Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

(2013)ཕར་ལ་སྐྱེལ་ཞིང་(2014) ཚུར་ལ་བསུ།

Posted on 2014-01-022014-01-02 By ཁ་བརྡ་ 1 Comment on (2013)ཕར་ལ་སྐྱེལ་ཞིང་(2014) ཚུར་ལ་བསུ།

དོལ་སྨྱོན།
==== སེམས་ཀྱི་གནས་ཚང་ལ་ཕུལ་བ།

དང་པོ། (2013) ལ་སྐྱེལ་མ་ཞུ་བ།

དེ་རིང་ནི་སྟོང་ལོ་བཅུ་གསུམ་གྱི་ཉིན་མཐའ་མ་དེ་རེད། སྟོང་ལོ་བཅུ་གསུམ་འདི་འུ་གཉིས་ལ་མཚོན་ན་རྒྱལ་ཁའི་ལོ་ཞིག་སྟེ། ལོ་འདིའི་ནང་འུ་གཉིས་ཀྱི་མི་ཚེར་ལམ་ལྷོང་དང་ལེགས་འགྲུབ་རྒྱལ་ཁ་དང་གྲུབ་འབྲས་སོགས་ཀྱི་དབུ་འཁྱུད་མང་དུ་བྲིས་ཡོད་ལ། ད་དུང་མདུན་སྐྱོད་དང་སྔོན་ཐོན་གྱི་གོམ་པའང་གང་འཚམ་སྤོས་ཡོད། དེས་ན་ཉིན་ཞག་ཆུའི་རླབས་རིས་བཞིན་བཞུར་བཞུར་ནས་དེ་རིང་གི་ཉིན་འདིར་སླེབས་དུས། འུ་གཉིས་ནས་འདས་ཟིན་པའི་སྟོང་ལོ་བཅུ་གསུམ་ལ་ཕྱིར་འདང་ཞིག་རྒྱབ་ཚེ། སེམས་ཞུམ་ཞིང་ངོ་གནོང་དགོས་པའི་སྐྱོ་བ་ལས་བྲལ་ཏེ་དགའ་བ་དང་སྤྲོ་བའི་ཚོར་བ་རེ་ངེས་པར་དུ་མྱོང་ཐུབ་པ་དེ་ཡིན།
དེ་ཡང་ཡིན་ཏེ་སྟོང་ལོ་བཅུ་གསུམ་འདི་མེ་ཏོག་གི་ལྡུམ་ར་ཞིག་ཡིན་ན། འུ་གཉིས་ནི་བརྩེ་དགས་འཕུར་ལྡིང་བྱེད་པའི་གསེར་སྦྲང་གཡུ་སྦྲང་དེ་ཡིན་ལ། སྟོང་ལོ་བཅུ་གསུམ་འདི་དབྱར་གྱི་དཔྱིད་དཔལ་ཞིག་ཡིན་ན། འུ་གཉིས་ནི་མཛེས་སྡུག་གི་རང་ཞལ་ངོམ་པའི་གངས་ལྷ་མེ་ཏོག་དེ་ཡིན། དགོད་སྒྲའི་ཀློང་ནས་རྫོགས་པའི་སྟོང་ལོ་བཅུ་གསུམ། མིག་ཆུའི་གསེང་ནས་བཞུད་པའི་སྟོང་ལོ་བཅུ་གསུམ། དགོད་སྒྲ་ནི་བདེ་སྐྱིད་ཀྱི་འབྲས་རྟགས་ཡིན་ལ། མིག་ཆུ་ནི་བརྩེ་དུང་གི་བཞུར་རྒྱུན་ཡིན།

སྟོང་ལོ་བཅུ་གསུམ་འདིའི་ནང་དུ། དོན་དང་དོན་མིན་གྱི་ཚོར་འདུ་ཆེས་སྐྱེན་པའི་ང་ཡིས། ཞི་འཇམ་བབ་ཕེབས་ཡིན་པའི་ཁྱེད་ཀྱི་སེམས་ལ་རྨ་ཁ་གང་འཚམ་བཟོས་ཡོད་ཅིང་། བློ་གཅིག་སེམས་གཅིག་གི་བརྩེ་བ་ཆེས་ཟབ་པའི་ང་ཡིས། ཕྱི་གཙང་ནང་གཙང་ཡིན་པའི་ཁྱེད་ཀྱི་སེམས་ལ་དྲོད་ཁོལ་གང་འཚམ་བསྐྱིལ་ཡོད། དེས་ན་སྟོང་ལོ་བཅུ་གསུམ་གྱི་ཉིན་མཐའ་མ་འདིར་སླེབས་དུས། ངས་སྟོང་ལོ་བཅུ་གསུམ་ནང་ནོར་ཞིང་འཁྲུལ་བའི་སྒོ་ནས་ཉེས་ཤིང་འཛོལ་བའི་སྒོ་གསུམ་གྱི་བྱ་བ་ཀུན་ལ་གནོང་འགྱོད་དྲག་པོས་མཐོལ་བཤགས་ཞུ་བ་ཡིན་ལ། དགའ་བ་དང་དུང་བའི་སྒོ་ནས་བྱམས་པ་དང་བརྩེ་བའི་སྒོ་གསུམ་གྱི་ལེགས་བྱས་ཀུན་ལ་སྤོབས་པ་ཆེན་པོ་ཞིག་དང་བློ་སྟོབས་ཆེན་པོ་ཞིག་གིས་རྗེས་སུ་ཡི་རངས་བྱེད་པ་ཡིན།
ད་དུང་སྟོང་ལོ་བཅུ་གསུམ་འདིའི་ནང་དུ་། ཁྱེད་ནས་བདག་ལ་ཁ་ཞེ་གཉིས་མེད་ཀྱི་བརྩེ་བ་བྱིན་ཡོད་ལ་མངོན་ལྐོག་དབྱེར་མེད་ཀྱི་དུང་བ་བསྐྱིལ་ཡོད། ད་དུང་ང་ཡི་ཚེ་སྲོག་ལ་གཟི་བྱིན་གྱི་འོད་སྟོང་སྤར་ཡོད་ལ་ང་ཡི་རྣམ་ཤེས་ལ་སྟོབས་ཤུགས་ཀྱི་གཟི་དཔལ་བསྐྲུན་ཡོད། ང་ཡི་བླ་ཚེ་སྲོག་གསུམ་གྱི་ངོ་བོར་གྱུར་པའི་སེམས་ཀྱི་གནས་ཚང་། ངས་ཁྱོད་ལ་སེམས་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞེས་ལན་བརྒྱར་ཞུ་བ་ཡིན།

མཐའ་མཇུག་འདིར་སླེབས་དུས་ཆེས་དགའ་འོས་པ་ཞིག་ནི། ནད་མེད་བདེ་ཐང་དང་བསམ་དོན་ལྷུན་འགྲུབ། བརྩེ་བ་ཇེ་ཆེ་དང་དུང་བ་ཇེ་ཟབ། བློ་གཅིག་སེམས་གཅིག་དང་ཁ་ཞེ་གཉིས་མེད་ཀྱི་ངང་ནས་སྟོང་ལོ་བཅུ་གསུམ་ཡོངས་སུ་རྫོགས་ཤིང་། དེ་རིང་གི་ཟིན་བྲིས་འདི་ཡང་དགའ་སྤྲོ་ཆེན་པོ་ཞིག་གི་ངང་ནས་འབྲི་རྒྱུ་བྱུང་བ་དེ་རེད། དེས་ན་སྟོང་ལོ་བཅུ་བཞི་ཡོངས་སུ་རྫོགས་པའི་སང་ལོའི་ཉིན་འདིར་ཡང་ཟིན་བྲིས་འདི་ལྟ་བུ་ཞིག་འབྲི་བའི་གོ་སྐབས་ལ་སྒུག་ནས་ཡོད་ཅིང་། དགེ་བ་དང་བཟང་པོ་བཀྲ་ཤིས་དང་རྣམ་རྒྱལ་རྐྱང་རྐྱང་ཡིན་པའི་ཟིན་བྲིས་འདི་ལས་ལྷག་པ་ཞིག་འབྲི་བར་ཡིད་ཆེས་གཏན་གཏན་ཡོད།
31.12.2013 ཉིན་བལ་ཡུལ་རྒྱལ་ས་ནས།

 

གཉིས་པ། (2014) བསུ་བ།

ང་ཡི་སེམས་ཀྱི་གནས་ཚང་ལགས། དེ་རིང་ནི་སྟོང་ལོ་བཅུ་བཞིའི་ཉིན་དང་པོ་དེ་ཡིན་པས། ངས་ཐོག་མར་སྐུ་ཉིད་ལ་སྟོང་ལོ་གསར་བ་འདིའི་ནང་དུ་ལུས་བདེ་སེམས་བདེ་དང་བཀྲ་ཤིས་ཁམས་བཟང་། བསམ་དོན་ལྷུན་འགྲུབ་དང་བྱ་བ་ལམ་འགྲོ། ཡོད་ཚད་བདེ་ལེགས་དང་ཐམས་ཅད་ལྷུན་འགྲུབ་ཡོང་བའི་རེ་བ་དང་སྨོན་འདུན་སེམས་ཀྱི་གཏིང་དང་སྙིང་གི་ཁོང་ནས་ལན་བརྒྱར་ཞུ་བ་ཡིན་ལ། དེ་དེ་བཞིན་དུ་འགྲུབ་པའི་གསོལ་འདེབས་དང་སྨོན་ལམ་ཡང་ཅི་ནུས་བྱེད་ངེས་ཡིན།
སྟོང་ལོ་བཅུ་བཞི་འདི་ཡང་སྟོང་ལོ་བཅུ་གསུམ་ནང་བཞིན་འུ་གཉིས་ཀྱི་མི་ཚེར་དགེ་བ་དང་བཟང་པོ་ལྷུན་འགྲུབ་དང་དཔལ་འབར་ཁོ་ནས་མདུན་བསུས་ཤིང་། བདེ་སྐྱིད་དང་དཔལ་ལྡན་ཕུན་ཚོགས་དང་ཡིད་བཞིན་ཁོ་ནས་མཇུག་སྡུད་པའི་རེ་བ་དང་ཡིད་ཆེས་རི་ལྟར་སྤུངས་ཡོད། རེ་སྨོན་གྱི་གཏིང་ན་འཛུམ་པའི་སྟོང་ལོ་བཅུ་བཞི། ཡིད་ཆེས་ཀྱི་ཁོང་ན་བཞད་པའི་སྟོང་ལོ་བཅུ་བཞི། མེ་ཏོག་བཞིན་བཞད་པར་སྨོན། སྦྲང་ཆར་བཞིན་འཇོ་བར་སྨོན།

སྟོང་ལོ་བཅུ་བཞི་འདི་དཔྱིད་དཔལ་འཇམ་པོ་དེ་ཡིན་ན། འུ་གཉིས་ནི་ཟིམ་ཟིམ་དུ་འཇོ་བའི་སྦྲང་ཆར་ཟེགས་མ་དེ་ཡིན་པར་སྨོན། སྟོང་ལོ་བཅུ་བཞི་འདི་ས་སྲོད་ཀྱི་མཚམས་སྤྲིན་དེ་ཡིན་ན། འུ་གཉིས་ནི་བདེ་བར་གཉིད་དུ་ཡུར་བའི་བྱིའུ་ཆུང་འཇོལ་མོ་དེ་ཡིན་པར་སྨོན། སྟོང་ལོ་བཅུ་བཞི་འདི་མཛེས་སྡུག་གིས་འཁྱིལ་བའི་རྒྱ་མཚོ་ཆེན་པོ་དེ་ཡིན་ན། འུ་གཉིས་ནི་བརྩེ་དགས་རོལ་བའི་གསེར་བྱ་ངང་པ་དེ་ཡིན་པར་སྨོན།
སྟོང་ལོ་བཅུ་བཞིའི་སྐར་ཆ་རེ་རེ་ནས་སྟོང་ལོ་བཅུ་བཞིའི་སྐར་མ་དང་ཆུ་ཚོད་རེ་རེ། སྟོང་ལོ་བཅུ་བཞིའི་ཉིན་ཞག་རེ་རེ་ནས་སྟོང་ལོ་བཅུ་བཞིའི་བདུན་ཕྲག་དང་ཟླ་བ་རེ་རེར། ཁྱོད་ཀྱི་བྱ་བ་གསར་བ་དང་དམིགས་ཡུལ་གསར་བ། རེ་བ་གསར་བ་དང་རྨི་ལམ་གསར་བ། འཆར་གཞི་གསར་བ་དང་མདུན་སྐྱོད་གསར་བ་བཅས། ཡོད་ཚད་ནས་ཡོད་ཚད་བདེ་ལེགས་ངང་ལམ་ལྷོང་ཡོང་བའི་རེ་བ་དང་སྨོན་པ་ཤིན་ཏུ་ནས་ཆེ་ཞིང་། ལྷག་པར་དུ་སྟོང་ལོ་བཅུ་བཞི་འདིའི་ནང་དུ་གྲངས་མེད་ལ་ལུང་མང་པོས་རྒྱང་གིས་བཅད་པའི་ཁྱོད་ཀྱི་ཞལ་རས་དེ་བདག་གི་མིག་མདུན་ན་མངོན་སུམ་དུ་སྣང་ཞིང་། སླར་ཡང་གྱེས་བྲལ་གྱི་གདུང་བ་མི་མྱོང་བའི་སྨོན་ལམ་ཡང་ཡང་འདེབས།

ང་ཡི་བླ་ཚེ་སྲོག་གསུམ་གྱི་ངོ་བོར་གྱུར་བའི་སེམས་ཀྱི་གནས་ཚང་། ཁྱོད་ཀྱིས་སྔར་ལྟར་ལྷད་མེད་ཀྱི་བརྩེ་བ་དང་འགྱུར་མེད་ཀྱི་དུང་བས་ང་རང་སྐྱོང་རོགས། ང་འཇིག་རྟེན་འདིར་ཡུན་དུ་འཚོ་བར་འདོད་ཅིང་ནང་མི་ལྟོས་བཅས་དག་གི་མིག་སྔར་བརྟན་རླིང་གིས་ལང་བར་འདོད། ད་ལྟ་ངས་མི་རུ་སྐྱེས་པའི་ལག་རྗེས་བཞག་མེད་ལ་རྩམ་པ་ཟོས་པའི་ཟས་རིན་འཇལ་མེད།
ད་དུང་བརྩེ་བའི་ཡབ་ཆེན་མཆོག་ལ་ཞབས་ཞུ་སྒྲུབ་དགོས་ཤིང་བྱམས་པའི་མ་ཡུམ་དམ་པའི་དྲིན་ལན་གསབ་དགོས། སྙིང་ཉེ་སྤུན་མཆེད་དག་ལ་རོགས་པ་བྱེད་དགོས་ཤིང་བདེ་སྐྱིད་འོད་སྟོང་ལྡན་པའི་ཁྱིམ་གཞི་འཛིན་དགོས། དེས་ན་བྱ་བ་དེ་དག་བསྒྲུབ་ཆེད་ང་ད་དུང་ཡུན་རིང་འཚོ་དགོས་ལ་མདུན་ནས་མདུན་དུ་སྐྱོད་དགོས། ཏག་ཏག་ཁྱོད་མེད་ན་ང་འཇིག་རྟེན་འདིར་འཚོ་ཐབས་བྲལ་བས། ཁྱོད་ཀྱིས་ནམ་ཡང་ང་རང་སེམས་སུ་ཉར་རོགས། བརྩེ་བས་སྐྱོང་རོགས།

མཐའ་དོན། སྟོང་ལོ་བཅུ་བཞིས་ཁྱོད་ཀྱི་འཇིག་རྟེན་ལ་བདེ་སྐྱིད་ཀྱི་ཁ་གཡང་སྒྲོག་གིན། སྟོང་ལོ་བཅུ་བཞིས་ཁྱོད་ཀྱི་འཚོ་བ་ལ་ཞི་བདེའི་གཟི་འོད་སྐྲུན་གྱིན། སྟོང་ལོ་བཅུ་བཞིས་ཁྱོད་ཀྱི་མདུན་ལམ་ལ་ལེགས་ཚོགས་ཀྱི་དངོས་གྲུབ་སྩོལ་གྱིན། ཞི་བདེའི་ངང་དུ། གཉིས་ཕན་ངང་དུ། དགོད་སྒྲའི་ངང་དུ། བག་ཕེབས་ངང་དུ། ལེགས་ཚོགས་ངང་དུ་སྟེ། ཡོད་ཚད་བདེ་ཞིང་ཐམས་ཅད་སྐྱིད་པའི་ངང་ནས་དུས་འདའ་བའི་སྨོན་ལམ་སེམས་ཀྱི་གཏིང་ནས་འདེབས་པ་ལགས།

01.01.2014 ཉིན་བལ་ཡུལ་རྒྱལ་ས་ནས།

རྩོམ་རིག

Post navigation

Previous Post: ལྷ་སྤྲུལ་པ་མིན་ན་དད་གུས་བཅོས་མིན་མི་སྐྱེ་བ་བླུན་པོའི་ལུགས་ཡིན།
Next Post: དཔལ་རྒྱལ་བ་ཇོ་ནང་པའི་སྨོན་ལམ་ཆེན་མོ་སྐབས་བཅུ་གཉིས་པ།

Comments (1) on “(2013)ཕར་ལ་སྐྱེལ་ཞིང་(2014) ཚུར་ལ་བསུ།”

  1. BONPO says:
    2014-01-02 at 5:38 am

    ཁྱེད་རང་ཡང་སྟོན་བླ་མའི་གདུལ་ཞིང་དོལ་པོའི་མི་བུ་ཞིག་ཡིན་ན་སྟོང་ལོ་གསར་པའི་ནང་དོལ་པོའི་ཡུལ་སྐད་ཀྱི་གཟི་དཔལ་ལྡན་པའི་རྩོམ་ཡིག་དང་སྙན་ངག་སོགས་མང་ཙམ་སྤེལ་བའི་རེ་འདུན་ཡོད། ཅིས་ན་ཡུལ་དོལ་པོའི་ཕྱོགས་ལའང་རང་ས་རང་ཡུལ་གྱི་སྐད་ལུགས་ཐུན་མོངས་མ་ཡིན་པ་ཞིག་ཡོད་པས་དེའི་ངོ་མཚར་བའི་དཔལ་ཡོན་རྣམས་དོལ་ཕྲུག་ཤེས་ཡོན་ཅན་ཁྱེད་འདྲ་བ་ཚོས་སྲུང་སྐྱོབས་བྱ་འོས་པ་ཞིག་ལོས་ཡིན། དེ་དང་དེ་འབྲེལ་གྱི་དམུ་ཐག་དཀར་པོའི་ལོ་རྒྱུས་རིང་མོ་ཞིག་ཡུལ་དོལ་པོའི་ཕྱོགས་ལའང་ངོ་མཚར་བའི་འཇའ་ཚོན་གྱི་གུར་ཁང་དུ་དེང་གི་བར་འཚོ་གཞེས་སུ་བཞུགས་ཡོད་པར་མངོན་ནོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme