    ཐོབ་དང་སྒོར་སྟུ་ལས་གཞན་མི་མཁོ་བའི།།
    ཁྲེལ་མེད་བོན་དང་ཆོས་པའི་ཕུང་གསུམ་དག།
    བོད་ཀྱི་སྲོག་གཅོད་གཤེད་མ་དང་པོ་ཡིན།།

  8. པདྨ says:
    2014-01-12 at 2:08 am

    ཨ་རོ་རོ་རྒན། ཨ་ཀོང་གསོད་མཁན་བོན་པོ་དང་ཕུང་གསུམ་ཁྱེད་ཚོ་མ་རེད་གདའ། བོན་གདོད་མའི་ཆོས་ལ་དད་གུས་མེད་རུང་སྨད་མི་རུང་ཡ། བོན་པོ་ཚང་མ་དེ་འདྲ་ཅི་མ་རེད་དོ། བོན་ལ་འཇའ་ལུས་པ་ཡང་བྱོན་མྱོང་བ་ཉུང་ཉུང་མ་རེད་ད།

  9. བན་དེ་བ། says:
    2014-01-12 at 3:20 am

    སྲིད་པའི་ཕུན་ཚོགས་དོར་ནས་ཆོས་སྒོར་ཞུགས།
    ཡང་དག་ཆོས་སྒོར་ལོག་ལྟས་དམ་ཚིག་ཉམས།
    ར་མིན་ལུག་མིན་ཕུང་གསུམ་གཏེ་བོ་དག།
    བོད་ཀྱི་ཆོས་ལ་སྐུར་འདེབས་གཞི་མ་བརྟིངས།

    གཞན་ཕན་བྱང་ཆུབ་སེམས་ཀྱི་ཁ་སྒོ་ལས།
    དུག་གསུམ་འདབ་མའི་མེ་ཏོག་མངོན་པར་བཞད།
    རང་གཞན་གཉིས་ཕུངས་གཞན་སྨོད་སེམས་ཀྱི་གཞི།
    དུག་གིས་ཡོངས་སུ་བཟི་བའི་ཨོ་མིང་ཅན།

    གནའ་སྔོན་ཨ་ཀོང་བདེ་སྐྱིད་དཔལ་ལ་སྤྱོད།
    ཨོ་མིང་གནས་སྤོས་ཚ་མོ་སྤྲད་ནས་བཟུང།
    བསམ་ངན་མིར་འཆང་སྦྱོར་ངན་རང་རྩུབ་པས།
    མཐའ་མ་རིན་ཆེན་སྲོག་ཉིད་གྲི་ཁར་གཏད།

    ཨོ་མིང་མཚམས་ལ་བསྡད་ཅེས་ཁ་བརྡར་བསྒྲགས།
    བཅད་མཚམས་གྲོལ་དང་ཨ་ཀོང་གྲིར་ཤི་བ།
    དུས་མཉམ་བྱུང་འདིར་མི་རྣམས་ཧ་ལས་སྐྱེས།
    ད་ནི་ཨ་ཀོང་རྒྱུ་ནོར་ཨོ་ཉིར་དབང།

  10. དབང་འདུས། says:
    2014-01-12 at 7:12 am

    ངེས་འབྱུང་མེད་པར་རབ་བྱུང་གྲལ་ཞུགས་ཏེ།།
    ལུས་ལ་ཆོས་གོས་སྤྲས་པ་ཕུང་གསུམ་ཡིན།།
    དམ་ཚིག་མེད་པར་སྔགས་པའི་གྲལ་ཞུགས་ཏེ།།
    ལུས་ལ་གོས་དཀར་གསོལ་བའང་ཕུང་གསུམ་ཡིན།།

    གཟའ་ཟླ་མེད་ཀྱང་མཚན་མཐུན་འཁྲིག་སྤྱོད་ཀྱིས།།
    ཁྱིམ་ཐབ་མ་བཟུང་ཙམ་དེ་ཕུང་གསུམ་ཡིན།།
    ཤེས་འཇོན་མེད་ཀྱང་ཐབས་དང་གཡོ་རྒྱུ་ཡིས།།
    མཁན་སྤྲུལ་གོ་མིང་འཛིན་པའང་ཕུང་གསུམ་ཡིན།།

    ཆོས་པའི་གཟུགས་འཛིན་སྲིད་ཀྱི་སྣེ་ཁྲིད་དེ།།
    སྟོན་པའི་མཛད་པར་རྒོལ་བ་ཕུང་གསུམ་ཡིན།།
    གྲོང་པ་སྤངས་ཏེ་དགོན་པར་ཞུགས་ན་ཡང་།།
    དཔལ་འབྱོར་གཞན་ལས་ཆེ་བའང་ཕུང་གསུམ་ཡིན།།

    ཕུང་གསུམ་གླེང་ན་ཀུན་གྱང་ཕུང་བར་ངེས།།
    དོན་ལ་གཏུགས་ན་ཀུན་ཀྱང་རྫུན་མར་ངེས།།
    མ་བརྟགས་ཉམས་དགའ་ཙམ་གྱི་ཀུན་རྫོབ་དེ།།
    རིགས་པས་དཔྱད་ནས་གྲུབ་དགོས་སུ་ཡིས་ལུགས།།

  11. དབང་འདུས། says:
    2014-01-12 at 7:18 am

    ཕུང་གསུམ་གླེང་ན་ཀུན་གྱང་འཕུང་བར་ངེས།།
    དོན་ལ་གཏུགས་ན་ཀུན་གྱང་རྫུན་མར་ངེས།།
    མ་བརྟགས་ཉམས་དགའ་ཙམ་གྱི་ཀུན་རྫོབ་དེ།།
    རིགས་པས་དཔྱད་ནས་གྲུབ་དགོས་སུ་ཡིས་བཅས།

  12. BONPO says:
    2014-01-12 at 11:25 am

    ཁ་ཡིས་བཀའ་བརྒྱུད་པ་ཡི་དཀོར་ནག་ཟོས།
    རྐུབ་ནས་རྙིང་མ་པ་ཡི་རྙང་མ་གཏོར། །
    ལུས་ཀྱིས་ས་སྐྱ་པ་ཡི་ཆས་གོས་བརྐུས། །
    སེམས་ཀྱིས་བོན་དང་དགེ་ལྡན་དགྲ་རུ་བཟུང་།

  13. ཨོ་རྒྱན་ཉི་མ། says:
    2014-01-12 at 12:52 pm

    ཧཧཧཧཧ། ལབ་ཀྱི་མ་འདུག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  14. ཨ་ཕྱི་ཆོས་སྒྲོན says:
    2014-01-12 at 1:21 pm

    སུམ་གཉིས་དབང་བསྒྱུར་མངའ་བདག་ཆེན་པོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་བཞིན། །
    བོན་རྫུན་ལོག་ལྟའི་རི་དྭགས་ཚར་གཅོད་བདེན་པའི་ཡོན་ཏན་རབ་བརྗོད་དཔལ། །
    སུམ་ལྡན་རྡོ་རྗེ་འཆང་ཆེན་དགྱེས་པའི་མདོ་སྔགས་རིག་གནས་ལེགས་བཤད་མཁྱེན། །
    ཕུང་གསུམ་བདུད་འདྲེའི་གཡུལ་ངོ་བཟློག་མཛད་སྤྲུལ་སྐུ་ཨོ་རྒྱན་ཉི་མ་རྒྱལ། །

  15. བན་དེ་བ། says:
    2014-01-12 at 1:48 pm

    དམ་ཚིག་ཉམས་པས་གདུག་པ་སྲིན་མོར་སྐྱེས།
    ཁ་ནས་ཅི་སྨྲས་དུག་གི་རླངས་པ་འཕྱུར།
    རྐུབ་ནས་ཅི་བརྡོལ་མི་གཙང་རྣག་ཁྲག་བརྡོལ།
    མི་བརྫུས་དགུ་བརྫུས་མཇེ་དང་པདྨོར་བརྫུས།

    རང་གིས་ལས་བྱས་རང་ལ་སྨིན་པ་ལས།
    གཞན་གྱིས་ལས་བྱས་ཁྱོད་ལ་སྨིན་པའི་ལུགས།
    རྒྱལ་བས་མ་གསུང་རིགས་པས་དཔྱད་ཀྱང་མེད།
    དེས་ན་དགའ་རུང་མིན་རུང་སྡུག་གྱོང་རེད།

  16. ཀརྡོ་གཉེར་ཕྱག་པ་ says:
    2014-01-12 at 1:52 pm

    ཕྱི་ཆོས། ནང་ཆོས། བོན་ཆོས་གང་ལ་ཡང་། དགག་པ་བྱེད་ཆོག་ཀྱང་། ཕྱི་པ། ནང་པ། བོན་པོ་སུ་ལ་ཡང་། སྐྱོན་བརྗོད་བྱེད་མི་རུང་།

  17. དབྱངས་ཅན་འབངས says:
    2014-01-13 at 2:07 pm

    ད་ལྟ་བར་དུ་ད་ལྟའི་ལས་བྱས་ཀྱང་།།
    ད་ལྟར་མེད་ལ་མ་འོངས་པ་ཡང་མེད།།
    ད་ནི་མ་འོངས་དོན་ཕྱིར་ལས་དག་ལ།།
    ད་ལྟ་ཚོད་ལྟ་ལན་གཅིག་བྱེད་ན་བསམ།།

  18. དབྱངས་ཅན་འབངས says:
    2014-01-13 at 2:19 pm

    ཁ་བྱང་མ་བཙལ་སྙན་ངག་ཟེར་བཞིན་དུ།།
    ཁ་བྱང་མ་བཙལ་སྙན་ངག་མིང་་བཏགས་པས།།
    ཁ་བྱང་མ་བཙལ་སྙན་ངག་མ་ཡིན་པས།།
    ཁ་བྱང་མ་བཙལ་སྙན་ངག་མ་ཟེར་ཞིག། ཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme