Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྲིམས་གཏུག་ལ་བརྟེན་ནས་བོད་པར་གུན་གསབ་ཐོབ་པ།

Posted on 2013-12-292013-12-29 By ཁ་བརྡ་ 12 Comments on ཁྲིམས་གཏུག་ལ་བརྟེན་ནས་བོད་པར་གུན་གསབ་ཐོབ་པ།

འོས་སྦྱོར་བ། བསྟན་འཛིན་འཇམ་དཔལ།

༼འདྲེན་ཁུངས། བོད་གཞུང་དྲ་རྒྱ།༽ བོད་རིགས་ཁག་གཅིག་ལ་ཨ་སྒོར་འབུམ་གསུམ་ལྷག་གི་གུན་གསབ་ཐོབ་པ།

ཨ་རིའི་མི་ནི་སོ་ཊ་ Minnesota མངའ་སྡེའི་ནང་རྟེན་གཞི་བྱས་པའི་དོ་སྐྱེལ་རླངས་འཁོར་གྱི་སྦྱིན་བདག་ New Metro Trucking Company རྒྱ་རིགས་རྣམས་ཀྱིས་བོད་རིགས་ཁ་ལོ་བ་རྣམས་ལ་མཐོང་ཆུང་བརྙས་བཅོས་བྱས་པར་བརྟེན། བོད་མི་དེ་རྣམས་ཀྱིས་ཁྲིམས་ཁང་ལ་གཏུག་ནས་རྒྱལ་ཁ་ཐོབ་རྗེས་རྒྱ་རིགས་སྦྱིན་བདག་རྣམས་ལས་གུན་གསབ་ཨ་སྒོར་སུམ་འབུམ་བཞི་ཁྲི་བདུན་སྟོང་ $347,000.00 ཐོབ་ཡོད།

དེ་ཡང་བོད་མིའི་ཁྲིམས་རྩོད་པ་ཀེ་ནེ་ཐི་ཨུ་དེའི་བྷོཀ་ Kenneth Udoibok ལགས་ཀྱིས་ཁྲིམས་ཁང་ནང་རྒྱ་རིགས་སྦྱིན་བདག་ཚོས་བོད་མི་ཁ་ལོ་བ་རྣམས་བོད་རིགས་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་རྒྱ་རིགས་ལས་བྱེད་པ་ལས་དུས་ཚོད་མང་བ་ལས་ཀ་བྱེད་བཅུག་པ་དང་། དུས་ཚོད་འཕར་མ་ལས་ཀ་བྱེད་དགོས་ཀྱང་གླ་ཆ་འཕར་མ་མ་སྤྲད་པ། རྒྱ་རིགས་ལས་བྱེད་ཚོ་ལས་གླ་ཆ་ཉུང་བ་སྤྲད་པ་མ་ཟད། བོད་མི་ཁ་ལོ་བ་ཚོར་ཉེན་ཁ་ཆེ་བའི་གཞུང་ལམ་དུ་འགྲོ་བཅུག་པ་དང་། དེ་བཞིན་འགྲུལ་བཞུད་སྐབས་རྒྱ་རིགས་ཁ་ལོ་བ་ཚོར་ཟས་དོད་དང་ཁང་དོད་སོགས་ཀྱི་ཐོབ་ཐང་སྤྲད་ཀྱང་བོད་རིགས་ཚོར་ཐོབ་ཐང་དེ་དག་མ་སྤྲད་པ་སོགས་མཐོང་ཆུང་ཁྱད་གསོད་བྱས་པའི་དཔང་རྟགས་ར་སྤྲོད་གསལ་པོ་ཞུ་གཏུག་བྱེད་ཐུབ་པར་བརྟེན་ཁྲིམས་ཀྱི་རྒྱལ་ཁ་ཐོབ་ཡོད།

༢༠༡༣ ཟླ་ ༡༢ ཚེས་ ༢༧ རེས་གཟའ་པ་སངས་ཉིན་སྤེལ་འདུག

གསར་འགྱུར།

Post navigation

Previous Post: ཨི་ནི་ཨེ་ཁི་གློག་ཀླད།
Next Post: ཆབ་མདོའི་གཞང་ཚོང་མ།

Comments (12) on “ཁྲིམས་གཏུག་ལ་བརྟེན་ནས་བོད་པར་གུན་གསབ་ཐོབ་པ།”

  1. གནམ says:
    2013-12-29 at 9:49 am

    གཏམ་འདིའི་མཇུག་འབྲས། ཉན་སྤྲོ་བོ་འདྲ་ཞིག་ཆགས་འདུག། བོད་པ་ཚོ་གང་ས་གང་ནས་ཉེས་ཐག་ཟོས་མ་ཡོང་ཨ། ཇོ་བོ་རིན་པོ།

  2. རྒྱང་མིག says:
    2013-12-29 at 10:45 am

    ནུབ་ཕྱོགས་ཁུལ་དུ་དགྱ་ལས་བྱེད་མཁན་གྱི་བོད་རིགས་ཚོས་རྒྱའི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་ཚོ་སྐབས་བསྟུན་གྱིས་ཁྲིམས་གཏུག་བྱས་ན་ཅི་མ་རུང་།
    གང་ལྟར་གོང་དུ་བོད་རིགས་འགའ་ལ་དགྱ་ལག་ནས་གུན་གསབ་ཐོབ་པ་ཐོས་པས་དགའ་སྤྲོ་ཆེ།

  3. སྤྱང་ཤོག says:
    2013-12-29 at 1:30 pm

    ལས་འབྲས་དཔང་དུ་བཞག མི་རྒྱུ་ཟ་བ་ལ་མ་རྔམས་།

  4. ཤར་པ་ says:
    2013-12-29 at 4:53 pm

    རྒྱ་མི་རིགས་ཡོངས་ན་བོད་པར་དགའ་མོས་བྱེད་མཁན་དཀོན་པོ་རེད། རྒྱ་ནག་པོ་ཡིན་ན་་འདྲ་རྒྱ་དམར་པོ་ཡིན་ན་་འདྲ་ཁ་པོ་རེད་། རྒྱ་ནག་གོང་མ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཡིན་ནའང་བོད་རྒྱལ་སྤྱན་རས་གཟིགས་ལ་ཕན་སེམས་ཁག་པོ་རེད། རྒྱ་ནག་དམངས་གཙོ་དོར་གཉེར་དང་དམར་ཤོག་དང་ཁ་གཏད་ཚོགས་པ་རེ་ཟུང་དང་ཧྥ་ལུང་སྒོམ་འགས་བོད་པར་ཤ་ཞེན་ཡོད་མདོག་བྱེད་ཀྱང་ཆབ་སྲིད་ཀྱི་དགོས་མཁོ་ཙམ་ལས་ཁོ་ཚོ་དབང་ཆ་རག་ན་འོག་ལ་གནན་རྒྱུ་དང་མཐོང་ཆུང་བྱེད་ཀྱང་རེད། བོད་ལ་ཞེ་རྒོལ་བྱུང་ནས་ནེའུ་ཡོག་རྒྱ་ལས་བྱེད་མཁན་བོད་པ་མང་པོ་ཞིག་ལས་དཀའ་ནས་གནས་དབྱུང་གཏང་བ་སོགས་དངོས་ཡོད་རེད་།

  5. ཚེ་རིང་བསམ་གྲུབ། says:
    2013-12-30 at 1:50 am

    འཇོན་འདུག ཕོ་ཁྱོ་ག་ཟེར་ན་འདི་འདྲ་རེད།

  6. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-30 at 3:38 am

    ངོ་མ་བཤད་ན་ངས་འདིར་བསྟོད་པ་བྱེད་འདོད་མེད། ཕྱི་གླིང་དུ་སྐྱབས་བཅོལ་ཞུ་མཁན་བོད་པ་གང་མང་ཞིག་གིས་རྒྱ་ནག་གི་སྦྱིན་བདག་བཙལ་ནས་ལས་ཀ་བྱས་དང་བྱེད་ཀྱིན་པ་རེད། དེར་མ་ཟད་ལས་ཀ་དཀར་ནག་གཉིས་ཀ་བྱེད་ཀྱིན་འདུག མ་གཞི་ཁོ་ཚོ་ཕྱི་གླིང་ལ་ཡོང་བ་རྒྱ་ནག་གི་ལས་ཀ་བྱེད་དུ་ཡོང་བ་རེད་དམ། ཅིའི་ཕྱིར་རྒྱ་ནག་གི་སྦྱིན་བདག་དག་ལས་མཐོང་ཆུང་མྱོང་བཞིན་ལས་ཀ་བྱེད་དགོས་པ་རེད། འདིའི་སྐོར་ལ་ད་དུང་ཁྱད་མཚར་དེ་འདྲ་མང་པོ་གོ་རྒྱུ་འདུག གནད་དོན་གཙོ་བོ་རང་གིས་སྦྱིན་བདག་བཙལ་སྟངས་ནོར་བ་རེད། ཡིན་གཅིག་མིན་གཅིག་རྒྱ་སྐད་མ་ཤེས་ན་ལས་ཀ་མི་རག་པ་ཞིག་ཡིན་ནམ། ལྷག་པར་དུ་ལས་ཀ་ནག་པོ་ལས་པ་དང་ད་དུང་མཐོང་ཆུང་རིགས་མྱོང་དགོས་པ་དེ་གཙོ་བོ་རང་ཉིད་ལན་པ་རེད། གཟབ་གཟབ་མ་བྱས་ན་བོད་པ་ལ་ལས་ལས་ཀ་བྱེད་སྟངས་ཀྱིས་མི་རིགས་ཀྱི་ཞབས་འདྲེན་བྱེད་པ་ཡོང་ཉེན་འདུག་ད། ཨོ་ལེ། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད།

  7. ཇུས་མེད་ཇུས་གཏོགས། says:
    2013-12-30 at 6:14 am

    གོང་གི་གསར་འགྱུར་དེའི་ཐོག་ནས་བདེན་པ་ལ་རྒྱལ་ཁ་ཐོབ་རྒྱུ་ཞིག་ཡོད་པ་ར་སྤྲོད་གསལ་པོ་གནང་འདུག་དེ་འདྲ་སོང་རང་རའི་ཆབ་སྲིད་བཙོན་པ་ངོ་མ་ཚོས་ཀྱང་མི་རྒྱུ་གཉིས་ལ་གནོད་འཚེ་འཕོགས་པའི་ཞུ་གཏུག་ཞིག་བྱས་ན་སྒྲུབ་འབྲས་གང་ཚམ་ཡོང་སྲེད་

  8. ཇུས་མེད་ཇུས་གཏོགས། says:
    2013-12-30 at 6:14 am

    གོང་གི་གསར་འགྱུར་དེའི་ཐོག་ནས་བདེན་པ་ལ་རྒྱལ་ཁ་ཐོབ་རྒྱུ་ཞིག་ཡོད་པ་ར་སྤྲོད་གསལ་པོ་གནང་འདུག་དེ་འདྲ་སོང་རང་རའི་ཆབ་སྲིད་བཙོན་པ་ངོ་མ་ཚོས་ཀྱང་མི་རྒྱུ་གཉིས་ལ་གནོད་འཚེ་འཕོགས་པའི་ཞུ་གཏུག་ཞིག་བྱས་ན་སྒྲུབ་འབྲས་གང་ཚམ་ཡོང་སྲེད་

  9. བཀྲ་ཡེ་ཚང་། says:
    2013-12-30 at 7:18 am

    ཆབ་བྲག་ལ་རྒབ་སྐྱོར་ཡོད། ཕྱི་ནང་གཉིས་ཀ་རྒྱའི་གདུག་རྩུབ་འོག་ལ་འདུག་དགོས་པ་ང་ཚོའི་ལས་དབང་ཡིན་ས་རེད། དེ་ལས་གཞན་པའི་ལམ་ཁ་ཞིག་ང་ཚོ་བོད་པ་ཚང་ལ་མེད་པ་རེད་དམ།

  10. ཀརྡོ་གཉེར་ཕྱག་པ་ says:
    2013-12-30 at 7:29 am

    རང་བཙན་དང་། དབུ་མ་རྩོད་པ་ལས། དེ་འདྲའི་ཁྲིམས་གཏུག་ཙག་ཙིག་གང་མང་བྱེད་ཐུབ་ན། བོད་སྤྱིའི་བསམ་དོན་ལ། ཕན་ཐོགས་ཆེན་པོ་ཡོད་པར་བརྟེན་ཀུན་གྱིས་གང་ཐུབ་རེམས་པར་མཛོད།

  11. བོད་ལ་ཞེན says:
    2013-12-31 at 9:09 am

    དེ་འདྲ་ལ་ཡིད་ཆེས་མེད། དེ་སང་ཕྱི་རྒྱལ་ལ་དམངས་གཙོ་དང་ཁྲིམས་བེད་སྤྱད་ནས་གཞན་གྱི་རྒྱུ་ནོར་རག་ཐབས་བྱེད་མཁན་མང་པོ་ཡོད།

  12. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-31 at 9:57 am

    གནད་དོན་འདི་དང་འབྲེལ་ནས་་བཙན་བྱོལ་བོད་མི་ཚོས་མི་ཚེ་སྐྱེལ་ཐབས་སྐོར་ལ་བགྲོ་གླེང་བྱེད་ཐུབ་ན་ལེགས། ལྷག་པར་ཉམས་མྱོང་ཡོད་པ་ཚོས་ལེགས་ཉེས་བླང་དོར་གྱི་མྱོང་བ་རེ་བཤད་རྒྱུ་ཡོད་ན་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme