Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་རྗེ་བཙུན་གཡག་རྭ་ཡིས་བུ་རྗེ་བཙུན་མཆོག་རབ་ལ་སྤྲིངས་པ།

Posted on 2013-12-212013-12-21 By ཁ་བརྡ་ 7 Comments on ཕ་རྗེ་བཙུན་གཡག་རྭ་ཡིས་བུ་རྗེ་བཙུན་མཆོག་རབ་ལ་སྤྲིངས་པ།

རྗེ་བཙུན་གཡག་རྭ་ཡིས།

བརྩེ་བའི་སྙིང་གི་བུ་ཆུང་རྗེ་བཙུན་བསྟན་འཛིན་མཆོག་རབ།
ཁྱོད་འདི་ལྟར་བདུན་ཕྲག་སོ་དགུ་དང་ཉིན་གྲངས་བཞི་ཡི་རིང་ཁྱོད་ཀྱི་ཨ་མ་བསྟན་འཛིན་དཔལ་སྒྲོན་དང་ང་གཉིས་ཀྱིས་རེ་འདུན་ངང་ཁྱོད་ལ་བསྒུགས་བསྒུགས་པའི་མཐར་རབ་གནས་ཆུ་སྦྲུལ་གྱི་བོད་རྒྱལ་ལོ་༢༡༤༠ བོད་ཟླ་༩ ཚེས་༣༠ སྟེ། ཕྱི་ལོ་༢༠༡༣ ཟླ་༡༢་པའི་ཚེས་༢ ་རེས་གཟའ་ཟླ་བའི་མཚན་མོའི་ཆུ་ཚོད་༡༠ དང་སྐར་མ་༡༤ ཐོག་ཁྱོད་འཇིག་རྟེན་འདིར་སླེབས་བྱུང་། སྐབས་དེ་དུས་ཁྱོད་ནི་ངོ་མ་གཅེར་རྗེན་ངང་ངུ་སྐད་འདོན་བཞིན་སྨན་པ་ཚོའི་མདུན་ན་རས་ཡུག་ལྗང་ཁུ་དེའི་ཐོག་རྐང་གཉིས་གྱེན་ལ་བསྟན་ནས་འཕག་འཚག་རྒྱག་གིན་འདུག སྨན་པ་ཞིག་གིས་ང་ལ་གྲ་སྒྲིག་བྱས་པ་བཞིན་ངས་གཏུབ་གྲི་ཆུང་ངུ་དེ་བཟུང་ནས་ཁྱོད་ཀྱི་ལྟེ་ཐག་དུམ་བུར་བཅད་པ་ཡིན་ལ་དམར་ལ་སྨུག་པའི་ཁྲག་ཉུང་ཙམ་ཞིག་བཅད་འཕྲོ་ལས་བཞུར་བྱུང་།
སྐབས་དེ་དུས་ང་དང་ཁྱོད་ཀྱི་ཨ་མ་དགའ་སྤྲོའི་ངང་ཁྱོད་ཐོག་མར་མཐོང་ཞིང་ཁྱོད་གོས་དཀར་འཇམ་པོའི་ཞིག་གི་ནང་དྲིལ་ཞིང་།ཁྱོད་ཀྱི་ཨ་མ་སྐབས་དེ་དུས་ལུས་ཕྱེད་བཟི་ཁབ་ཀྱིས་འགུལ་མེད་ཚོར་མེད་ངང་ཡོད་ན་ཡང་ང་དང་སྨན་པ་སྨན་གཡོག་ཚོས་ཁྱོད་ཁྱེར་ནས་མོའི་བྲང་ཁར་གླན་ཞིང་ཆེས་ཐོག་མའི་བརྩེ་ཞིང་དུང་བའི་ཨ་མའི་འོ་དེ་ཁྱོད་ལ་བྱས་པ་རེད།

དེ་རྗེས་ཁྱོད་ངས་བང་དུ་བཟུང་ནས་བསྡད་སྐབས་ཁྱོད་ནི་སྐྱེས་ནས་སྐར་མ་༥ འགོར་བའི་བྱིས་པ་ཞིག་དང་མི་འདྲ་བར་འཕག་འཚག་མི་རྒྱག་ཅིང་ངུ་སྐད་མི་འདོན་པར་ཁུ་སིམ་ངང་མིག་ཟུང་ཆུང་ཆུང་ཕྱེས་ནས་ང་དང་ངའི་མཐའ་སྐོར་གྱི་སྨན་པ་སྨན་གཡོག་ཚོ་ལ་ལྟ་བཞིན་བསྡད་པ་རེད། སྐབས་དེ་དུས་སྨན་པ་གཅོ་བོ་དེས་ཁྱོད་མི་རྒན་པོ་ཞིག་གི་རྣམ་ཤེས་ཡིན་ས་རེད་འདི་ལྟར་ཁུ་སིམ་ངང་ཕར་ཚུར་ལྟ་ནས་སྡོད་སྟངས་ལ་བལྟས་ན་ཟེར་ནས་བཤད་བྱུང་། ཁྱོད་ཀྱི་ཨ་མའི་ལྟོ་བ་གཤགས་བཅོས་དེ་སྐར་མ་༤༠ ལྷག་ནས་ལེགས་པར་གྲུབ་ནས་ཁྱོད་ལ་ཨ་མའི་ཐོག་མའི་ནུ་ཞོ་མངར་མོ་དེ་སྤྲད་དུས། ཁྱོད་ལ་བསླབ་སྟོན་སོགས་གང་ཡང་མི་དགོས་པར་ཨ་མའི་བྲང་ངོས་ཀྱི་ནུ་མ་འཚོལ་ཞིང་ནུ་གཞིབ་ཤེས་པ་ནི། ངོ་མཚར་བ་དང་ནང་པའི་བསྟན་བཅོས་འགའ་ལས་བསྟན་པའི་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་མཚོན་དཔེ་དེ་ངོས་མཐོང་ངང་དྲན་གསོ་བྱུང་།

དུས་དེ་ནས་བཟུང་ཁྱོད་ཀྱིས་ང་དང་ཨ་མ་ལ་ཕ་མ་ཞེས་པའི་མིང་དོན་དང་ལྡན་པར་བྱས་སོང་ལ། ངེད་ཕ་མ་ཟུང་གི་སེམས་ཚོར་ལ་ཡང་རང་ཉིད་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ཁྱོད་གལ་ཆེ་བ་དང་། ཁྱོད་ལ་འཁྱགས་ལྟོགས་དང་ན་ཚ་མེད་པ་ཞིག་བྱུང་ན་ངེད་གཉིས་ལ་དེ་ཚོ་བྱུང་ན་བཟོད་བསྲན་ཐུབ་པའི་ཕ་མ་བུ་ཕྲུག་བར་གྱི་བརྩེ་བ་དང་གཅེས་འཛིན་གྱི་བསམ་བློ་ཞིག་འགོག་མེད་ཐོལ་བྱུང་དུ་སྐྱེས་སོང་། སྐབས་དེ་དུས་ངས་ཀྱང་ང་རང་ཉིད་ཀྱི་ཕ་མ་རྒན་རྒོན་གཉིས་ཀྱིས་འདི་ལྟར་ང་རང་ལ་བརྩེ་དུང་དང་གཅེས་སེམས་བཅངས་ཡོད་པའི་ངེས་ཤེས་གསལ་པོ་ཞིག་སེམས་ལ་འཁོར་དུ་བཅུགས་པས། ངས་ཁོ་གཉིས་ཀྱིས་ངའི་ཆེད་ལུས་སེམས་ཀྱི་དཀའ་ཁག་ཅི་ཙམ་མྱངས་ཡོད་པ་སེམས་ལ་འཆར་ཐུབ་པ་བྱུང་།

ཁྱོད་མ་སྐྱེས་སྔོན་གྱི་ཟླ་བ་འགའི་རིང་བདུན་ཕྲག་རེ་རེར་བཞིན་སྨན་པ་ཚོས་བརྟགས་པར་ཁྱོད་ཉིད་ཨ་མའི་མངལ་དུ་བདེ་ཐང་ངང་འཚར་ཞིང་བཙས་ཁར་མགོ་བོ་ཐུར་ལ་བསྟན་ནས་སྤྱིར་བཏང་གི་བཙའ་ཁར་སྡོད་སྟངས་སུ་ཡོད་པར་བརྟག་དཔྱད་འཕྲུལ་ཆས་སོགས་ལས་ངོས་མཐོང་བྱུང་ན་ཡང་། ཁྱོད་བཙའ་བར་ཆུ་ཚོད་གཉིས་ཙམ་ལས་མེད་པའི་མཚན་དགོང་དེར་ཁྱོད་ཀྱིས་གློ་བུར་ངང་སྡོད་སྟངས་བརྗེས་ནས་མགོ་བོ་གྱེན་དུ་བསྟན་པའི་དབང་གིས་ཁྱོད་ཀྱིས་ཨ་མས་ཁྱོད་ཀྱི་བདེ་ཇགས་ལ་བསམ་བློ་ཆེན་པོ་ནས་མོའི་ལྟོ་བར་གཤགས་བཅོས་བྱ་ཆོག་པའི་མིང་རྟགས་སྨན་པ་ཚོའི་མདུན་དུ་བཀོད་པ་རེད། དེ་ནི་ཁྱོད་ཀྱིས་ཨ་མས་མོ་རང་གི་སྲོག་ཉེན་དང་བདེ་འཇགས་བློས་གཏོང་གིས་ཁྱོད་རང་སྐྱོབ་ཐབས་བྱས་པའི་བྱམས་བརྩེའི་བྱེད་སྟངས་ཤིག་རེད།
ཁྱོད་སྐྱེས་ནས་ཉིན་གཞུག་མའི་ཞོགས་པར་ཁྱོད་ཀྱི་རྨོ་རྨོ་དང་ཨ་ཞང་། ཨ་ནེ་སོགས་གཉེན་ཉེ་གྲོགས་པོ་དང་གྲོགས་མོ། ཁྱོད་ཨ་མའི་ལས་ཁུངས་སོགས་ནས་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་བའི་ཤོག་བྱང་དང་མེ་ཏོག་ཆུན་པོ་མང་པོ། ཁྱོད་ལ་གྱོན་གོས་དང་རྩེད་ཆས་སྣ་ཚོགས་ཀྱི་ལེགས་སྐྱེས་ཆར་བཞིན་བབས་བྱུང་བས། ང་དང་ཁྱོད་ཀྱི་ཨ་མས་ཁོ་ཚོ་རེ་རེར་བཞིན་བཀྲིན་ཆེ་ཞེས་ལན་ཕུལ།
ཉིན་གྲངས་༦ རིང་ཁྱོད་དང་ཨ་མ་སྨན་ཁང་དུ་བསྡད་རྗེས་ཕྱིར་བདེ་བླག་ངང་རང་ཁྱིམ་དུ་འབྱོར་ཞིང་། ཁྱོད་ཀྱི་སྤུན་གྲོགས་འུ་ཚང་གི་ཁྱི་ཆུང་ཆེབ་དང་རེ་ལྗེ་གཉིས་ཀྱིས་རྔ་མ་གཡུག་བཞིན་ཁྱོད་ལ་དགའ་བསུ་བྱས།

ཁྱོད་ལ་སྔོན་ནས་གྲ་སྒྲིག་བྱས་པའི་ཁྱོད་ཀྱི་ཉལ་སའི་ཁང་མིག་དང་རྨོ་རྨོ་དང་གཉེན་ཉེ་ཚོས་ཉོས་པའི་གྱོན་གོས་སྲབ་འཇམ་སྣ་མང་ཡོད་པ་དག་ཉིན་བཞིན་བརྗེ་རེས་ཀྱིས་བཀབ་ཅིང་། ཨ་མའི་འོ་མའི་མངར་བཅུད་ཀྱིས་གསོ་བཞིན་ཁྱོད་རང་འདི་ལྟར་བདེ་ཞིང་ལེགས་པའི་ངང་རང་ཁྱིམ་དུ་འཚར་ལོངས་འབྱུང་བཞིན་པ་ནི་ང་དང་ཁྱོད་ཀྱི་ཨ་མ་གཉིས་ཀྱི་བསོད་ནམས་སུ་བརྩི་བཞིན་ཡོད།
ངོ་མ་བཤད་ན་ངའི་ཕ་མ་ཟུང་ལ་ང་ཚོ་མིང་སྲིང་བཅུ་ཡོད་པའི་དབང་གིས་སྔོན་མར་ང་ནི་བྱིས་པ་ལ་མི་དགའ་མཁན་ཞིག་ཡིན་ན་ཡང་། ད་ནི་ཁྱོད་ལ་དགའ་ཞིང་དུང་བ་འདི་ཉིན་རེར་བཞིན་འགོག་མེད་དུ་འཕེལ་བཞིན་འདུག མ་ཟད་སྔོན་ཆད་བྱིས་པ་ཞིག་ངུས་པའི་སྐད་ཐོས་ན་ང་རང་སུན་སྣང་དང་མི་སྤྲོ་བའི་སྣང་བ་འཁོར་བཞིན་ཡོད་ན་ཡང་ད་ལྟ་ནི་ཁྱོད་ཉིད་ངུས་པའི་ངུ་སྐད་དེ་ཡང་ངའི་རྣ་བར་སྙན་འཇེབས་ཀྱི་གླིང་བུ་ཞིག་བུས་པ་དང་ཀུན་ནས་མཚུངས་པར་གྱུར་འདུག ཁྱོད་ཀྱིས་ཨ་མས་ཀྱང་ཁྱོད་ཐོག་མར་མཐོང་དུས་ནས་ཁྱོད་ལ་བརྩེ་དུང་དང་གཅེས་སེམས་ཤུགས་ཆེན་ཞིག་འགོག་མེད་དུ་སྐྱེས་ཞིང་། དེ་ནས་བཟུང་མོ་རང་ནི་ཁྱོད་ལ་གཞལ་ན་གལ་མི་ཆེ་བའི་ཅ་དངོས་གད་སྙིགས་ལྟ་བུ་ཞིག་ཡིན་པའི་བསམ་བློ་འཁོར་བྱུང་ཟེར། འདི་ནི་༧གོང་ས་མཆོག་གིས་ནམ་རྒྱུན་གསུང་བཞིན་པའི་ལྷན་སྐྱེས་ཀྱི་མ་བུའི་བརྩེ་དུང་ངོ་མ་དེའི་ངང་ཚུལ་ཞིག་ཅི་ལ་མིན་ནམ་སྙམ།

དེང་སྐབས་འདིར་རང་ཁྱིམ་དུ་སྨན་པ་དང་སྨན་གཡོག་ཚོ་འོངས་ནས་ཁྱོད་ལ་བརྟགས་ནས་བཤད་ན་ཁྱོད་དང་ཁྱོད་ཀྱི་ལུས་སེམས་བདེ་ཐང་ངང་མགྱོགས་པོར་སྐྱེ་འཚར་འབྱུང་གིན་འདུག་ཟེར་བས་ངེད་ཕ་མ་གཉིས་དགའ་ནས་ཡོད། ང་དང་ཁྱོད་ཀྱི་ཨ་མས་ཁྱོད་ལ་ལུས་ཕུང་གཙང་བཀྲུ་དང་གྱོན་གོས་ཡང་ཡང་བརྗེ་བཞིན་ཉིན་མཚན་གྱི་ཆུ་ཚོད་བཞི་རེའི་མཚམས་ནས་ཁྱོད་ལ་འོ་མ་སྤྲད་ཅིང་། གཅིན་སྐྱག་དང་མིག་དང་སྣ་བུག་གི་སྣབས་སོགས་ཕྱིས་ནས་གཉོར་སྐྱོང་ལ་འདི་ལྟར་འབད་བཞིན་ཡོད། འདི་ནི་ལས་ཀྱིས་བསྐོས་པའི་འཇིག་རྟེན་གྱི་ཕ་མ་ཚོའི་ལས་འགན་དང་ཕ་མ་བུ་ཕྲུག་བར་གྱི་བྱམས་བརྩེའི་མི་ཚེའི་འཚོ་བར་རོལ་སྟངས་ཀྱི་འཁྲབ་གཞུང་ཞིག་ཅི་ལ་མིན་ནམ་སྙམ།

ངེད་ཕ་མ་གཉིས་ཀྱི་དཔྲལ་བའི་མིག་དང་ཁོག་གི་སྙིང་ལས་ཀྱང་གཅེས་ཤིང་བརྩེ་བའི་བུ་ཆུ་རྗེ་བཙུན། ཁྱོད་ཀྱི་ཨ་ཕ་ངས་ཁྱོད་ལ་འདི་ལྟར་ཁྱོད་འཇིག་རྟེན་འདིར་སླེབས་ཚུལ་དང་རང་ཁྱིམ་དུ་གཅེས་སྐྱོང་ངང་འཚར་བཞིན་ཡོད་པའི་གཏམ་འདི་དག་ཁྱོད་ནམ་ཞིག་ན་ན་ཚོད་ཨ་ཕ་བཞིན་ལོན་དུས་ཁྱོད་ཀྱིས་ཨ་ཕ་ངས་ཁྱོད་ལ་བྲིས་པའི་གཏམ་རྒྱུད་འདི་ཡོངས་སུ་ཤེས་རྟོགས་ཐུབ་ཀི་རེད། ད་དུང་ངས་མུ་མཐུད་ཁྱོད་ལ་འདི་ལྟར་ཁྱོད་དང་ཁྱོད་ཀྱིས་ཤེས་རྟོགས་དགོས་པའི་བྱམས་བརྩེའི་ཁ་བརྡ་མང་པོ་ཞིག་བྱ་འདོད་ཡོད། ངའི་བརྩེ་བའི་བུ་ཆུང་།

༢༠༡༣ ༡༢ ༢༡

འཕྲིན་ཡིག

Post navigation

Previous Post: ཕྱི་གླིང་བ་དང་ང་ཚོའི་མི་འདྲ་ས།
Next Post: དམྱལ་བའི་གནས་ཞིག་ངོས་འཛིན་བྱེད་ཐུབ་བམ།

Comments (7) on “ཕ་རྗེ་བཙུན་གཡག་རྭ་ཡིས་བུ་རྗེ་བཙུན་མཆོག་རབ་ལ་སྤྲིངས་པ།”

  1. ཀླུ་སྨྱོན། says:
    2013-12-21 at 12:45 pm

    མིག་ཆུ་འཁོར་བ་ཞིག་བྲིས་འདུག བོད་ཡིག་ཡིན་ན་འདིས་འདི་མོ་མི་སེམས་སྒུལ་ཐུབ་པའི་རྩོམ་ཡིག་ར་འབྲི་ཐུབ་ནི་ཨེ་རེད།

  2. བན་དེ་བ། says:
    2013-12-21 at 9:19 pm

    ད་ཡང་ཡང་སྤྲུལ་ཞིག་ལ་རེ་བ་བྱས་པ་རེད་་་་་མ་ཁ་བདེ་ལ་་་་བུ་སྤྲུལ་སྐུ་འཁྲུངས་་་་་སྐབས་དེ་དུས་གནམ་ལ་འཇའ་ཚོན་ཤར་ས་ལ་མེ་ཏོག་བཞད་་་ཨ་མར་ན་ཟུག་གང་ཡང་མ་བྱུང་་་དེ་འདྲའི་རྟགས་མཚན་བྱུང་ངམ་་་་ཨ་ལགས་སྐུ་རྩེད་ཞུས
    ཡིན་ངེད་ཅག་ཚང་མ་སྤྲུལ་སྐུ་རེད་་་ལེགས་ཉེས་ཞིག་མ་གཏོགས་་་མ་གཞི་ནས་སྐྱེས་ཙམ་ཉིད་ནས་ནུ་མ་ནུ་ཤེས་པ་འདི་དྲན་པ་སྔར་སོང་མཚོན་བྱེད་ཇི་ལྟར་ནུས་སམ་་་ནུ་མ་ནུ་མ་མྱོངས་མཁན་གྱི་སེམས་ཅན་ཞིག་་་ས་སྟེང་འདིར་སྐྱེ་བ་མི་ལེན་པ་ཡིན་ནམ་་་དངོས
    གནས་དྲི་བ་ཡིན། ནང་པས་་་་བྱིས་པ་སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང
    བ་ཡིན་ཏེ། སྐྱེས་ཙམ་ཉིད་ནས་ནུ་མ་ནུ་ཤེས་པའི་ཕྱིར་་་་ཟེར་་་་རྟགས་དེ་ལ་བསམ་བློ་གཏོང་དགོས་པ་འདུག

  3. བསོད་ནམས་རྒྱལ་མཚན། says:
    2013-12-21 at 9:36 pm

    དངོས་གནས་སྙན་པ་ལ་ཚོད་ཅིག་མི་རང་གི་པ་ཕས་དངོས་སུ་རང་ལ་བཤད་པའི་ཚོར་སྣང་ཞིག་སྤྲད་ཡོང་གིས་འདུག

  4. བླ་བྲང་འཇམ་དབྱངས། says:
    2013-12-21 at 10:38 pm

    སེམས་འགུལ་ཐེབས་པའི་སྒྲུང་ཡག་པོ་ཞིག་བྲིས་འདུག ཧ་ཅང་སེམས་ལ་བབ་སོང། མུ་མཐུད་ནས་ཡིན་ན་ཨ་མའི་བུ།

  5. བླ་བྲང་འཇམ་དབྱངས། says:
    2013-12-21 at 10:39 pm

    བྱིས་པའི་པར་ཞིག་མཉམ་དུ་ཡོད་ན་ཡག་པོ་ཡོད་རྒྱུ་རེད་བསམ་སོང་།

  6. རྔ་བ་གཉན་རྒོོད་ says:
    2013-12-22 at 1:32 am

    འོ་ཕ་རྒན་ལ་རྟེན་འབྲེལ་ཞུ་་་་་ཨ་མ་ལ་བཀའ་དྲིན་ཞུ་་

  7. དགེ་འདུན་རྒྱ་མཚོ། says:
    2013-12-22 at 11:35 am

    ཕ་རྗེ་བཙུན་་་་་་་བུ་ཡང་རྗེ་བཙུན།
    བོད་པའི་ལས་དབང་འདི་ངོ་མ་ཅིག་གཙོག་གི་ཡ། 
    རྗེ་་་་་་་་་བཙུན་་་་་གོ་དོན་ག་རེ་ཡིནནམ།
    ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme