Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་ཚོད་ལས་བརྒལ་བའི་གཉེན་སྟོན་སྐོར།

Posted on 2014-01-092014-01-09 By ཁ་བརྡ་ 9 Comments on རང་ཚོད་ལས་བརྒལ་བའི་གཉེན་སྟོན་སྐོར།

རྔ་རྒོད།

ཁོ་བོས་འདིར་དབུལ་ཕྱུག་གི་ཁྱད་པར་ཙམ་གྱིས་བརྩེ་དུང་གི་ཆེ་ཆུང་ཞིག་ཡོད་པར་སྙད་ཀྱིན་མེད། ལྷག་པར་ཉམ་ཆུང་ཚོར་གཉེན་སྟོན་མི་འོས་ཞེས་དེ་ལས་ཀྱང་སྒྲོག་འདོད་ཡེ་ནས་མེད། འོན་ཀྱང་རྒན་གཞོན་དང་དབུལ་ཕྱུག་གི་དབྱེ་འབྱེད་ཙམ་མ་ཡིན་པར། རང་ལ་འཚམ་པའི་ཚོང་ཁང་རེ་དང་རང་ཉིད་ལ་མཛའ་བའི་རྒྱན་ཆ་རེ་ཡོད་པ་ལྟར། གཉེན་སྒྲིག་ཀྱང་དཔེ་དེ་བཞིན་ཡིན་པར་འདོད།
སྤྱིར་ན། མིའི་གཉེན་སྒྲིག་གི་སྲོལ་དང་བོར། ཨ་ཧྥི་རི་ཀ་ནས་འབྱུང་དགོས་ཀྱང་མིའི་རིག་གནས་དར་མིན་གྱི་དབང་གིས་རྒྱ་གར་དང་ཨེ་རྗེབ་གང་རུང་ནས་གཉེན་སྒྲིག་གི་འགོ་བརྩམས་པའི་ལོ་རྒྱུས་མང་མོད། དུས་ཚོད་ཇི་ལྟར་འགོར་ཡོད་མེད་སོགས་ཡོངས་གྲགས་སུ་ཁས་ལེན་རུང་བའི་དུས་ཚིགས་ཤིག་མ་རྟོགས་སོ།། འོན་ཀྱང་བོད་ཀྱི་ལོ་རྒྱུས་ལྟར་ན་ཆོས་རྒྱལ་སྲོང་བཙན་སྒམ་པོས། བོད་བཟའ་དང་རྒྱ་བཟའ། བལ་བཟའ་སོགས་ཁབ་ཏུ་བཞེས་པའི་ཡིག་ཐོག་གཉེན་སྒྲིག་གི་ལོ་རྒྱུས་ཤིག་དངོས་སུ་མཐོང་རྒྱུ་ཡོད།

དེ་རིང་སྐབས་འདིའི་གླེང་གཞི་གཙོ་བོ་ནི། ཨ་རིའི་བོད་པ་དང་བྷེལ་ཇེམ་བོད་རིགས་གཙོས་ནུབ་ཕྱོགས་བོད་པ་ངེད་ཅག་གིས་རང་ཅག་གི་ཚོད་ལས་བརྒལ་བའི་གཉེན་སྟོན་མཛད་སྒོ་བྱེད་སྲོལ་འདི་ཡིན། དེང་སང་ཡོ་རོབ་ནས་གཉེན་སྟོན་ཞིག་གི་ཆེད་དུ་ཡོ་སྒོར་སྟོང་ཕྲག་བཅུ་ནས་ཉི་ཤུ་བར་འགྲོ་སོང་གཏོང་སྲོལ་ཞིག་ཡོངས་གྲགས་སུ་ཆགས་ཡོད། ཨ་རི་ལའང་དེ་མཚུངས་རེད། འོན་ཀྱང་ང་ཚོས་འདི་འདྲའི་སྒོར་མོ་འབོར་ཆེན་ཞིག་ལས་སླ་བོའི་ངང་གཏན་ནས་གསོག་མི་བཏུབ། ལྷག་པར་ངེད་ཅག་ཕལ་ཆེར་ནི་དུས་ཚོད་ཀྱི་ཟླ་ཕོགས་ཤིག་ལ་བརྟེན་ནས་ཡོད་པས་ཡོང་སྒོ་དེ་ཙམ་ཆེན་པོ་མེད། ད་དུང་ཨ་རིའི་སྲིད་འཛིན་མཛད་སྒོའི་སྐབས་ཀྱི་རླངས་འཁོར་ནག་ནར་མ་ལྟ་བུ་ང་ཚོའི་གཉེན་སྟོན་ལ་མི་མཛེས་སོ།།

སྤྱིར་ན་ནུབ་ཕྱོགས་བོད་པ་ཚོས། རྒྱུ་མཚན་ཡོད་མེད་གང་ལྟར་སྒོར་མོ་དེ་ལ་ཧ་ཅང་སེར་སྣ་བྱས་དང་བྱེད་བཞིན་ཡོད། དཔེར་ན། ལོ་གཅིག་གི་ནང་ཟ་ཁང་ངོ་མ་ཞིག་ཏུ་ཐེངས་གཅིག་ལའང་འགྲོ་མཁན་དཀོན་པོ་ཡིན། ཁོ་བོས་འདིར་བཤད་པའི་ཟ་ཁང་ངོ་མ་ཟེར་བ་འདི། རྒྱ་དཀར་ནག་གི་རང་འདེམས་ཟ་ཁང་དང་ཨ་རིའི་མགྱོགས་ཟས་ཁང་སོགས་བརྩིས་མེད། འོ་ན་ཅི་རེད་ཅེ་ན། འཕྲོད་བསྟེན་ལ་ཧ་ཅང་གནོད་པའི་རིན་གོང་ཁེ་བོ་རང་མ་ཡིན་ཞིང་། གཞན་ཧ་ཅང་གི་རིན་གོང་ཆེན་པོ་རང་མ་ཡིན་པར། རང་གཞན་ཚང་མས་འགྲོ་སོང་དེ་གཏོང་ཐུབ་པའམ་རུང་བ་ཞིག་སྟེ་དཔེར་ན་དབྱིན་སྒོར་༢༥ཙམ་ཞིག་ཟས་ཐུན་གཅིག་གི་རིན་ལ་འབབ་འོས་པའི་ཟ་ཁང་ནི་སྤྱི་བཏང་ཟ་ཁང་ཞེས་གུས་པས་འབོད་ཀྱིན་ཡོད།

ང་ཚོའི་གཉེན་སྟོན་འདི་ལ་རྣམ་པ་གསུམ་ཡོད། དང་བོ། འགྲན་བསྡུར་གཞན་ལྟོས་ཀྱི་གཉེན་སྟོན་དང་། གཉིས་པ། སློང་མོ་ཁེ་བཟང་གི་གཉེན་སྟོན། གསུམ་པ། གནས་སྐབས་རྩེད་མོའི་གཉེན་སྟོན་བཅས་སོ།། གཞན་གཉེན་སྟོན་ལ་ཕེབས་མཁན་ཚོས་ཀྱང་མདུན་གྱི་བཟའ་ཟླ་གཉིས་པོའི་འདས་པའི་བརྩེ་དུང་དང་མ་འོངས་འདུན་མའི་སྐོར་མི་གླེང་བར། མདུན་ཅོག་སྟེང་གི་ཟས་སྣ་གང་མང་དང་མཆོད་བཤམས་ཀྱི་ཐང་གའི་ཡག་བཙོག་དང་བཟའ་ཟླའི་རྒྱན་ཆས་མཛེས་མིན་སོགས་ཀྱིས་གཉེན་སྟོན་གྱི་ནང་དོན་དེ་ཕུན་སུམ་ཚོགས་པ་ཡིན་མིན་ཡང་རྒྱུ་མཚན་འདིས་ཐག་གཅོད་བྱེད་ཀྱིན་འདུག སྤྱིར་ན་གཉེན་སྒྲིག་འདི་ལ་རིགས་གཉིས་ཡོད།
སྤྱིར་བཏང་གཉེན་སྒྲིག་དང་མཚན་མཐུན་གཉེན་སྒྲིག་གམ་ཡང་ན་བརྩེ་དུང་མོས་མཐུན་གཉེན་སྒྲིག་དང་། གཞན་བརྟེན་གཉེན་སྒྲིག་གཉིས་ཡོད། དང་བོ་གཉིས་ཀ་འཐད་མོས་ཀྱི་གཉེན་སྒྲིག་དང་བརྩེ་དུང་གི་ཚབ་མཚོན་ནི་རྒྱ་གར་གྱི་ཤཱ་ཧ་ཇོ་ཧན་དང་མཱན་ཐྲི་ཛི་མོ་ཧལ། ཡང་ན་བོད་ཀྱི་མགར་བ་སྟོབས་རྒྱལ་དང་ཡེ་ཤེས་སྒྲོལ་མ་སོགས་ཀྱིས་མཚོན་ཐུབ། གཞན་བརྟེན་ནམ་བཙན་སྒྲིག་གི་གཉེན་ནི། དཔེར་ན། སྲོང་བཙན་སྒམ་པོས་རྒྱ་བཟའ་ཁབ་ཏུ་བཞེས་པ་དང་བྷིན་ལ་ཌིན་གྱིས་བཙུན་མོ་ཆུང་བ་དེ་བག་མར་བླངས་པ་སོགས་རེད། གང་ལྟར་མདོར་བསྡུས་ན། གཉེན་སྒྲིག་གི་སྔོན་འགྲོའམ་གཉེན་སྒྲིག་མ་བྱས་གོང་དུ། རང་གཞན་ཚང་མས་ངེས་པར་དུ་ཤེས་དགོས་པའི་གནད་དོན་འགའ་བཤད་ན།
དང་བོ། རང་གཞན་བར་གྱི་ཕྱིའི་རྣམ་པ་དེ་སོ་སོའི་སྣང་བར་འགྲོ་བ།
གཉིས་པ། ཕན་ཚུན་བར་གྱི་གོམས་གཤིས་དང་ལྟ་བ་ལ་ཕྱོགས་གཉིས་ཀྱིས་བརྩི་བཀུར་དང་ཁས་ལེན་ཡོད་པ།
གསུམ་པ། གལ་ཆེན་ནང་གི་དོན་ཆེན་ནི། ཕན་ཚུན་འཁྲིག་སྤྱོད་དེས་རང་གཞན་གཉིས་ཀར་ཡིད་ཚིམ་ཞིང་འདོད་པ་ཁེངས་པ་ཞིག་དགོས། ད་དུང་དེའི་ཐོག སྐྱིད་སྡུག་མཉམ་འཁུར་གྱི་འདུ་ཤེས། བརྩི་བཀུར་འདྲ་མཉམ་གྱི་སྤྱོད་པ། ཕན་ཚུན་ཡིད་ཆེས་ཀྱི་དང་བ་བརྟན་པོ་བཅས་འཛོམས་ན། གཅེས་པའི་སྲོག་ལ་བབས་ཀྱང་ཕན་ཚུན་བསླུ་མི་སྲིད་པའི་དགེ་མཚན་ཧ་ཅང་མང་བོ་ཡོད།

འདིར་ཆེད་དུ་ཟུར་ཞུ་གོང་གི་མཚན་མཐུན་གཉེན་སྟོན་ཟེར་བ་དེ་བོད་ཡུལ་ན་ཡོངས་གྲགས་སུ་གྱུར་མེད། འོན་ཀྱང་མཚན་མཐུན་འདོད་སྤྱོད་འདི་བོད་ལ་གནའ་སྔ་མོ་ཞིག་ནས་དར་ལོས་ཡོད། རྒྱུ་མཚན་སྔ་མོ་སྔ་མོ་ནས་དགོན་སྡེ་དང་དམག་སྒར་སོགས་ཡོད་པས་དེའི་སྐོར་ལ་ཁོ་བོས་ཧ་སང་གི་གང་ཡང་མེད། འོན་ཏེ་ཕྲན་ཧ་སང་བ་ཞིག་ནི་ང་ཚོས། ཕྱི་གླིང་མཚན་མཐུན་འདོད་སྤྱོད་ལ་འཕྱ་སྨོད་དང་དགག་བཞག་བྱེད་པ། ལྷག་པར་རང་ཅག་མཚན་མཐུན་འདོད་སྤྱོད་པ་ཚོས་ཀྱང་རང་ངོ་མ་ཟིན་པ་དེའོ།།
རང་རེའི་ངག་རྒྱུན་ལོ་རྒྱུས་ལྟར་ན། ༧སྟོན་པ་བཀའ་དྲིན་ཅན་ཞལ་བཞུགས་པའི་དུས་སུ། བློ་རིག་རྒོད་པོ་དགེ་སློང་འཆར་ཀ་ཚང་གིས་མཚན་མཐུན་འཁྲིག་སྤྱོད་དེ་སྲོལ་བཏོད་ཡོད་པའི་བཤད་ཡམས་ཤིག་མཆིས་སོ།།

ཞེས་རྔ་རྒོད་ཀྱིས་ ༢༠༡༤/ ༡/ ༠༩ ལ་བྲིས།

རྩོམ་རིག

Post navigation

Previous Post: སྐྱེས་པ་དང་བུད་མེད་ཀྱི་མིག
Next Post: དགུན་ཁའི་སྙན་ངག

Comments (9) on “རང་ཚོད་ལས་བརྒལ་བའི་གཉེན་སྟོན་སྐོར།”

  1. རིག་པའི་བུ says:
    2014-01-09 at 5:56 am

    དྲང་མོ་བཤད་འདུག ཡག་པོ་འདུག

  2. རིག་པའི་བུ says:
    2014-01-09 at 6:01 am

    ཡིན་ཡང་། ཡོ་སྒོར་ཁྲི་༡_༢བཏང་རྒྱུ་གོམས་གཤིས་སུ་འཇགས་པ་ཁས་ལེན་བྱ་དཀའ་ཡང་། དེ་ལྟར་བཏང་མཁན་ཡོད་པ་བདེན་པ་རེད་སྙམ། གང་ལྟར་ནུབ་ཕྱོགས་པ་ཚོ་ཡང་གང་ནུས་ཀྱིས་གཉེན་སྟོན་ལ་རྒྱས་སྤྲོས་རྒྱ་ཆེན་བྱེད་སྲོལ་འདུག

  3. གནམ says:
    2014-01-09 at 6:44 am

    གཉེན་སྟོན་ནི་མྱི་ཞིག་མྱི་ཚེ་ནང་གི། འཆི་དུས་སྐྱོང་རོགས་དང་། གསོན་དུས་འཐམ་རོགས། དགའ་དུས་དགོད་རོགས། སྡུག་དུས་ངུ་རོགས། མགོ་སྔེ་ཐོག་གཅིག་ལ་འཇོག་རོགས། བུ་བུ་མོ་མཉམ་དུ་ལས་རོགས། རྒྱུ་འཁོར་བ་མཉམ་དུ་སྐོར་རོགས། ཟས་ཞིམ་པོ་མཉམ་དུ་ཟ་རོགས། གོས་ཡག་པ་མཉམ་དུ་གོན་རོགས། མི་མང་འཛོམ་ས་ནས། ཕ་མ་ཡོད་ས་ནས། སྤ་སྤུན་མང་ས་ནས། ན་ཟླ་འདུས་ས་ནས། བསལ་བསལ་འི་མྱི་ཚེ་བཅོལ་སའི་མཛའ་མཐུན་གྱི་དུས་སྟོན་གཅིག་པོ་ཡིན་པས། དེ་ལ་འགྲོ་སོང་མི་གཏོང་ན་གང་གི་ཆེད་དུ་གཏོང་དགོས་བ་རེད། ཡོད་པོས་ཡོད་ཚོད། མེད་པོས་ཤོང་ཚོད་ཅིག་བྱེད་དགོས་བ་རེད།
    གྲྭ་ལོག་འདྲ་ཟིག་གི་བཤད་རྒྱ་འདྲ་ཟིག་ཤོད་མ་སྡོད། སེར་སྣ་ཅན་ལ་མྱི་ཚེ་མེད། རྒན་མོའི་རྐང་ན་ལྷམ་མགོ་མེད་ཟེར་བ་རེད།

  4. རང་བྱུང་རིག་པའི་རྡོ་རྗེ says:
    2014-01-09 at 1:52 pm

    རྔ་རྒོད་ལགས། ཁྱོད་རང་མཚན་མཐུན་འཁྲིག་སྦྱོར་བྱས་མྱོང་མཁན་ཞིག་ཡིན་ནའང་མི་གཞན་པ་ཚོ་དེའི་ནང་དུ་མ་ཁྲིད་ན་ལེགས་སམ་སྙམ། ཁྱེད་ཀྱིས་བཤད་པ་ལྟར་བོད་ལ་སྔ་མོ་ནས་མཚན་མཐུན་འཁྲིག་སྦྱོར་ཡོད་ཚུལ་དང་། དགོན་སྡེ་དང་དམག་སྒར་སོགས་ལ་ཡོད་ཟེར་བའི་ཐག་ཆོད་པོ་བཤད་པ་ནི། ཁྱོད་ཉིད་ཤིན་ཏུ་ནས་བླུན་པོ་ཞིག་ཡིན་པའི་རྟགས་རེད། སྤྱིར་འགྲོ་བ་མིའི་རིགས་ལ་བསམ་ཚུལ་མ་མཐུན་པ་དང་སྤྱོད་ཚུལ་མ་མཐུན་པ་སུ་ལ་ཡང་ཡོད་སྲིད་པ་རེད། རྒྱུ་མཚན་དེའི་ཕྱིར་གྲྭ་བས་ཕན་ཚུན་ལ་འཁྲིག་སྦྱོར་བྱེད་པ་དང་དམག་མིས་ཕན་ཚུན་ལ་འཁྲིག་སྦྱོར་ཡོད་ཟེར་བ་དེ་སྲིད་པ་ཞིག་རེད། དེར་མ་ཟདམིང་སྲིང་ཕན་ཚུན་སྤྱོད་པའང་ཡོད་སྲིད་པ་རེད། གྲྭ་བས་བུད་མེད་ལ་འཁྲིག་སྦྱོར་བྱས་ནས་ད་དུང་དགོན་པར་གནས་པའང་ཡོད་སྲིད་པ་རེད། འོན་ཀྱང་འདི་དག་ནི་ཡོངས་གྲགས་མིན་པ་ཤེས་དགོས་པ་རེད། རྒྱུ་མཚན་ནི་གྲྭ་བ་རེ་གཉིས་འཁྲིག་སྦྱོར་བྱེད་པ་དེས་གྲྭ་བ་ཚང་མར་མིང་ཆད་ངན་པ་མི་བཤད་རྒྱུ་གལ་ཆེན་པོ་རེད། དེ་ཙམ་ཡིན།།

  5. རྔ་རྒོད says:
    2014-01-09 at 3:49 pm

    རང་བྱུང་རིགས་པའི་རྡོ་རྗེ་ལགས། ངེད་གཉིས་ཀྱི་མངོན་སུམ་ལ་ལྟ་བྱེད་ཀྱི་མིག་དང་དེ་ལ་དཔྱོད་བྱེད་ཀྱི་རིགས་ལམ་དང་གཏན་ཚིགས་སོགས་མ་འདྲ་བའི་དབང་གིས་ང་ལ་མང་བ་སྣང་བ་དེ་ཁྱོད་ལ་ཁ་ཤས་སྣང་བ་འདི་རེད།

  6. མགོན་པོ says:
    2014-01-09 at 8:26 pm

    ང་ཡོད་སའི་གྲོངས་ཁྱེར་འདི་ན། ཡུལ་མི་ཤེས་ཡོན་ཅན་ཚོས་གཉེན་སྟོན་རྒྱས་སྤྲོས་མི་བྱེད་མོད་།
    ཨ་ཧྥི་རི་ཀ་ནས་ཡིན་པའི་སྐྱབས་གཅོལ་པ་ཚོས་དེ་ལྟར་བྱེད་སྲོལ་འདུག

  7. སྤོབས་པ་མཐའ་ཡས། says:
    2014-01-10 at 7:48 pm

    གཉེན་སྟོན་ནི་མི་ཚེའི་ནང་དུ་ཐེངས་མང་པོ་བྱེད་མི་དགོས་པས་རྒྱས་སྤྲོས་བྱེད་ཐུབ་ན་མི་རུང་དོན་གང་ཡང་མ་མཆིས་སྙམ། དངུལ་རྐྱང་རྐྱང་བསག་ནས་ཅི་བྱེད། ཤི་དུས་ནི་ཁྱེར་ནས་འགྲོ་མི་ཐུབ། བོད་མི་ལས་གླ་བ་ཚོས་ཟས་ཁང་མགྲོན་ཁང་དུ་མིས་སྐྱིད་པོ་གཏོང་བར་རོགས་པ་བྱས་ནས་གླ་དངུལ་བསགས། དེ་ནས་རང་རང་གིས་སྐྱིད་པོ་བཏང་ནས་འགྲོ་སོང་བཏང་ན་དངུལ་ཕར་འགྲོ་ཚུར་ཡོང་ཡིན་ལུགས་ཚུལ་མཐུན་མ་གཏོགས་དེ་ལ་སྐྱོན་ཆེན་པོ་ཞིག་མཐོང་མ་སོང་། ངས་མཐོང་བའི་སྐྱོན་ཆེ་ཤོས་དེ་ནི་བོད་མི་ལས་གླ་བ་མང་པོ་ཞིག་གིས་དངུལ་བསགས་པ་པ་མ་གཏོང་ཕར་གཏོང་མི་ཕོད་པ་དེ་སྐྱོན་ཆེན་པོར་མཐོང་སོང་། མི་ཚེ་ཟེར་བ་དེ་ཐེངས་གཅིག་མ་གཏོགས་ཡོད་པ་མ་རེད། མཚམས་མཚམས་ལ་སྤྲོ་སྐྱིད་ཀྱི་འགྲོ་སོང་རང་གཞན་ཚང་མ་ཧ་ལས་པ་དང་ཧང་སངས་བ་་རེ་གཏོང་དགོས་པ་དེ་ཡང་གལ་ཆེན་རེད་བསམ་གི དེ་ངའི་བསམ་ཚུལ་ཡིན།

  8. སྤོབས་པ་མཐའ་ཡས། says:
    2014-01-10 at 8:22 pm

    ང་རང་ཚོ་བོད་ལ་ཡང་ལོ་གསར་ལ་ཉེ་དུས་རྐུན་མ་ཉེ་མང་ལ་འགྲོ་བ་དེ་འདྲ་རྐུན་ཇག་ནག་ཚོང་ཁྲིམས་འགལ་སོགས་ལས་བྱུང་བའི་དངུལ་འདྲ་མིན་ན་མ་འགྲིགས་པ་མི་འདུག ཁོ་རང་ཚོའི་དངུལ་ཁོ་རང་ཚོས་གང་དུ་གཏོང་མི་གཏོང་ལ་ཇུས་གཏོགས་བྱེད་ཐུབ་གི་མ་རེད། མངོན་པར་བསྟོད། ཕྱི་སྡོད་བོད་རིགས་ཚོའི་གཉེན་སྟོན་གྲ་རྒྱས་པོ་དང་བརྗིད་ཉམས་ལྡན་པ་ཡོང་བའི་རེ་སྨོན་ཞུ།

  9. རྔ་རྒོད says:
    2014-01-11 at 12:24 pm

    སྤོབས་པ་མཐའ་ཡས་ལགས། ཉིན་ཀྱི་བསམ་ཚུལ་དང་རེ་སྨོན་བགྱིས་པ་འདི་ལ་བཀའ་དྲིན་ཆེ། དེ་དང་མཉམ་པོར་ངས་ཧང་སངས་ཞེས་པའི་དག་ཆ་དེ་བློར་འཛིན་དགོས་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme