Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་བརྒྱུད་ནང་བསྟན་ནུབ་ཕྱོགས་སུ་དར་བའི་གློག་བརྙན་«ལྕགས་བྱ་འཕུར་དུས་ན་»ཞེས་པའི་ལོ་རྒྱུས་སམ་གློག་བརྙན་དེ་ལ་བལྟས་ཏེ་དཔྱད་པ།

Posted on 2013-12-172013-12-17 By ཁ་བརྡ་ 9 Comments on བོད་བརྒྱུད་ནང་བསྟན་ནུབ་ཕྱོགས་སུ་དར་བའི་གློག་བརྙན་«ལྕགས་བྱ་འཕུར་དུས་ན་»ཞེས་པའི་ལོ་རྒྱུས་སམ་གློག་བརྙན་དེ་ལ་བལྟས་ཏེ་དཔྱད་པ།

རྔ་རྒོད།

གློག་བརྙན་འདིའི་ནང་དོན་གཙོ་བོ་ནི། རང་རེའི་ནང་བསྟན་འདི་ནུབ་ཕྱོགས་སུ་དར་སྤེལ་མཛད་མཁན་གྱི་སྐྱེས་ཆེན་རྣམས་དང་། དམ་པ་གང་གི་བཀའ་དྲིན་དང་ལོ་རྒྱུས་དག་སྙིང་བསྡུས་བྱས་ཏེ། ནུབ་ཕྱོགས་བོད་ཀྱི་ཆོས་འབྱུང་དེ་གློག་བརྙན་གྱི་ཚུལ་དུ་བསྟན་པ་དེའོ།། འོན་ཀྱང་ལོ་རྒྱུས་འདིའི་ནང་དོན་གྱི་ཆ་ནས་ཅུང་ནོར་འདུག་བསམས་བྱུང་། རྒྱུ་མཚན། གློག་བརྙན་འདིའི་དོན་སྙིང་ངོ་མ་དང་འབྲེལ་བ། ཀུན་ལ་ཡོངས་སུ་གྲགས་པའི་༧གོང་ས་ཐམས་ཅད་མཁྱེན་པ་མཆོག་དང་དྲུང་བ་རིན་པོ་ཆེ་སོགས་གཙོ་བོར་མ་བགྱིས་པར། བཙུན་མའི་དགེ་བཤེས་ཀྱི་སྲོལ་གཏོད་མཁན། མཛངས་མ་བཙུན་མ་དགེ་བཤེས་ཀུན་བཟང་དབང་མོ་མཆོག་དང་རྫོང་གསར་སྤྲུལ་སྐུ། གཞན་ཕྱི་རྒྱལ་མི་སྣ་ཁ་ཤས་ནི་ཟློས་གར་འདིའི་ནང་གལ་ཆེན་དང་གཙོ་བོར་བཟུང་བས་ཡིན།

དེའི་ཕྱིར། ངས་སླར་ཡང་འདིར་བསྐྱར་ཟློས་ཀྱི་ཚུལ་དུ་མ་བཤད་ན། ཁ་ཤས་ཀྱིས་ངས་གོང་དུ་ཅི་བཤད་པ་དེའི་དོན་མི་རྟོགས་པས། འདིར་ཆེད་དུ་རང་གཞན་ཚང་མར་ཆོས་ཅན་མཐུན་སྣང་བ་འགའ་ཞིག་དཔེ་མཚོན་བགྱིས་ཏེ་ང་ཚོའི་ཐག་ཉེ་ས་ཞིག་ནས་ཅིག་བྲིས་ན་ཁ་ཇེ་གསལ་ལ་འགྲོ་སྲིད་པ་རེད།
ཡིན་ཙང་། འདིར་ལྟོས། གལ་སྲིད་དགེ་ལུགས་ཆོས་འབྱུང་དེ་གློག་བརྙན་ནམ་ཟློས་གར་དུ་འཁྲབ་དགོས་བྱུང་ན་༧ རྗེ་ཡབ་སྲས་རྣམ་པ་གསུམ་གཙོ་བོར་བྱ་དགོས་པ་མ་གཏོགས། མཁས་དབང་དགེ་འདུན་ཆོས་འཕེལ་ལྟ་བུ་སོགས་ཀྱིས་དགེ་ལུགས་ཆོས་འབྱུང་གི་ནང་དོན་གཙོ་བོར་བསྟན་དགོས་ཟེར་ན་ནི་གཏན་ཚིགས་དང་འགལ་ཞིང་། དོན་དངོས་ཀྱི་ལོ་རྒྱུས་ལའང་བརྩི་མཐོང་མ་བཞག་པ་ལྟ་བུ་ཀུན་ལ་སྣང་སྲིད།

གཞན་ཡང་། རྒྱ་གར་ནང་བའི་བསྟན་པ་རིན་པོ་ཆེ་འདི་བོད་ལ་དར་བའི་ལོ་རྒྱུས་ཀྱི་མི་སྣ་གཙོ་བོ་ཁག་ཅིག་མཚོན་ཏེ་འཆད་ན། མཛངས་བློན ༧ ཐོན་མི་སམ་བྷོ་ཊ། ཡང་ན་༧ སློབ་དཔོན་པདྨ་འབྱུང་གནས། གཞན་པ་༧ རྒྱལ་སྲས་ཆེན་པོ་ཞི་བ་འཚོ་སོགས་གཙོ་བོར་འཛིན་ལོས་དགོས། དེའི་ཕྱིར། དཔལ་ལྡན་ཟླ་བ་གྲགས་པའི་ཞལ་ནས ” འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག” ཟེར་བའི་ནང་དོན་ཡང་འདི་འདྲ་ལ་སྦྱོར་དགོས་སྙམ།

སྤྱིར་ན་རང་རེའི་ལོ་རྒྱུས་ཁག་ཏུ་རྒྱལ་ཁབ་གཞན་ནས། རང་གི་རིག་གནས་དེ་གཞན་གྱི་ཆེད་དུ་ཕར་དར་སྤེལ་གནང་མཁན་དང་། ཡང་ན་གཞན་གྱི་རིག་གནས་དེ་རང་གི་མི་རིགས་ཀྱི་དོན་དུ་ཚུར་ནང་འདྲེན་མཛད་མཁན་གྱི་རླབས་ཆེན་ཚོ་ལ། དོན་སྙིང་ལྡན་པའི་མཚན་སྙན་དམིགས་བསལ་བ་རེ་གསོལ་སྲོལ་ཡོད་དེ། དཔེར་ན། ཐོན་མི་སམ་བྷོ་ཊ་ཞེས་པའི་མཚན་ཟུར་གྱི་གཞན་སྐད་བྷོ་ཊ་བོད་ཡིག་ཏུ་བོད་ཡང་དག་པ་ཞེས་གསོལ་བ་ལྟ་བུ། གཞན་༧གོང་ས་རྒྱལ་དབང་སྐུ་འཕྲེང་ཞིག་ཀྱང་སོག་ཡུལ་ལ་ཕེབས་ཏེ་༧གོང་ས་ཏཱ་ལའི་བླ་མ་ཞེས་པའི་མཚན་གྱི་ཟུར་ན་གཞན་སྐད་དུ་ཏཱ་ལ་ཞེས་པ་དེ་རང་སྐད་དུ་བསྒྱུར་ན་རྒྱ་མཚོ་ཆེན་པོ་ཞེས་པ་སོགས་དོན་དང་ལྡན་པའི་ལོ་རྒྱུས་ཁག་ན་གསལ་བོར་ཡོད་པས་བསྐྱར་བཤད་མི་དགོས་སྙམ།
འོན་ཀྱང་དེང་སང་ང་ཚོས། རང་གི་རིག་གནས་དེ་གཞན་ལ་བཤད་དེ། དེ་ནི་ཚོང་ལས་ཀྱི་ངོ་བོར་བསྒྱུར་ན། ཕྱི་རྒྱལ་བླ་མ། ཡང་ན་རྒྱ་བླ་སོགས་ཀྱང་འབོད། འོན་ཏེ་ཁོ་བོས། རྒྱ་བླ་དང་། ཕྱི་བླ་གཉིས་ལ་ཁྱད་པར་དེ་ཙམ་འབྱེད་ཀྱིན་མེད། གང་ལྟར་ཁོ་བོས་ཁོང་ཚོར་ཧ་ཅང་བསྟོད་པ་འཐེན་གྱིན་མེད་ལ་ཧ་ཅང་གི་ངན་འཚང་ཡང་གཏན་ནས་ཤོད་ཀྱིན་མེད། རྒྱུ་མཚན། ང་ཚོའི་དགེ་སྐྱོན་གང་མང་ཞིག་མ་བཤད་ན་ཕན་ཐོགས་ཡོད་པས་སོ།།

མཇུག་ཏུ་དམིགས་བསལ་ཞུ་རྒྱུ་ཞིག་ལ། རང་རེའི་བཙུན་མའི་དགེ་བཤེས་ཀྱི་སྲོལ་དེ་ཕྱི་རྒྱལ་བ་ཞིག་གིས་འབྱེད་དགོས་པའི་གནད་དོན་དེ་རེད། འོན་ཀྱང་གུས་པས་ཕྱི་རྒྱལ་བཙུན་མ་འདི་ལ་དགེ་བཤེས་ཀྱི་ཤེས་ཚད་མི་འདུག་ཤོད་ཀྱིན་མེད་ལ། ལྷག་པར་མོའི་ལུས་ངག་ཡིད་གསུམ་པོ་གང་གི་ཆ་ནས་ཡིན་ན་རེད་བོད་ཀྱི་དགེ་བཤེས་ཚོ་དང་། མཉམ་བསྡུར་བྱས་ན་མོ་ངན་པ་རེད་གཏན་ནས་བརྗོད་མི་འོས།
ངས་ཤོད་འདོད་པ་ནི་བོད་ཀྱི་བུད་མེད་བཙུན་མ་ཚོར་ཅིའི་ཕྱིར་དགེ་བཤེས་ཀྱི་གོ་ཐོབ་ད་ལྟའི་བར་མ་ཐོབ་པ་དེ་རེད། ལོ་རྒྱུས་ལྟར་ན། སྤྱིར་བུད་མེད་རིགས་ལ་ཤེས་ཡོན་བསླབ་པའི་གོ་སྐབས་མ་རེག་པ་དང་ཡང་ན་ཕ་མོ་འདྲ་མཉམ་གྱི་དབྱེ་འབྱེད་བྱས་ཏེ་གྱོང་གུད་ཐེངས་གསུམ་ལ་རེག་མྱོང་ཡོད།

༡ བོད་ཆོས་རྒྱལ་བཙན་པོའི་སྐབས་སུ་དགེ་བཅུའི་ཁྲིམས་སོགས་དང་ལྷན་དུ་བུད་མེད་ཀྱི་ཁ་ལ་མ་ཉན་པ་དེ་སྐབས་དེའི་ཁྲིམས་སྲོལ་རང་རེད།

༢ འདུལ་བའི་ཆོས་གཞུང་དུ་བཙུན་མ་དག་ལ་དགེ་སློང་གི་བྱང་སྡོམ་མི་ཐོབ་པ་སོགས་ཀྱིས་ཀྱང་སྤྱི་ཚོགས་ཤིག་མཚོན་ནོ།།

༣ དུས་རབས་བཅུ་གཉིས་ཀྱི་དཀྱིལ་ཙམ་དུ་བོད་ཀྱི་རྩོད་གྲྭའི་རིག་པ་སྲོལ་འབྱེད་མཁན་པོ་༧ཆ་བ་ཆོས་ཀྱི་སེང་གེས་ཀྱང་ཁྱབ་པ་སྒོ་བརྒྱད་དང་རང་ལུགས་རྫས་ལྡོག་བརྩམས་དོན་དེའང་བཙུན་མའི་དཔུང་ཁག་འཇོམས་བྱེད་ཅིག་ཡིན་པའི་ཁྲིད་རྒྱུན་སོགས་ལ་བརྟགས་ན། ཧ་ཅང་ལོ་མང་རིང་དུ་ང་ཚོས་ཕོ་མོ་འདྲ་མཉམ་དང་རིགས་རུས་ཁྱད་མེད་རེད་ཟེར་བ་ནི་ཁའི་རླངས་པ་ཙམ་མ་ཡིན་ནམ། སྤྱིར་ན་དགེ་བཤེས་ལ་དགེ་བཤེས་ལྷ་རམས་པ་དང་ཚོགས་རམས་པ། དཀའ་བཅུ་བ། རྡོ་རམས་པ་བཅས་སོགས་ཡོད་ཀྱང་། འདིར་དེའི་སྐོར་རེ་ཞིག་གཞག་དགོས་བྱུང་།

དབྱིན་ཡུལ་ནས་༢༠༡༣//༡༢ /༡༦ ལ་བྲིས།།

དཔྱད་རྩོམ།

Post navigation

Previous Post: གཡག་རྒོད་ཀྱི་ལོ་འཁོར་སྙན་ཐོ།༼སྤྱི་ལོ་༢༠༡༢ སྤྱི་ཟླ་༩ ནས་སྤྱི་ལོ་༢༠༡༣ སྤྱི་ཟླ་༡༢ བར།༽
Next Post: བདག་ཅག་གི་སྟོན་པའི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་དཔྱད་པ་ཞིབ་མོ་རྣམ་འབྱེད།

Comments (9) on “བོད་བརྒྱུད་ནང་བསྟན་ནུབ་ཕྱོགས་སུ་དར་བའི་གློག་བརྙན་«ལྕགས་བྱ་འཕུར་དུས་ན་»ཞེས་པའི་ལོ་རྒྱུས་སམ་གློག་བརྙན་དེ་ལ་བལྟས་ཏེ་དཔྱད་པ།”

  1. ཀླུ་སྨྱོན། says:
    2013-12-17 at 1:02 am

    མགོ་གློག་བརྙན་རེད། མཇུག་དགེ་བཤེས་རེད། དཔྱད་བརྗོད་སྤེལ་སྟངས་གསར་པ་རེད།

  2. རིན་ཆེན་དར་རྒྱས། says:
    2013-12-17 at 2:31 am

    ༼འདུལ་བའི་ཆོས་གཞུང་དུ་བཙུན་མ་དག་ལ་དགེ་སློང་གི་བྱང་སྡོམ་མི་ཐོབ་པ་༽ཟེར་ན་ག་རེ་ལབ་ཀྱིན་ཡོད་རེད།

  3. རྔ་རྒོད says:
    2013-12-17 at 3:33 am

    རྩོམ་པ་བོ་ཀླུ་སྨྱོན་ལགས། གློག་བརྙན་འདིའི་ནང་དུ་རང་རེའི་བུད་མེད་ཁྲོད་ན་སྔར་མ་བྱུང་བའི་དགེ་བཤེས་ཀྱི་སྲོལ་འབྱེད་མཁན་པོ་ཕྱི་གླིང་དགེ་བཤེས་ཀུན་བཟང་དབང་མོའི་སྐོར་དམིགས་བསལ་བཤད་ཡོད། དེའི་ཕྱིར། བུད་མེད་དགེ་བཤེས་ཀྱི་སྐོར་དེ་ང་ཚོ་ལ་མཚོན་གསར་བའམ་དམིགས་བསལ་ཞིག་ཡིན་པས། འོག་ཏུ་ཟུར་བཤད་བྱས་པ་ཡིན།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-12-17 at 4:28 am

    ནུབ་ཕྱོགས་སུ་བོད་བརྒྱུད་ནང་བསྟན་དར་བ་ནི་ཤིན་ཏུ་ལེགས། འོནད་ཀྱང་ནུབ་ཕྱོགས་པས་དེ་འཛིན་ཐུབ་པའི་རེ་བ་དེ་ཙམ་མེད། འོ་ན་རེ་བ་ཆེ་ཤོས་སུ་ལ་ཡོད་དམ་ཞེ་ན། ཧི་མ་ལའི་བོད་རིགས་ནང་པ་ཚོར་རེ་བ་ཆེ་ཤོས་བྱེད་བཞིན་ཡོད།

  5. དབང་འདུས། says:
    2013-12-17 at 4:38 am

    གཏོང་སྒོ་དགེ་བཤེས་ཟེར་བ་ཞིག་དང་། གཞན་བརྟེན་དགེ་བཤེས་ཟེར་བ་ཞིག་ཀྱང་ཡོད་མ་རེད་པས།

  6. མགོན་པོ says:
    2013-12-17 at 7:45 am

    དཔྱད་རྩོམ་འདི་ཡག་གི

  7. རྔ་བ་མཁས་གྲུབ། says:
    2013-12-17 at 9:54 am

    དཔྱད་བརྗོད་ཡག་པོ་སྤེལ་འདུག་པས། མུ་མཐུད་དཔྱད་བརྗོད་སྤེལ་རོགས།

  8. བཀྲ་ཡེ་ཚང་། says:
    2013-12-17 at 10:12 am

    ཡི་ཤུ་ཆོས་ལུགས་བོད་ནང་དུ་དར་བའི་གློག་བརྙན་ཞིག་མཐོང་སོང་། ཧ་ལས་བ་ཡག་པོ་འདུག

  9. མགོན་པོ says:
    2013-12-17 at 11:24 am

    རྩོམ་པོའི་རབ་ཏུ་དྭངས་པའི་སེམས་ཁམས་ནས་འཁྲུངས་པའི་དཔྱད་རྩོམ་ཡང་དེ་དང་ཆ་འདྲ་བ་བྲིས་འདུག ཚིག་ལ་སྐྱར་ཟློས་མེད་ལ། དོན་ཕུན་སུམ་ཚོགས་པགང་ཞིག་ལ། ཚིག་དོན་གྱི་གོ་རིམ་མ་འཆོལ་བའི་དགེ་མཚན་དུ་མཆིས་པས་གོ་སླའོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme