Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་དྲན་ངོགས་ཀྱི་འོད་སྣང་ཆུང་ཆུང་།

Posted on 2013-12-192013-12-19 By ཁ་བརྡ་ 2 Comments on ངའི་དྲན་ངོགས་ཀྱི་འོད་སྣང་ཆུང་ཆུང་།

ཁང་སྨིན་གྲོལ་རྒྱ་མཚོ།
༌༌༌༌༌༌༌༌༌༌༌༌༌༌༌༌སློབ་གྲོགས་ཚེ་རིང་ནོར་བུ་ལ་བསྲིངས་པའི་འཕྲིན་ཐུང་།

unnamed-3མཛའ་བརྩེའི་ཕྱི་ཐག་རིང་ཞིང་། གནས་ལུགས་ཀྱི་དོན་པོ་འཚོལ་དཔྱོད་ལ་དུངས་བའི་སློབ་གྲོགས་ལགས། ད་ལྟ་ང་གློག་འོད་མེད་པའི་བལ་ཡུལ་གྱི་རྒྱལ་སའི་ཀྱག་ཀྱོག་གི་ལམ་བུ་གང་མང་བརྒྱུད་མཐར་རང་གི་སྡོད་གནས་སུ་སླེབས་ཐུབ་ཙམ་བྱུང་། འོན་ཀྱང་ངའི་སྦྱིན་བདག་དང་ཆོས་གྲོགས་ཚོ་རྒྱལ་ས་ཁྲང་མེན་དུ་སྤྲོ་འཁྱམས་ལ་ཕྱིན་པས་ངས་མེ་ཏོག་གི་དྲི་བསུང་འཐུལ་བཞིན་པའི་ར་སྐོར་ཆུང་ཆུང་དེ་ནས་ཅུང་ཙམ་ངང་སྒུག་བྱས་ནའང་། ཁོང་ཚོ་ད་དུང་མ་སླེབས་པས་ད་གཟོད་ངས་ཁ་ཁུ་སིམ་ཞིང་དྲན་སྣང་རྒོད་པའི་གོ་སྐབས་འདི་སྤྱད་དེ་ཁྱོད་ལ་འཕྲིན་ཐུང་ཞིག་འབྲི་མགོ་བརྩམས་པ་ཡིན།
སྤྱིར་མི་ཞིག་ལ་མཚོན་ནས་བཤད་ན། གཞན་ཕན་མ་ནུས་ཀྱང་ཆེས་གལ་ཆེ་བ་ནི་བློ་དཀར་གཞུང་དྲང་ཐོག་གསེར་ལས་དཀོན་པའི་མི་ཚེ་ཆུད་ཟོས་སུ་མི་གཏོང་བར་མེས་པོའི་སྲོལ་བཟང་རྒྱུན་འཁྱོངས་ཀྱི་སློབ་གཉེར་བ་ཡ་རབས་ཤིག་བྱ་རྒྱུ་ནི་ཅི་འདྲའི་གལ་ཆེ་བའི་བཟང་སྤྱོད་ཅིག་ཡིན་པ་ལྟར།བོད་མི་ཞིག་ལ་མཚོན་ནས་བཤད་ནའང་། རང་གི་ཕ་མེས་ནས་བརྒྱུད་པའི་ནང་བསྟན་རིག་པའི་ཆོས་ལུགས་དང་། དེ་འཛིན་གྱི་རླབས་ཆེན་སྐྱེས་བུ་ཚོས་འཛམ་གླིང་སྤྱི་དང་། བྱེ་བྲག་ཧི་མ་ལ་ཡི་ཞི་འཇམ་བརྟན་བརླིང་གི་འཚོ་གནས་ཆེད་བཞག་པའི་གསེར་འོད་འཕྲོ་བའི་ཞབས་ཤུལ་ལ་ཐེངས་རེར་མཇལ་སྐབས།ཡིད་དགའ་ཞིང་།ཞེ་དུངས་པ་ཞིག་རེད་ཨང་།

unnamed-6ངས་འདི་ལྟར་བརྗོད་དོན་ནི། གཙོ་བོ་ད་ལྟའི་ཁྱོད་ཀྱི་སློབ་གསོའི་ཁ་ཕྱོགས་དང་། དེས་སྐྲུན་པའི་བསམ་བློའི་གནས་བབ་ལ་ལྟོས་ཏེ་བཤད་འདོད་པ་ཡིན་ལ། དེ་ནི་ཁོ་བོར་མཚོན་ན། བཤད་འོས་ཤིང་། ངེས་པར་འཆད་དགོས་པའི་གལ་ཆེའི་གནས་ལུགས་ཤིག་ཀྱང་རེད་སྙམ། མ་གཞི་སློབ་གསོ་ཟེར་བ་དེ་མི་བུའི་སྒོ་གསུམ་ལེགས་ཕྱོགས་སུ་བཅོས་བསྒྱུར་བྱེད་པའི་ཆེད་དུ་ཡིན་ནའང་། དེར་ཚད་ལྡན་གྱི་གྲུབ་འབྲས་འབྱུང་མིན་ནི། སློབ་གསོ་གཏོང་མཁན་དང་། སློབ་གསོ་བྱ་ཡུལ་གྱི་གང་ཟག་གཉིས་ཀར་ཐུན་མོང་དུ་འགན་ཁུར་ཡོད་པ་ཞིག་ཀྱང་རེད།
ཅིའི་ཕྱིར་ཞེ་ན། སློབ་གསོ་བའི་མིང་ཅན་གྱི་དགེ་རྒན་ཚོས་ཡིག་ངག་གང་རུང་ནས་སློབ་གསོ་འཆད་རྐྱང་བྱེད་པ་ལས་རང་ཉིད་ཀྱིས་སློབ་གསོའི་ལྟ་གྲུབ་དང་། སློབ་གསོའི་ཕན་ནུས་ཧྲིལ་པོ་ལག་བསྟར་མ་ཐུབ་པའི་ཉེར་ལེན་གྱིས་དེང་གི་ཆར་མཚོན་ན། སློབ་མ་གང་མང་ཞིག་གི་སེམས་པར་དགེ་རྒན་གྱིས་བཤད་པའི་སློབ་གསོར་རིན་ཐང་གང་ཡང་ཚོར་གྱི་མེད་ལ། དེས་རྐྱེན་པས་སློབ་གསོའི་དོན་སྙིང་རྣམས་ངག་ཐོག་ནས་འཆད་ཤེས་པ་ཙམ་དུ་འཛིན་པ་ནི། སློབ་གསོ་མཁན་གྱི་མིག་དཔེར་འོས་པའི་བྱ་འགུལ་བརྟན་པོ་སྤེལ་མ་ཐུབ་པའི་ཉེས་པར་ངོས་འཛིན་ཆོག་པ་ཞིག་ཀྱང་རེད།

མཚམས་འདིར་སླེབས་དུས། ཁྱིམ་བདག་དང་ཆོས་གྲོགས་ཚོ་སླེབས་བྱུང་ལ། ཁོང་ཚོས་ཁྱོད་ཀྱི་ཟ་མ་ཅི་ཞིག་ཟ་འདོད་ཅེས་འདྲི་སྐབས། ངས་ད་གཟོད་མགྲོན་པོ་མང་ཞིང་སྤྲོ་སྣང་གིས་ཁེངས་པའི་ཁྱོད་ཀྱི་ཟ་ཁང་ནས་སྣུམ་བསྲེགས་ཞོ་ཁོག་ཟོས་པ་ཅུང་མང་དྲགས་པ་ཚོར་བྱུང་། འོ་རེད། དེ་བཞིན་དུ་ཁོ་བོས་ཀྱང་ཁྱོད་ལྟ་བུའི་ཤེས་རབ་ཅན་གྱི་སློབ་གྲོགས་ཆུང་ཆུང་གང་མང་ཞིག་ལ་འཛིན་ཁང་དུ་སློབ་གསོའི་ཚིག་རིས་འགའ་ངག་སྐྱོར་བྱེད་མྱོང་བ་ཙམ་ལས་རང་ཉིད་ཀྱིས་སློབ་གསོའི་གོ་དོན་ལག་ལེན་རྒྱུན་འཁྱོངས་བྱེད་མ་ཐུབ་པ་དེས་ཁྱོད་ཚོར་ཀྱག་ཀྱོག་ཆེ་ཞིང་མུན་པ་སྟུག་པའི་རྐང་ལམ་ཕྲ་མོ་ཞིག་དང་། སྤྲོ་སྣང་དབེན་པའི་འཇིག་རྟེན་མག་མོག་ཅིག་བསྐྲུན་པའི་འདས་དོན་གྱི་འཚོ་བའི་གོ་རིམ་ལ་ཞིབ་འདངས་བྱེད་ཐེངས་རེར། ཆོས་རྗེ་ས་པཎ་གྱིས་བླུན་པོའི་མཚན་ཉིད་བཤད་པ་རྣམས་ཀྱིས་རང་སྟེང་དུ་ཁེངས་ནས་ཡོད་པ་ཐོལ་གྱིས་དྲན་གྱིན། ཁྱོད་ལ་སེམས་ཁོང་ནས་ཚིག་གཅིག་བཤད་འདོད་པ་ནི། ངས་ཁྱོད་ཀྱི་གསེར་ལས་དཀོན་པའི་དུས་ཚོད་དང་། གློག་དམར་ལས་སྐྱེན་ཞིང་མེ་ལོང་ལས་གསལ་བའི་རྣམ་དཔྱོད་ཀྱི་འཕེལ་རྒྱས་ལ་མི་འདོད་བཞིན་དུ་ཚད་བཀག་བཟོས་པར་དགོངས་པ་མ་ཚོམ་ཞེས་པ་དེ་ཡིན།

སྐབས་འདིར་ངས་སེམས་པར་རང་ཉིད་ཅི་འདྲའི་མི་ཁྲེལ་མེད་ཅིག་དང་། ཅི་འདྲའི་ཅོལ་ཆུང་ཞིག་རེད་ཨང་སྙམ་ལ། ཁྱོད་ལྟ་བུའི་སློབ་མ་ཤེས་རབ་ཅན་ཚོ་ང་ལས་ལྷག་པའི་དགེ་རྒན་ཞིག་དང་ཕྲད་ཡོད་ན་ཅི་མ་རུང་སྙམ་པའི་དུངས་སེམས་ཤིག་ཀྱང་འགོགས་མེད་དུ་ཤར་བྱུང་། འདི་ནི་ངས་མ་འོངས་པའི་རིག་གཞུང་གི་སྲོག་རྩར་གྱུར་པའི་ཁྱོད་དང་ཁྱོད་ལྟ་བུའི་གཞོན་ནུ་ཁག་ཅིག་ལ་བྱིན་པའི་གྱོང་གུད་ཡིན་ལ། མིའི་རིགས་ཀྱི་རིག་གནས་ལོ་རྒྱུས་འཕེལ་རིམ་གྱི་ངོས་ནས་བཤད་ན། མི་རིགས་ཤིག་ལ་བཞག་པའི་ཤེས་རིག་གི་ཕམ་ཁ་ངོ་མ་ཞིག་ཀྱང་རེད། ད་དུང་། ཕུགས་བསམ་གྱིས་ཕྱུག་ཅིང་ཞིབ་དཔྱོད་ལ་དུངས་བའི་ཁྱོད་ཚོས། རེ་སྨོན་རུམ་གང་ཁུར་ནས་ཀྱག་ཀྱོག་དང་འདུ་འཛི་བྲལ་བའི་དགོན་པའི་ལྷིང་འཇགས་ཀྱི་འཚོ་བ་མྱང་དུས། ངས་ཐུབ་པའི་རིང་ལུགས་ཀྱི་བྱམས་བརྩེའི་ནུས་སྟོབས་འཆད་མ་ཐུབ་ལ། བརྟན་ཅིང་བརླིང་བའི་ནང་པའི་ལྟ་གྲུབ་ཀྱི་ཟབ་ཚད་སྟོན་མ་ནུས་པར་བརྡ་སྤྲོད་ཀྱི་འཆད་ཁྲིད་བརྫུན་མའི་ཟློས་གར་འོག་ནས་གསེར་ལས་དཀོན་པའི་ན་ཆུང་ཚོའི་དུས་ཚོད་ཆུད་ཟོས་སུ་བཏང་བར་སྙིང་ནས་དགོངས་དག་ཞུ་བཞིན་ཡོད།

ངས་འདི་ལྟར་བཤད་སྐབས། ཁྱོད་ཀྱི་སེམས་པར་ངས་སྔར་འཆད་མ་མྱོང་བའི་སློབ་གསོ་ཞིག་དང་། རྨད་དུ་བྱུང་བའི་ལེགས་བཤད་ཅིག་འཆད་བཞིན་འདུག་བསམ་མི་རུང་ལ། ད་དུང་། ངས་ཁྱོད་ལ་མཐོང་ཆུང་དང་། བརྙས་བཅོས་བྱེད་ཀྱིན་འདུག་དེ་བས་ཀྱང་བསམ་མི་རིགས་ཏེ། ངའི་ཡིད་ངོགས་སུ་ཁྱོད་རང་དུས་ནམ་ཡང་བདེན་དོན་འཚོལ་ཞིབ་ཀྱི་མཁའ་དབྱིངས་སུ་འོད་ཆེམ་ཆེམ་གྱིས་འཚེར་བའི་ཐོ་རངས་ཀྱི་རྒྱུ་སྐར་ཆུང་ཆུང་ཞིག་ཏུ་བགྲང་བཞིན་ཡོད་ནའང་། སྔོན་ཆད་ཁྱོད་ཀྱིས་བདག་ལ་བསྐུར་པའི་འཕྲིན་ཡིག་དང་། དེ་རིང་སྤྲད་པའི་དཔྱད་བརྗོད་རྩོམ་ཐུང་གཉིས་ཀྱི་བསམ་བློའི་ཁ་ཕྱོགས་དང་། ལྟ་གྲུབ་ཀྱི་སྨིན་ཚད་ལ་ཞིབ་ཏུ་དཔྱད་སྐབས། དེ་རིང་གི་ཁྱོད་ཀྱིས་སུ་ཞིག་གི་བསླུ་བྲིད་འོག་ནས།གང་ཞིག་གི་འགལ་རྐྱེན་ཁྲོད་ནས། དཔྱོད་ཤེས་རྒྱངས་འབོད་ཀྱི་མགྲིན་དབྱངས་ཁུར་ཏེ། དོགས་སློང་སྙིང་སྟོབས་ཀྱི་སྤོབས་ཤུགས་དེས་་་་་་། བག་ཆགས་དོང་སྤྲུགས་[1]ཀྱི་ཞབས་བྲོ་འཁྲབ་བཞིན།འཇིག་རྟེན་འདིའི་བྱམས་བརྩེའི་བདག་ཉིད། ཤེས་རབ་ཀྱི་བང་མཛོད། འགྲོ་དྲུག་གི་སྐྱབས་གནས་ཏེ། སྟོན་པ་ཤཱཀྱ་རྒྱལ་པོ་དང་། ཟབ་ཅིང་རྒྱ་ཆེ་བའི་དེའི་ལུང་རྟོགས་ཀྱི་བསྟན་པ། ད་དུང་དེས་ཀྱང་ག་ལ་ཚད་དེ། དམར་སེར་ལི་ཁྲིའི་རྒྱ་མཚོ་ས་ལ་འཁྱིལ་བ་ལྟ་བུའི་དེ་འཛིན་གྱི་སེར་མོ་བའི་ཁྱུ་ཚོགས།
གཞན་ཡང་། མངོན་གྱུར་དང་མངོན་གྱུར་མ་ཡིན་པའིི་ཞི་དྲག་གི་ཆོས་སྲུང་དང་བཅས་པའི་བྱས་ཉེས་ཀྱིས་མཐོ་སྒང་མི་རིགས་འདི་གཏན་དུ་ཕོངས་ལ་སྦྱར་སོང་ཞེས་དཔྱད་གཏམ་སྤེལ་བའི་ཁུར་བླངས་འདུག་པ་ནི། བདེན་རྫུན་གྱི་རབ་དབྱེ་མ་ཤེས་པར་དོན་གྱི་ཡིན་ལུགས་ལ་དཔྱོད་པའི་ཤེས་རབ་ཟབ་མོའི་གྲོགས་ཀྱིས་ཡོངས་སུ་བསྐལ་བའི་རང་མཚངས་ཟངས་མར་བསྟན་པ་ཡིན་པས་ཧ་ཅང་སྤྱི་བརྟོལ་གྱི་ལས་སུ་བྱ་བར་ཟད་དོ།།

unnamed-5འོན་ཀྱང་གནའ་དེང་གི་གང་གི་དབང་དུ་བྱས་ཀྱང་རིགས་པ་སྨྲ་བ་ཞིག་གི་ངོས་ནས་བཤད་ན། དཀོན་མཆོག་གསུམ་དང་། གསང་བ་ལྐོག་གྱུར་གྱི་ལས་འབྲས་མི་བསླུ་བར་ཁས་ལེན་མིན་ཅི་ལྟར་ཡང་། ངེས་དོན་གྱི་གནས་ལུགས་འཚོལ་ཕྱིར་གང་ལའང་དོགས་སློང་དང་། བརྩད་ཞིབ་བྱེད་ཆོག་པ་ནི། རྒུད་པ་ཀུན་གྱི་རྩ་བར་གྱུར་པའི་མ་རིག་རྨོངས་པའི་རང་བཞིན་ལ་འཇིགས་པའི་དཔྱོད་ལྡན་གྱི་སྐྱེས་བུ་ཚོར་རླབས་ཆེན་གྱི་སྟོན་པས་མི་ལོ་སྟོང་ཕྲག་དུ་མའི་ཡར་སྔོན་ནས་ཐུགས་བརྩེ་ཆེན་པོས་བསྩལ་བའི་ཤེས་རབ་དང་བྱམས་བརྩེ་ཟུང་འབྲེལ་གྱི་བགྲོད་ལམ་གཅིག་པུ་དེ་ཡིན་པར་སོང་།
ད་དུང་་་་ཡང་ནས་་་ཡང་དུ་་་་་མནོ་བསམ་ཟབ་གཏོང་གིས་གླེང་གཞི་འདིར་རིགས་ལམ་ནས་དག་ཐེར་བྱེད་དགོས་པ་ནི། རིགས་སྨྲ་བའི་ལས་དབང་ལ་དུང་བའི་ཁྱོད་ཀྱི་གལ་ཆེའི་བྱ་བ་ཡིན་པས་ཅིས་ཀྱང་བསྔགས་བརྗོད་ཡོད་དོ།།

འོན་ཀྱང་ཁ་ཅིག་ལྟར་ཕྱོགས་རེ་ཙམ་རྒྱུ་མཚན་དུ་བྱས་ཏེ་དམ་ཆོས་ལ་སྡང་བའི་ལས་སུ་བྱ་བར་ནི། གཅེས་པའི་ཚེ་སྲོག་ལན་བརྒྱར་ཤོར་ཡང་གཏན་ནས་འཇུག་མི་རུང་སྟེ། གཞན་དུ་ན། ཁ་ནས་འཛམ་གླིང་ཞི་བདེ་དང་། སྤྱི་ཚོགས་འཆམ་མཐུན། དངོས་ཐོག་བདེན་འཚོལ་སོགས་སྨྲ་བརྗོད་རང་དབང་གི་དར་ཆ་འཕྱར་ཏེ་བརྒྱ་བཤད་སྟོང་བཤད་ཅི་ཙམ་བྱས་ཀྱང་། བདག་ཉིད་ཆེན་པོ་ཆོས་རྗེ་ས་པཎ་གྱིས། ནགས་ལ་གནས་པའི་སྤྲེའུ་དག །ལྗོན་པའི་ཤིང་ལ་མི་གཙང་འཐོར།།གསུངས་པའི་དཔེར་སོང་བ་ཡིན་པས་ཅིས་ཀྱང་དེ་ཕྱོགས་ཀྱི་གོལ་སར་མི་ལྟུང་བར་ནན་གཟབ་འཚལ་ཞེས་སྙིང་ཁོང་ནས་གསོལ་བ་འདེབས་རྒྱུ་དང་། སླད་མའི་ཆར་ཡང་བསིལ་ལྡན་བྷོ་ཊའི་ལྗོངས་ཀྱི་ཆོས་རིག་གཉིས་ལ་སྔར་བཞིན་བསླབ་ཏེ་རང་གཞན་གཉིས་ལ་སྨན་པའི་དཔྱད་གླེང་གང་མང་འདོན་གནང་ཡོང་བར་ཡིད་ཆེས་ཟབ་མོ་ཞུ་བ་ལགས།

unnamed-4གྲོགས་པོ་ལགས། ངས་སླར་ཡང་ཁྱོད་ལ་འཕྲིན་ཐུང་འདི་བརྒྱུད་ནས་གང་ཞིག་འཆད་འདོད་པའི་རེ་བ་མཐའ་མ་དེ་ནི། བསམ་བློ་བ་ཞིག་ལ་ངེས་པར་མཁོ་བ་ནི་དྲང་བདེན་རྨང་གཞིར་བྱས་པའི་གུ་ཡངས་སྒམ་དཀྱེལ་གྱི་རྣམ་དཔྱོད་དང་། སྐབས་བསྟུན་གྱིས་དུས་རབས་སོ་སོའི་ཁྲོད་མི་རིགས་དང་ཆོས་ལུགས་གཞན་གྱི་ཡང་དག་པའི་སྲོལ་རྒྱུན་འཚོལ་སྙེགས་ཀྱིས་ནང་འདྲེན་བྱེད་པའི་དཔྱོད་ཤེས་ཀྱི་སྙིང་སྟོབས་ངོ་མ་དེ་ཡིན་པས། ཁྱོད་ཀྱིས་སྨྲ་བ་པོ་བདག་གིས་ད་ལྟའི་གནས་བབས་ལ་མི་ལྟ་བར་འདི་ལྟ་བར་ཕྱོགས་འདིར་རྒྱུན་དུ་བསམ་གཞིགས་ནན་ཏན་བྱེད་པའི་རེ་སྐུལ་སྙིང་ནས་བྱེད་པ་ལགས་སོ།།

ཁྱོད་སླར་སྨྲས་པ།
རྣམ་དཔྱོད་གཤོག་ཟུང་མཁྲེག་པའི་གླག་ཕྲུག་ཁྱོད།།
ངམ་གནག་ཞུགས་ཆེན་མཚོ་ལ་མི་འཛུལ་བར།།
མཐའ་བྲལ་ཐུབ་བསྟན་དབྱིངས་སུ་དལ་འཕུར་དང་།།
སྐལ་ལྡན་མེས་པོའི་ཕ་ཤུལ་དེ་ན་འདུག །
དེ་ལྟར་སྐུལ་བའི་དབྱར་གྱི་རྔ་བོ་ཆེ།།
ལྷག་བསམ་ཡངས་པོའི་མཁའ་ནས་ལྡིར་བའི་ཚེ།།
གྲོགས་ཁྱོའི་རབ་གསལ་ཡིད་ཀྱི་མདོངས་མཐའ་མ།།
སླར་ཡང་དཔྱད་པའི་གར་ལ་རོལ་བར་མཛོད།།

ཅེས་པའང་ཁྱོད་ཀྱི་གྲོགས་མིང་ཙམ་འཛིན་པའི་ཆོས་ནོར་གཉིས་མེད་ཀྱི་མུ་ལྟོ་བ་ཁང་སྨིན་གྲོལ་རྒྱ་མཚོར་འབོད་པས་མཉམ་མེད་ཇོ་བོ་ཆེན་པོ་དང་། པཎྜིཏ་བི་བྷུ་ཏི་ཅནྡྲས་ཡུན་དམ་ཆོས་འཆད་གནས་ཀྱི་བྱིན་ཅན་གདན་ས་ཆེན་པོ་བཱི་ཀམ་ཤཱི་ལ་གཙུག་ཁང་གི་ཉེ་གནས་གངྒཱ་པུར་གྱི་རང་སྤྱིལ་དུ་ཤར་མར་བྲིས་པ་དགེ་ལེགས་སུ་གྱུར་ཅིག །

འཕྲིན་ཡིག

Post navigation

Previous Post: ཅོག་ཙེ།
Next Post: “ཁྱོད་ཀྱིས་རང་ཉིད་ངོས་ཟིན་པར་གྱིས་ཤིག”

Comments (2) on “ངའི་དྲན་ངོགས་ཀྱི་འོད་སྣང་ཆུང་ཆུང་།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-12-20 at 8:29 am

    “མཉམ་མེད་ཇོ་བོ་ཆེན་པོ་དང་། པཎྜིཏ་བི་བྷུ་ཏི་ཅནྡྲས་ཡུན་དམ་ཆོས་འཆད་གནས་ཀྱི་བྱིན་ཅན་གདན་ས་ཆེན་པོ་བཱི་ཀམ་ཤཱི་ལ་གཙུག་ཁང་གི་ཉེ་གནས་གངྒཱ་པུར་གྱི་རང་སྤྱིལ་དུ་ཤར་མར་བྲིས་པ་དགེ་ལེགས་སུ་གྱུར་ཅིག །”
    ལེགས་པར་བྲིས་ཤིང་། བདག་གིས་འདོད་པའི་དག་ཆ་དང་མི་མཐུན་པ་འགའ་ཞིག་མཐོང་ཡང་། གོང་གསལ་ལེགས་སྦྱར་གྱི་སྐད་དུ་ཡོད་པའི་གདན་ས། བི་ཀྲ་མ་ཤི་ལཱ། ཞེས་པ་ཡིན། འདི་ཉིད་བོད་སྐད་དུ། རྣམ་གནོན་རྡོ། ཤི་ལཱ ཞེས་པ་རྡོ་དང་། ཤཱི་ལ། ཞེས་པ་ཚུལ་ཁྲིམས་སོ། ། པཎྜིཏ་བི་བྷཱུ་ཏི་ཅནྡྲ། སློབ་དཔོན་འདི་བོད་དུ་སླེབས་ནས། བོད་སྐད་སྦྱངས་ཏེ། རང་ཉིད་ཀྱིས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ་དེ་རང་བསྒྱུར་མཛད། དེ་ཡང་འགྲེལ་པ་དེ་སློབ་དཔོན་ཤེར་འབྱུང་བློ་གྲོས་ཀྱི་འགྲེལ་པ་དེ་བསྡུས་པར་མཛད་པ་ཞིག་ཡིན་ནམ་སྙམ་མོ།

  2. ནུབ་ཕྱོགས་ཁུག་རྟ། says:
    2014-02-17 at 11:31 am

    ངོ་མ་ཡག་མོ་འབྲི་འགེ་བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme