Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྨད་སྤྱི་འཐུས་འོས་གཞི་ཤར་ཕྱོགས་ཁུག་རྟ།

Posted on 2013-12-172013-12-17 By ཁ་བརྡ་ 118 Comments on མདོ་སྨད་སྤྱི་འཐུས་འོས་གཞི་ཤར་ཕྱོགས་ཁུག་རྟ།

ཆབ་བྲག་ལྷ་མོ་སྐྱབས།

unnamedབདག་གིས་དེ་སྔོན་། སྤྱི་འཐུས་ཀྱི་འོས་ཆོས་ཟེར་བའི་རྩོམ་ཐུང་ཞིག་བོད་ཀྱི་དུས་བབ་ཚགས་པར་དུ་སྤེལ་མྱོང་བའི་ནང་འདི་ལྟར་བཤད་ཡོད།
“མདོར་བསྡུས་ན་གསུམ་སྟེ། དང་པོ་ནི། བཅའ་ཁྲིམས་ནང་བཏོན་པའི་སྤྱི་འཐུས་སུ་འགྲོ་ཆོག་པའི་མ་མཐའི་ཆ་རྐྱེན་དག་དང༌། གཉིས་པ་ནི། སྤྱི་འཐུས་ཀྱི་དམ་བཅའ་བརྩི་སྲུང་བྱ་ཐུབ་མཁན། གསུམ་པ་ནི། ཤེས་འཇོན་གྱི་ཚད་གཞི་བཅས་ཡིན། དང་པོ་ནི་བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པས་ངེས་པར་ཚང་དགོས་པ་བཤད་ག་ལ་དགོས། གཉིས་པ་སྤྱི་འཐུས་ཀྱི་དམ་བཅའི་ཚིག་བརྗོད་ནང༌། “རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུ”ཞེས་པ་སྟེ།
གཅིག་ནས་ཁོའི་རྒྱུན་ལྡན་གྱི་མི་ཚེ་སྐྱེལ་སྟངས་ཆ་ནས་རང་དོན་ཧམ་སེམས་མེད་པའམ་མི་ཆེ་བ།
གཉིས་ནས་རང་སྡེའམ་ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་ཕྱོགས་ཞེན་མེད་པའམ་མི་ཆེ་བ།
གསུམ་ནས་མི་དམངས་ཀྱི་ཆེད་དུ་བཤད་ཕོད་ལ་སྒྲུབ་ཀྱང་ཕོད་པའི་འཇིགས་པ་མེད་ལ་དཀའ་ངལ་གང་ལའང་མགོ་མི་སྒུར་བའི་ཞུམ་མེད་སྙིང་སྟོབས་ལྡན་པ།
བཞི་ནས་དགའ་ཉེ་སོགས་ལ་ཆགས་པའི་ཕྱོགས་ཞེན་དང༌། རྒྱུ་དང་དབང་ལ་ཆེས་ཆེར་ཆགས་ཏེ་ཐ་ན་རྒྱལ་འཚོང་པའང་བྱེད་སྲིད་པ་ལྟ་བུའི་རིགས་མ་ཡིན་པ།
ལྔ་ནས་རང་མི་དགའ་བ་ཙམ་རྒྱུ་མཚན་དུ་བྱས་ཏེ་གཞན་ལ་འཁོན་སེམས་འཆང་བ་དང༌། ཐ་ན་གྲོས་ཚོགས་ནང་ནས་ཀྱང་ཕན་ཚུན་བར་ལ་ངར་ངར་རྫིག་རྫིག་གི་དཔའ་གཏམ་བཤད་པའི་རླུང་ཁམས་ཅན་མ་ཡིན་པ།
དྲུག་ནས་དངོས་ཐོག་བདེན་འཚོལ་གྱི་དྲང་བདེན་སྐྱོང་བ། བདུན་ནས་མི་དམངས་དང་རྒྱལ་ཁབ་ལ་བློ་དཀར་ལྷག་བསམ་ཆེ་བ། བརྒྱད་ནས་ནམ་རྒྱུན་སྤྱི་ཚོགས་ལ་རང་ནུས་གང་ཡོད་འདོན་ཐུབ་པ་བཅས།

མདོར་ན། བཅའ་ཁྲིམས་རིན་པོ་ཆེར་བརྩི་སྲུང་འགལ་མེད་ཐོག་སྤྱི་འཐུས་ཀྱི་ལས་ཁུར་ཞུ་སྒོ་མཐའ་དག་ལ་བློ་དཀར་གཞུངས་དྲང་གིས་སྒྲུབ་མཁན་ཞིག་ཡིན་དགོས། གལ་ཏེ་ཁྱད་ཆོས་དེ་དག་གི་གང་རུང་ཞིག་མ་ཚང་ནའང་སྤྱི་འཐུས་མཚན་ཉིད་པར་འགྱུར་དཀའ་སྟེ། རང་གི་ཁས་ལེན་གཙང་མའམ་མཆོག་གསུམ་དཔང་བཙུགས་ཀྱི་རྩ་བའི་དམ་བཅའ་དང་མ་མཐུན་པའམ། ཡང་ན་འགལ་བའི་ཉེས་པའང་ཡོད་པས་སོ།

གསུམ་པ་ཤེས་ཚད་དང་འཇོན་ཐང་གི་འོས་ཆོས་ཀྱང་ཤིན་ཏུ་གལ་ཆེ། དེ་ཡང་ཤེས་ཚད་ཅེས་པ་ནི་མཐོ་སློབ་སོགས་ཀྱི་ལག་འཁྱེར་ཡོད་པ་ཙམ་ཞིག་ལ་གོ་མི་འོས་ལ། སྙན་དངགས་པའམ་རྩོམ་པ་པོ་ཞིག་ཡིན་དགོས་པའི་ངེས་པ་དེ་བས་ཀྱང་མེད། དེ་ནི་དཔེ་དེབ་ལས་ཀྱང་སྤྱི་ཚོགས་ལ་ཆ་རྒྱུས་ཆེ་བ་དང༌། ཆོས་ཀྱི་བློ་སྦྱོང་ལས་ཀྱང་ཆབ་སྲིད་བསམ་བློའི་གོ་རྟོགས་མཐོ་བ་གལ་ཆེ་བས། སློབ་སྦྱོང་དང་སྤྱི་ཚོགས་ཀྱི་ལག་ལེན་ཟུང་འབྲེལ་གྱིས་བསམ་བློ་ཡོངས་སུ་སྨིན་པའི་ཤེས་ཚད་ཅིག་ངེས་པར་མཁོ།

འཇོན་ཐང་ཞེས་པ་ཡང་ངེས་པར་བྱ་བའི་ཉམས་མྱོང་དང་གྲུབ་འབྲས་ཀྱིས་ཚད་གཞི་བྱེད་དགོས་པ་ཞིག་སྟེ། དོན་དམ་གྱི་འཇོན་ཐང་ཟེར་བ་དེ་ནི་མདོར་ན་བྱས་རྗེས་ཀྱི་ཆེ་ཆུང་ཞིག་ལ་ངོས་འཛིན་འོས་པས་སོ། དེས་ན་སྤྱི་ཚོགས་ཀྱི་ལས་ཀ་ཅི་རིགས་ཁྲོད་ཉུང་མཐར་ཡང་ལོ་བཅུ་ཙམ་ལ་ཞབས་ཞུ་སྒྲུབ་མྱོང་མཁན་ཞིག་མིན་ན་གཟེངས་སུ་ཐོན་པའི་གྲུབ་འབྲས་ཤིག་ཀྱང་ཡོད་དཀའ། དེ་བས་ན་སློབ་ཐོན་གྱི་ཤེས་ཚད་མཐོ་ཡང་ལག་ལེན་གྱི་ཉམས་མྱོང་དང་བྱ་བའི་གྲུབ་འབྲས་སྟོན་རྒྱུ་མེད་པའི་རིགས་ནི་ད་དུང་སྤྱི་འཐུས་ཀྱི་ཚད་གཞིར་སླེབས་མེད་དེ། སྤྱི་འཐུས་གྲོས་ཚོགས་ནི་ཚོད་ལྟའམ་སྦྱོང་བརྡར་སྤྲོད་ས་ལྟ་བུ་ཞིག་བྱེད་མི་རུང་ངོ༌།” དེ་ལྟར་བཀའ་ཁྲིམས་ཀྱི་འོས་ཆོས་ཐོག སྤྱི་འཐུས་ཀྱི་དམ་བཅའ་ཇི་བཞིན་བརྩི་སྲུང་ཐུབ་པ་ཞིག་དགོས་པའི་རེ་འདུན་ནམ་བསམ་ཚུལ་གསལ་པོར་བཏོན་ཡོད།

ད་ཆར་མདོ་སྨད་ཀྱི་སྤྱི་འཐུས་ནང་སྒུག་ཐོ་གསུམ་ཡོད་པ་ཚར་ནས་སླར་ཡང་གསར་བ་ཞིག་ཁྲིམས་སྒྲིག་གི་དགོངས་དོན་ལྟར་འོས་འདེམས་བྱེད་དགོས་བྱུང་ནས་དེ་ལ་སྟ་གོན་གནང་བཞིན་ཡོད་པས། ཕྲན་ཡང་མདོ་སྨད་པ་ཞིག་དང་ལྷག་པར་སྤྱི་འཐུས་ཟུར་བ་ཞིག་ཡིན་པའི་ཆ་ནས་འདིར་འགན་ཞིག་འཁུར་དགོས་པར་མཐོང་ཞིང། དོ་བདག་གང་ལ་ཡང་ཡིག་འབྲེལ་ཞུས་ཏེ་གསལ་བསྒྲགས་འདི་འདྲ་ཞིག་སྤེལ་འདོད་བྱུང་སོང་།
མདོ་སྨད་པ་ཤར་ཕྱོགས་ཁུག་རྟའམ་བློ་བཟང་ཆོས་འབྱོར་ལགས་ནི་གོང་གསལ་སྤྱི་འཐུས་ཀྱི་འོས་གཞི་དག་ཚང་བའི་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་ཡིན་པར་མ་ཟད། ད་དུང་དམིགས་བསལ་འོས་ཆོས་ཤིག་ནི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐད་ལ་ཉམས་ཞིབ་དང་འགན་ཁུར་གཉིས་ཀ་ཐུབ་པའི་ལྟ་བ་འབུར་ཐོན་གྱི་སྐྱེས་བུ་ཞིག་རེད་ཅེས་ཞུ་འདོད་བྱུང།

གཞན་ཡང། བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས། ཇི་སྐད་དུ།
“ཚེ་དང་ལྡན་པ་བློ་བཟང་ཆོས་འབྱོར་ཕྱི་ལོ ༢༠༠༧ ནས ༢༠༠༩ བར་བཀའ་ཤག་ལོ་རྒྱུས་འབྲི་རྩོམ་ཚན་པའི་ནང་ཡིག་ཚགས་ཞིབ་འཇུག་དང། བྱུང་རབས་རྒྱུ་ཆ་བསྡུ་རབ། ཉམས་ཞིབ་པ་བཅས་ཀྱི་ལས་ཁུར་གནང་བ་དང། སླར་ཡང་ཕྱི་ལོ ༢༠༡༠ ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྱོག་བཤད་ལན་འདེབས་དགོས་རིགས་ལ་ལན་འདེབས་བྱེད་པོའི་ཚོགས་ཆུང་དུ་ལས་ཁུར་གནང་བཞིན་པ་བཅས་ཀྱི་ལས་རྒྱུན་རིང་ལྷག་བསམ་དང་བརྩོན་འགྲུས། རྣམ་དཔྱོད་ཕུན་སུམ་ཚོགས་པའི་སྒོ་ནས་སྐབས་བབ་ལས་དོན་སོ་སོའི་ཐོག་ཞིབ་ནན་སྦྱོར་དངོས་རྗེས་གཙང་གནང་སོང་བས། བློ་གཟུ་བོར་གནས་ཤིང་རྣམ་འགྱེད་ཀྱི་ཤེས་རབ་བཀྲ་ལ། དོན་གཉེར་དང་ལྡན་པའི་སྒོ་ནས་གཞུང་དོན་འབད་སྒྲུབ་གནང་བར་ཡི་རངས་བསྔགས་བརྗོད་དང། འབྱུང་འགྱུར་ཡང་བསྟན་སྲིད་མི་རིགས་ཀྱི་ཞབས་འདེགས་རླབས་ཆེན་སྒྲུབ་ཐུབ་པའི་སྨོན་འདུན་བཅས། བཀའ་བློན་ཁྲི་པ་ཟམ་གདོང་པ་བློ་བཟང་བསྟན་འཛྀན་གྱིས། ༢༠༡༡། ༨། ༥ ལ།” ཞེས་པ་འདི་ཁོ་ནས་ཀྱང་བུ་རེ་བ་ཅན་ཞིག་ཡིན་པ་གསལ་རྟོགས་ཐུབ་བོ།

ད་དུང་དེ་བས་ཁོང་གི་སྐོར་ཅུང་གསལ་རྟོགས་དཆེད། ཁོང་ལ་ཡིད་ཆེས་རྒྱབ་སྐྱོར་གནང་མཁན་ཁག་ཅིག་གིས་མཚམས་སྦྱོར་མདོར་བསྡུས་ཤིག་བྲིས་འདུག་པའང་འདིར་ལྷན་ཐབས་སུ་སྦྱར་ཡོད་པས་རྒྱ་ཆེ་བའི་མདོ་སྨད་མི་དམངས་ཀྱིས་གཟིགས་ཞིབ་མ་ནོར་བ་ཡོང་བའི་རེ་བ་ཞུ།

བོད་མི་མང་སྤྱི་འཐུས་ཟུར་བ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་གུས་ཕུལ། ༢༠༡༣།༡༢།༡༦།

 

 

༄༅།། གཞོན་སྐྱེས་རྩོམ་པ་པོ་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་ལགས་ནི་མདོ་སྨད་རེབ་གོང་དུ་སྐྱེས་ཤིང། ཆུང་དུས་ནས་ད་བར་སློབ་གཉེར་གནང་སྟེ་དེང་བོད་ཀྱི་ན་གཞོན་ཁྲོད་འབུར་དུ་ཐོན་ཅིང་རང་མགོ་ཐོན་པའི་རྩོམ་པ་པོ་དང་ཉམས་ཞིབ་པ་ཞིག་ཆགས་ཡོད། བོད་ཕྱི་ནང་གི་དུས་དེབ་དང་ཚགས་ཤོག་སོགས་སུ་ཆབ་སྲིད་དཔྱད་གཏམ་གྱིས་མཚོན་རྩོམ་ཡིག་བརྒྱ་ཕྲག་ལྷག་སྤེལ་ཅིང། བོད་དུ་བཞུགས་རིང་སྒེར་གཉེར་༼་དུས་རབས་ཀྱི་རླུང་རྟ་༽སོགས་དུས་དེབ་ཁ་ཤས་ཀྱི་རྩོམ་སྒྲིག་པ་དང། བཙན་བྱོལ་དུ་སྔ་ཕྱིར་དཔྱད་རྩོམ་དེབ་༼ཨ་མའི་བུ་༽དང་༼ཁྲག་གི་རྡོ་རིང་༽སོགས་བཏོན་ཡོད་ཅིང། ད་ལྟ་༼ཆབ་སྲིད་དཔྱད་གླེང༽དུས་དེབ་འདོན་བཞིན་པ་དང། ༢༠༡༢ ལོར་ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོ་བསྡུས་ཤིང་དེར་རྒྱལ་སྤྱི་དང་བོད་ཕྱི་ནང་ནས་གདེང་འཇོག་ཐོབ། སྡིངས་ཆ་འདི་ཁོང་གིས་མུ་མཐུད་བཞིན་ཡོད། ༢༠༠༧ ནས་༢༠༠༩ བར་བཀའ་ཤག་སྐབས་བཅུ་གསུམ་པའི་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་འབྲི་རྩོམ་ཁང་གི་ཉམས་ཞིབ་པར་བསྐོ་བཞག་དང་ལས་དོན་ཐད་འབུར་ཐོན་ཅན་ཆགས། ༢༠༡༡ ལོར་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་ལོ་གཅིག་རིང་ཐའེ་ཝན་དུ་སློབ་སྦྱོང་བཏང་བ་གྲུབ་སྟེ་ཕྱིར་འབྱོར་མཚམས། བཀའ་ཤག་སྐབས་བཅུ་གསུམ་པས་བོད་གཞུང་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་སུ་ཐད་ཀར་བསྐོ་བཞག་བྱས། ལས་ཡུན་རིང་གཟེངས་སུ་ཐོན་པའི་ཕྱག་ལས་གནང་བར་དཔལ་ལྡན་བཀའ་བློན་ཁྲི་པ་དང་བཀའ་ཤག་གིས་ཡིག་ཐོག་ནས་གཟེངས་བསྟོད་གནང་ཡོད། ༢༠༡༢ དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་ཡོངས་རྫོགས་བཞེས་ནས་བར་ལམ་བོད་མིའི་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་ལས་འགུལ་ཤུགས་ཆེར་སྤེལ་ཞིང། དེའི་གོ་རྟོགས་སྤེལ་བ་སོགས་ཀྱིས་དེང་དབུ་མའི་ལམ་གྱི་རྒྱབ་སྐྱོར་སྔར་བས་ཀྱང་ཚད་མཐོར་ཕྱིན། དབུ་མའི་ལམ་གྱི་སྐོར་དཔྱད་རྩོམ་རྒྱ་ནག་གིས་ལན་འདེབས་བྱེད་དགོས་པ་དང་དོ་སྣང་གནང་དགོས་པ་མང་པོ་བྲིས་ཤིང། བཙན་བྱོལ་བོད་མིའི་གཞིས་ཆགས་དང་དགོན་སྡེ། མཐོ་རིམ་སློབ་གྲྭ་ཁག་ཏུ་གཏམ་བཤད་སྤེལ་བས་ལོ་གཞོན་མཁས་མཛངས་གཉིས་ལྡན་ཞིག་ཆགས་ཡོད་ཅིང། ད་ལྟ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཆོལ་གསུམ་ལོ་རྒྱུས་འབྲི་རྩོམ་ཁོངས་མདོ་སྨད་ལོ་རྒྱུས་རྩོམ་འབྲིའི་ཞིབ་འཇུག་གི་ཕྱག་ལས་གནང་བཞིན་པ་བཅས་མདོར་ན། རྩོམ་པ་པོ་ཁོང་ནི་རང་དོན་ལས་སྤྱི་དོན་གཙོ་བོར་འཛིན་མཁན་དང། ༸གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་ཚེ་སྲོག་ལས་ཀྱང་རྩ་ཆེར་བརྩི་ཞིང་རྒྱག་གཅིག་འཆོང་གཅིག་བྱེད་པ། སེམས་ཐག་ཆོད་པོ། ལངས་ཕྱོགས་བརྟན་པོ། གནད་དོན་གང་ཅིར་རྒྱུས་མངའ་ཆེ་ལ་མགོ་འཚོས་པ། བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་དང་བཅའ་ཁྲིམས་སྒྲིག་གཞི་ཁག་བཅས་ལ་གཞན་དྲིང་མི་དགོས་པ། སྨྲ་ལྕེ་བདེ་ལ་ཕོ་ཉམས་དོད་པ་བཅས་སྤྱི་འཐུས་སུ་རུང་བའི་འོས་ཆས་ཚད་མཐོའི་ངང་ཚང་ཡོད་པས་མདོ་སྨད་མི་མང་ནས་ཁོང་ལ་ད་ཐེངས་མདོ་སྨད་སྤྱི་འཐུས་ཤིག་དགོངས་ཞུ་སོང་ཚབ་ཅི་ནས་འོས་འཕེན་ཡོང་བའི་འབོད་སྐུལ་དུ།།

ཕྱི་རྒྱལ་གནས་སྡོད་མདོ་སྨད་པ་ཁག་ཅིག་གིས།

གསལ་བསྒྲགས།

Post navigation

Previous Post: བདག་ཅག་གི་སྟོན་པའི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་དཔྱད་པ་ཞིབ་མོ་རྣམ་འབྱེད།
Next Post: གླེང་བརྗོད་ཅིག

Comments (118) on “མདོ་སྨད་སྤྱི་འཐུས་འོས་གཞི་ཤར་ཕྱོགས་ཁུག་རྟ།”

  1. ཉི་རྒན says:
    2013-12-17 at 10:49 am

    ཁོང་གོ་མྱོང་བ་ལས་མཐོང་མ་མྱོང་། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་འདྲ་སེ་འདུག་ག མདོ་སྨད་ཚོ་ཤུགས་བརྒྱོབ་ཤོག

  2. བསྟན་པ། says:
    2013-12-17 at 11:04 am

    སེང་གེ་ཁྱི་ལ་བརྫིས་ཤིང་ཁྱི་ཕྲུག་སེང་གེར་རྩིས་བའི་ལམ་ལ་སོང་དང་། རིང་བོ་མི་འགྲོ་བར་རྡ་སའི་སྤྱི་འཐུས་ཀྱི་རྗེས་ཆད་རྒྱུ་རེད། རྒྱ་མི་གུང་ཁྲན་ཏང་དང་དར་དམར་ལ་དགའ་མཁན་ཚོས་ཁོར་འོས་བླུགས་དགོས་རེད། མདོ་སྨད་མི་དམངས་དེ་འདྲའི་རྩེད་ཆས་མ་བྱེད་རོགས་ཆབ་བྲག་ཚང་ལགས། ་་་་་་ གཞིས་ལུས་བོད་མི་དང་ང་ཚོའི་ངོ་འདོད་ངོ་མ་འདི་འདྲ་མིན།

  3. འོད། says:
    2013-12-17 at 11:15 am

    རྒྱབ་སྐྱོར་ཡོད་ལ། བགྲོ་གླེང་འདི་ལ་ཞུགས་འདོད་ཀྱང་ཡོད།
    ངོ་དེབ་སྟེང་ཁ་སྔོན་ནས་རྒྱབ་སྐྱོར་ཞུས་ཡོད།

    རྒྱལ་བ་རིན་པོ་ཆེའི་རླབས་ཆེན་དགོངས་གཞིའི་ཆེད་རང་སྲོག་ཀྱང་འདོར་ནུས་པ་ཁོང་གིས་དར་ཆ་འཕྱར་ཏེ་དབུ་མའི་ལམ་གྱི་ལས་འགུལ་སྤེལ་བ་དེས་མཚོན་པས། དབུ་མའི་ལམ་གྱི་ཚབ་མཚོན་པ་དམིགས་བསལ་ཞིག་ཡིན་སྟབས། ཕྱི་གསལ་ནང་གསལ། ཉམས་ཆུང་ཤེས་ཡོན་ཅན། སྨྲ་ལྕེ་བདེ་ལ་རྣམ་དཔྱོད་ལྡན་པ་འདི་ལ་རྒྱབ་སྐྱོར་མི་བྱེད་མཁན་གཟུར་གནས་ཤིག་ཡིན་ཡོད་མདོག་མེད།

    ད་ངས་བསམས་ན། གྲོས་ཚོགས་ནང་གི་སྐུ་མདུན་ལ་མི་བརྩི་མཁན་བོན་པོ་སྨོན་ལམ་མཐར་ཕྱིན། གསེར་རྟ་ཚུལ་ཁྲིམས་སོགས་རེ་འགས་ཁོང་ལ་གནོད་མ་ཐུབ་པར་བསྡད་ཡོད་པ་རེད། ད་ཐེངས་ཁོང་ཚོས་མདོ་སྨད་ནང་གང་ཡོང་ཅི་ཡོང་གིས་དཀྲུགས་ཨེ་ཐུབ་ལྟ་བ་དང། དྲ་ལམ་ཁག་དུའང་བསྟན་པ་བཞིན་ཚིག་ངན་བཟང་སྤྱོད་ཏིལ་ཙམ་མེད་པ་དག་བྲིས་ནས་སྨོད་རྒྱུ་ནི་མདོ་སྨད་པ་ཚང་མས་ཤེས་གསལ་ལ་སོང། ཅུང་གཟབ་དགོས་པར་སྣང།།

  4. བཙག་རོང་འཇོལ་མོ། says:
    2013-12-17 at 11:28 am

    ད་དཀོན་མཆོག་མཁྱེན་མདོ་སྨད་སྤྱི་མཐུན་སྒྲོལ་དཀར་གྱི་འཚབ་ཏུ་མི་ངན་བློ་ཆོས་ལས་མེད་ན་མདོ་མསྨད་་མི་དམངས་བསོ་ནམས་ཟད་པ་རང་རེད། ཆབ་བྲག་ལབ་ཡག་འདི་རྣམ་ཤེས་གཡོས་རྩར་བཟུག་ཡོད་ས་རེད། ཀྱེ་མ་ཧུད།

  5. ཨ་ཕྱི་ཆོས་སྒྲོན says:
    2013-12-17 at 11:30 am

    བྲག་ཆབ་ལྷ་མོ་ཤིན་ཏུ་བདེན། ཤར་ཁུག་ཡག་བྱུང་། བོད་སྐད་ཡིག་ལ་བསམ་ན་ཁོ་གདམས་དགོས་ས་རེད། བཀའ་བློན་ཁྲི་ཆེན་བྱས་ཀྱང་ཆོག་ས་རེད། བཀྲ་ཤིས་བདེ་ལེགས་ཞུ། །

  6. བསྟན་པ། says:
    2013-12-17 at 12:06 pm

    འོད་ལགས། ཁྱེད་ཀྱིས་དྲ་འབུ་བརྫུས་ནས་ཆོལ་གསུམ་ནང་དཀྲུགས་དང་རྒྱ་དམར་དར་ཆ་འཁྱེར་མཁན་རྒྱལ་བ་རིན་པོ་ཆེའི་བཀའ་བསྒྲུབ་མཁན་ལ་བརྩིས་ནས་སྤྱི་འཐུས་ལ་འོས་བླུགས་ན་ཡང་། ང་རང་གིས་འདས་པའི་བོད་མི་ས་ཡ་གཅིག་ལྷག་གསོད་མཁན་ལག་དམར་གྱི་དར་ཆ་མི་འཁེལ་བ་མ་ཟད། རྒྱུགས་ཁྱི་དར་ཆ་འཁྱེར་མཁན་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད།

  7. རིག་རྡོ says:
    2013-12-17 at 12:30 pm

    འདིར་ཆབ་བྲག་གིས་ཆབ་སྲིད་འཁྲབ་ཀྱི་ཡོད་པ་རེད། ཁྱབ་བསྒྲགས་འདིའི་ཕུགས་སུ་ཁོ་རང་ཡང་བསྐྱར་མདོ་སྨད་སྤྱི་འཐུས་ལ་ཡོང་འདོད་དེ་རེད། དངོས་སུ་ཤར་ཁུག་བསྒྲགས་ན་ཡང་དོན་སྙིང་ཁོ་རང་འོས་གཞི་ནང་འོང་འདོད་པ་གསལ་བོར་རེད།

  8. འོད། says:
    2013-12-17 at 12:35 pm

    དར་དམར་འཕྱར་ནས་ཞི་བའི་ལས་འགུལ་སྤེལ་བ་དེ། རྒྱ་གར་དང་ཨ་རིའི་དར་ཆ་འཕྱར་ནས་ལས་འགུུལ་་སྤེལ་བ་དང་གཅི ག་པ་གཅིག་རྐྱང་རེད་ལོ། དབུ་མའི་ལམ་དང་ཡོངས་སུ་མཐུན། ད་དུང་འཚེ་མེད་ཞི་བའི་ལས་འགུལ་ཡིན་པས་དགོངས་གཞི་དང་མཐུན་ནོ་ལོ། མི་ཤེས་ན་ཁ་ཚུམས། ང་ཚོ་བོད་པ་བསད་ན་ཕར་གསོད་དགོས་པ་རེད་ཝེ། སྐྱག་ཕྲུག་ལ། འཚེ་བ་ཞི་བས་རྒོལ་བ། རང་གཞན་གཉིས་སྨན་དར་ཆ་གཉིས་འཕྱར། ཧ་ལས་པ་མ་རེད་དམ།། ཁོང་ལྟ་བུ་ཉུང་ཉུང་རེད།

  9. རོང་བཙན། says:
    2013-12-17 at 12:43 pm

    ཆབ་ལྷ་འདིས་བོད་ལ་ཕན་པའི་ལས་འདི་འདྲ་ཨ། ཧཧཧཧཧཧ། སྔོན་མར་བསྟན་འཛིན་མགོན་པོས་ཟམ་གདོང་བླ་མར་ངོ་རྒོལ་བྱས་པས་མདོ་སྨད་ཚང་གིས་ཁོང་མདོ་སྤྱི་ལ་འདེམས་པ་རེད། ད་ཡང་ཤ་ཁུག་གིས་བློ་སེང་ལ་ངོ་རྒོལ་བྱེད་ནས་མདོ་སྨད་སྤྱི་འཐུས་ལ་འགྲོ་འཆར་འདུག། དགད་མོ་སློང་གིན། མདོ་སྨད་པར།།

  10. བོད་ཞེན་ says:
    2013-12-17 at 12:59 pm

    རྒྱབ་སྐྱོར་གཙང་མ་ཞུ་གི་ཡོད། ཤར་ཕྱོགས་ཁུག་རྟས་མི་རིགས་ཀྱི་སྐད་ཡིག་རིག་གཞུང་དང་། སྐབས་བབས་ཆབ་སྲིད་གནད་དོན་མང་དག་ཅིག་སླད་དུ་མདུན་དུ་འདོན་ནས་ཁ་བཤད་ལག་བསྟར་གཉིས་ཀྱིས་མི་གཅིག་གིས་བྱས་རྗེས་ལ་བསམས་ན། ཀིརྟི་སྒྲོལ་དཀར་ལྷ་མོ་ལས་ལྡབ་བརྒྱ་བསྒྱུར་གྱིས་ལྷག་པ་ཡོད་པ་ཐེ་ཚོམ་མིན་འདུག
    ངས་དེ་རིང་། ཁྱོད་ལ་མཐེ་བོང་བཀེར་ཡ། འབྱུང་འགྱུར་གྱི་སྤྱི་འཐུས་ལགས།

  11. མངའ་རིས་འཕྲིན་ལས། says:
    2013-12-17 at 1:00 pm

    རྒན་ཆབ་བྲག་ལྷ་མོ་སྐྱབས་ཁོང་ད་བར་ངོས་ནས་སྤྱི་ཟུར་ཤེས་ཡོན་ཅན་བོད་རྒྱལ་ཁབ་ལ་ཕན་པའི་གནད་ཡོད་ཀྱི་མི་སྣ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད། ད་བྱས་དུས་རྦད་དེ་ནོར་འདུག་གཟིགས་དང་ཕག་པས་ཐག་པ་དྲུད། ཐག་པས་སྐྱག་པ་དྲུད་ཅེས་པའི་དཔེ་ལྟར་སོང་མི་འདུག་གམ། བཙན་བྱོལ་རང་དབང་ལུང་པར་རང་རིགས་འབུམ་ཕྲག་མང་པོའི་ཁྲག་གི་ཚོས་པའི་དགྲ་བོ་རྒྱ་དམར་གྱི་ཁྲག་དར་འཕྱར་ནས་འགྲོ་མཁན། བོད་མི་རིགས་ཀྱི་ཞབས་འདྲེན་ངོ་མ་ཞིག་མདོ་སྨད་ཀྱི་སྤྱི་འཐུས་བྱེད་པར་འོས་ཆོས་ཚང་རབ་ཟེར། ངོ་མ་རྒན་ཆབ་བྲག་སྨྱོ་ཡིན་ས་རེད། མི་འདི་བདག་པོ་རྒྱབ་མཁན་དང་བསྟོད་པ་བྱེད་མཁན་ཚང་མ་གོང་གི་དཔེ་དང་མཚུངས་པ་མ་ཡིན་ནམ།

  12. བོད་ཞེན་ says:
    2013-12-17 at 1:14 pm

    ཆབ་བྲག་ཚང་གིས་སྤྱི་འཐུས་རྭ་བའི་ཁོར་ཡུག་གི་ཉམས་མྱོང་དཔེར་བཟུང་ནས་རྒས་པོའི་གདམས་ངག་ཅིག་གནང་བར་དགའ་བྱུང་།
    ཤར་ཁུག་དེ་ཁ་བདེ་པོ་དང་། ལག་མྱུར་པོ་ཞིག་རེད་མོད། འོན་ཏང་། སྤྱི་འཐུས་སྤྱིའི་གནས་སྟངས་ལ་བསམས་ཚེ། མི་རན་པ་ཅང་མེད་ཀི

  13. མངའ་རིས་འཕྲིན་ལས། says:
    2013-12-17 at 1:17 pm

    ཤར་ཁུག་ཤེས་ཡོན་ཅན་དང་མཁས་རབ་འཇོན་རབ་བཤད་པ་ནི་བདེན་རྫུན་ཕྱེད་དུ་སྣང་། ཡིན་ནའང་ཁོ་པ་ད་ལྟའི་སྲིད་སྐྱོང་མི་རྗེ་བློ་བཟང་སེང་གེ་མཆོག་ལ་སྔ་ཕྱི་བར་གསུམ་དུ་རྒྱུ་མཚན་ཡོད་མིན་ལ་མ་ལྟོས་པར། སྐྱོན་བརྗོད་ཁོ་ན་བྱེད་པ་དེ་ཡང་རྒྱུ་མཚན་མེད་པ་ཞིག་ག་ནས་ཡིན་རང་མགོ་བརྡུང་བའི་ཐོ་བ་བཞིན། ད་ལྟའི་ཆ་ལ་ཁོ་པ་ཁྱི་ལ་སེང་གེའི་མིང་བཏགས་ཏེ་བདག་པོ་རྒྱབ་མཁན་དེ་ཚོ་ལ་རྒྱབ་ལྗོངས་ཀྱི་དགོས་པ་ཞིག་དང་དམིགས་བསལ་ལས་ཀ་ཞིག་སྤྲད་བཞིན་པ་ནི་ཚང་མའི་མཐོང་མཐོང་རེད། ད་རེ་ཁོ་པ་སྤྱི་འཐུས་ནང་སླེབས་ཚེ་བཀྲ་ཤིས་པའི་རི་མོ་མཛུབ་མོ་རུལ་བས་བསུབ་ཟེར་བའི་དཔེ་ལྟར་འགྲོ་རྒྱུ་ལས་མ་འདས་ན། ཤེས་འཇོན་ལྷག་བསམ་གྱིས་ཕྱུག་པའི་མདོ་སྨད་མི་མང་ནས་དགོངས་པ་གཟབ་བཞེས་ཀྱིས་ཁྱི་ལུད་དར་བཏུམ་འདི་འདྲ་བ་ལ་དབུ་མ་འཁོར་བ་གནང་རྒྱུ་ཧ་ཅང་གལ་ཆེ་བར་སྣང་།

  14. འོད། says:
    2013-12-17 at 1:46 pm

    བློ་བཟང་སེང་གེས་ད་བར་བྱས་རྗེས་གང་ཡང་བཞག་མེད། སྐྱག་རྫུན་ལུང་པ་གང་བཤད་ནས་སྲིད་སྐྱོང་ཐོབ་པ་རེད། ཁོ་ལས་དཀའ་ལས་ཤར་ཁུག་གིས་རྒྱབ་ཡོད་པ་རེད། ཁོང་གིས་ཐེར་འདོན་བྱས་པའི་ན་ཚ་མི་འཁྱོག་སྡུག་གྱོང་རེད། བློ་སེང་ག་རེ་རེད། ང་ཚོ་དང་གཅིག་པ་རེད། ད་དུང་ཁོང་ལ་ལྟ་རྒྱོ་རེད། མངའ་རིས་འཕྲིན་ལས་གྲ་ས་ནས་ཡག་པོ་མི་འདུག་པར། ག་དུས་ཡིན་ན་ལམ་དབུ་མར་སྐྱོན་བརྗོད། ཁམས་པའི་ཞེན་ཁོག་བྱེད་པ་དེ་ཚོད་ཟིན་ན་ཡག་གི་རེད། སྔོན་ཁྱེད་ལ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ནས་ཉེན་བརྡ་དང་འགྲམ་ལྕགས་གཞུས་ཡོད་་པ་རེད། ཡང་ཁྱེད་རོ་ལངས་རྒྱག་གི་འདུག མདོ་སྨད་མི་མང་མི་ངན་མཚན་སྨོད་ཞུ་མཁན་ཁྱེད་འདྲ་བའི་དཀྲུག་ཐུབ་གི་མ་རེད། ཁྱེད་རང་ཡག་པོ་མི་འདུག་ན། ངས་ཁྱེད་ཀྱིས་བྲིས་པ་དེ་ཚོ་འདིར་འདྲེན་གི་ཡིན་ལ། དགོན་པའི་ལས་སྣེ་ལ་ཡི་
    གེ་གཏོང་གི་ཡིན། ,

  15. བསམ་ཤེས། says:
    2013-12-17 at 2:05 pm

    སྐྱག་པའི་ནང་ལ་གང་བླུག་ཀྱང་བཙོག་པར་བྱེད་པ་ལྟར། བཙན་བྱོལ་སྤྱི་འཐུས་ནང་ལ་སུ་ཕྱིན་ཡང་བག་གཙོག་པར་གྱུར། ཁྱད་པར་མིན་འདུག ཤར་ཁུག་ཐོངས། ནག་ནོག་སྟེང་ལ་སྐྱག་དྲི་ཐུལ་ལེར་ཕྱི་ལ་ཐོན་འོང་།

    ང་ཚོའི་སྤྱི་འཐུས་དེ་བོད་མིའི་མངོན་འདོད་ཚང་མ་རྩ་མེད་གཏོང་མཁན་གྱི་ཇག་ཚོགས་ཞིག་རེད། དེ་ལ་ཆོས་ལུགས་དང་ཆོལ་ཁ་གཙོ་ཆེ་བ་ལས། བློ་རྩལ་དང་། འཇོན་ཐང་། ལྷག་བསམ། དེ་བཞིན་བྱས་རྗེས་སོགས་ལ་མི་བརྩི་བས། ཐོངས། ཕོ་གསར་སྟག་ཕྲུག་དྲ་མ་དེ་ཐོངས། མར་འཐོན་ཡོང་དུས། སྐྱག་དྲི་ཐུལ་ལེར་ཐོན། སྤྱི་འཐུས་ནས་ཕྱིར་འོང་མཁན་མང་ཆེ་བ་སྤྱི་སྒེར་གཉིས་ཀྱི་མདུན་ལམ་མེད་པའི་མི་ཞིག་ཆགས་འགྲོ་བཞིན་འདུག

  16. lནུབ་ཕྱོགས་གངས་ཕྲུག says:
    2013-12-17 at 2:23 pm

    སྤྱི་མཐུས་སུ་འདེམས་རུང་མ་འདེམས་རུང་གྲུབ་འབྲས་མེད་པ་བརྒྱ་ཆ་བརྒྱ་རེད། ཡིན་ནའང་ལུགས་སྲོལ་རེད།

  17. གཡུ་ཐོག་རྒྱལ་པོ། says:
    2013-12-17 at 3:53 pm

    ཤར་ཁུག་ལྟ་བུ་རང་ཚུགས་མེད་པའི་མི་དེ་རིགས་མདོ་སྨད་སྤྱི་འཐུས་སུ་འོས་འདེམས་བྱས་ཚེ་མཐའ་མའི་བབ་ས་དེ་སྙོག་གླེང་ལས་གཞན་ཅི་ཡོད།

  18. བཀྲ་ཤིས་སྒྲོལ་མ། says:
    2013-12-17 at 4:30 pm

    ནམ་རྒྱུན་རྒན་ཆབ་བྲག་ལགས་བཙན་བྱོལ་ནང་གི་ཤེས་ཡོན་པ་རྒན་གྲས་དང་། སྤྱི་བྱེའི་གནས་ཚུལ་གང་ལ་ཡང་གོ་མ་འཛོལ་ལམ་མ་ནོར་བའི་སྒོ་ནས་འཇུག་མཁན་གྱི་མདོ་སྨད་པའི་མི་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་དེ་རིང་ཤར་ཁུག་མདོ་སྨད་སྤྱི་འཐུས་ཀྱི་འོས་མིར་ཆེད་དུ་དམིགས་ནས་རྩོམ་བྲིས་ངོ་སྤྲོད་དང་བཅས་སྤེལ་ཡོང་དུས། གཞི་ནས་རྒན་ཆབ་བྲག་གི་གདོང་འབག་ངོ་མ་དེ་མཐོང་སོང་། སྐྱུག་བྲོ་བ་ལ། ཞེ་མེར་བ་ལ། བྱེད་སྟངས་འདི་འདྲ་ཅི་ཞིག་རེད། མདོ་སྨན་མི་མང་ལ་མཐོང་ཆུང་བྱེད་ཀྱི་ཡོད་པ་རེད་དམ། སྤྱི་འཐུས་གདན་ཐོབ་ལ་ཟུར་ཟ་བྱེད་ཀི་ཡོད་པ་རེད། ཡང་མིན་ན་མི་རྒན་གྱི་མྱིང་དང་སྤྱི་ཟུར་གྱི་ཤེད་ཁུར་ནས་རྩེད་མོ་རྩེ་འདོད་ཡིན་རྒྱུ་མ་རེད། རྨི་ལམ་མ་མང་། རྨི་ལམ་རིང་ན་གཅིན་བརླ་ཐོག་ལ་ཤོར་རྒྱུའི་ཉེན་ཀ་ཡོད་པ་ཤེས་པ་གནང་རོགས།

  19. རྟེན་འབྱུང་། says:
    2013-12-17 at 5:28 pm

    དྲྭ་གྲོགས་ཚོ་བགྲོ་གླེང་གནང་སྐབས་རྣམ་དཔྱོད་ཀྱི་བློ་གཟུ་བོར་གནས་བའི་ཐོག་གནང་དགོས། དེ་མིན་ཀུན་སློང་གི་སྐྱོན་ཞུགས་མཁན་ཚོས་གོ་སྐབས་འདི་འདྲ་བཟུང་ནས་ལས་འགུལ་འདྲ་མིན་སློང་སྲིད།

  20. དོན་དགའ་ says:
    2013-12-17 at 8:54 pm

    རྒན་ཆབ་བྲག ཤར་ཁུག་ལྟ་བུ་མི་ཞིག་སྤྱི་འཐུས་ནང་སླེབས་ན་ཕན་ལས་གནོད་ཆེ་ས་མ་རེད་དམ།
    ཤར་ཁུག་ཟེར་བ་འདི་གཞི་མེད་སྐྱོན་འཛུག་བྱེད་རྒྱུར་དགའ་མཁན་དང་། གཡོ་རྒྱུ་གཟོལ་ཟོག་མང་བའི་མི་འདྲ་བ་སྤྱི་འཐུས་ནང་སླེབ་ན་མདོ་སྨད་པ་མི་རྫོགས་སོང་བ་ལྟ་བུ་མ་རེད་དམ།

  21. དགེ་འདུན་རྒྱ་མཚོ། says:
    2013-12-17 at 9:56 pm

    # 18 བསྟན་འཛིན།་ལགས་
    ཤར་ཁུག་སྤྱི་འཐུས་ལ་སླེབས་མིན་བཤད་སྐབས་མདོ་སྨད་སྤྱི་ལ་ཁ་གཏོང་དགོས་དོན་ཅི་ཡོད། ཆོལ་ཁ་སུ་ཡིན་ཡང་ནང་ན་སྐྱོན་མེད་མཁན་ཞིག་མཐོང་མ་སོང་། ཡིན་ན་ཡང་དེ་གླེང་ནས་ཕན་ཚུལ་དཀྲིགས་བསམ་པ་ང་རང་ལ་མེད། 
    ཁྱོད་ཀྱིས་བསམ་བློ་དང་ཀུན་སློང་གཙང་མ་ཞིག་ཁུར་ནས་སྐད་ཆ་བཤད་ན་ཡག་པོ་མེད་དམ། དོན་མེད་དང་འབྲེལ་མེད་པ། ཕན་ཐོག་མེད་པའི་སྐད་ཆ་མ་གསུངས་རོགས།

  22. འོད། says:
    2013-12-17 at 9:56 pm

    བཀྲིས་སྒྲོལ་མ་ཟེར་བ་དེ་ཆོས་འབྱོར་དང་ཨ་རིག་གི་དྲ་འབུ་ཁ་བ་ཟེར་བ་དེ་རེད་ཟེར། ཧཧཧཧཧ མི་ཁོ་ད་ཚང་མས་ཤེས་ཤེས་པ་རེད། བཤད་ཡ་ཅང་མེད།

  23. འོད། says:
    2013-12-17 at 9:57 pm

    རྟེན་འབྱུང་ལགས་བསྟོད་དོ་་་་གཟུར་གནས་བློ་ལྡན་རེད་བདུག

  24. བསྟན་པ། says:
    2013-12-17 at 10:13 pm

    འོད་ཟེར་བའི་དྲ་འབུ་འདི་ཐན་བྱ་ཁུག་རྟ་རེད། འཕགས་ཚག་རྒྱོབ་དང་སྤྱི་འཐུས་ཟེར་བ་ཁྱེད་འདྲ་མི་ཐོབ་སུ་ལ་ཐོབ།

  25. འཁྱམས་པོ་ says:
    2013-12-17 at 10:44 pm

    བསྟན་པ་སོགས་ཀྱིས་འབྲེལ་བ་མེད་པ་མ་བྱེད། ཆོལ་ཁ་གཞན་གྱི་རང་བཙན་རྒྱབ་སྐྱོར་བ་ཚོས་གོ་སྐབས་བཟུང་ནང་ཕུ་དཀྲུགས་མདའ་དཀྲུགས་མ་གནང། ངས་བསམས་ན། བསྟན་འཛིན་གྱི་བསམ་ཚུལ་འདི་ཡག་པོ་ཞེ་དྲག་འདུག

    18 བསྟན་འཛིན།
    ཤར་ཁུག་སྤྱི་འཐུས་ལ་སླེབས་མིན་བཤད་སྐབས་མདོ་སྨད་སྤྱི་ལ་ཁ་གཏོང་དགོས་དོན་ཅི་ཡོད། ཆོལ་ཁ་སུ་ཡིན་ཡང་ནང་ན་སྐྱོན་མེད་མཁན་ཞིག་མཐོང་མ་སོང་། ཡིན་ན་ཡང་དེ་གླེང་ནས་ཕན་ཚུལ་དཀྲིགས་བསམ་པ་ང་རང་ལ་མེད།
    ཁྱོད་ཀྱིས་བསམ་བློ་དང་ཀུན་སློང་གཙང་མ་ཞིག་ཁུར་ནས་སྐད་ཆ་བཤད་ན་ཡག་པོ་མེད་དམ། དོན་མེད་དང་འབྲེལ་མེད་པ། ཕན་ཐོག་མེད་པའི་སྐད་ཆ་མ་གསུངས་རོགས།

  26. ཐོས་པ་དགའ། says:
    2013-12-17 at 10:47 pm

    གཞུང་དངུལ་འབུམ་ ༢༡ འགྲོ་སོང་བཏང་ནས་མི་འདི་འདྲ་འདེམས་རྒྱུ་ན་ངས་བྱས་ན་སྔ་ས་ནས་ཁོང་ལ་འབུམ་ ༢༡ དེ་སྤྲད་ནས་རྙོག་དྲ་མེད་པ་བྱས་ན་མི་བཟང་ངམ། མ་གཞི་སྒྲོལ་དཀར་ལྷ་མོ་ལགས་འབུམ ༢༡ དེ་སྤྲད་བཞག་ན་ཕལ་ཆེར་དགོངས་པ་ཞུས་ཡོད་རྒྱུ་མ་རེད།

    མདོ་སྨད་ཕན་མི་ཐོག་སྤྱི་འཐུས་གཅིག་ལ་ཡང་བསྐྱར་འོས་བསྡུ་ལས་ཁུངས་ཀྱི་ཆབ་སྲིད་ཁྲབ་ནས་གཞུང་དངུལ་ཆུ་ཟོད་བཏང་བ་དངོས་གནས་བེད་མེད་རེད། ང་ཚོའི་གཞུང་དངུལ་ཚང་མ་རོགས་སྐྱོར་དང་དཔྱ་ཁྲལ་གྱི་དངུལ་རེད་པ། སྐུ་ངོ་རྣམས་ག་རེ་གནང་གི་ཡོད།

    དོ་བདག་སྒེར་ཁོང་རང་མདོ་སྨད་པས་སྤྱི་འཐུས་ལ་བཀོས་པ་ཡིན་ན། ཉེ་ལམ་འབྲི་རུ་མི་མང་ཀྱིས་རྒྱ་དར་ཆུ་ལ་དབྱུག་ནས་ངོ་རྒོལ་བྱས་པར་རྒྱབ་འགལ་དང་། དེས་རྗེས་རྒྱ་རྒན་འབྲི་རུ་མི་མང་ཐོག་རྒོལ་བརྡུང་བར་འགྲིག་བཞག་ཟེར་གྱི་ཡོད་རེད།

    ཤར་རྟས་རྒྱ་དར་འཕྱར་བ་དེ་ཡང་སྙིང་རང་ཉིད་སྙན་གྲགས་དང་སྡུག་ས་ནས་བཤད་ན་རྒྱའི་རྒྱུགས་ཁྱིན་ཡིན་སྲིད།

  27. རོང་བཙན། says:
    2013-12-17 at 11:22 pm

    བཙན་བྱོལ་ནང་གི་མདོ་སྨད་སྲིད་དོན་སྐབས་འཚོལ་བ་འདི་ཚོར་སྙིང་ན་གིན།

  28. འཁྱམས་པོ་ says:
    2013-12-17 at 11:35 pm

    ད་བགྲོ་གླེང་ཞེད་སྣང་ཚ་པོ་འདུག་གཱ

    ཁ་ཤས་ནས་སྤེན་པ་ཚེ་རིང་ཅིག་བྱས་ཚུལ་ཟེར་བ་འདྲ་བོ། དེ་འདྲ་གསུངས་ན་ཡག་པོ་མ་རེད། དེ་དྲང་པོ་མ་རེད་ཝ། དེ་ལྟར་གསུངས་ན་གསུངས་མཁན་ཚོར་གྱོང་རེག་གི་རེད།

  29. བཀྲ་ཤིས། says:
    2013-12-17 at 11:41 pm

    འདི་དངོས་གནས་ཁྱད་ཚར་ཡོང་ས་རེད། དེང་སང་གྲོས་ཚོགས་ཀྱིས་བཀའ་ཤག་རླག་མ་འཁེལ་བའི་དུས་ཚོད་རེད་པཱ་་་་་་་་་་ཧཧཧཧཧཧཧཧཧ་་་་་་་་

  30. གླག་རྒོད། says:
    2013-12-17 at 11:46 pm

    ད་མདོ་སྨད་གྲོས་ཚོགས་ཀྱིས་བཀའ་ཤག་ལ་དམག་ཅིག་དྲངས་ན་ཤར་ཁུག་ཚོགས་གཙོའི་བློན་ཆེན་བྱེད་ཆོག་གི་རེད། ཡིན་ནའང་ཤར་ཁུག་ཁོང་ལ་དཔའ་དང་བློ་ཁོག་མེད་རབས་གོ་མྱོང་།

  31. འཕྲིན་ལས་ལྷུན་གྲུབ says:
    2013-12-18 at 12:16 am

    གངས་ཅན་མགོན་པོའི་བཀའ་བཞིན་སྒྲུབ་པ་ཞིག།
    ཆོལ་ཁ་གསུམ་ལ་ཞེན་ཁོག་ཡོད་པ་ཞིག།
    བཙན་བྱོལ་གཞུང་གི་འགྲོ་སྟངས་ཤེས་ནི་ཞིག།
    གསར་འབྱོར་བོད་མིའི་དཀའ་ངལ་མཁྱེན་ནི་ཞིག།
    གཞིས་ལུས་བོད་མིའི་བདེ་སྡུག་བསམས་ནི་ཞིག།
    རྒྱ་ནག་སྐོར་ལ་དོ་སྣང་ཆེ་ནི་ཞིག།
    དེ་འདྲ་ཐོན་ན་ང་ཡི་རེ་བ་འགྲུབ།

    མདོ་སྨད་ནང་ཁུལ་མ་སྨོད་ཨ་མའི་བུ།།
    གླེན་རྟགས་བསྟན་ན་གྱོང་ཡང་སོ་སོར་རེག།
    དེ་བས་བག་ཡོད་ཀྱིས་དང་མདོ་སྨད་པ།།
    འོས་ཤོག་ཚད་ལྡན་བླུགས་དང་མདོ་སྨད་པ།།

  32. འཕྲིན་ལས་ལྷུན་གྲུབ says:
    2013-12-18 at 12:48 am

    སྤྱི་འཐུས་ཤིག་ཡིན་ན་འོས་ཆོས་རྣམས་ཚང་དགོས་ངེས་ཀྱང།

    གཙོ་བོ།

    ༡ རང་གི་ཁེ་ཕན་གཙོ་བོ་མ་བཟུང་བར་བོད་སྤྱིའི་དོན་དུ་མི་ཚེ་བསྐྱལ་ཐུབ་མཁན་ཞིག་དགོས་ཀྱི་འདུག
    ༢ ཤེས་ཡོན་ལ་དགའ་བ་དང། བོད་ཀྱི་རིག་གནས་པ་དང་ཤེས་ཡོན་ཅན་ཚོར་མཐུན་འགྱུར་རོགས་རམ་རྒྱབ་སྐྱོར་གནང་ཐུབ་པ་དང། གསོ་སྐྱོང་བྱེད་ཐུབ་པ་ཞིག་དགོས་ཀྱི་འདུག
    ༣ མི་དཀའ་ལས་རྒྱབ་ནས་སླེབས་མཁན་དེ་འདྲར་ཐོབ་པ་ཡིན་ན་ཡག་པོ་ཡོད་པ་རེད།
    ༤ གཙོ་བོ་གལ་ཆེན་གཅིག་རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུ་པ་དེ་རིགས་འོས་འཚམས་ཤིག་མ་རེད།

  33. འདྲེ་རྐང་ཐོ། says:
    2013-12-18 at 1:33 am

    ཤེས་ཡོན་དང་དང་་་་ལྷག་པར་དུ་རྒྱ་གཞུང་གི་སྲིད་ཇུས་སྐོར་ལ་ཆ་རྒྱས་ཏོག་ཙམ་ཡོད་པའི་ཤར་ཁུག་ལགས་སྤྱི་འཐུས་སུ་བསྡམས་འོས་ཀྱང་། ཁོང་དང་བློ་སེང་གཉིས་མཐུན་པོ་རང་མེད་སྟབས་བྱ་བར་ལམ་ལྷང་ཡོང་ཨེ་འཇུག་བསམ་གི

  34. ཚེ་རིང་བསམ་གྲུབ། says:
    2013-12-18 at 1:48 am

    ཨ་མདོ་བ་ཚོ་རྩོམ་ལ་དགའ་དྲགས་ནས་སྤྱི་འཐུས་ནང་རྩོམ་པ་པོ་འགའ་རེ་ཡོད་ན་ཕལ་ཆེ་བ་ཨ་མདོ་སྤྱི་འཐུས་རེད་འདུག ཧཧཧཧཧཧཧཧ

  35. འཕྲིན་ལས་ལྷུན་གྲུབ says:
    2013-12-18 at 2:58 am

    ཁ་བརྡ་ལགས།

    ཐུགས་རྗེ་ཆེ།

    ངའི་མཆན་ངོས་ལེན་བྱས་པ་ཐུགས་རྗེ་ཆེ། དེང་སྐབས་ཤར་ཕྱོགས་ཁུག་རྟར་རྒྱབ་སྐྱོར་གྱི་མཆན་སྤེལ་ན་དུས་བབ་ཀྱིས་ཁྱོན་ནས་འགྲོ་གི་མི་འཇུག་གི འདིར་ས་མིག་ཅིག་གནང་བ་དགའ་བྱུང། གོ་ཐོས་ལ་ཆབ་བྲག་ཕོ་ཉའི་རྩོམ་འདི་དུས་བབ་ཀྱིས་བཀོད་མི་འདུག་ཟེར། དེ་ཚོ་བསམ་བློ་གཏོང་དགོས་པ་ཞིག་རེད་ཝ། ཤར་ཕྱོགས་ཁུག་རྟ་བོད་ཀྱི་དུས་བབ་ལ་ཞེན་ཁོག་མེད་པ་དེ་འདྲ་ཡིན་སྲིད་མདོག་མེད། ཧཧཧཧཧ

  36. ཞོལ་གཡག་འབྲོང་རྒྱུད། says:
    2013-12-18 at 3:35 am

    ཆབ་བྲག་ལགས་ངས་ནམ་རྒྱུན་ནས་སྙན་ངག་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་ལ་ཁོང་གཡོ་བྱུས་རང་བཞིན་ལྡན་པའི་སྲིད་དོན་ཚོང་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། འོན་ཀྱང་ཐབས་སྐྱོ་བ་ཞིག་ལ་ཁོང་སྲིད་དོན་རིག་པའི་གཞུང་ལུགས་ལ་ཆ་རྒྱུས་ཡ་རྒྱུས་དེ་ཙམ་མེད་པ་དེ་རེད། ད་རེས་མདོ་སྨད་སྤྱི་མཐུས་སྒྲོལ་ལྷ་རྩ་དགོངས་ཞུས་པའི་གོ་སྐབས་དང་བསྟུན་ནས་རྒྱ་བྱ་ཁུག་རྟ་བཙན་གྱིས་མདོ་སྨད་སྤྱི་མཐུས་ཀྱི་ཞབས་སྟེགས་སུ་དྲུད་ཡོང་སྟངས་ལ་་བལྟས་ན། གངས་སྐྱིད་སྲིད་གཞུང་དམར་ཤོག་རིང་ལུགས་པར་བསྒྱུར་རྒྱུའི་རེ་ངན་འཆངས་ཀྱིན་མེད་དམ་སྙམ་པའི་དྭོགས་པ་ཇེ་ཆེ་རེད། དེ་མིན་ན་རྒྱ་བྱ་ཁུག་རྟ་འདི་དེ་སྔོན་ལས་བྱེད་བླངས་དོར་སྒྲིག་གཞི་ལས་འགལ་བས་སྲིད་སྐྱོང་སེངྒེ་ཚང་གིས་ལས་གནས་ནས་གནས་དབྱུངས་བཏང་ཚར་བ་ཞིག་རེད། འོན་ཀྱང་ཆབ་བྲག་ལགས་ཀྱིས་ཡང་སྐྱར་སྤྱི་མཐུས་ནང་དུ་བཙན་གྱིས་དྲུད་ཡོང་སྟངས་འདི་སེངྒེ་བཀའ་ཤག་མགོ་རྟིང་སློག་རྒྱུའི་སྟ་གོན་བྱེད་ཀྱི་མེད་དམ་སྙམ། རྒྱུ་མཚན་དེང་སང་སེངྒེ་བཀའ་ཤག་ལ་མི་འདོད་པའི་རྣམ་འགྱུར་བཏོན་མཁན་ཟ་དང་ཟུར་ནས་ཐོན་བཞིན་པ་རེད་ལ། གོ་སྐབས་དེ་དམ་འཛིན་བྱེད་རྒྱུ་ནི་སྲིད་དོན་ཚོང་པའི་ཤོག་ཁག་གི་གཡོ་བྱུས་རང་བཞིན་ལྡན་པའི་འཁྲབ་སྟོན་ཡོད་ན་མེད་ན་གཅིག་རེད། མ་ཟད་རྒྱ་བྱ་ཁུག་རྟ་འདི་ནམ་རྒྱུན་ནས་སོ་སོའི་ལྟོ་འཕོར་ཤོར་བའི་སྐད་ངན་རྒྱུན་ཆད་མེད་པར་བཏོན་དང་འདོན་བཞིན་པ་རེད།
    ད་གང་དྲག་དུས་ངན་འདིར་བོད་དང་བོད་མི་རིགས་ལ་བདེ་སྐྱིད་ཀྱི་ཉི་མ་འཆར་རྒྱུ་མེད་པར་བོད་ནང་བཙན་དབང་གིས་རྒྱ་བསྒྱུར་གྱིས་ལས་འགུལ་རབ་དང་རིམ་པ་སྤེལ་མུས་རེད་ལ། བཙན་བྱོལ་དུ་ཡང་རང་མོས་ཀྱིས་རྒྱ་ཞེན་དང་རྒྱ་བསྒྱུར་མཁན་ཇེ་མང་ནས་ཇེ་མང་འགྲོ་བཞིན་པ་འདི་རེད། ཟེར་ཡས་ལ་ཁོ་ཚོས་རིག་གཞུང་སྲུང་སྐྱོབ་དང་འཁོར་ཡུག་སྲུང་སྐྱོབ། ད་དུང་ཆོས་ལུགས་སྲུང་སྐྱོབ་ཆེད་ཡིན་ཟེར་གྱི་ཡོད་པ་རེད། དོན་དུ་རྒྱ་དགའ་བོད་སྡུག་གི་ལས་འགུལ་ཁོ་ན་ལས་རྒྱ་བསྒྱུར་གྱི་སྲིད་ཇུས་འོག་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་ཐབས་མེད་པ་དེ་མི་ཤེས་པ་དེ་རེད། གལ་ཏེ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་མི་རིགས་ཁག་ལ་དགའ་ཞེན་བླ་མེད་ཅིག་ཡོད་མཁན་དག་ལ་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་ཐབས་བྲལ་བ་རེད། དེ་ནི་ཏང་གི་སྲིད་ཇུས་ལ་ཡང་དག་པའི་ངོས་འཛིན་ཐོག་ཏང་གི་ཅི་གསུང་བཀའ་སྒྲུབ་བྱེད་དགོས་པ་ལས་རང་སྣང་གང་དྲན་མེད་ལ་བོད་དང་བོད་མི་རིགས་ལ་རང་དབང་དང་བདེ་སྐྱིད་ཀྱི་ལམ་བུ་གཏོད་ས་མེད་པ་ས་རིས་ཐང་གསལ་རེད། ལར་ནས་བོད་དང་བོད་རིགས་ལ་བདེ་སྐྱིད་དང་རང་དབང་གི་ལམ་བུ་ཞིག་གཏོད་དགོས་ན་ཏང་གི་སྲིད་ཇུས་དང་རྒྱབ་འགལ་དུ་འགྲོ་བ་ཆོས་ཉིད་རེད། དེ་ནི་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུངས་སྲིད་ཇུས་དེ་ག་རང་རེད།

  37. ཁ་བའི་མེ་ཏོག says:
    2013-12-18 at 3:54 am

    གང་ལྟར་སེམས་ལ་ལྷོད་དུ་བཅུག་ནས་འདེམས་དགོས་པ་དགོས་གལ་ཏུ་མཐོང་ངོ་།

  38. མི་འཁྱམ། says:
    2013-12-18 at 4:06 am

    དངོས་ནས་ཡག་པོ་འདུག ཆབ་སྲིད་པ་འདི་ལྟ་བུ་ངོ་སྤྲོད་བྱས་ན་ཡག་པོ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ཤར་ཕྱོགས་ཁུག་རྟ་ནི་ངྷ་སའི་རི་ངོགས་ཀྱི་ཆབ་སྲིད་པ་གཞོན་སྐྱེས་ཞིག་ཡིན་པ་མ་ཟད། བཤད་ཕོད་པ་དང་སྒྲུབ་ཕོད་པའི་བོད་ཀྱི་རྩ་དོན་འགན་འཁྲི་དང་དུ་ལེན་མཁན་ཞིག་ཀྱང་རེད་ལ། ད་བར་དུ་རྒྱ་ནག་ལ་དགག་སྒྲུབ་ཀྱི་གནད༌ལ་འཁེལ་བའི་རྩོམ་ཡིག་ག་ཚོད་ཅིག་སྤེལ་སོང་། མདོ་སྨད་ཀྱི་ང་ཡིན་ཁྱོད་ཡིན་གྱི་རྩོམ་པ་པོ་ཚོས་ཁོ་ནང་བཞིན་རྒྱ་ནག་ལ་དགག་སྒྲུབ་ཀྱི་རྩོམ་ཡིག་རི་བོང་གི་ར་ནང་བཞིན་ཡིན་པ་ཚང་མས་མཁྱེན་གསལ་ལྟར། ལས་གནས་དེ་ནས་ཐོན་ནས་ད་ནི་དགག་སྒྲུབ་དེ་འདྲ་མཐོང་རྒྱུ་མི་འདུག་གཱ། མདོ་སྨད་ཀྱི་སྤྱི་འཐུས་འདི་ལྟ་བུར་བླུགས་དགོས་ནི་རེད། དངོས་ནས་ཡག་པོ་རེད་དཱ།

  39. བསྟན་པ། says:
    2013-12-18 at 4:08 am

    ཁ་བརྡ་ཚང་ལགས། ངས་མཆན་མི་བཀོད་པ་ཅི་ཡིན་ནམ། དེ་འདྲའི་དབྱེ་འབྱེད་མ་བྱེད་ན་བསམ་ཡོད། ཁྱེད་ཚོས་ཁུག་རྟ་གསོ་སྐྱོང་བྱེད་བསམ་པ་ཡིན་ནམ། ལོ་ངོ་ལྔ་བཅུའི་བཙན་བྱོལ་ལོ་རྒྱུས་ནང་གི་རྒྱ་དར་འཁྱེར་མཁན་གྱི་སྔོན་ཐོན་པ་ཁོང་གསོ་སྐྱོང་བྱེད་འདོད་མཁན་ཚོ་ནི་ལོ་རྒྱུས་ཀྱི་ཉེས་ཅན་རེད།

  40. བསྟན་འཛིན། says:
    2013-12-18 at 5:02 am

    མི་ལོ་བརྒྱད་བརྒྱའི་ལྷག་གི་རིང་ལ་རྒྱའི་འོག་ཏུ་མགོ་འབུལ་ལུས་འབུལ་བྱས་ནས་སྡོད་པའི་རྒྱ་མིན་བོད་མིན་འདི་ཚོས་རྩམ་ཟས་མགོ་ནག་བོད་མི་ཡོད་ཚོད་རྒྱའི་འོག་ཏུ་སྒྱུར་རྒྱུ་ལ་བྲེལ་ནས་རྡ་སར་ཆབ་སྲིད་ཀྱི་ཟློས་གར་འཁྲབ་བཞིན་པ་འདི་ཨ་ཨཨཨ། རྒྱ་ལ་མཐུན་ལམ་ཟེར་བཞིན་བོད་མི་བོད་གྲལ་ནས་འཕུད་བཞིན་འདུག། རྒྱ་མི་བོད་ལ་དགའ་ཚུལ་ཟེར་བཞིན་བོད་མི་བོད་ལ་ངོ་ལོག་བཟོ་བཞིན་འདུག། རྒྱ་མི་དབུ་ལམ་ལ་མོས་ཚུལ་གྱིས་བོད་མི་དབུ་ལམ་ནས་འཕུད་བཞིན་ཡོད། དབུ་ལམ་རྒྱའི་ཁྲིམས་དང་མཐུན་ཚུལ་གྱིས་བོད་མི་ལ་བཙན་གནོན་དང་སྡུག་རྩུབ་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད། ལོ་རྒྱུན་གྱི་བདེན་དཔང་ཡིག་རིགས་ན་གཅིག་མེད་པས་རང་བཙན་མིན་པའི་སྐད་ཆ་གང་ཡིན་ལ་རྒྱ་བོད་གྲོས་མོལ་བྱེད་ཆོག་རྒྱུ་གསུངས་བྱུང་ཟེར་ནས་མི་སྒེ་གཅིག་གི་སྐད་ཆས་བོད་རང་བཙན་དེ་དོར་སོང་། བོད་མི་ས་ཡ་དྲུག་དང་འབྲེལ་བའི་བོད་རང་བཙན་དེ་མི་ཁ་ཤས་ཀྱིས་དབང་སྒྱུར་བྱེད་རྒྱུར་ཐོབ་ཐང་ཞིག་སུ་ལ་ཡོད་དམ། ཐོབ་ཐང་དེ་འདྲ་ཞིག་སུས་སྤྲོད་པ་རེད། གནད་འདི་ཚོ་ནི་བོད་ཀྱི་ལོ་རྒྱུད་ཀྱི་དེབ་ཐེར་དུ་བོད་མི་རིགས་འདི་ནམ་གནས་ཀྱི་བར་དུ་ལྷག་རྒྱུ་དང་གླེང་རྒྱུ་རེད།།

  41. འཕྲིན་ལས་ལྷུན་གྲུབ་ says:
    2013-12-18 at 6:15 am

    ་་་་་་ད་ཕལ་ཆེར་ཆུ་སྒང་རྙིང་པ་དང་དོལ་རྒྱལ་ཚོགས་པ་ཙམ་དུ་མ་ཟད། རྒྱ་མིའི་དྲ་འབུ་དག་ཀྱང་སླེབས་ཡོད་པ་འདྲ། ཧཧཧཧ ཁ་ཤས་ཀྱིས་ཤར་ཁུག་སླེབས་ན་བཀའ་ཤག་ལ་གླེགས་འཁེལ་གྱི་རེད་ཟེར། ཁ་ཤས་ཀྱིས་རང་བཙན་ལ་ཁ་གཡར་ནས་དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་མཁན་ཚོའི་མགོ་གཅོག་གི་རེད་ཟེར། ཡང་རེ་འགས། གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་རྣམས་ཏག་ཏག་བཟོས་ཏེ་རྒྱག་གཅིག་འཆོང་གཅིག་བྱེད་ཀྱི་རེད་ཟེར།
    ད་གང་ལྟར་ཚང་མས་བསམ་ཚུལ་བཤད་ཡ་གལ་ཆེན་་རེད། དེང་སང་ག་བ་གང་སར་ཤར་ཕྱོགས་ཁུག་རྟར་རྒྱབ་སྐྱོར་བྱེད་མཁན་མང་པོ་འདུག

  42. ཞོལ་གཡག་འབྲོང་རྒྱུད། says:
    2013-12-18 at 7:54 am

    མའོ་ཙེ་ཏུང་གིས་འདི་ལྟར་བཤད། ལག་ལེན་དངོས་དང་བྲལ་བའི་དེབ་བྲིས་ཀྱི་རྩོམ་པ་པོ་རྣམས། ཆུའི་ནང་གི་ཟླ་བ་མ་ཡིན་ནམ། ཞེས་བཤད་པ་རེད། འཕྲིན་ལྷུན་གྱིས་བཤད་པ་ལྟར་རྒྱ་བྱ་འདི་དེ་འདྲའི་འཇོན་ཐང་ཞིག་རི་བོང་རྭ་དང་ནམ་མཁའི་མེ་ཏོག་རེད་ལ། མ་གཞི་ཁོ་ལ་འཇོན་རྒྱུ་ཡོད་པ་གཅིག་རང་གཅིག་དེ་བོད་མི་ས་ཡ་བརྒལ་བ་དམར་གསོད་བཏང་བའི་རོ་ཐོག་དང་བཙོན་འཇུག་དང་མནར་གཅོད་གྲངས་མེད་བཏང་བའི་སྙིང་ཁམས་སྟེང་དར་དམར་བསྒྲེངས་ནས་རྟ་རྒྱུགས་གཏོང་རྒྱུ་དེ་རེད། བྱས་ཙང་ད་རེས་མདོ་སྨད་མི་དམངས་ཀྱིས་རྒྱ་འདྲེ་འདི་སྤྱི་མཐུས་ཀྱི་རྐུབ་སྟེགས་སྤྲད་པ་ཡིན་ན། གཤིན་པོ་རྣམས་ཀྱིས་དུར་ཁུང་ནས་འཕྱ་བ་གདོན་མི་ཟ་ལ་མནར་གཅོད་ཀྱི་མུན་ནང་དུ་ཡོད་པའི་རང་རིགས་རྣམས་ཀྱིས་སྨོད་པ་དང་མཆིལ་མ་འཕེན་རྒྱུ་ཉག་ཅིག་གོ། དེས་ན་གནད་དོན་འདིིའི་ཐོག་མདོ་སྨད་མི་དམངས་ཀྱིས་དགོངས་པ་བཞེས་རྒྱུའི་དུས་ལ་བབས་ཡོད་པ་རེད། མ་གཞི་རྙོག་འཛིང་སྣ་མང་རང་བཞིན་ཅན་གྱི་མི་འདི་འདྲ་མདོ་སྨད་མི་དམངས་ཀྱིས་མི་འདམས་རྒྱུ་ཡིད་ཆེས་བརྟན་པོ་ཡོད།

  43. མངའ་རིས་འཕྲིན་ལས། says:
    2013-12-18 at 10:19 am

    དྲྭ་འབུ་འོད་ཅེས་པའི་འདི་ལྟར་བཤད། ༼བློ་བཟང་སེང་གེས་ད་བར་བྱས་རྗེས་གང་ཡང་བཞག་མེད། སྐྱག་རྫུན་ལུང་པ་གང་བཤད་ནས་སྲིད་སྐྱོང་ཐོབ་པ་རེད། ཁོ་ལས་དཀའ་ལས་ཤར་ཁུག་གིས་རྒྱབ་ཡོད་པ་རེད། ཁོང་གིས་ཐེར་འདོན་བྱས་པའི་ན་ཚ་མི་འཁྱོག་སྡུག་གྱོང་རེད། བློ་སེང་ག་རེ་རེད། ང་ཚོ་དང་གཅིག་པ་རེད། ད་དུང་ཁོང་ལ་ལྟ་རྒྱོ་རེད། མངའ་རིས་འཕྲིན་ལས་གྲ་ས་ནས་ཡག་པོ་མི་འདུག་པར། ག་དུས་ཡིན་ན་ལམ་དབུ་མར་སྐྱོན་བརྗོད། ཁམས་པའི་ཞེན་ཁོག་བྱེད་པ་དེ་ཚོད་ཟིན་ན་ཡག་གི་རེད། སྔོན་ཁྱེད་ལ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ནས་ཉེན་བརྡ་དང་འགྲམ་ལྕགས་གཞུས་ཡོད་པ་རེད། ཡང་ཁྱེད་རོ་ལངས་རྒྱག་གི་འདུག མདོ་སྨད་མི་མང་མི་ངན་མཚན་སྨོད་ཞུ་མཁན་ཁྱེད་འདྲ་བའི་དཀྲུག་ཐུབ་གི་མ་རེད། ཁྱེད་རང་ཡག་པོ་མི་འདུག་ན། ངས་ཁྱེད་ཀྱིས་བྲིས་པ་དེ་ཚོ་འདིར་འདྲེན་གི་ཡིན་ལ། དགོན་པའི་ལས་སྣེ་ལ་ཡི་གེ་གཏོང་གི་ཡིན།༽ བཙན་བྱོལ་བོད་མི་མང་གིས་འོས་འདེམ་བྱས་ནས་ཆེས་འོས་གྲངས་མང་མོས་ཀྱིས་འདེམ་ཐོན་བྱུང་བའི་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ངན་སྨད་དང་། དགྲ་བོ་རྒྱ་དམར་གྱི་ཁྲག་དར་འཕྱར་མཁན་གྱི་ཁྱི་རྒན་དེ་ལ་བསྟོད་པ་བྱེད་པ་ནི། ཁྭ་ཏ་ནང་ཅུང་གི་མིག་ལམ་དུ།། སྐྱག་པ་གསེར་གྱི་མཆོད་རྟེན་མཐོང་།། ཟེར་བའི་དཔེ་ལས་མ་འདས། ད་དུང་མདོ་སྨད་སྤྱི་འཐུས་ལས་ཐོག་སྐུ་ངོ་རྨོག་རུ་ལགས་དང་ངོས་གཉིས་ཆབ་སྲིད་ལྟ་གྲུབ་ཀྱི་ལམ་ཕྱོགས་མཐུན་མིན་ཇི་ལྟར་ཡང་། སྒེར་གྱི་ངོས་ནས་གྲོགས་པོའི་དམ་ཚིག་གཙང་མར་དཀྲུག་ཐབས་བྱེད་པ་ནི་ཡ་ང་བའི་གནས་ཤིག་རེད། སོ་སོ་རང་ཉིད་མིང་རྫུའི་འོག་ནས་སྐྱག་རྫུན་དང་ཧམ་བཤད་དཀྲུག་གཏམ་ཁོ་ན་ལས་བཤད་མི་ཤེས་པར། ད་དུང་ངོས་ཀྱི་བྲིས་པ་དེ་ཚོ་དགོན་པའི་ལས་སྣེར་གཏོང་རྒྱུ་ཡིན་ཟེར་ཧ་ཧ་ཧ་ཧ། གཏོང་དང་དགའ་བསུ་ཡོད་མིང་དངོས་སུ་སྨྲོས་ནས་བདེན་པའི་སྐད་ཆ་བཤད་མཁན་ཞིག་ཡིན་མ་གཏོགས་ཁྱོད་འདྲ་བོ་གདོང་སྟོན་མི་ནུས་པའི་སྡར་མ་དེ་འདྲ་ཞིག་མིན་པ་ཤེས་པར་བྱོས། ངས་བྲིས་པའི་དམིགས་བསལ་གྱི་་ཡི་གེ་ཞིག་ཡོད་ན་དགོན་པའི་ལས་སྣེ་མ་དགོས་༧གོང་ས་མཆོག་ལ་ཕུལ་ཡང་འགྱོད་པ་སྤུ་ཙམ་དགོས་ཡག་མེད། དྲྭ་ལམ་ཁག་ལ་བྲིས་པའི་བསམ་འཆར་ཡིག་རིགས་རྣམས་དྲྭ་གྲོགས་མཁྱེན་ལྡན་ཚང་མས་གཟིགས་བཞིན་པ་ལས། ཁྱོད་ཀྱི་སྡུག་མིག་གཅིག་པུས་མཐོང་བ་ག་ལ་ཡིན། གལ་སྲིད་ངོས་ལ་སྒེར་གྱི་མཁོན་ལན་ཞིག་ཡོད་ཚེ་ཁྱོད་ཀྱི་མིང་དངོས་སུ་སྨྲོས་ནས་དྲ་ངོས་སུ་ཐོན་ཤོག་དང་ཁྱོད་ཨ་མའི་བུ་ཡིན་ཨ།།

  44. འཇམ་དབྱངས་དབང་མོ། says:
    2013-12-18 at 10:58 am

    རང་རེ་མདོ་སྨད་མི་མང་རྣམས་མགོ་མ་འཁོར་བ་གནང་རྒྱུ་གལ་ཆེ། ད་རེ་ཟམ་གདོང་ཚང་། སྤེན་པ་ཚེ་རིང་། ཐུབ་བསྟན་ལུང་རིག ཆབ་བྲག་ལྷ་མོ་རིམ་པར་བརྒྱུད་པའི་སྐྱག་དྲི་ཁ་བའི་གཡོ་སྒྱུ་ལ་དཔྱད་པ་ནན་པོས་ཀླུ་མཁར་འཇམ་ལྟ་བུ་ལ་འོས་གནང་རྒྱུ་གལ་ཆེ།

  45. ཡང་ཀྱཱ་མ་དགོན says:
    2013-12-18 at 11:44 am

    རྒན་ཆབ་བྲག་ལྷ་མོ་ལགས། སྔོན་མ་སྤྱི་འཐུས་གནང་བའི་སྐབས་ལ་ཞལ་གསུང་གང་ཡང་་མི་གནང་མཁན་གྲས་མ་རེད་པས་ལགས། དེང་སྐབས་ཡོབ་རོབ་གླིང་ལ་ཕེབས་ནས་དབྱིན་ཇིའི་མགོ་སེར་པོ་ཚོ་ལ། གེ་སེར་རྒྱལ་བོ་སྒྲུང་གི་ཧོར་གླིང་གཡུལ་འགྱེད་ཡི་སྐོར་མང་པོ་གསུང་ནས། དམག་འཁྲིགས་ནང་ལ་བསྐོར་བའི་ཆབ་སྲིད་གི་རྒྱུ་ཆ་ཡག་པོ་ཞིག་བརྙེད་མིན་འགྲོ། ཧཧཧཧཧཧ་

  46. འབྲས་སྤུངས་བློ་བཟང་ཐུབ་བསྟན། says:
    2013-12-18 at 2:06 pm

    སློབ་དཔོན་ཆབ་བྲག་ལྷ་མོ་སྐྱབས་ལགས་བཀའ་དྲིན་ཆེ། ཤར་ཕྱོགས་ཁུག་རྟའམ་ཆོས་འབྱོར་ནི་ཀུན་གྱིས་དོ་སྣང་ཡོད་པའི་གང་ཟག་ཁྱད་དུ་འཕགས་པ་ཞིག་རེད ། ཁོང་ལ་གཞན་ལ་མེད་པའི་མེ་འབར་པ་ལྟ་བུའི་རིག་པ་ཞིག་དང་སྙིང་སྟོབས་ཐག་གི་ཆོད་པ་ཞིག་ཡོད་པ་རེད། དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བ་དང་གོང་ས་མཆོག་ལ་མཚན་སྨོད་ཞུས་རིགས་ལ་དགག་པ་གནང་བ་ནི་དེ་བས་ཀྱང་ཁོང་གི་བྱས་རྗེས་དག་རེད། ངས་འདི་ནས་ཁོང་ལ་ལྷག་བསམ་རྣམ་དག་དང་དཀོན་མཆོག་ལ་སྐྱབས་འཇུག་དང་བཅས་རྒྱབ་སྐྱོར་ཞུ་ཡི་ཡིན།།

    ཞུ་དགོས་དོན་གཙོ་བོ་གཤམ་འཁོད་ཁག་ཡིན།

    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟར་འོས་ཐོབ་ན་༸གོང་ས་སྐྱབས་མགོན་ཆེན་མཆོག་གི་རླབས་ཆེན་དགོངས་གཞི་རང་གི་སྲོག་ལས་ཀྱང་གཅེས་ཤིང་ཉམས་ལེན་བྱེད་པའི་འཐུས་མི་ཞིག་གྲོས་ཚོགས་ནང་སླེབས་པ་རེད།

    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟར་འོས་ཐོབ་ན་གྲོས་ཚོགས་ནང་དབུ་མའི་ལམ་གྱི་རང་སྲིད་རང་སྐྱོང་གི་ཆེད་མཁས་པ་དང། ལག་ལེན་པ། དེར་ཡིད་ཆེས་རྩེ་གཅིག་ཏུ་བྱེད་པའི་འཐུས་མི་ཞིག་སླེབས་པ་རེད།

    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟར་འོས་ཐོབ་ན་སྤྱི་འཐུས་ནང་རྒྱ་ནག་གི་འཁྱོག་བརྗོད་ལ་ལན་འདེབས་དུས་ལྟར་བྱེད་ཐུབ་མཁན་གྱི་འཐུས་མི་ཞིག་སླེབས་པ་རེད།

    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟར་འོས་ཐོབ་ན་རང་བཙན་ཁ་ལ་ཁྱེར་ནས་༸གོང་ས་མཆོག་དང་དབུ་མའི་ལམ་ལ་དོན་མེད་ཟུར་ཟ་བྱེད་མཁན་ཚོའི་གདོང་རིས་སྔར་བཞིན་གསལ་སྟོན་བྱེད་པའི་འཐུས་མི་ཞིག་སླེབས་པ་རེད།

    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟར་འོས་ཐོབ་ན་རང་གི་རྐུབ་སྟེགས་བརྟན་བཟུང་ཆེད་སྤྱི་པའི་རྩ་དོན་ཟོམ་འཇོག་བྱེད་པའི་སྐབས་འཚོལ་པ་ཚོ་ཐེར་འདོན་བྱེད་པའི་འཐུས་མི་སྙིང་སྟོབས་ཅན་ཞིག་སླེབས་པ་རེད།

    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟར་འོས་ཐོབ་ན་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་རྨང་གཞི་བཙན་བྱོལ་སྒྲིག་འཛུགས་ནང་གསོ་ཐུབ་པའི་རེ་བ་གསར་པ་ཞིག་སླེབས་པ་རེད།

    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟར་འོས་ཐོབ་པ་ཡིན་ན་དབུ་མའི་ལམ་གྱི་མི་རབས་གསར་པར་འོས་ཐོབ་པ་རེད།
    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟར་འོས་ཐོབ་པ་ཡིན་ན་བོད་ཀྱི་རིག་གནས་ཀྱིས་སྐྱེད་སྲིང་བྱས་པའི་གང་ཟག་ཅིག་ལ་འོས་ཐོབ་པ་རེད།

    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟ་འོས་ཐོབ་ན་སྤྱི་འཐུས་ཀྱི་ལས་ཡུན་འཁྱོལ་ཐུབ་ཙམ་མིན་པར་སྤྱི་འཐུས་ནང་ནུས་པ་ལྡན་ལ་གསར་གཏོད་བྱེད་སྤོབས་པའི་འཐུས་མི་ཞིག་སླེབས་པ་རེད།

    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟ་འོས་ཐོབ་ན་སྐྱོ་བོ་མཐའ་ནས་སྐྱོར་ཞིང་དཔོན་ངན་ལྐོག་འབྲེལ་རིང་ལུགས་ལ་གདོང་ལེན་བྱེད་པའི་འཐུས་མི་ཞིག་སླེབས་པ་རེད།

  47. དྲང་བདེན་མདའ་མོ། says:
    2013-12-18 at 5:29 pm

    བློ་བཟང་ཆོས་འབྱོར་འམ་ཤར་ཕྱོག་ཁུག་རྟ་མི་ངན་འདི་འདྲ་སྤྱི་འཏུས་ལ་གལ་སྲིད་བསླེབས་ན་དུས་ནམས་ཡང་བོད་ཀྱི་བདེན་མཐའ་གསལ་ཐུབ་ཀྱི་མ་རེད།།

  48. དོན་དགའ། says:
    2013-12-18 at 5:50 pm

    རེད་མདོ་སྨད་པ་ཟེར་བོད་གངས་ཅན་གྱི་ཆོལ་ཁ་གསུམ་གྱི་ནང་གི་ཡ་གྱལ་ཞིག་རེད་གུས་ཞབས་ཡོད་
    འོན་གྱང་ཤར་ཁུག་ཟེར་བ་འདི་མདོ་སྨད་སྤྱི་མཐུས་བསྐོས་ན་མདོ་སྨད་པའི་ཞབས་འདྲེན་རེད།
    ཁོས་ནམ་ཡིན་རུང་བཀའ་ཤག་དང་སྤྱི་མཐུས་ཡང་ན་རྒྱ་རུ་དང་བློ་སེང་སོགས་ཀྱི་བར་དུ་དཀྲུག་ཤིང་རྒྱག་དགོས་བསམ་ནས་བསྡད་འདུག ཨ་མདོ་བ་མི་ངན་ཁོ་འདྲ་བ་སྤྱི་མཐུས་ནང་གཏོང་དགོས་ཨེ་ཡོད་ལྟོས

  49. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    2013-12-18 at 9:39 pm

    རྒྱའི་རྒྱལ་དར་འཕྱར་ས་མི་རག་པར་སྡོད་མཁན་ཞིག་ང་ཚོའི་སྤྱི་འཐུས་ལ་མི་འོས་སོ།

  50. བོད་ཀྱི་བུ་ says:
    2013-12-18 at 10:12 pm

    ཆབ་བྲག་ལྷ་མོ་ཟེར་བའི་རྨོར་ཏོ་མགོ་ཟིང་བ་དེ་དེང་སྐབས་སྨྱོ་ལབ་མང་པོ་རྒྱག་བཞིན་པ་དང་བོད་མིའི་སྒྲིགས་འཛུག་དང་ལྷག་པར་མང་བསྐུར་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དངོས་ཤུགས་རྒྱུད་གསུམ་ནས་ཕྲ་དོགས་ཀྱི་མི་དགའ་བའི་རྣམ་འགྱུར་མང་པོ་ཞིག་སྟོན་བཞིན་པ་ཀུན་གྱི་མཁྱེན་གསལ་རེད་དེར་མང་པོ་ཞུ་དགོས་པ་མི་འདུག་
    འོན་ཀྱང་ངས་་མདོ་སྨད་མི་དམངས་ལ་ཞུ་བ་ནི་གཙན་བྱོལ་སྒྲིགས་འཛུག་ཀྱི་ལང་ཕྱོགས་ལ་གཟིགས་ཏེ་ཀླུ་ཁར་བྱམས་དང་གཞིས་ལུས་རྒྱ་ཆེའི་མི་དམངས་སྤྱི་དང་ལྷག་པར་འབྲི་རུའི་གནས་ཚུལ་ལ་བསམ་ཏེ་ཤར་ཁུག་ཞེས་པའི་འདྲེ་བྱ་དམར་པོ་གཉིས་སྤྱི་མཐུས་ལ་འོས་བབ་རྩ་བ་ནས་མེད་པ་ཞིག་ཡིན་པ་ཀུན་གྱི་མཁྱེན་དགོས་པ་གལ་ཆེ་
    ངེས་པར་དུ་ཁོང་གཉིས་གང་རུང་གཅིག་འདེམ་དགོས་པ་ཡིན་ཚེ་འདྲེ་བྱ་དམར་པོ་ལས་ཀླུ་གར་བྱམས་བརྒྱ་འགྱུར་སྟོང་འགྱུར་གྱི་ལེགས་པ་ཡོད་པ་དངོས་ཡོད་ཡིན་པར་སོང་ཀླུ་གར་བྱམས་གདམ་པ་གནང་རོག་

  51. འཕྲིན་ལས་ལྷུན་གྲུབ says:
    2013-12-18 at 11:47 pm

    དྲ་གྲོགས་མང་པོ་སླེབས་འདུག་སྟེ། སེམས་ཁྲལ་ཡོད་པ་དང་འགན་ཁུར་ཡོད་པའི་ཐོག་ནས་བསམ་ཚུལ་སྤེལ་མཁན་ཞེ་དྲག་མི་འདུག ཡིན་ནའང། འབྲས་སྤུངས་ཐུབ་བསྟན་ལགས་ཀྱི་བསམ་ཚུལ་དེ་དངོས་གནས་མ་འདྲ་བ་ཞིག་འདུག
    ཡུན་རིང་བསམ་བློ་བཏང་བ་ཡིན།

    ཁོང་གིས།
    སློབ་དཔོན་ཆབ་བྲག་ལྷ་མོ་སྐྱབས་ལགས་བཀའ་དྲིན་ཆེ། ཤར་ཕྱོགས་ཁུག་རྟའམ་ཆོས་འབྱོར་ནི་ཀུན་གྱིས་དོ་སྣང་ཡོད་པའི་གང་ཟག་ཁྱད་དུ་འཕགས་པ་ཞིག་རེད ། ཁོང་ལ་གཞན་ལ་མེད་པའི་མེ་འབར་པ་ལྟ་བུའི་རིག་པ་ཞིག་དང་སྙིང་སྟོབས་ཐག་གི་ཆོད་པ་ཞིག་ཡོད་པ་རེད། དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བ་དང་གོང་ས་མཆོག་ལ་མཚན་སྨོད་ཞུས་རིགས་ལ་དགག་པ་གནང་བ་ནི་དེ་བས་ཀྱང་ཁོང་གི་བྱས་རྗེས་དག་རེད། ངས་འདི་ནས་ཁོང་ལ་ལྷག་བསམ་རྣམ་དག་དང་དཀོན་མཆོག་ལ་སྐྱབས་འཇུག་དང་བཅས་རྒྱབ་སྐྱོར་ཞུ་ཡི་ཡིན།།

    ཞུ་དགོས་དོན་གཙོ་བོ་གཤམ་འཁོད་ཁག་ཡིན།

    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟར་འོས་ཐོབ་ན་༸གོང་ས་སྐྱབས་མགོན་ཆེན་མཆོག་གི་རླབས་ཆེན་དགོངས་གཞི་རང་གི་སྲོག་ལས་ཀྱང་གཅེས་ཤིང་ཉམས་ལེན་བྱེད་པའི་འཐུས་མི་ཞིག་གྲོས་ཚོགས་ནང་སླེབས་པ་རེད།

    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟར་འོས་ཐོབ་ན་གྲོས་ཚོགས་ནང་དབུ་མའི་ལམ་གྱི་རང་སྲིད་རང་སྐྱོང་གི་ཆེད་མཁས་པ་དང། ལག་ལེན་པ། དེར་ཡིད་ཆེས་རྩེ་གཅིག་ཏུ་བྱེད་པའི་འཐུས་མི་ཞིག་སླེབས་པ་རེད།

    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟར་འོས་ཐོབ་ན་སྤྱི་འཐུས་ནང་རྒྱ་ནག་གི་འཁྱོག་བརྗོད་ལ་ལན་འདེབས་དུས་ལྟར་བྱེད་ཐུབ་མཁན་གྱི་འཐུས་མི་ཞིག་སླེབས་པ་རེད།

    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟར་འོས་ཐོབ་ན་རང་བཙན་ཁ་ལ་ཁྱེར་ནས་༸གོང་ས་མཆོག་དང་དབུ་མའི་ལམ་ལ་དོན་མེད་ཟུར་ཟ་བྱེད་མཁན་ཚོའི་གདོང་རིས་སྔར་བཞིན་གསལ་སྟོན་བྱེད་པའི་འཐུས་མི་ཞིག་སླེབས་པ་རེད།

    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟར་འོས་ཐོབ་ན་རང་གི་རྐུབ་སྟེགས་བརྟན་བཟུང་ཆེད་སྤྱི་པའི་རྩ་དོན་ཟོམ་འཇོག་བྱེད་པའི་སྐབས་འཚོལ་པ་ཚོ་ཐེར་འདོན་བྱེད་པའི་འཐུས་མི་སྙིང་སྟོབས་ཅན་ཞིག་སླེབས་པ་རེད།

    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟར་འོས་ཐོབ་ན་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་རྨང་གཞི་བཙན་བྱོལ་སྒྲིག་འཛུགས་ནང་གསོ་ཐུབ་པའི་རེ་བ་གསར་པ་ཞིག་སླེབས་པ་རེད།

    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟར་འོས་ཐོབ་པ་ཡིན་ན་དབུ་མའི་ལམ་གྱི་མི་རབས་གསར་པར་འོས་ཐོབ་པ་རེད།
    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟར་འོས་ཐོབ་པ་ཡིན་ན་བོད་ཀྱི་རིག་གནས་ཀྱིས་སྐྱེད་སྲིང་བྱས་པའི་གང་ཟག་ཅིག་ལ་འོས་ཐོབ་པ་རེད།

    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟ་འོས་ཐོབ་ན་སྤྱི་འཐུས་ཀྱི་ལས་ཡུན་འཁྱོལ་ཐུབ་ཙམ་མིན་པར་སྤྱི་འཐུས་ནང་ནུས་པ་ལྡན་ལ་གསར་གཏོད་བྱེད་སྤོབས་པའི་འཐུས་མི་ཞིག་སླེབས་པ་རེད།

    རྩོམ་པ་པོ་ཤར་ཕྱོགས་ཁུག་རྟ་འོས་ཐོབ་ན་སྐྱོ་བོ་མཐའ་ནས་སྐྱོར་ཞིང་དཔོན་ངན་ལྐོག་འབྲེལ་རིང་ལུགས་ལ་གདོང་ལེན་བྱེད་པའི་འཐུས་མི་ཞིག་སླེབས་པ་རེད།

  52. དམུ་ཐག་གི་བུ་རྒྱུད། says:
    2013-12-19 at 12:35 am

    ཕྱི་ལོག་ནས་ངར་ངར་རྫིག་རྫིག་བྱེད་མཁན་ཚོ་ནང་དུ་སླེབས་དུས་ཕུ་ཤོར་འགྲོ་གི་རེད། ཡིད་མི་ཆེས་ན་དེང་སང་གི་གྲོས་ཚོགས་འཐུས་མི་འགའ་རེར་གཟིགས་དང་།

  53. རྒྱང་མིག says:
    2013-12-19 at 1:08 am

    རང་རེའི་དྲ་གྲོགས་འགས་རྩོམ་ཡིག་དང་བརྗོད་དོན་ཐད་ནས་བསམ་ཚུལ་མི་བརྗོད་པར། དང་པོ་རང་ནས་མི་གཞི་ལ་ཚིག་མཚོན་དང་བཅས་ཁྱད་གསོད་དམའ་འབེབས་སོགས་བྱེད་པ་ནི་ཧ་ཅང་ཐབས་སྡུག་གི་ལས་ཤིག་རེད།
    སྲིད་སྐྱོང་གིས་གཙོས་པའི་ལས་སྣེ་ཚོས་ཀྱང་དགྱ་ལ་མགོ་འདོགས་སམ། དགྱ་འོག་གི་ཐོབ་ཐང་ཞེས་པ་ཞིག་རྩོད་ཀྱིན་ཡོད་ན། དབུ་ལམ་ལ་ཞེ་ཐག་པ་ནས་དད་མོས་ཆེ་བའི་ཤར་ཁུག་ལ་ཅི་ཁག

    སྔོན་ཆད་ནས་ཤར་ཁུག་ནི་སྲིད་དོན་ལ་དགའ་མཁན་ཞིག་ཏུ་མཐོང་སོང་བས། ཐོབ་མི་ཐོབ་གང་ལྟར་ཡང་སྤྱི་འཐུས་ཀྱི་འོས་གཞིར་ལངས་ན་ཡོངས་སུ་འགྲིག་འདུག དུས་མཚུངས་ཆབ་སྲིད་ལ་དོ་སྣང་ཡོད་མཁན་ཀླུ་མཁར་བྱམས་སོགས་ཀྱང་དེ་དེ་བཞིན་ནོ།

  54. རིག་རྡོ says:
    2013-12-19 at 4:40 am

    ཤར་ཁུག་དང་ཆབ་བྲག་ལྟ་བུ་སུ་ཡིན་ཡང་མདོ་སྨད་ཚང་གི་སྤྱི་འཐུས་ལ་མི་འོས།ཆབ་བྲག་འདི་གཡོ་ཧམ་ཆེ་ལ།ཆབ་སྲིད་ཀྱི་ཕྱོགས་ལ་ཅི་ཡང་མི་ཤེས་པ་ཀུན་གྱིས་ཤེས་གསལ་ཡིན། དཔེར་ན་བོད་ནང་རང་ལུས་མེ་བསྲེག་གི་ངོ་རྒོལ་འཕྱུར་བཞིན་པའི་སྐབས།རྒྱ་གཞུང་གིས་བཙན་བྱོལ་སྤྱི་ཚོགས་ཀྱིས་ངན་སྐུལ་ཡིན་ལུགས་བསྒྲགས་བཞིན་པའི་སྐབས་སུ།ཏག་ཏག་ཁོས་རྩོམ་འཆལ་ཞིག་བྲིས་ཏེ་རྒྱ་གཞུང་ལ་སྨྲ་ལྕེ་བྱིན་ཏེ་བཙན་བྱོལ་གཞུང་གི་མགོ་ལ་ཞྭ་མོ་ནག་པོར་ཞིག་གཡོག་ཏུ་བཅུགས་ཡོད། འདི་གཅིག་པོས་ཀྱང་ཁོས་ཅི་ཡང་མི་ཤེས་པ་ར་སྤྲོད་བྱས་ཡོད།མདོ་སྨད་པ་ཚོ་སྙན་ངག་པ་དང་ཆབ་སྲིད་པ་མ་ནོར་བྱེད་གལ་ཆེ།

  55. སྡོང་ཆུ་མིག says:
    2013-12-19 at 5:50 am

    ཤར་ཁུག་ལྟ་བུ་སྤྱི་འཐུས་ལ་སླེབས་ན་དགའ་སུ་བྱེད། ཁོ་རང་ཁ་ནས་བཤད་ཐུབ་མཁན་དང་ལག་ནས་ལས་ཐུབ་མཁན་གྱི་ཨ་མདོ་ན་གཞོན་ཞིག་རེད། ངའི་ཁོ་རང་ལ་སེམས་སྟེང་ནས་མདོ་སྨད་སྤྱི་འཐུས་ལ་སླེབས་ཐུབ་པའི་སྨོན་ལམ་འདེབས། ཡིན་ནའང་ཆབ་བྲག་ལ་གཡོ་ཧམ་ཧ་ཅང་ཆེ།

  56. བསོད་ནམས། says:
    2013-12-19 at 6:00 am

    ཆབ་བྲག་འདིས་རྒྱ་དམར་ལྕེ་སྤྲད་ཡོད་རེད། ད་དུང་རྒྱ་དར་འཁྱེར་མཁན་སྤྱི་འཐུས་ལ་འོས་པར་དངོས་ཤུགས་གསང་ལམ་བརྒྱད་དེ་རྒྱབ་སྐྱོར་བྱས། ཁྱེད་རང་རྩོམ་པོ་ཐབས་ཆགས་ཤིག་བྱས་ཏེ་སྤྱི་འཐུས་ལ་བསྐྱལ་བ་དེ་ནས་ཁྱེད་ཀྱི་འདོད་པ་ཡོང་བའི་རྨི་ལམ་མ་གཏོང་། དེ་རིང་ཁྱེད་ནི་རྒྱལ་འཚོང་བ་ཞིག་ངས་ངོས་འཛིན་བྱས་ཚར།

  57. སྒྲོལ་མ says:
    2013-12-19 at 7:20 am

    རྒན་ཆབ་བྲག་ལགས་དང ་དྲང་བདེན་གྱི་གཏམ་ལ་མངོན་པར་བསྟོད་དོ

  58. འཇམ་དབྱངས་དབང་མོ། says:
    2013-12-19 at 8:20 am

    ཤར་ཕྱོགས་ཁུག་རྟ་ལ་མཁས་དབང་ཟམ་གདོང་རིན་པོ་ཆེས་བསྟོད་བསྔགས་ཤུགས་ཆེན་གནང་ཡོད། དེ་ནི་ཀུན་ཀྱི་ཤེས་གསལ་ལྟར་ཤར་ཁུག་ཁ་ངོ་ཅུང་དྭངས་པའི་ན་གཞོན་ཞིག་ཡིན་པར་སོང་། ཟམ་གདོང་རིན་པོ་ཆེའི་དམིགས་བསལ་གྱི་གྲྭ་བའི་འདུ་ཤེས་འཛིན་ཡིན་པ་འདྲ། དེ་མིན་ཤར་ཁུག་ནི་གཞིས་ལུས་པ་རྣམས་སེམས་གདིང་ནས་ཕམ་བཅུག་མཁན་གྱི་རྒྱལ་ཚོང་པ་ཞིག་ཡིན་པས་རང་ཅག་མདོ་སྨད་པ་རྣམས་ནས་ནམ་ཡང་ཁོ་པ་ལ་འོས་བླུགས་མི་འོས་སོ།།

  59. འཕྲིན་ལས་ལྷུན་གྲུབ་ says:
    2013-12-19 at 8:37 am

    བསྟན་པ་དང་འཇམ་དབྱངས་དབང་མོ་སོགས་ཀྱིས་ཀླུ་མཁར་བྱམས་ཀྱི་སྐད་ཆ་བཤད་སྟངས་ལྟར། མི་ཆེན་ལ་ཁ་དང་བྱ་ཆེན་ལ་རྡོ་འཕང་གྱོང་རེག་ས་དེ། ཁྱེད་ཚོའི་སྐྱབས་གནས་ཀླུ་མཁར་ལ་རེག་གི་མ་གཏོགས། ཤར་ཕྱོགས་ཁུག་རྟར་གནོད་ཀྱི་མ་རེད། དེ་བས་དྲང་པོ་དང་ཚུལ་མཐུན། བློ་གཟུ་བོར་གནས། རྒྱུ་མཚན་གྱི་རྗེས་སུ་འབྲངས་ནས་རྒྱབ་སྐྱོར་བྱས་ན་མིའི་ཉན་གི་རེད་ལ། བཤད་ལུགས་བྱེད་སྟངས་ཀྱང་ཚད་ལྡན་རེད་ཝ།

    སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་མཚན་སྨོད་ཞུ་བ་ནི་བོད་མིའི་བསོད་ནམས་ཟད་པའི་རྒྱུ་ཡིན་པས་དེ་འདྲ་མ་གནང་ན་ཡག་གི་རེད། ཟམ་གདོང་རིན་པོ་ཆེས་གནང་བའི་བཀའ་ཡིག་འདི་ལོ་གཉིས་ཀྱི་སྔོན་ཁ་བརྡ་དྲ་བ་འདིར་སླེབས་པ་རེད། དེ་ནི་སྐབས་དེར་སྲིད་སྐྱོང་མཆོག་དང་ཁོ་གཉིས་བར་རྙོག་གླེང་བྱུང་སྐབས། མི་ཁ་ཤས་ཀྱི་གོ་སྐབས་བཟུང་ནས་ཁོང་གིས་དེ་སྔ་བོད་གཞུང་བཀའ་ཤག་ནང་ཕྱག་ལས་ཡག་པོ་གནང་ཡོད་པ་མ་རེད་ལབ་རེད།

    མི་སུ་ཞིག་ཡིན་ནའང། དོན་མེད་ལ་ནག་ཉེས་ཁུར་འདོད་ཡོད་པ་མ་རེད། བྱས་ཙང། སྐབས་དེར་ཁོང་གིས་དཀའ་ལས་རྒྱབ་པའི་གྲུབ་འབྲས་འདི་མི་མང་ལ་བསྟན་པ་རེད། འདི་ཁོང་ལ་ཐོབ་འོས་ཙང་བཀའ་ཤག་གིས་གནང་བ་མ་གཏོགས། མཆོད་ཁང་ནང་འཇོག་ཆེད་གནང་བ་ཡིན་རྒྱུ་མ་རེད། གཅིག་བྱས་ན། བཀའ་ཤག་གིས་ཁོང་ཐུགས་རེ་ཆེན་པོ་གནང། རྒྱབ་སྐྱོར་བྱེད་མཁན་སོགས་མེད་པར་ཤེས་ཡོན་ཅན་གྱི་ན་གཞོན་ཁེར་རྐྱང་ཞིག་ཡིན་པ་མཁྱེན་ནས་གནང་བ་ཡིན་རྒྱུ་རེད་བསམས། དེས་ན་རྣམ་པ་ཚོའི་བཀའ་ཡིག་འདི་ནི་ཁོང་གི་གཞུང་དོན་འབད་སྒྲུབ་གནང་བའི་ལག་ཁྱེར་ཡིན་པ་ངོས་འཛིན་གནང་ན་འགྲིག་གི་རེད་ལ། དེ་ལྟར་ཡིན་ཡང་ཡིན་པ་རེད།

  60. འཕྲིན་ལས་ལྷུན་གྲུབ་ says:
    2013-12-19 at 8:40 am

    ངའི་རེ་བ་ལ་བར་མའི་འོས་བསྡུ་འདི་ཤར་ཕྱོགས་ཁུག་རྟ་དང་ཀླུ་མཁར་བྱམས་ཀྱི་འགྲན་རྩོད་ལྟ་བུ་དང། ཤར་ཕྱོགས་ཁུག་རྟར་རྒྱབ་སྐྱོར་བྱེད་མཁན་མང་པོས་ཀླུ་མཁར་བྱམས་ལགས་ཀྱི་ལམ་ཁ་འགོག་གི་ཡོད་པ་འདྲ་བོ་གསུངས་ན། དོན་དངོས་ཐོག་གྱོང་རེག་ས་དེ་ཀླུ་མཁར་ལ་རེག་གི་རེད། དེ་བས་ཨ་མདོ་བ་ཚོའི་དྲང་པོ་དང། འོས་བསྡུའི་ཁྲིམས་སྒྲིག་ཤེས་པའི་ཐོག་ནས། གཞུང་དང་མི་རིགས་ལ་ལྷག་བསམ་དཀར་པོའི་ཐོག་འོས་བླུགས་ན་ཏག་ཏག་རེད། དེ་མིན། ཀླུ་མཁར་བྱམས་ཀྱི་རྒྱབ་སྐྱོར་པ་ཚོས་དེ་ལྟར་གསུངས་ན་ཡག་པོ་མ་རེད་འདོད།། གཙོ་བོ་སོ་སོའི་འདོད་པ་རེད་མོད། རྒྱུ་མཚན་ཡོད་པ་ན་ཡག་པོ་ཡོད་པ་རེད།།

  61. འོད། says:
    2013-12-19 at 8:44 am

    མཁྱེན་ལྡན་འཕྲིན་ལས་སོགས་ལ་རྒྱབ་སྐྱོར་ཡོད།།

  62. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-19 at 10:49 am

    བཀའ་ཁྲི་གསར་བ་འོས་འདེམས་སྐབས་འཁྲུག་པོ་བྱུང་བ་རེད། ཐེངས་འདིར་ཡང་ཤར་ཀླུ་སེང་སྟག་ཁ་སྤྲོད་ཀྱི་འོས་འཕེན་ཞིག་ཡོང་ཚོད། འདི་དག་དམངས་གཙོའི་གོ་རྟོགས་སད་ཀྱིན་པའི་མངོན་རྟགས་ཡིན་རབས་ཟེར། དེ་འདྲ་ཡིན་པར་སྨོན།

  63. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-19 at 10:58 am

    གོང་གསལ་ངའི་མཚམས་སྦྱོར་དེ་ཁྲིམས་སྒྲིག་གཞིར་བཟུང་ནས་བྱས་ཡོད། དེའི་ཁར་ད་དུང་ཤེས་འཇོན་གཉིས་ཀ་བསྣན་ཡོད་པར་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་དབུ་མའི་ལམ་རྩ་དོན་རྒྱུན་འཁྱོངས་བྱེད་མཁན་ཞིག་ཡིན་པ་བཤད་ཡོད།
    ཁོང་ལ་མོས་མཐུན་མེད་པ་ཚོས་དོན་ཚན་དེ་གསུམ་ཐོག་ནས་སྐྱོན་བརྗོད་རྒྱུ་མཚན་ཁ་གསལ་བྱེད་རྒྱུས་སྟོང་ན་ཅི་ཡང་མ་བཤད་ན་དེ་བཟང།
    ངས་འདི་ལྟར་བསྒྲགས་ན་ང་ལ་མི་ཁ་གང་མང་ཞིག་འཁོར་རྒྱུ་ཡིན་པ་ཡང་ངས་གསལ་བོ་ཤེས་ཡོད། འོན་ཀྱང་བོད་སྤྱི་བའི་རྩ་དོན་ཐོག་ལ་ངས་མི་ཁ་ཅི་ཡང་འཁུར་ཐུབ། དེ་བས་ཁྱོད་ཀྱིས་ཇི་ལྟར་བཤད་ཀྱང་ངས་བཟོད་སྒོམ་ཐུབ་ངེས་ཡིན།

  64. གངས་སྤྲེལ་ཚ། says:
    2013-12-19 at 11:07 am

    ཆབ་ལྷ་མར་ཟག་པའི་ན་ཟུག་དང་འཁོན་སྤྱི་ལ་བཀལ་ནས་ད་ཡདི་ལྟར་མདོ་སྨད་པ་སྙིང་རྗེའི་གནས་སུ་འཁྲིད་ཀྱི་འདུག་་་ཨཨཧཧཧཧཧ

  65. བསོད་ནམས། says:
    2013-12-19 at 11:44 am

    ཆབ་བྲག་ལགས། རྒྱ་མའི་རྒྱལ་དར་འཁྱེར་མཁན་ཞིག་ལ་རྒྱབ་སྐྱོར་བྱས་བ་དེ་བོད་སྤྱིའི་དོན་དག་བསྒྲུབ་པ་ཡིན་ནམ། ཁྱེད་ལ་བོད་སྤྱིའི་དོན་དག་བསྒྲུབ་པའི་བསམ་བློ་དང་འདུན་པ་་ཡོད་ན་ས་ར་མཐོ་སློབ་ནས་མི་འདུག་པར་ཕྱི་རྒྱལ་ག་རེ་བྱས་ནས་བྲོས་ཡིན། རྩ་བཟང་ས་ཞིག་ལ་བུད་ནས་ཁྱི་ལབ་མ་རྒྱག་དང་ཡག་གི་པ།བོད་ནང་ནས་མདོ་སྨད་པ་ཚོ་ས་འབར་རྡོ་འབར་བྱས་ནས་རྒྱ་དམར་དང་རྒྱ་དར་དེ་བོད་གངས་རིའི་ལྗོངས་ནས་བྲལ་དགོས་པའི་ཆེད་ཚེ་སྲོག་མེ་ལ་སྒྲོན་གི་འདུག
    བཙན་བྱོལ་ནས་དབུ་མའི་ལམ་ཁ་ལ་འཁྱེར་ནས་རྒྱ་དར་དགུང་ལ་བསྒྲེང་མཁན་ཚོ་མདོ་སྨད་ཚོས་རྒྱབ་སྐྱོར་བྱས་ན་ལས་འབྲས་དང་མཐུན་ནམ། ངས་མི་དེ་འདྲ་རྒྱབ་སྐྱོར་བྱེད་མི་ཐུབ་ལ། མདོ་སྨད་པ་ཚོ་དེ་འདྲའི་བླུན་པོ་མིན་ངེས།

  66. འཕྲིན་ལས་ལྷུན་གྲུབ་ says:
    2013-12-19 at 12:28 pm

    རྒྱ་མིའི་རྒྱལ་དར་འཕྱར་ནས་ལས་འགུལ་སྤེལ་བ་དབུ་མའི་ལམ་གྱི་ལས་འགུལ་དང་མི་མཐུན་པའི་སྒྲུབ་བྱེད་སུ་ལ་བཀོད་རྒྱུ་ཡོད་ན། ང་ཚོ་ཚང་མས་མཉམ་དུ་ཤར་ཕྱོགས་ཁུག་རྟ་གད་སྙིགས་ནང་དུ་གཡུག་བཞག་གོ ཇོའུ་རིན་པོ། གལ་སྲིད་ང་ཚོར་ཁོང་གི་༼ རྒྱུ་མཚན་ཆེན་པོ་བཅུ་གཉིས་༽ལ་ལན་རྒྱག་རྒྱུ་མེད་ཚེ། སྙིང་ན་ཡང། ཕྲག་དོག་སྐྱེ་ཡང། ཚིགས་པ་ཟ་ཡང། ཐབས་ཤེས་མེད་པ་རེད་བསམས།

    དེའི་ཆ་ནས་ངའི་དྲ་གྲོགས་དགའ་བོ་བསོད་ནམས་ལགས་ཀྱིས་མགོ་བཙུགས་ཏེ་གསུངས་དང། ངས་ཁྱོད་ལ་རྒྱུ་མཚན་ཡོད་ན་ཁྱོའི་རྗེས་སུ་འབྲངས། ཁྱོད་ཀྱིས་རྒྱ་མིའི་དར་ཆ་འཕྱར་མ་ཆོག་པའི་རྒྱུ་མཚན་ཕྲིས་ཨ། དེ་དང་མཉམ་དུ་རྩ་ཁྲིམས་འོག་འདུག་རྒྱུ་ཁས་ལེན་བྱས་ཏེ་་གོང་ས་མཆོག་གི་སྐུ་ཚབ་ཀྱིས་སྤྲད་པའི་རང་སྲིད་རང་སྐྱོང་གི་བསམ་འཆར་དེས་་་རྒྱ་མིའི་དར་དམར་འཕྱར་ཡོད་མེད་ཀྱང་་་་གསལ་བོ་ཞིག་གསུངས་རོགས་ལོ།།

  67. འཕྲིན་ལས་ལྷུན་གྲུབ་ says:
    2013-12-19 at 12:33 pm

    ༸གོང་ས་ཐམས་ཅད་མཁྱེན་པས་ ༢༠༠༨། ༡༢། ༤། ཉིན་ཡོ་རོབ་གྲོས་ཚོགས་སྦར་སིལ་གསུང་བཤད་ནང་༼ངོས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྙིང་དོན་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱ་རྒྱུ་དེ་རེད། ༽ཅེས་བཀའ་སྩལ་འདུག

  68. འཕྲིན་ལས་ལྷུན་གྲུབ་ says:
    2013-12-19 at 12:42 pm

    འོ་ན། ཡོང་ཐབས་ཅི་ལྟར་བྱེད་དགོས་སམ་ཞེ་ན། ༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ཞེས་པ་ཞིབ་ཏུ་ཀློག་དགོས་པ་རེད།

    འདི་ལྟར་མགོ་འཚོས་པའི་ཐོག་ནས་བལྟས་ཚེ་གོང་ས་མཆོག་གི་དགོངས་གཞི་འདི་འགྲུབ་པའི་ཆེད་ཤར་ཕྱོགས་ཁུག་རྟས་མི་སྒེར་པ་གཅིག་གི་འགན་ག་ཚོད་ཁྱེར་འདུག ག་ཚོད་རྩོམ་ཡིག་བྲིས་འདུག ག་ཚོད་ལན་འདེབས་བྱས་འདུག ག་ཚོད་ལས་འགུལ་སྤེལ་འདུག དེ་ལས་ཤེས་རྟོགས་ཐུབ་པ་རེད། སོང་ཙང་རྒྱ་མིའི་དར་ཆ་འཕྱར་ན་གང་ལ་འགལ་འདུག་གམ། དེ་དང་མཉམ་དུ་དྲི་བ་འགའ་ཡོད།

    ཨ་རི་ནས་བོད་དོན་ལས་འགུལ་སྤེལ་དུས་ཨ་རིའི་རྒྱལ་དར་འཕྱར་དགོས་དོན་ཅི་རེད།
    རྒྱ་གར་ནས་བོད་དོན་ལས་འགུལ་སྤེལ་དུས་རྒྱ་གར་གྱི་རྒྱལ་དར་འཕྱར་དགོས་དོན་ཅི་རེད།
    རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་བྱེད་དུས་དར་ཆ་གཉིས་མཉམ་དུ་འཕྱར་དགོས་དོན་ཅི་རེད།

    འདི་དག་ཚང་མས་ཅི་ཞིག་མཚོན་གྱི་འདུག་གམ།

    གལ་སྲིད་ང་ཚོས་རྒྱ་ནག་ནང་ལས་འགུལ་སྤེལ་དགོས་ན། རྒྱ་ནག་གི་དར་ཆ་འཕྱར་ནས་རང་སྐྱོང་མི་རྩོད་པར་ཡོང་ཐབས་མེད་པ་ཤེས་གསལ་མ་རེད་དམ།

    རྒྱ་ནག་གི་རྒྱལ་དར་འཕྱར་ན་རྒྱ་ནག་རྒྱལ་ཁབ་རྒྱ་ནག་མི་མང་ལ་གུས་བརྩི་བྱས་པ་མ་རེད་དམ།

    སྲིད་སྐྱོང་བློ་བཟང་སེང་གེས་་་་ང་ཚོའི་འཐབ་རྩོད་ནི་རྒྱ་ནག་རྒྱལ་ཁབ་དང་རྒྱ་ནག་མི་མང་གི་ཁ་གཏད་མིན་པར་རྒྱ་ནག་གི་བོད་ཐོག་འཛིན་པའི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ཀྱི་ཁ་གཏད་དུ་འཐབ་རྩོད་བྱེད་པ་དེ་ཡིན་་་་་་ཞེས་ག་རེ་བྱས་ནས་གསུངས་པ་རེད།

    འདི་ཚང་མར་ཅིག་བལྟས་ན། ད་གཟོད་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་སུས་སྒྲུབ་ཀྱི་ཡོད་མེད་དང། དབུ་མའི་ལམ་སུས་རྟོགས་ཀྱི་ཡོད་མེད། དབུ་མའི་ལམ་ལ་སུ་ཡིད་ཆེས་ཡོད་མེད་ཧ་གོ་གི་མི་འདུག་གམ།

    ཡིན་ནའང། ངའི་བསམ་ཚུལ་ཡིན། ཤར་ཕྱོགས་ཁུག་རྟ་ལ་རྒྱབ་སྐྱོར་བྱས་པ་ཡིན། ཁོང་གཏིང་རྔོག་ཇུས་བཏིང་ནས་ལས་ཀ་བྱེད་མཁན་ཞིག་ཡིན་པ། དོན་ཚན་བཅུ་གཉིས་ལས་ཤེས་ཐུབ་ཀྱི་འདུག

  69. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-19 at 12:46 pm

    ལག་པ་གཅིག་གིས་བོད་ཀྱི་རྒྱལ་དར་ཕྱར། ལག་པ་གཅིག་གིས་ཀྲུང་གོའི་རྒྱལ་དར་ཕྱར།
    ལོ་རྒྱུས་ཆ་ནས་རྒྱལ་ཁབ་འདྲ་མཉམ་དང། འབྱུང་འགྱུར་མཉམ་གནས་བྱ་རྒྱུའི་རེ་འདུན་བསྟན།
    འདི་ཡིས་དབུ་མའི་ལམ་གྱི་སྙིང་དོན་མཚོན།
    ཕྱོགས་སུ་ལྷུང་བའི་མིག་ནི་ཡ་གཅིག་པས། རྒྱལ་དར་གཅིག་ལས་གཉིས་པ་མི་མཐོང་ངོ།

  70. འཇམ་དབྱངས་དབང་མོ། says:
    2013-12-19 at 12:56 pm

    བོད་མི་ས་ཡ་དྲུག་རྒྱ་ནག་རྩ་ཁྲིམས་སྒྲོམ་གཞིའི་འོག་ཏུ་འདུག་གི་ཡིན་ཟེར་རྩོད་མི་དགོས་པར་ཡོད་ཡོད་རེད། ང་ཚོ་རང་དབང་ལུང་པར་སོ་སོའི་སྲོག་སྐྱོབས་ཆེད་བྲོས་ཡོང་། ད་ལྟོ་གྲོད་པ་རྒྱག་མིང་སྙན་གྲགས་ཐོབ་ཚར་དུས་སྔར་དགྲ་ཁར་གཡུག་བཞག་པ་གཞིས་ལུས་ས་ཡ་དྲུག་གི་མ་འོངས་མདུན་ལམ་མེད་པ་བཟོ་ཐབས་དང་། བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་རྒྱལ་གཅེས་སེར་སྐྱ་ཕོ་མོ་འབུམ་ཕྲག་གིས་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏངས་ནས་ཤ་ཚ་བོ་དང་། ཁྲག་དྲོན་མོས་འགྲོ་སོང་གནང་བ་དེ་དག་རྩིས་མེད་དང་ནུས་མེད་བཟོ་བ་ནི་ངོ་མ་རྒྱལ་ཚོང་པ་དང་། བོད་མི་རིགས་ཀྱི་བླ་ཚོང་ངོ་མ་རང་རེད། ངོ་ཚ་རྒྱུ་གཏན་ནས་མེད་པར། ད་དུང་ཁ་ཡར་འགུལ་མར་འགུལ་གཞིས་ལུས་རྒྱ་ཆེ་མི་མང་བོད་ཀྱི་བདག་པོ་ངོ་མ་དེ་ཡིན་རབ་བཤད་བཞིན་དུ། རྒྱ་མིའི་རྩ་ཁྲིམས་འོག་སྡོད་རྒྱུ་ཡིན་ཟེར་ནས་ཐག་གཅོད་ཐིག་སྡོམ། བརྒྱ་ཁ་གཅིག་ཆོག་བྱེད་པ་ནི་ངོ་ཚ་རྒྱུ་མེད་པའི་བྱ་སྤྱོད་རེད། ད་དུང་ལྟོས་དང་དགྲ་བོའི་ཁྲག་དར་གོང་དུ་འཕྱར་མཁན་གྱི་མི་ངན་སྐྱག་པ་འདྲ་བོ་ཞིག་གནམ་ལ་བཏེག་མཁན་དེ་ཚོ་ངོ་མ་བོད་མིའི་ཞབས་འདྲེན་ངོ་མ་རེད། ་་་་་ གང་ལྟར་མདོ་སྨད་པ་ཚོས་ད་རེས་མགོ་མ་འཁོར་ཞིག མིག་མ་གཡེངས་ཤིག འབེན་མ་ནོར་ཞིག ཨེ་གོ།

  71. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-19 at 12:57 pm

    ང་ལ་བྱས་པའི་རྗེས་ནི་མེད་ན་ཡང། ང་ལ་ལྷག་པའི་བསམ་པ་མེད་ན་ཡང། ང་ལ་འཇོན་ཐང་གང་ཡང་མེད་ན་ཡང།
    རང་དབང་དམངས་གཙོ་འདི་ཡི་སྐུ་དྲིན་ལ། གདམ་བྱ་འདེམས་བྱེད་ཐོབ་ཐང་ཡོད་པས་སྐྱིད། སུ་ཞིག་འོས་མིན་སྨྲ་བརྗོད་ཡོད་པས་སྤྲོ། ཁྱོད་ཅག་འདི་ལ་འདོད་མོས་མེད་གྱུར་ན། ཁོང་ཁྲོ་མ་ལངས་རང་གི་གང་འདོད་འདེམས།
    ཁྱོད་ཀྱིས་སུ་ཞིག་བདམས་ན་ཡང། ཁྱོད་ཀྱི་རང་དབང་ངས་མི་སྨོད། དེ་བཞིན་ངར་ཡང་ཅི་ལ་སྨོད།

  72. བསོད་ནམས། says:
    2013-12-19 at 12:57 pm

    འཕྲིན་ལས་ལགས། ཁྱེད་དང་འོད་ཚོ་ཚང་མ་ཐན་བྱ་ཁྱེད་རང་ཉིད་ཡིན་པ་ངས་ཤེས་ཡོད། རང་དོན་བསྒྲུབ་ཆེད་རྒྱལ་བ་རིན་པོ་ཆེ་མ་བཙོངས་རོགས་ཞུ། རྒྱལ་བ་རིན་པོ་ཆེས་ཁྱེད་ཚོར་རྒྱ་མའི་རྒྱལ་དར་འཁྱེར་ནས་ལས་འགུལ་སྤེལ་གསུངས་སོང་ངམ། དོན་གྱི་བདག་པོ་དང་མཐའ་མའི་འདུད་དེ་གཞིས་ལུས་རྒྱ་ཆེ་མི་དམངས་ཡིན་གསུངས་ཀི་ཡོད་རེད། གཞིས་ལུས་མི་མད་ནས་རྒྱལ་དར་ག་ཚོད་མེར་བསྲེགས་གཏོང་གི་འདུག དེ་ཤེས་པར་གྱིས་ལོ། ཁྱེད་ཀྱི་དོན་ཚན་བཅུ་གཉིས་དེ་གད་སྙིགས་དང་སྐྱགས་པ་ཡིན་དུས་སུས་དེར་ལག་པ་འཆང་། རང་དོན་ལྟོ་བའི་ཆེད་དེ་འདྲའི་མ་འཁྲབ་ལོ།

  73. འོད། says:
    2013-12-19 at 1:15 pm

    ཧཧཧཧཧཧཧཧ དོན་གྱིས་སྟོང་ན་ལབ་བརྡོལ་ཅི་དགར་འབྱིན། གླེན་མེད་ཅོལ་ཆུང་དག་གི་རང་གཤིས་སོ།།

  74. dhoshul says:
    2013-12-19 at 1:27 pm

    འདི་ལ་ཡག་པོ་བྲིས་འདུག ངས་འདི་ལྟར་བསམ། འོ་ན། ཡོང་ཐབས་ཅི་ལྟར་བྱེད་དགོས་སམ་ཞེ་ན། ༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ཞེས་པ་ཞིབ་ཏུ་ཀློག་དགོས་པ་རེད།

    འདི་ལྟར་མགོ་འཚོས་པའི་ཐོག་ནས་བལྟས་ཚེ་གོང་ས་མཆོག་གི་དགོངས་གཞི་འདི་འགྲུབ་པའི་ཆེད་ཤར་ཕྱོགས་ཁུག་རྟས་མི་སྒེར་པ་གཅིག་གི་འགན་ག་ཚོད་ཁྱེར་འདུག ག་ཚོད་རྩོམ་ཡིག་བྲིས་འདུག ག་ཚོད་ལན་འདེབས་བྱས་འདུག ག་ཚོད་ལས་འགུལ་སྤེལ་འདུག དེ་ལས་ཤེས་རྟོགས་ཐུབ་པ་རེད། སོང་ཙང་རྒྱ་མིའི་དར་ཆ་འཕྱར་ན་གང་ལ་འགལ་འདུག་གམ། དེ་དང་མཉམ་དུ་དྲི་བ་འགའ་ཡོད།

    ཨ་རི་ནས་བོད་དོན་ལས་འགུལ་སྤེལ་དུས་ཨ་རིའི་རྒྱལ་དར་འཕྱར་དགོས་དོན་ཅི་རེད།
    རྒྱ་གར་ནས་བོད་དོན་ལས་འགུལ་སྤེལ་དུས་རྒྱ་གར་གྱི་རྒྱལ་དར་འཕྱར་དགོས་དོན་ཅི་རེད།
    རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་བྱེད་དུས་དར་ཆ་གཉིས་མཉམ་དུ་འཕྱར་དགོས་དོན་ཅི་རེད།

    འདི་དག་ཚང་མས་ཅི་ཞིག་མཚོན་གྱི་འདུག་གམ།

    གལ་སྲིད་ང་ཚོས་རྒྱ་ནག་ནང་ལས་འགུལ་སྤེལ་དགོས་ན། རྒྱ་ནག་གི་དར་ཆ་འཕྱར་ནས་རང་སྐྱོང་མི་རྩོད་པར་ཡོང་ཐབས་མེད་པ་ཤེས་གསལ་མ་རེད་དམ།

    རྒྱ་ནག་གི་རྒྱལ་དར་འཕྱར་ན་རྒྱ་ནག་རྒྱལ་ཁབ་རྒྱ་ནག་མི་མང་ལ་གུས་བརྩི་བྱས་པ་མ་རེད་དམ།

    སྲིད་སྐྱོང་བློ་བཟང་སེང་གེས་་་་ང་ཚོའི་འཐབ་རྩོད་ནི་རྒྱ་ནག་རྒྱལ་ཁབ་དང་རྒྱ་ནག་མི་མང་གི་ཁ་གཏད་མིན་པར་རྒྱ་ནག་གི་བོད་ཐོག་འཛིན་པའི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ཀྱི་ཁ་གཏད་དུ་འཐབ་རྩོད་བྱེད་པ་དེ་ཡིན་་་་་་ཞེས་ག་རེ་བྱས་ནས་གསུངས་པ་རེད།

    འདི་ཚང་མར་ཅིག་བལྟས་ན། ད་གཟོད་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་སུས་སྒྲུབ་ཀྱི་ཡོད་མེད་དང། དབུ་མའི་ལམ་སུས་རྟོགས་ཀྱི་ཡོད་མེད། དབུ་མའི་ལམ་ལ་སུ་ཡིད་ཆེས་ཡོད་མེད་ཧ་གོ་གི་མི་འདུག་གམ།

    ཡིན་ནའང། ངའི་བསམ་ཚུལ་ཡིན། ཤར་ཕྱོགས་ཁུག་རྟ་ལ་རྒྱབ་སྐྱོར་བྱས་པ་ཡིན། ཁོང་གཏིང་རྔོག་ཇུས་བཏིང་ནས་ལས་ཀ་བྱེད་མཁན་ཞིག་ཡིན་པ། དོན་ཚན་བཅུ་གཉིས་ལས་ཤེས་ཐུབ་ཀྱི་འདུག

  75. གཡུ་ཐོག་རྒྱལ་པོ། says:
    2013-12-19 at 1:59 pm

    གང་ལྟར་ཡང་སྤྱི་འཐུས་ནང་ཆོལ་གསུམ་གྱི་འཐུས་མི་སུ་ཞིག་བསླེབས་ཀྱང་ཕྱོགས་ལྷུང་མེད་ཅིང་དྲང་ཚུགས་ཡོད་པ་ཞིག་དགོས་པ་དེ་དང་པོ་རེད། དེ་ནས་ཆབ་སྲིད་ཀྱི་གོ་རྟོགས་དེ་གལ་ཆེ་བ་ལས་རྩོམ་པ་པོའམ་མཁས་དབང་སོགས་མདོར་ན་མོང་དོན་མི་མཚུངས་པའི་མིང་ཞིག་ཁྱེར་ནས་སྡོད་མཁན་གྱི་སེང་སྤགས་གྱོན་པའི་བོང་བུ་སྤྱི་པའི་རྐུབ་སྟེགས་སུ་བཞག་ཚེ་མཐར་ཕམ་ཉེས་འགྲོ་མཁན་དེ་བོད་མི་རིགས་རེད་མ་གཏོགས་ཆོལ་ཁ་བྱེ་བྲག་པ་གང་ཡང་མ་རེད། བྱས་ཙང་། རང་ཉིད་ཀྱིས་བྱས་པའི་ལས་ཀར་རང་ཉིད་ཀྱིས་འགན་ཁྱེར་ཐུབ་པ་དགོས།

  76. གཡུ་ཐོག་རྒྱལ་པོ། says:
    2013-12-19 at 2:00 pm

    དེ་མིན་ཆབ་བྲག་གིས་ཅང་མི་ཤེས་པ་དེ་ཡང་གསལ་པོ་ཤེས་དགོས། ཆབ་བྲག་དེ་ལྐུག་རྟགས་ཚ་ཞིང་ཨུ་ཚུགས་ཆེ་བས་ཆོ་མེད་ཀྱི་ལོང་གཏམ་མང་པོ་ཤོད་ཀྱི་རེད། ལྷག་པར་དུ་ཁོ་པར་ཆབ་སྲིད་ཀྱི་གོ་རྟོབས་གཅིག་ཀྱང་མེད་པ་ནི་ཁོ་པ་དང་ཁང་གསར་རྡོ་རྗེའི་བགྲོ་གླེང་དེས་ར་སྤྲོད་བྱས་ཟིན་པ་རེད།

  77. ཞོལ་གཡག་འབྲོང་རྒྱུད། says:
    2013-12-19 at 2:49 pm

    ཅིའི་ཕྱིར་ཞྭ་དཔེ་ལྷམ་ལ་བཀབས་པ་རེད། ཨ་རི་ན་ལས་འགུལ་སྤེལ་དུས་ཨ་དར་འཕྱར་བ་དང་རྒྱ་གར་ནང་ལས་འགུལ་སྤེལ་དུས་རྒྱ་དར་འཕྱར་བ་དང་བཙན་བྱོལ་རང་དབང་ལུང་པར་དར་དམར་འཕྱར་བ་གཉིས་གནམ་སའི་བར་ཁྱད་ཡོད་པ་རེད། ཨ་རི་དང་རྒྱ་གར་གཉིས་ལ་དམངས་གཙོ་དང་རང་དབང་འདྲ་མཉམ་སོགས་ཚད་མཐོ་བས་རྒྱལ་དར་དེ་རང་བཞིན་གྱིས་གུས་བརྩི་ཞུ་ཡུལ་དང་སྤོབས་པ་ཆེན་པོས་འཕྱར་ཆོག་པ་ཞིག་རེད། འོན་ཀྱང་སྐར་ལྔའི་དར་དམར་ནི་དེ་ལས་ལྡོག་ཏེས་མཚོན་དོན་རང་བཞིན་ཁོ་ནས་འཕྱར་རྒྱུར་ཞེད་སྣང་སྐྱེས་དགོས་པ་ཞིག་རེད་ལ། དར་དམར་འདིའི་འོག་ནས་བོད་པ་ཙམ་མིན་པར་གྲངས་ཉུང་མི་རིགས་ས་ཡ་མང་པོའི་ཚེ་སྲོག་ཕྲོགས་ཡོད་པ་རེད་ལ། མི་ཆོས་ལས་འདས་པའི་མནར་གཅོད་དང་བཙོན་འཇུག་སོགས་ནི་གྲངས་ཀྱིས་མི་ལངས་བས་མདོར་ན། བོད་དང་མི་རིགས་ཀྱི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བཙན་ཕྲོགས་བྱས་ཡོད་པས་དར་དམར་འཕྱར་མཁན་ཚོས་ནག་ཉེས་འདི་ཚོ་འགྲིགས་ཤག་ཟེར་གྱི་ཡོད་པ་རེད།
    ལམ་དབུ་མའི་དགོངས་དོན་དར་དམར་འཕྱར་རྒྱུ་ཞིག་ཡིན་ན་འོ་ན་དགའ་ལྡན་ཕོ་བྲང་གི་ཡངས་སྟེང་དང་གངས་སྐྱིད་སྲིད་གཞུང་གི་ཡངས་སྟེང་དར་དམར་འཕྱར་མི་དགོས་པའི་རྒྱུ་མཚན་ཅི་རེད། ངས་ལྟར་ན་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་རྣལ་མ་ཞིག་རག་ཉིན་དར་དམར་མགོ་ཐོག་ཏུ་བཙུགས་ན་སོང་ཡང་ཅང་ཟེར་རྒྱུ་མེད་ལ་རྒྱུ་མཚན་ལྡན་པ་རེད་འདོད། འོན་ཀྱང་ད་ལྟའི་གནས་སྐབས་འདིར་དར་དམར་འོག་གིས་བོད་ཐོག་འཛིན་པའི་གདུག་རྩུབ་རང་བཞིན་གྱི་སྲིད་ཇུས་ལག་བསྟར་རབ་དང་རིམ་པ་སྤེལ་དང་སྤེལ་བཞིན་པར་བོད་ནང་དར་དམར་མར་འཕབ་དང་འཕབ་བཞིན་པ་རེད་ལ། དེས་རྐྱེན་པས་སྲོག་ཁྲིམས་དང་བཙོན་འཇུག་སོགས་མནར་གཅོད་ཚད་མེད་མྱང་དང་མྱོང་བཞིན་པ་རེད། དེས་ན་བཙན་བྱོལ་བ་ཚོས་དར་དམར་འོག་གི་གདུག་རྩུབ་རང་བཞིན་གྱི་སྲིད་ཇུས་ལ་མི་འདོད་པའི་རྣམ་འགྱུར་བསྟན་རྒྱུ་གལ་ཆེན་རང་བཞིན་ཅན་ཆགས་ཡོད།
    འོན་ཀྱང་ཤར་ཁུག་ལྟ་བུས་གདུག་རྩུབ་རང་བཞིན་གྱིས་སྲིད་ཇུས་དེ་ཡང་དག་པར་ངོས་འཛིན་ཐོག་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་སྐར་ལྔའི་དར་དམར་ལ་དགའ་ཞེན་བླ་མེད་ཀྱིས། མངོན་སུམ་འཛེམས་མེད་ཀྱི་བོད་མི་རིགས་ཀྱིས་སེམས་ཁམས་རྨས་མ་བཟོ་རྒྱུ་དེ་ལམ་དབུ་མའི་དགོངས་དོན་དང་བསྒྲུབ་དོན་ཨེ་རེད། བྱས་ན་ཅིའི་ཕྱིར་གངས་སེང་དར་ཆ་འཕྱར་བས་ཉེས་པ་སྲོག་ཐོག་དང་བཙོན་ཁྲིམས་ཆགས་པ་རེད་དམ། དེ་ལྟ་བས་ན་དར་དམར་འཕྱར་བས་ལམ་དབུ་མའི་དགོངས་དོན་བདེ་བླགས་ངང་འགྲུབ་ནས་རང་སྐྱོང་རྣལ་མ་ཞིག་རག་སྲིད་དམ། ངས་ལྟར་ན་ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་སྲིད་གཞུང་ལ་དར་དམར་འཕྱར་ནས་བོད་ཀྱི་གནས་དོན་བསེལ་རྒྱུ་ཞིག་རྩ་བ་ནས་མ་རེད། བོད་ཀྱི་གནས་དོན་བསེལ་འདོད་ཡོད་མེད་དེ་རེད་ལ་མ་གཞི་ནས་བོད་ཀྱི་གནས་དོན་ཟེར་བ་ཞིག་གླེང་གི་ཡོད་མེད་འདི་རེད། དེ་སྔ་ཕན་ལ་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་གཅིག་པུར་འབྲེལ་བ་བྱས་པ་མ་གཏོག་ཀྲུང་དབྱང་སྲིད་གཞུང་ལ་ཐད་ཀར་འབྲེལ་བ་བྱེད་ཐུབ་མེད་པ་རེད་ལ། འབྲེལ་མོལ་བརྒྱུད་རིམ་ནང་ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་གནས་དོན་མ་གཏོག་བོད་ཀྱི་གནས་དོན་ཟེར་བ་ཞིག་ཀྲུང་གོའི་ཕྱོགས་ནས་ནམ་ཡང་གླེང་གི་མེད་པ་དེ་རེད།

  78. ཞོལ་གཡག་འབྲོང་རྒྱུད། says:
    2013-12-19 at 3:09 pm

    མ་གཞི་ཁྱད་མཚར་རེད། བོད་མི་རིགས་ཀྱི་ཆབ་སྲིད་ཀྱི་དཀའ་རྙོག་འདི་སྙན་ངག་དང་སྒྲུང་གཏམ་གྱིས་ཕོངས་སོང་བ་ཨེ་རེད། དེ་མིན་ན་སྤྱི་མཐུས་སུ་ཆབ་སྲིད་རིག་པའི་གཞུང་ལུགས་ལ་སྦྱངས་པ་སྤུ་ཙམ་མེད་པའི་རྩོམ་པ་པོ་དང་སྙན་ངག་མཁན་དེ་ཚོ་ཡིན་ཅིག་སླེབས་དགོས་པ་རེད། ད་དུང་བོད་ཡིག་གི་ཆུ་ཚད་ཅུང་ཟད་ཡོད་རབས་བཤད་པ་ནི་ཅི་འདྲའི་དགོད་སྤྱད་མ་རེད་པས། གངས་སྐྱིད་ཀྱི་སྤྱི་མཐུས་རྭ་བ་བོད་དགེས་དབུལ་སོང་བ་འདྲ། ཧ་ཧ། མ་གཞི་བོད་ཀྱི་བྱུང་རབས་ལ་ཕྱིར་མིག་བགྲད་ཙམ་བགྱིས་དང་། ལྷ་སྒྲུང་གིས་མི་ཚེ་བསྐྱལ་བསྡད་པ་རེད་དོ། དེ་མིན་ན་ཆབ་སྲིད་རིག་པའི་གཞུང་ལུགས་དང་། དངོས་ཁམས། སྐྱེ་ཁམས། དཔལ་འབྱོར་རིག་པ་སོགས་དེབ་གཟུགས་ཕར་ཟད་ན་ཀྱོག་གཅིག་ཀྱང་མེད་པ་དེས་ཁ་བསྒྲགས་ཡོང་གི་ཡོད་པ་རེད། རྫས་སྒྱུར་ནི་ཀླད་ཀོར་རེད།

  79. གསར་བུ། says:
    2013-12-19 at 3:11 pm

    ཆབ་བྲག་གིས་ཆབ་སྲིད་མི་ཤེས་པ་ངོ་མ་རེད། ཁང་གསར་རྡོ་རྗེ་དང་བསྡུར་བ་ཡིན་ན་དཔག་ཚད་ཅིག་ཆད་གི་རེད། ངས་སྔོན་མ་ཞིག་ལ་ཆབ་བྲག་ཟེར་བའི་རྒད་་པོ་་འདི་དང་ཁ་བརྡ་ཞིག་་བྱས་པ་ཡིན། ངས་ཁོ་ལ་དྲི་བ་འདི་འདྲ་ཞིག་དྲིས་ཡིན་” ཁྱོད་ཀྱིས་ས་རཱ་གཡུགས་ནས་ནུབ་ཕྱོགས་སུ་འགྲོ་དོན་གང་ཡིན་ཟེར་བའི་ལན་དུ་ང་ནི་བླ་མ་དང་གྲྭ་བ་ནི་མིན་པས་རང་གི་མི་ཚེ་འི་ལམ་ཁ་ཞིག་ནུབ་ཕྱོགས་ན་ཡོད་རབས་ཤིག་ལབ་སོང་། གང་ལྟར་འདི་ལ་འབྲེལ་བ་ཆེན་པོ་མི་འདུག་ན་ཡང་ཆབ་སྲིད་མི་ཤེས་ནི་ཞིག་གིས་ཐོབ་ཐང་ཡིན་ཟེར་ནས་སྐད་ཆ་མང་པོ་མ་བཤད་ན་ཡག་པོ་རེད་བསམ་བྱུང་།

  80. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-19 at 3:49 pm

    བཤད་ད་ཡ། དེ་ནས་་་ངོ་མ་བཤད་རྒྱུ་དོག་གོ་ཡོད་གི་ཡ་་་་ད་རུང་ཤོད་ར་་ཧཧཧཧཧ

  81. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-19 at 3:54 pm

    སྐབས་དོན་ནི་མདོ་སྨད་སྤྱི་འཐུས་ཚབ་གསར་གཅིག་འདེམས་དགོས་པ་དེ་རེད། ཁྱེད་ཅག་ལ་གཞན་དག་ཡག་པོ་རེ་སྟོན་རྒྱུ་ཡོད་ན་མཚམས་སྦྱོར་བྱོས། ཆོ་མེད་པའི་སྐད་ཆ་དེ་དག་གིས་རང་མཚང་སྟོན་ནས་ཅི་བྱེད།

  82. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-19 at 3:59 pm

    མདོ་སྨད་ལ་ད་དུང་འོས་གཞི་མང་པོ་ཡོད་རེད། དཔེར་ན། རྔ་བ་ཚེ་རྒྱམ་ལགས། ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས། ཤེས་རིག་བཀྲ་ཤིས་དོན་གྲུབ་ལགས་སོགས་རྡ་ས་གཅིག་པུ་ན་ཡང་ཁ་ཤས་བཞུགས་ཡོད། འོན་ཀྱང་ཁོང་ཚོ་སྤྱི་འཐུས་ལ་བཞུགས་འདོད་ཡོད་མེད་མི་ཤེས།

  83. གསར་བུ། says:
    2013-12-19 at 4:10 pm

    ཡང་ཁྱོད་ཀྱིས་མེར་མཆོད་སྐོར་ལ་གླེན་བཤད་བྱས་པ་དེ་འདྲ་ཞིག་བཤད་ན་བསམ་གྱི་ཡོད་པ་འདྲ།

  84. ཞོལ་གཡག་འབྲོང་རྒྱུད། says:
    2013-12-19 at 4:29 pm

    འོ་ན་ཆབ་བྲག་ལགས་ཀྱིས་རྙོག་གླེང་སྣ་མང་རང་བཞིན་ཅན་གྱི་ཤར་ཁུག་ལ་འོས་ཆོས་ཚང་རབས་དང་འཇོན་རབས་ཀྱི་རྩོམ་ཉོག་ཅིའི་ཕྱིར་སྤེལ་བ་རེད། གལ་ཏེ་མདོ་སྨད་ལ་འོས་གཞི་མང་པོ་ཡོད་ན་འོས་མི་གཞན་རྣམས་ཀྱི་ལོ་རྒྱུས་ཀྱི་རྩོམ་ཡིག་འདྲ་སྤེལ་ན་དོན་སྙིང་ལྡན་ཡོད་པ་མ་རེད་པས། གང་ལྟར་ངས་ལྟར་ན་གཞུང་འགྲོན་དོན་མེད་ཆུས་ཟོས་མི་གཏོང་བ་རེ་བས་བལྟས་ཡོད། རྒྱུ་མཚན་བཙན་བྱོལ་སྒྲིག་འཛུགས་གཞུང་ལ་ཡོང་སྒོ་ས་སྦར་མོ་གང་ཙམ་ཡང་མེད་པར་གཞན་ལ་ལག་པ་གཟེད་དགོས་པས་ཕྱིར།

  85. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-19 at 4:58 pm

    ངས་མེར་མཆོད་སྐོརལ་བཤད་པ་དེ་བོད་མི་དུ་མ་ཞིག་གི་བཤད་འདོད་ཀྱང་བཤད་ཕོད་ཀྱིན་མེད་པའི་སེམས་གཏམ་དམར་པོ་ཡིན། ཁྱོད་ཚོས་རྒྱ་དམར་གུང་ཁྲན་ཏང་གི་ཕྱོགས་བྱས་ནས་ང་ལ་ཚབས་ཆེན་ཞིག་བཤད་བཞག་འདུག་མདོག་མདོག་བྱེད་པ་འདི་ངོ་ཚ་རེད།

  86. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-19 at 5:07 pm

    མདོ་སྨད་ཀྱི་སྤྱི་འཐུས་སུ་འོས་མིན་ངོ་སྤྲོད་གནང་རྒྱུར་མདོ་སྨད་པ་ཚང་མར་འོས་འགན་ཡོད། ཚང་མ་ངས་ངོ་སྤྲོད་དགོས་དོན་ཅི། ང་རང་ལ་ང་རང་ངོས་ནས་སུ་ཞིག་འཚམ་མིན་དང་འདུག་འདོད་ཡོད་མེད་སོགས་ཧ་གོ་ནས་ངོ་སྤྲོད་བྱས་པ་ཡིན། འདོད་པ་མེད་ན་ཁྱེད་རང་ཚོས་འོས་མ་བླུག་ན་ཆོག་གི་རེད། སེམས་ཁྲལ་དང་ཁོང་ཁྲོ་ལངས་ནས་ཅི་བྱེད། ངས་ཐག་བཅད་བཞག་པ་མ་རེད་པ། ང་མི་གཅིག་གིས་མི་གཅིག་མཚམས་སྦྱོར་བྱས་པ་འདིར་ངས་བལྟས་ན་ནུས་པ་ཆེན་པོ་ཡོད་པ་འདྲ། དེ་རེད་དམ། ཕལ་ཆེར་ཁྱོད་ཚོས་ངས་ངོ་སྤྲོད་བྱས་བཞག་པས་ཁོང་ཐོབ་ཐོབ་པ་རེད་བསམ་གི་ཡོད་པ་འདྲ། དེ་འདྲ་ཡིན་ན་ང་ལ་གདེང་འཇོག་དེ་ལས་ལྷག་པ་བྱེད་རྒྱུ་ཅི་ཡོད། ཧཧཧཧཧཧ

  87. འཇིགས་མེད་ནུབ་པ་ says:
    2013-12-19 at 5:44 pm

    ཁྱེད་ཚོས་རྩོད་བཞིན་པ་འདིར་ང་སྒེར་ལ་བསམ་ཚུལ་དམིགས་བསལ་མི་འདུག སྤྱི་འཐུས་ལ་སུ་སླེབས་རུང་ཁྱད་པར་མི་འདུག རྒྱུ་མཚན། སྤྱི་འཐུས་ཚོས་བོད་དོན་ལ་ཁྱད་པར་བཟོ་ཐུབ་གི་རེད་བསམ་པའི་རེ་བ་དང་ཡིད་ཆེས་ང་ལ་མེད་།

    ང་སྒེར་གྱི་བསམ་ཚུལ་ནི། ཨ་མདོའི་རིག་གནས་བ་དང་ཤེས་ཡོན་པ་ཚོ་ཆབ་སྲིད་པ་མ་ཆགས་ན་བསམ་པ་དེ་ཡིན། ཆབ་སྲིད་ཟེར་བ་འདི་རིག་གནས་བ་དང་ཤེས་ཡོན་པའི་ལས་ཀ་ཞིག་མ་རེད།
    རིག་གནས་བ་དང་ཆབ་སྲིད་པའི་མི་ཚེ་སྐྱེལ་སྟངས་ཀྱང་ཁ་ཁ་རེད། བཙན་བྱོལ་དུ་ཨ་མདོའི་ཆབ་སྲིད་པ་བརྒྱ་ཕྲག་གཅིག་ཐོན་པ་ལས། རིག་གནས་བ་གཤའ་མ་གཅིག་བྱུང་ན་ང་དེ་ལ་དགའ་མཁན་གྱི་གྲས་ཡིན།

    འཇིགས་མེད་ནུབ་པས། ་

  88. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-19 at 5:49 pm

    “སྨག་རུམ་གྱི་ཁྲོད་ནས་ད་གཟོད་སྐར་མ་འོད་ཆེན་འཆར། མཐོང། ཡིན་ན་ཡང་འོད་སྣང་གི་ཁྲོད་དུ་མུན་པ་མེད།”

    ཆབ་སྲིད་པ་ནི་མུན་ནག་ཡིན་ནམ་སྐར་མ་ཡིན། རིག་གནས་པ་ཁོ་ན་འོད་སྣང་ཡིན་སྲིད་དམ།

  89. འོད། says:
    2013-12-19 at 9:47 pm

    འཇིགས་མེད་ནུབ་པས་ཀ་ངོ་’ཡིག་ངོ་ཆོད་ཙམ་ནས་སྤོབས་གཏམ་ཚ་ལ། ཨ་མདོའི་ཚོའི་ཁྲོད་ནས་བགྲོ་གླེང་བྱེད་ན་གཟབ་གཟབ་བྱོས། ལས་སླ་པོ་ཡོད་པ་མ་རེད།།(:

  90. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-20 at 3:39 am

    མི་སྣ་ངོ་སྤྲོད་རྩོམ་ཡིག་འདི་བདག་གིས་བྲིས་པ་ཡིན་པས། འདིའི་ཐད་ལ་འགན་འཁུར་དགོས། དེ་བས་མདང་དགོང་མཆན་འགོད་པ་རྣམས་ལ་མགྲོན་བསུ་སྣེ་ལེན་ཞིག་གི་ཚུལ་དུ་ལན་འདེབས་དང་བསམ་ཚུལ་ཐར་ཐོར་རེ་བྲིས་པ་ཡིན། དེ་རིང་སྦེལ་ཇམ་ལ་དགེ་རྒན་ཟབ་སྦྱོང་འདྲ་བོ་ཞིག་སྤྲོད་པར་འགྲོ་དགོས། གཅིག་བྱས་ན་ཉིན་ཤས་རིང་སྣེ་ལེན་ཞུ་ཁོམ་ཡོད་རྒྱུ་མ་རེད།

    གལ་ཏེ་སྤྱི་འཐུས་རེ་རེ་ནི། ཆབ་སྲིད་སྟེགས་བུའི་སྟེང་གི་འཁྲབ་སྟོན་པ་རེ་རེ་ཡིན་ན། འཁྲབ་སྟོན་གྱི་སྒྱུ་རྩལ་ལ་བྱང་བ་ཞིག་གལ་ཆེ།
    གལ་ཏེ་སྤྱི་འཐུས་རེ་རེ་ནི། སྲིད་དོན་གྱི་གཡུལ་ས་ལ་ཞུགས་པའི་དམག་སྤྱི་ཆེན་མོ་རེ་རེ་ཡིན་ན། མདུན་མཆོང་གི་སྤོབས་པ་དང་ཐབས་ཇུས་ལ་མཁས་པ་ཞིག་ཡིན་དགོས།
    གལ་ཏེ་སྤྱི་འཐུས་རེ་རེ་ནི། དྲང་བདེན་འཐབ་རྩོད་ཀྱི་འཚེ་མེད་ཞི་བའི་བོད་ཀྱི་སྐུ་ཚབ་རེ་རེ་ཡིན་ན། བདག་ཅག་གི་ཞི་བདེའི་ལམ་དེད་དཔོན་ཆེན་མོའི་བཀའ་དགོངས་བརྩི་ཤེས་པའི་ཤེས་འཇོན་གཉིས་ལྡན་ཞིག་ཡིན་དགོས།
    མདོར་ན། ཇི་སྐད་དུ། བསམ་ཕོད་པ་དང་བཤད་ཕོད་པ། སྒྲུབ་ཕོད་པ་གསུམ་ཐོག་ལ། ཕན་ཐོགས་པ་ཞིག་ཡིན་དགོས་པའི་ལམ་སྟོན་གནང་བ་ཇི་བཞིན་གྱི་སྤྱི་འཐུས་རེ་ཧ་ཅང་མཁོ།
    དེ་བས་སྐབས་དོན་སྤྱི་མི་སུ་ཞིག་འོས་མིན་ལ་མིག་གཉིས་ཕྱེ་ནས་བལྟས། རྣ་གཉིས་གཏད་དེ་ཉན་ནས་འདང་ཞིབ་མོ་རེ་བརྒྱབ་ནས་སྐད་ཆ་རྒྱུ་མཚན་ལྡན་པ་རེ་བཤད་རྒྱུ་གལ་ཆེ། སུ་ཞིག་ལ་སྤྱི་མི་སུ་ཞིག་ངོ་སྤྲོད་གནང་རྒྱུ་ཡོད་ན་དགའ་བསུ་ཞུ། བཀྲ་ཤིས་བདེ་ལེགས།

  91. སྡོང་ཆུ་མིག says:
    2013-12-20 at 3:44 am

    ཤར་ཁུག་ལ་རྒྱབ་སྐྱོར་ཡོད།

  92. བསྟན་འཛིན། says:
    2013-12-20 at 4:22 am

    ཆབ་ལྷ་འདིས་ཅི་ཞིག་བཤད་ཀྱིན་ཡོད་དམ། ཁོ་སྤྱི་འཐུས་སྐབས་སུ་བསམ་ཕོད་པ་དང་བཤད་ཕོད་པ་ཞིག་ཕར་ཚད་ཁའི་སྒོ་ནས་སྒྲ་ཐོན་རྒྱུ་དང་སྨྱུག་གུའི་རྩེ་ནས་དོན་སྟོན་རྒྱུ་ཞིག་ཀྱང་གོ་རྒྱུ་ཚོར་རྒྱུ་མི་འདུག་པས་་་་་་་༼གལ་ཏེ་སྤྱི་འཐུས་རེ་རེ་ནི། སྲིད་དོན་གྱི་གཡུལ་ས་ལ་ཞུགས་པའི་དམག་སྤྱི་ཆེན་མོ་རེ་རེ་ཡིན་ན། མདུན་མཆོང་གི་སྤོབས་པ་དང་ཐབས་ཇུས་ལ་མཁས་པ་ཞིག་ཡིན་དགོས།
    གལ་ཏེ་སྤྱི་འཐུས་རེ་རེ་ནི། དྲང་བདེན་འཐབ་རྩོད་ཀྱི་འཚེ་མེད་ཞི་བའི་བོད་ཀྱི་སྐུ་ཚབ་རེ་རེ་ཡིན་ན། བདག་ཅག་གི་ཞི་བདེའི་ལམ་དེད་དཔོན་ཆེན་མོའི་བཀའ་དགོངས་བརྩི་ཤེས་པའི་ཤེས་འཇོན་གཉིས་ལྡན་ཞིག་ཡིན་དགོས།
    མདོར་ན། ཇི་སྐད་དུ། བསམ་ཕོད་པ་དང་བཤད་ཕོད་པ། སྒྲུབ་ཕོད་པ་གསུམ་ཐོག་ལ། ཕན་ཐོགས་པ་ཞིག་ཡིན་དགོས་པའི་ལམ་སྟོན་གནང་བ་ཇི་བཞིན་གྱི་སྤྱི་འཐུས་རེ་ཧ་ཅང་མཁོ།༽
    ཞེས་ཁྱི་ངན་སྐད་བཞིན་ག་རེ་བཤད་ཀྱི་ཡོད། ཁྱེད་ལ་རྣམ་དཔྱད་དང་འཇོན་ཐང་ཡོད་ན་སྐབས་དེར་མ་སྟོན་པ་སུས་ཁྱེད་ལ་བཙན་འགོགས་བྱས་པ་རེད། མདོར་ན་ཤེས་འདོགས་དང་འཇོན་འདོགས་ག་ཚོད་བཤད་ཀྱང་ཨ་མདོ་བ་ལ་མི་འདི་འདྲ་འགའ་ལས་སྟོན་རྒྱུ་མེད་སོང་བ་རེད།

  93. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-20 at 4:36 am

    ཁྱོད་རླུང་ལངས་ནས་ཅི་བྱེད། སེམས་ལྷོད་ལ་བོབ། ངས་དེ་དུས་མ་འཇོན་པས་ད་འཇོན་ནི་ཞིག་ངོ་སྤྲོད་ཀྱིན་ཡོད། ཧཧཧཧཧ

  94. ཞོལ་གཡག་འབྲོང་རྒྱུད། says:
    2013-12-20 at 4:37 am

    བསྟན་འཛིན་ལགས་གསུངས་པ་ལྟར་རོ། སོ་སོ་རང་ཉིད་འཇོན་ཐང་བཏོན་རྒྱུའི་གོ་སྐབས་ཡོད་དུས་སྨྲ་སྒོ་ཙམ་ཡང་འབྱེད་མི་ཐུབ་ན་གཞན་གྱིས་འཇོན་ཐང་འདོན་རྒྱུ་ཡོད་རབས་བཤད་པ་ནི་མ་གཉིད་པར་རྨི་ལམ་བཏང་བ་རང་རེད། རྒྱུ་མཚན་དེས་ན་ལམ་དབུ་མའི་སྲིད་དོན་ཚོང་པའི་ཤོག་ཁག་གིས་འཚོང་ལས་ཁེ་བཟང་ལ་རེ་བ་མིན་ན་ཅི་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་ཚོང་པ་འདི་ཚོར་ཀྲུང་གོས་ཁེ་བཟང་ཞིག་མི་སྤྲོད་རྒྱུ་ཁོ་ཐག་རེད་དོ།

  95. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-20 at 4:46 am

    ངས་གྲོས་ཚོགས་སུ་གཏམ་ཇི་འདྲ་རེ་བཤད་ཡོད་མེད་ངའི་བཀུར་འོས་སྤྱི་འཐུས་རྣམ་པའི་ཐུགས་ན་གསལ་བོ་ཡིན་ནི་རེད། ང་དེ་ཚོ་གླེང་འདོད་མི་འདུག
    ང་མ་འགྲིགས་པ་བཤད་ནས་ཕན་མི་ཐོགས། ངས་བཤད་པ་ལ་རྒྱུ་མཚན་མི་འདུག་པ་བཤད་རྒྱུ་མེད་ན་ཁྱོད་ཀྱི་སྐད་ཆ་སྟོང་པ་མ་རེད་དམ། གྲོགས་པོ་ལགས།

  96. ལྷ་མོ། says:
    2013-12-20 at 4:55 am

    ཆབ་བྲག་ལགས་ཀྱི་ངོ་སྤྲོད་བྱས་པ་ཡག་པོ་རེད། འོན་ཀྱང་ཁུག་རྟ་ཟེར་བ་དེ་ཧ་ཅང་མི་རྙོག་དྲ་ཅན་ཞིག་རེད། སྤྱི་འཐུས་བྱས་ན་མདོ་སྨད་མི་མང་གི་ཚབ་བྱེད་ཐུབ་བམ།

  97. བསྟན་འཛིན། says:
    2013-12-20 at 5:03 am

    ཆབ་ལྷ་ལགས། ཁྱེད་རང་ཉིད་ཀྱིས་མཐོང་མི་ཐུབ་མཁན་ཞིག་དང་འཇོན་མི་དོ་མཁན་ཞིག་གིས་དོན་གནད་མཐོང་ཐུབ་མཁན་ཞིག་དང་ལས་དོན་འཇོན་ཐུབ་མཁན་གྱི་མི་བུ་ཞིག་ངོ་སྤྲོད་ག་ནས་ཐུབ་བམ། ཧཧཧཧཧཧཧ

  98. ཆབ་བྲག་ལྷ་མོ་སྐྱབས། says:
    2013-12-20 at 5:14 am

    ཨོ་ན་རང་གིས་གཅིག་ངོ་སྤྲོད་གནང་རོགས།

  99. སྒྲོལ་མ says:
    2013-12-20 at 5:49 am

    ཤར་ཁུག་ལ་རྒྱབ་སྐྱོར་ཡོད གང་ཡིན་ཟེར་ན ལོ་གཉིས་གསུམ་ཞིག་ལ་ལྷིང་འཇགས་བྱུང་སོང་ཟེར་ནས་དགའ་བ་སྒོམ་ནས་འདུག་པ་ལས ཤར་ཁུག་ཡོད་ན་འཁྲུགས་པོ་ཡོང་གི་རེད ལ་ཐུར་མི་ཆོད་པའི་ལོ་ལོན་དེ་ཚོ་ལས་ཞེ་དྲག་གིས་ཡག་པ

  100. བསྟན་འཛིན། says:
    2013-12-20 at 6:36 am

    ངས་ངོ་སྤྲོད་མི་བྱེད། རྒྱུ་མཚན་ནི། ལོ་གཉིས་མ་ཟིན་ཙམ་ལ་གྲོས་ཚོགས་སུ་སླེབས་ནས་འབུམ་༢༡་ལྷག་གིས་རིན་མཐོང་མཉམ་པའི་མི་བུ་ཞིག་མདོ་སྨད་པར་མི་འདུག། ཆབ་ལྷ་ དགོངས་པ་མ་འཚང་ལོ།

  101. ཞོལ་གཡག་འབྲོང་རྒྱུད། says:
    2013-12-20 at 7:27 am

    མ་གཞི་ཆབ་བྲག་ལགས་ཀྱིས་དྲང་བདེན་གྱི་འོས་མི་ངོ་སྤྲོད་གནང་འདོད་དང་བོད་དང་བོད་མི་རིགས་ཀྱི་འདུན་ལམ་ལ་དགོངས་བཞེས་ཀྱིས་འོས་མི་ངོ་སྤྲོད་གནང་གི་ཡོད་ན། རྔ་པ་ཚེ་རྒྱམ་སོགས་བོད་རྒྱ་གཉིས་ལ་གང་ཙམ་ཆ་རྒྱུས་ཡོད་པའི་མི་སྣ་དེ་འདྲ་ཅིའི་ཕྱིར་ངོ་སྤྲོད་མ་གནང་བ་རེད། ད་དུང་བཤད་ཕོད་པ་དང་བསམ་ཕོད་པ་སྒྲུབ་ཕོད་པ་སོགས་དགོས་རབས་བཤད་འདུག། དེ་ལྟར་ཡིན་ན་ཨ་ཚོགས་ཀླུ་མཁར་བྱམས་ལས་ལྷག་གཅིག་མདོ་སྨད་པའི་ནང་བཤད་ཕོ་བསམ་ཕོད་སྒྲུབ་ཕོད་ཞིག་ཅང་ཡོད་རྒྱུ་མ་རེད། ཁོང་ནི་སྟེང་གི་ལྷ་ལ་དད་པ་བྱེད་མཁན་དེ་འདྲ་མ་རེད་ལ་བར་གྱི་བཙན་ལ་སྤྲེལ་ལད་འཁྲབ་ཤེས་མཁན་དེ་འདྲ་ཡང་མ་རེད་ལ། འོག་གི་ཀླུ་ལ་གནོད་དྭོགས་སོགས་ངོ་བསྲུང་དང་ཅམ་བུའི་ཚིག་གིས་རང་དོན་སྒྲུབ་མཁན་དེ་འདྲ་ནམ་ཡང་མ་རེད། ཁོང་ནི་དར་དམར་འོག་ཚར་ལོངས་བྱུང་བ་མ་ཟད་ཀྲུང་གོའི་རྩ་ཁྲིམས་ལ་ཆ་རྒྱུས་ཡ་རྒྱུས་ཡོད་པའི་མི་བུ་དེ་རེད་ལ། གདུག་རྩབ་རང་བཞིན་ཅན་གྱི་སྲིད་ཇུས་དེའི་འོག་བཙོན་འཇུག་དང་མནར་གཅོད་ངོ་མ་ལུས་སེམས་གཉིས་ལ་མྱང་མྱོང་མཁན་སྲིད་དོན་གྱི་མི་སྣ་རྣལ་མ་ཞིག་ཀྱང་རེད། འོན་ཀྱང་རྒྱ་གུང་ཁྲན་དང་ཆུ་ཚོད་སྐར་མ་ཙམ་གྱི་དུས་ཡུན་ཙམ་གཤིབ་མྱོང་མེད་པ་མ་ཟད་ཀྲུང་གོའི་རྩ་ཁྲིམས་ལ་ཆ་རྒྱུས་ཡ་རྒྱུས་སྤུ་ཙམ་མེད་པའི་བཙན་བྱོལ་གྱི་མཐོ་དམན་བར་གསུམ་གྱི་དབུ་མ་པ་ཚོ་དང་དད་གཙོ་སྨྲ་བ་རིང་ལུགས་པའི་མིག་ནང་གི་མཚེར་མ་ལྟ་བུར་གྱུར་པ་དེས་ཁོང་གི་མི་རིགས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལ་རྒྱ། མི་རིགས་ཀྱི་གདུང་ཞེན་སོགས་མདོར་ན་བཙན་པོའི་སྙིང་སྟོབས་དགུ་འགྱུར་གྱིས་མི་རིགས་ཀྱི་འཐབ་རྩོད་རེ་བས་བལྟས་ནས་ཡུལ་བགྱར་ལ་ཡོང་དགོས་པའི་དགོས་འདུན་ཡོངས་སུ་འགགས་ཟིན་པ་རེད། ད་ཆ་ཁོང་ཏང་དང་དར་དམར་ལ་དགའ་ཞེན་ཆེ་བའི་ཏང་ཡོན་ཤོག་ཁག་གིས་རྡོ་དང་དབྱུགས་པས་མ་བརྡུང་ཙམ་རེད།

  102. བསྟན་འཛིན། says:
    2013-12-20 at 9:57 am

    ཞོལ་གཡག་ལགས། ཁྱེད་ཀྱིས་བཤད་པར་གནས་ལུགས་འདུག། ང་ཡང་དེ་སྔོན་དབུ་ལམ་ནི་བོད་མི་རིགས་ཀྱི་རྩ་དོན་ལ་ཕན་པའི་ཐབས་ལམ་ཞིག་ཏུ་ངེས་འཛིན་ཞུས་པ་ཡིན། འོན་ཀྱང་དེང་སྐབས་རྒྱ་ཞེན་པ་ཀླད་མེད་ཁ་ཤས་ཀྱིས་བྱེད་བབས་དང་དེས་བོད་ལ་ཕན་རྒྱུ་ཅི་ཡང་མེད་ཁར་གདོང་དམར་ཚང་གི་ལ་བརྒྱ་ཅན་གྱི་མི་བུ་ཆེས་མང་པོ་ཞིག་ལ་མགོ་རྡོ་དང་སེམས་རྩར་རྨར་ཁ་ཚོད་མེད་བཟོ་བཞིན་པ་འདིས་ང་མི་དགའ་བ་འགྱུར་བའི་གཞི་རྩ་དེ་རེད། དབུ་ལམ་ཆུང་ནས་ཆུང་དུ་ཕྱིར་པ་དང་རྒྱ་དམར་གྱིས་བོད་ལ་བཙན་གནོན་གྱི་དྲག་སྤྱོད་སྡུག་ནས་སྡུག་ཏུ་འགྲོ་བཞིན་དུ་ད་དུང་ཡང་དབུ་ལམ་གྱིས་བོད་སྐྱོབ་ནུས་པ་ཆེ་ཚུལ་བཤད་པ་འདི་དག་ནི་དོན་དངོས་ཐོག་ནས་བཤད་ན་བོད་མི་མགོ་སྐོར་བའི་སྐད་ཆ་ཞིག་རེད། དབུ་ལམ་ལ་རྒྱ་དམར་གྱིས་བསམ་གཞིག་སྤུ་ཙམ་མེད་པ་མ་ཟད་ད་དུང་དེ་ནི་རང་བཙན་དང་ཕྱེད་རང་བཙན་རྣམ་པར་འགྱུར་བའི་རང་བཙན་སོགས་ཀྱི་ནུས་སྐྱེན་དུ་མས་རྒྱ་བོད་གྲོས་མོལ་ཡོང་རྒྱུ་གཞི་རྩ་་མེད་པ་བཤད་ཟིན་ཡང་རྒྱ་དར་ཁྱེར་ནས་ཀྲུང་གོའི་མི་སེལ་ཡིན་སྐོར་བཤད་མཁན་ཀླད་མེད་ཤག་ཁུག་འདིར་ཤེས་ཡོན་ཆེ་རབ་དང་ནུས་པ་ལྡན་རབ་བཤད་མཁན་འདི་ཚོ་ཡང་རྒྱུད་དག་མེད་པའི་ཀླད་སྟོང་མ་རེད་ན་གང་རེད།

  103. ཞོལ་གཡག་འབྲོང་རྒྱུད། says:
    2013-12-20 at 1:33 pm

    གཞི་རྩའི་ལམ་དབུ་མའི་འཐབ་རྩོད་འདི་ཙི་ཙིའི་རྔ་མ་ལྟར་བཟང་ས་ནས་ཕྲ་ས་དང་ཆེ་ས་ནས་ཆུང་དུ་ཆུང་དུ་ཕྱིན་ནས་ད་ཆ་རྔ་མའི་སྤུ་ཡང་བུད་གྲབས་བུད་གྲབས་རེད། དེས་ན་ཀྲུང་དབྱང་སྲིད་གཞུང་ལ་བོད་ཀྱི་དཀའ་རྙོག་བསེལ་འདོད་རྩ་བ་ནས་མེད་པ་རེད་ལ། བཙན་བྱོལ་སྒྲིག་འཛུགས་གིས་ཀྱང་འཐབ་རྩོད་ཀྱི་ཐབས་ལམ་གཅིག་རང་གཅིག་ལ་ཤི་འཐམས་རོ་འཐམས་ཀྱིས་གཡས་བལྟ་གཡོན་བལྟ་མེད་པར་མགོ་བོ་ཡོངས་སུ་བཏུས་ཏེས། ཀྲུང་གོའི་རྩ་ཁྲིམས་ནང་ནས་རང་སྐྱོང་གི་དངོས་གྲུབ་རྡོག་རྡོག་གཅིག་འཐོབ་མི་ཡོང་ངམ་སྙམ་པའི་ཡིད་ཆེས་བློས་འགེལ་གྱིས་རྨོངས་དད་ཞིག་སྐྱེས་བསྡད་པ་དེ་རེད། མ་གཞི་ཀྲུང་གོའི་རྩ་ཁྲིམས་ལ་ཀྲུང་གོའི་མི་རིགས་རང་ཉིད་ཀྱིས་ཀྱང་ཡིད་ཆེས་མེད་ན་ང་ཚོས་ཡིད་ཆེས་བྱེད་པའི་གནས་ནམ་ཡང་མ་རེད། དེ་ནི་འདས་པའི་མི་ལོ་དྲུག་བཅུ་ལྷག་གིས་ཁ་བསྒྲགས་ཡོང་གི་ཡོད་པ་རེད། འོན་ཀྱང་འབྲུག་སྨྱོན་ཀུན་ལེགས་ཀྱིས། ཨུ་ཚུགས་བརྒྱབས་ན་ཨ་མས་ཉན། ཞེས་པ་ལྟར་ཨ་མས་ཉན་མི་ཡོང་ངམ་སྙམ་ནས་ཨུ་ཚུགས་བརྒྱབ་ཀྱི་ཡོད་པ་རེད། རེད་དེ་ཨ་མ་འདི་ཨུ་ཚུགས་ཀྱིས་ཉན་མཁན་ཞིག་ཡིན་ཚོད་མི་འདུག། དེ་ལས་ལྡོག་ཏེེས་བོད་མི་རིགས་ཀྱི་འཐབ་རྩོད་ནང་འགལ་དུ་སོང་ཏེས་ཕྱོགས་ཁག་གཉིས་སུ་དགྱེས་འཇུག་པའམ་ཡང་ན་ཁ་འཐོར་དུ་འགྲོ་རྒྱུའི་ཉེན་ཁ་ཇེ་ཆེ་ནས་ཇེ་ཆེ་རེད། ལར་ནས་བཙན་བྱོལ་སྒྲིག་འཛུགས་འདི་གཞིས་ལུས་རྒྱ་ཆེའི་མི་དམངས་དང་ལག་གདང་ཡག་པོ་སྦྲེལ་ཐུབ་མཁན་ཞིག་མ་རེད་ལ། གཞིས་ལུས་མི་དམངས་ཀྱི་རང་བཞིན་ལྡན་པའི་ལས་འགུལ་ཁག་མཚོན་མདོག་འདྲ་མིན་བསྒྱུར་གང་ཐུབ་བྱེད་པ་ལས། འཐབ་རྩོད་ཀྱི་ལས་འགུལ་ཁག་ཕན་ནུས་རང་བཞིན་ལྡན་པར་བསྒྱུར་རྒྱུའི་ཆོད་སེམས་མེད་པ་དེ་རེད།

  104. ཡ་མ་ཚེ་རིང says:
    2013-12-21 at 4:18 am

    དྲ་གྲོགས་གང་མང་ཞིག་གིས་གཅིག་གཅིག་ལ་ཚིག་མཚོན་འདེབས་རྒྱུ་ལས་དོན་དངོས་གླེང་མཁན་དཀོན་པོ་རེད། ཁོང་ལ་འོས་ཆོས་ག་རེ་སྐོར་ནས་ཚང་མིན་སོགས་ལ་གཤུབ་་བསྡུར་བྱས་ནས་གླེང་མཁན་དེ་བས་དཀོན་པོ་རེད། རེ་གཉིས་ཀྱིས་ཤར་ཁུག་གིས་རྒྱ་དར་འཆར་སོང་ཟེར་ནས་གང་མིན་ཚད་ཡིན་མདོག་བྱེད་ཀྱིན་འདུག། དེ་དག་ལ་དྲི་བ་ཁ་ཤས་ཞུ་འདོད་བྱུང་། ཤར་ཁུག་གིས་ག་རེ་བྱས་ནས་རྒྱ་དར་འཆར་བ་རེད། དགོས་འདུན་ག་རེའི་ཆེད་དུ་འཆར་བ་རེད། མཚོན་དོན་ག་འདྲ་ཞིག་གིས་འགྲེལ་བཤད་རྒྱབ་ཡོད་པ་རེད། ་དེ་དག་ལ་སོ་སོའི་ཚོར་སྣང་ཙམ་མིན་པར་དངོས་ཡོད་རྒྱུ་མཚན་དཔང་དུ་བཞག་ནས་གླེང་ཐུབ་ན་གཞི་ནས་སུ་འོས་མིན་དང་སུ་ལ་བདེན་པ་ཡོད་མེད་གསལ་ཡོང་།

  105. ཞོལ་གཡག་འབྲོང་རྒྱུད། says:
    2013-12-21 at 7:23 am

    དྲི་བ་དང་པོའི་ལན་དུ། ཤར་ཁུག་གིས་ཏང་དར་དམར་ལིང་ལིང་ཀྲུང་གོའི་སྒོ་འགྲམ་མམ་ཡང་ན་ཀྲུང་གོའི་ས་ཐོག་ཏུ་འཕྱར་ཡོད་པ་མ་རེད། བྱས་ཙང་ཀྲུང་གོས་དགའ་བསུ་དང་འབྲེལ་མེས་རྒྱལ་གྱི་པང་དུ་གཞིས་འགུག་བྱས་མི་ཡོང་ངམ་སྙམ་པའི་རྨོངས་དད་ཀྱིས། བོད་མི་རིགས་ས་ཡ་བརྒལ་བ་དམར་གསོད་དང་བཙོན་འཇུག་མི་ཆོས་ལས་འདས་པའི་མནར་གཅོད་བཏང་དང་གཏོང་བཞིན་པའི་གདུག་རྩུབ་རང་བཞིན་ལྡན་པའི་སྲིད་ཇུས་ལ་དགའ་བསུ་དང་འགྲིགས་ཤག་ཟེར་གྱི་ཡོད་པ་རེད་ལ། བོད་མི་་རིགས་ས་ཡ་དྲུག་གི་སེམས་ཁམས་ལ་བཟོད་མི་ཐུབ་པའི་རྨ་ཁ་བཟོ་ཡི་ཡོད་པ་རེད།
    དྲི་བ་གཉིས་པའི་ལན་དུ། དགོས་འདུན་ཡོད་ཚད་མགོ་ལུས་ཀྲུང་གོར་བཏུས་ཏེས་ཆ་རྐྱེན་ཅི་ཡང་མེད་པར་མེས་རྒྱལ་གྱི་པང་དུ་ལོག་འཇུག་རོགས་ཟེར་གྱི་ཡོད་པ་རེད་ལ། མི་ལོ་དྲུག་བཅུ་ལྷག་ཡུལ་བགྱར་དུ་བསྡད་དེས་ཀྲུང་གོར་རྒྱབ་གཏོད་བྱས་པའི་ཉེས་པ་ཡོངས་རྫོགས་ཆག་ཡངས་གཏོང་རོགས་ཟེར་གྱི་ཡོད་པ་རེད། འོན་ཀྱང་ཀྲུང་གོས་ཉེས་པ་ཡོངས྄་རྫོགས་ཆག་ཡངས་གཏོང་འཇུག་རྩིས་མེད་པ་མ་ཟད་ཉེས་ཁྲིམས་ངེས་པར་དུ་འཁུར་འཇུག་རྩིས་ཡོད་པ་རེད་ལ་མཐའ་འཇུག་སྲོག་ཁྲིམས་ལས་ལྷག་མེད་པར་ཐག་གཅོད་བྱས་ཟིན་པ་དེ་རེད།
    དྲི་བ་གསུམ་པའི་ལན་དུ། མཚོན་དོན་བོད་ནི་ཀྲུང་གོའི་བདག་དབང་རྩོད་མེད་ནུས་ལྡན་ཡིན་པས་ཀྲུང་གོས་སྔ་ཕྱི་བར་གསུམ་དུ་བོད་ཐོག་འཛིན་པའི་སྲིད་ཇུས་ཡང་དག་པ་ཡིན་པ་དང་བོད་ནང་ཞི་བདེ་ལྷིང་འཇགས་ངང་བོད་རིགས་ཚང་མ་བདེ་སྐྱིད་ཀྱི་ཉི་མ་ཤར་བདེན་པ་རེད་འདུག། འོན་ཀྱང་ཏཱ་ལའི་རུ་ཚོགས་ཀྱི་ཀྲུང་གོར་རྒྱབ་གཏོད་ཀྱིས་མེས་རྒྱལ་ཁ་བྲལ་དུ་གཏོང་བའི་བྱ་སྤྱོད་འཐེར་འདོན་དང་སེམས་ཐག་གཙང་བཅད་དང་བློ་ཐག་རྦད་ཆོད་ཀྱིས་ཏ྄་ལའི་ཁ་བྲལ་རིང་ལུགས་པར་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་འགྲེལ་བཤད་གསལ་པོ་བརྒྱབས་པ་རེད་དོ།

  106. ཡ་མ་ཚེ་རིང says:
    2013-12-21 at 1:57 pm

    ད་བར་དུ་ཤར་ཁུག་གིས་ཡིག་ཐོག་གི་རྩོམ་ཡིག་དང་ངག་ཐོག་གི་གཏམ་བཤད་ཁག ཡང་ན་གསར་འགྱུར་བརྒྱུད་ལམ་སོགས་ཡུལ་གང་དུ་མི་སུ་ལ་སྐད་ཆ་ཅི་ཞིག་གིས་དྲིས་ལན་དེ་དག་གིས་ཁུངས་སྐྱེལ་ཡོད། འབྲོང་གཡག་ཞོལ་རྒྱུད་ལགས། གསུང་དང་རང་འདོད་དང་ཚོར་སྣང་ཙམ་མ་ཡིན་པར་རེ་རེ་ནས་བདེན་པ་ར་སྤྲོད་གནོངས་དང་། དེ་ནས་མིས་ཡིད་ཆེས་བྱེད་ཀྱི་རེད།

  107. ཡ་མ་ཚེ་རིང says:
    2013-12-21 at 1:57 pm

    ད་བར་དུ་ཤར་ཁུག་གིས་ཡིག་ཐོག་གི་རྩོམ་ཡིག་དང་ངག་ཐོག་གི་གཏམ་བཤད་ཁག ཡང་ན་གསར་འགྱུར་བརྒྱུད་ལམ་སོགས་ཡུལ་གང་དུ་མི་སུ་ལ་སྐད་ཆ་ཅི་ཞིག་གིས་དྲིས་ལན་དེ་དག་གིས་ཁུངས་སྐྱེལ་ཡོད། འབྲོང་གཡག་ཞོལ་རྒྱུད་ལགས། གསུང་དང་རང་འདོད་དང་ཚོར་སྣང་ཙམ་མ་ཡིན་པར་རེ་རེ་ནས་བདེན་པ་ར་སྤྲོད་གནོངས་དང་། དེ་ནས་མིས་ཡིད་ཆེས་བྱེད་ཀྱི་རེད།

  108. ཞོལ་གཡག་འབྲོང་རྒྱུད། says:
    2013-12-21 at 3:15 pm

    འོ་ཙི། ཤར་ཁུག་གི་རྩོམ་ཡིག་ཁག་ནང་བོད་ནང་རང་སྲེག་གི་ལས་འགུལ་ཁག་འཚེ་བ་ཡིན་རབས་སོགས་འགྲེལ་ལོག་དག་དག་བརྒྱབས་ཡོད་པ་མ་རེད་པས། བརྒྱུད་ལམ་ཁག་ཏུ་ཅི་ཞིག་བཤད་ཡོད་ན་ཡང་དོན་སྙིང་ངས་གོངདུ་བྲིས་པའི་དྲིས་ལན་དེ་ག་རང་རེད་ལ་བོད་མི་རིགས་ཀྱི་སེམས་ནང་དང་རྒྱལ་སྤྱིའི་སྟེང་དུ་སྣང་་བརྙན་འདི་རང་བསྐྲུན་ཡོད་པ་རེད་དོ། མ་གཞི་ཤར་ཁུག་འདི་དང་པོ་རང་ནས་གང་ཟག་ཀྱོག་ཚར་བས་བྱ་བ་གང་ཡིན་ཡང་བོད་ལ་ཕན་པ་ཞིག་བསྒྲུབ་མི་སྲིད་པ་རེད།

  109. དྲང་བདེན་མདའ་མོ། says:
    2014-01-03 at 12:29 pm

    ཤར་ཁུགས་འམ་བློ་བཟང་ཆོས་འབྱོར་ཞེས་པ་མི་ངེན་འདི་རྒྱ་དམར་དར་དམར་འཁེར་ནས་རྒྱ་ནག་པོའི་ངོ་གསུང་མཁན་ཡིན་པ་ཧ་གོ་གཞིན་དུ་མདོ་སྨད་སྤྱི་འཐུས་བསྐོས་ན།
    ང་རང་ཚོའི་བོད་ཀྱི་བདེན་མཐའ་གསལ་བར་ཕར་བཞགས་ནས།
    སྤྱི་འཐུས་གྲོས་ཚོགས་འཚོགས་འདུ་མ་ཚོགས་སྔོན་ལ་རྒྱ་མར་དང་མཉམ་དུ་གྲོས་བསྡུར་བྱེད།
    དེ་ནས་གྲོས་ཚོགས་ནང་ལ་གཏམ་བཤད་སྤེལ་གི་རེད་རྣམ་པ་ཚོ་ཐུགས་སྣང་དང་།

  110. ཆབ་བྲག་ལྷ་མོ་སྐྱབས། says:
    2014-01-03 at 1:35 pm

    གྲོགས་པོ་ཚོ། ཅི་ཞིག་ཤོད་ཀྱིན་ཡོད། དབུ་མའི་ལམ་ནི་ང་ཚོའི་གཞུང་གི་སྲིད་བྱུས་རེད། སྐད་ཆ་གཞན་ཞིག་ནས་བཤད་ན། ཀྲུང་གོའི་འོག་ཏུ་བོད་རིགས་ཡོངས་རྫོགས་རང་སྐྱོང་ཡག་པོ་ན་སྡོད་རྒྱུ་དེ་རེད། རྒྱུ་མཚན་གཅིག་དེས་རེད། གཉིས་པ་དེ་བོད་ཀྱི་རྒྱལ་དར་དེ་ཡང་མཉམ་དུ་ཕྱར་ཡོད་རེད། རྒྱལ་དར་གཉིས་སོགས་མཉམ་དུ་ཕྱར་བ་དེས་ལོ་རྒྱུས་ཀྱི་ཆ་ནས་རྒྱལ་ཁབ་འདྲ་མཉམ་ཡིན་པ་བསྟན་ཡོད་པ་རེད། དེས་ན་སྤྱོད་ཚུལ་འདི་ལ་འདས་པ་དང་འབྱུང་འགྱུར་གཉིས་གང་ཐད་ནས་འགལ་བ་འགྲོ་གི་མེད་པ་རེད། གནས་ལུགས་ངོ་མ་འདི་འདྲ་ཞིག་མ་རེད་དམ།
    འཚེ་མེད་དང་བདེན་དོན་རྒྱལ་གྱུར་ཅིག

  111. གནམ says:
    2014-01-03 at 6:54 pm

    གྲྭ་ཕྲུག་སྡོམ་བདག་མི་ཐུབ་ནི་ཞིག་གིས་མདོ་སྨད་པའི་སྤྱི་བདག་ཞིག་བྱེད་ཐུབ་ཡོང་བསམ་པོས་མི་དྲན། མ་གཞི་ཁོང་བཙན་བྱོལ་ལ་སླེབས་པའི་ནང་ནས་དགྲ་དར་དམར་པོ་འཁྱེར་མཁན་གྱི་གཏེ་བོ་གཉིས་པ་དེ་ཁོ་ཆགས་ཡོད་པ་ལས་ཆབ་སྲིད་པ་མཁས་བ་གཉིས་བ་དེ་ཁོང་ཆགས་ཡོད་པ་མ་ཡིན་པ་འདིས་ཅི་ཞིག་འགྲེལ་བཞིན་འདུག་གམ།

    རྒྱ་དར་གཉིས་མཉམ་དུ་ཕྱར་བ་(ལོ་རྒྱུས་ཀྱི་ཆ་ནས་རྒྱལ་ཁབ་འདྲ་མཉམ་ཡིན་པ་བསྟན་ཡོད་པ་རེད།) དེ་ན་རྒྱལ་ཁབ་འདྲ་མཉམ་ཡིན་པའི་དབུ་མ་ཞིག་ལེན་རྩིས་ཡིན་ནམ། རྣ་བར་མི་འགྱོ་བའི་སྐད་ཆ་རང་རེད།
    བཙན་བྱོལ་བའི་ལམ་དབུ་མ་ལ་མཁྱེན་རྒྱ་མཁན་ཚང་མའི་ཁང་སྟེངས་ནས་དབུ་མའི་རྩོད་དོན་ཧ་ཅང་རྟོག་པའི་མཚོན་དོན་དགྲ་དར་དམར་པོ་འཛུགས་དགོས་སམ།
    སྤྱི་ཚོགས་ལ་འུར་ཞིག་སློང་ཐུབ་ས་རེད་བསམ་བསམ་ཚང་མ་ལ་ཁོས་ཐེ་ཇུས་བྱེད་བཞིན་ཡོད་པ་ཨེ་ཤེས། འདི་ནི་ཁོའི་རྩ་མ་ཚང་བའི་མྱི་གཤིས་སྐྱོན་ཅན་དེ་ཡིན་པ་ཨེ་ཤེས། དབུ་མ་ཁ་ལ་ཁྱེར་ནས། རང་ལྟོ་ཁོག་ལ་བཅུག་མཁན་ཞིག་ཡིན་པ་ཨེ་ཤེས།

    རྒན་ཁྱེད་ལ་ཅི་ཞིག་བྱུང་སོང་། སྐྱག་པ་ལ་ལག་པ་འཛེམས་ཟོན་མེད་པར་འཆིང་བ་འདིས། ཁྱོད་ཡང་སྐྱག་ལས་ལ་དགའ་བའི་རྒན་ཞིག་མིན་འགྲོ་བསམ་བསམ་ཡོང་གི་འདུག་ཐལ།

  112. སྟག་སྨྱོན། says:
    2014-01-03 at 7:21 pm

    ཤར་ཁུག་ལྟ་བུ་ཚིག་མ་འདུལ་བ་ཤ་སྟག་སྤྱོད་མཁན་གྱི་ཆབ་སྲིད་པ་དག་གི་བཤད་ཉེས་ལ་བརྟེན་ནས་བོད་རིགས་ནང་ཁུལ་གནས་ཚུལ་མང་པོ་ཞིག་འགལ་བ་ཆགས་ནས་དོན་མེད་ངང་རྙོག་དྲ་ཆེན་པོ་ཆགས་འགྲོ་གི་ཡོད་པའི་སྣང་བ་བྱུང་། དཔྱད་པར་འཚལ

  113. དྲང་བདེན་མདའ་མོ། says:
    2014-01-04 at 6:21 pm

    ཆབ་བྲག་ལྷ་མོ་སྐྱབས་ལགས་བཙན་བྱོལ་དབུས་བོད་མའི་སྒྲིག་འཛུགས་གི་དབུ་མའི་ལམ་སྲིད་ཇུས་ཡིན་པ་ངེས་ངོས་འཛིན་དུས་ནམས་ཡང་བྱེད་ཀྱི་ཡོད་ལ་རྒྱབ་སྐྱོར་ཡང་ཡོད་ཀྲུང་གོའི་གུང་བྲན་བཏང་གི་འོག་ཏུ་འགྲོ་རྒྱུ་ཡིན་པ་ང་ལ་ཐེ་ཚོམས་མེད།
    ཡིན་ཡང་མདོ་སྨད་སྤྱི་འཐུས་དེའི་ཤར་ཁུགས་འམ་བློ་བཟང་ཆོས་འབྱོར་མ་བླངས་རོགས་ཞེས་ངེས་འབོད་བསྐུར་ཡིན།
    མི་དེའི་གི་བཀའ་ཤགས་ལ་སྐྱོན་འཛུགས་དང་ཟམ་གདོང་ཚང་གི་སྤུངས་སྒྲིགས་ཐོག་ད་ལྟའི་བཀའ་ཤགས་གི་ལས་དོན་བྱེད་ཕྱོགས་ལ་གཏོར་ཤིགས་བཏང་བརྩིས་གྲ་སྒྲིགས་འདུགས་ཟེར།།

  114. ཆབ་བྲག་ལྷ་མོ་སྐྱབས། says:
    2014-01-04 at 9:21 pm

    སྤྱི་འཐུས་སུ་ཞིག་འདེམས་མིན་མདོ་སྨད་པ་ཚོའི་ལག་པར་ཡོད་པ་རེད། སོ་སོར་རང་དབང་ཡོད་པ་རེད། དེ་ལ་སེམས་ཁྲལ་ཆེན་པོ་གནང་མི་དགོས། དེ་གཅིག་རེད།
    དེ་ནས་ཟམ་གདོང་ཚང་ལ་དཔུང་བསྒྲིགས་ཏེ་བཀའ་ཤག་གཏོར་བཤིག་གཏོང་རྩིས་ཟེར་བ་འདི་སུ་གཅིག་གི་རྣ་བར་མི་འགྲོ་བའི་སྐད་ཆ་རེད། སྲིད་སྐྱོང་མཆོག་གིས་ཟམ་གདོང་རིན་པོ་ཆེ་སློབ་སྟོན་པར་བསྟེན་གནང་ཡོད་པ་མིན་ནམ།
    མདའ་མོ་དེ་དྲང་མོ་ཡིན་ན་ཡང་མུན་ནག་མདའ་འཕེན་མ་རེད་དམ།

  115. ཆབ་བྲག་ལྷ་མོ་སྐྱབས། says:
    2014-01-04 at 9:33 pm

    གནམ་ལགས། དབུ་མའི་ལམ་གྱིས་འདས་པའི་བོད་དེ་རང་བཙན་ཡིན། འབྱུང་འགྱུར་རང་སྐྱོང་ངོ་མ་ཞིག་རག་ན་ཆོག ད་ལྟ་ང་ཚོས་འདྲ་མཉམ་གྱི་ཐོག་ནས་ཞི་མོལ་གནང་དགོས་ཟེར་བ་རེད། དེས་ན་རྒྱལ་དར་མཉམ་བསྒྲེངས་ལ་དོན་སྙིང་མི་ཆེའམ། མཚོན་དོན་མི་ཟབ་བམ།
    འོ་ན་ཁྱོད་ཀྱིས་ཤོད་དང་རྒྱལ་དར་མཉམ་ཕྱར་དེས་འདྲ་མཉམ་མཚོན་པ་མིན་ན་མགོ་འདོགས་པ་རེད་དམ། རང་གི་རྒྱལ་དར་ཕྱར་ནས་མགོ་འདོགས་སྟངས་ཤིག་གནམ་འོག་ལ་ཡོད་དམ། ཧ་ཧ་ཧ་ཧ་ཧ་་་་འཁྱོག་བཤད་མ་གནང་རོགས།

    ཁོང་ལ་ཞན་ཆ་དང་སྐྱོན་ཆ་ཅིས་ཀྱང་ཡོད་སྲིད་པས་དཀར་ནག་གི་མཐར་མ་ལྷུང་བར་དཔྱད་བརྗོད་སྤེལ་ན་ཉན་མཁན་དང་ལྟ་མཁན་ཡོད་ནི་རེད།

  116. ཆབ་བྲག་ལྷ་མོ་སྐྱབས། says:
    2014-01-04 at 9:53 pm

    དབུ་མའི་ལམ་གྱིས་བོད་དོན་བདེན་མཐའ་མི་གསལ་ཚུལ་གྱི་སྐོར་ལ་རྒྱུ་མཚན་གནས་ལུགས་བགྲངས་ཏེ་དགག་པ་རྒྱག་པ་དེ་འོས་པ་རེད། སྐྱོན་བརྗོད་བྱེད་སྟངས་ངོ་མ་རེད། སྲིད་བྱུས་དེ་མི་འགྲིགས་པའི་རྒྱུ་མཚན་གྱིས་གཞུང་ལ་ཡང་སྐྱོན་བརྗོད་ན་ལོས་ཆོག ཡིན་ན་ཡང། དེའི་ལྡོག་ཕྱོགས་ནས་ཐབས་ལམ་གཞན་པ་གང་ཞིག་ཡོད་མེད་ལ་བསམ་བློ་གཏོང་དགོས། གདམ་ག་བྱ་རྒྱུ་གཞན་ཞིག་འདུག་གམ། ཨ་་་
    དྲག་པོའི་ལམ་ནས་རང་བཙན་ཤོར་བ་རེད། ལེན་ཐུབ་མེད་པ་རེད། ད་ཞི་བའི་སྒོ་ནས་རང་སྐྱོང་ཡོང་མི་སྲིད་ཟེར། འོ་ན་ཅི་བྱེད་དམ། རྦད་དེ་བློས་བཏང་ནས་རང་རང་ས་ནས་ཁ་རོག་བསྡད་ན་མི་བཟང་ངམ། ཨ་་་་་་

  117. གནམ says:
    2014-01-04 at 10:33 pm

    ཆབ་སྲིད་ལ་རྨོང་བའི་ཆབ་བྲག་པ།
    (རང་གི་རྒྱལ་དར་ཕྱར་ནས་མགོ་འདོགས་སྟངས་ཤིག་གནམ་འོག་ལ་ཡོད་དམ། ཧ་ཧ་ཧ་ཧ་ཧ་་་་འཁྱོག་བཤད་མ་གནང་རོགས།)
    དགྲ་དར་ཕྱར་ནས་རྒྱལ་ཁ་ལེན་སྟངས་ཤིག་ས་སྟེང་ན་ཡོད་དམ། ཧ་ཧ་ཧ་ཧ་་་་་་་ལྐུག་ལས་མ་གནང་རོགས།
    རང་སྐྱོང་ཟེར་བ་དེ་དགོས་ན་དེ་ནི་ཡོད་ཡོད་པ་ཡིན་པ་ཨ། དེ་མིན། རྒྱ་ནག་གི་སྐྱག་པ་ཟ་འི་ཡིན། སྐྱག་དྲི་མེད་པ་ཞིག་དགོས་ཟེར་ན་ཡོང་ཡ་ཡོད་དམ།
    ཁ་ནས་རྒྱ་ནག་ལ་ཞོ་བྱས། ཡིད་ནས་རྒྱ་ནག་ལ་རེ་བྱས། ལག་ནས་རྒྱ་ནག་གི་དར་ཕྱར། མཚོན་དོན་དང་སྙིང་དོན་ཟེར་ན་འདི་འདྲ་རེད་དམ། ཨ་མའི་བུ།

  118. དྲང་བདེན་མདའ་མོ། says:
    2014-01-07 at 7:20 pm

    ཆབ་བྲག་རང་གི་འོས་མི་ཤར་ཁུགས་གི་སྐད་ཆ། ཤེས་ཡོན་སྲིད་ཇུས་བགྲོ་གླེང་འཚོགས་འདུ་སྐོར་དང་དེ་དང་མཉམ་དུ་སྲིད་སྐྱོང་ལ་ཡང་། བོད་རྒྱ་ཞི་མོལ་བྱེད་སྟང་དང་ཤེས་ཡོན་སྲིད་ཇུས་སྐོར་ལས་དོན་ཧ་ལམ་སྒྲུབས་མེད་པའི་སྐོར་མང་པོ་ཧམ་བཤད་བྱེད་འདུག།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme