Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་ནེའུ་ཡོག་བོད་ཀྱི་ཕོ་གསར་འགྲན་སྡུར་།

Posted on 2010-01-032010-01-05 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 21 Comments on ཨ་རིའི་ནེའུ་ཡོག་བོད་ཀྱི་ཕོ་གསར་འགྲན་སྡུར་།

(ནེའུ་ཡོག་ནས་བདེ་སྐྱིད་སྒྲོལ་མས་གནས་ཚུལ་མཁོ་འདོན་བྱས།)

(པར་བ་འགྲོ་དོན་རྣམ་གླིང་།)

1

ཨ་རིའི་ནེའུ་ཡོག་བོད་ཀྱི་ཕོ་གསར་འགྲན་སྡུར་ཁྲོད་རྒྱལ་ས་ཝ་ཤིན་ཀྲོན་ནས་ཕེབས་པའི་བསྟན་འཛིན་ལ་ཨང་དང་པོའི་བྱ་དགའ་ཐོབ་ཡོད། ་

ཨ་རིའི་ནེའུ་ཡོག་དང་ནེའུ་ཇེར་སི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྤྱི་ལོ་༢༠༠༩སྤྱི་ཟླ་༡༢ ཚེས་༣༡ ཉིན་ལ་ཨ་རིའི་མངའ་ཁོངས་ཀྱི་བོད་པའི་ཕོ་གསར་འགྲན་སྡུར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་དེར་འཛུལ་ཞུགས་བྱེད་མཁན་ཕོ་གསར་བཞི་དང་ལྟད་མོ་བ་སྟོང་ཕྲག་གཉིས་དང་ཕྱེད་ཀ་ལྷག་མཉམ་འཛོམས་བྱུང་ཡོད་འདུག

2

ལས་འགུལ་གྱི་རྣམ་གྲངས་ནི་གཟུགས་སྟོབས་དང་སྒེར་སོ་སོའི་ཁྱད་ཆོས་ཀྱི་ནུས་པ། སྤྱིར་བཏང་གི་བསམ་བློའི་གོ་རྟོགས་དང་། གྱོན་གོས་ཁྱབ་བསྒྲགས་ཀྱི་རྣམ་པ་སོགས་རིམ་པ་བཞི་ཡི་ཐོག་འགྲན་བསྡུར་བྱས་ཡོད་པ་དང་་གཟུ་དཔང་སྤྱི་ལོ་༢༠༠༣་ལོའི་བོད་ཀྱི་མཛངས་མ་ཚེ་རིང་སྐྱིད་དང་ཨ་རིའི་ཕོ་གསར་གྱི་འགྲན་སྡུར་ཁྲོད་རྟགས་མ་ལེན་མཁན་དང་གློག་བརྙན་འཁྲབ་སྟོན་པ་བློ་བཟང་གཉིས་གདན་འདྲེན་ཞུས་ཡོད་འདུག

3

འགྲན་སྡུར་གྱི་མཐའ་མ་མི་མང་གི་འདོད་མོས་གཙོར་བཟུང་ཐོག་གཟུ་དཔངགཉིས་ཀྱིས་རྒྱལ་ས་ཝ་ཤིན་ཀྲོན་ནས་ཕེབས་པའི་ཨ་རིའི་གཞོན་སྐྱེས་གྱོན་གོས་ཁྱབ་བསྒྲགས་ཀྱི་འགྲན་སྡུར་ཁྲོད་བྱ་དགའ་བླངས་མྱོང་བའི་བསྟན་འཛིན་ལ་ནེའུ་ཡོག་བོད་ཀྱི་ཕོ་གསར་གྱི་མཚན་སྙན་དེ་ཕུལ་ཡོད་འདུག

འགྲན་སྡུར་རྗེས་གཟུ་དཔང་བློ་བཟང་གིས་བོད་མི་ཚོས་ཀྱང་རྩལ་སྦྱོང་གི་ནུས་པས་འཕྲོད་བསྟེན་ལ་དོ་སྣང་གནང་དགོས་པའི་འབོད་སྐུལ་ཞུས་སོང་བ་དང་། གཟུ་དཔང་རིང་སྐྱིད་ཀྱིས། བོད་ཀྱི་མཛངས་མའི་འགྲན་སྡུར་དང་ཕོ་གསར་འགྲན་སྡུར་ལྟ་བུའི་ལས་འགུལ་འདིའི་རིགས་ཀྱིས་བོད་ཀྱི་རྩ་དོན་ལ་ཕན་མ་ཐོགས་ཀྱང་གནོད་མི་སྐྱེལ་བ་སྤོབས་པའི་ཐོག་ནས་བརྗོད་ཐུབ་ཀྱིན་ཡོད་དུས་བོད་མི་མང་གིས་འདི་ལྟ་བུའི་ལས་འགུལ་ལ་རྒྱབ་སྐྱོར་ཞུ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
འགྲན་སྡུར་ཁྲོད་ཞུགས་མཁན་ནི་བློ་བཟང་དང་བཀྲ་ཤིས་རྒྱ་མཚོ། བསྟན་དར་དང་བསྟན་འཛིན་བཅས་ཡིན་པ་རེད།

4

འགྲན་སྡུར་རྗེས་ལོ་ན་༥༠ལ་སོན་པའི་རྒན་པོ་བྱམས་པ་ལགས་ལ་ལས་འགུལ་འདིའི་སྐོར་ལ་བསམ་ཚུལ་ཅི་ཡོད་བཀའ་འདྲི་ཞུས་སྐབས། ཁོས། བོད་ཀྱི་སྤྱི་ཚོགས་ཁྲོད་དུ་འདི་ལྟ་བུའི་ལས་འགུལ་གྱི་རྣམ་གྲངས་སྣ་མང་སྤེལ་ཏེ་ཕྱོགས་མང་པོ་ནས་དུས་རབས་ཀྱི་རྗེས་ཟིན་དགོས་པ་ནི་གལ་ཆེན་པོ་རེད་ལ། ང་ཚོའི་བོད་མི་ཚོས་ཀྱང་འཛམ་གླིང་གི་མི་གཞན་པ་ཚོ་དང་མཉམ་དུ་བསྡུར་དགོས་ན་ཉམས་དམའ་མི་དགོས་པའི་ཚོར་སྣང་བྱུང་། ཅེས་གསུངས་བྱུང་།

ཡང་མེ་ནིས་སོ་ཌ་ནས་ཕེབས་པའི་ལོ་ན་༢༣ལ་སོན་པའི་ཆོས་དབྱངས་ཀྱིས།  བོད་ཀྱི་མཛངས་མའི་འགྲན་སྡུར་དེ་སྤྱི་ལོ་༢༠༠༢ལོ་ནས་མགོ་བརྩམས་ཡོད་ཀྱང་བོད་ཀྱི་ཕོ་གསར་འགྲན་སྡུར་གྱི་ལས་འགུལ་འདི་ཐེངས་དང་པོ་ཆགས་ཡོད་པ་རེད། ཡིན་ན་ཡང་ལས་འགུལ་ཐོག་དང་པོ་ནས་

5མི་བཞི་འཛུལ་ཞུགས་བྱས་ཡོད་པ་དང་། གཟུགས་སྟོབས་དང་རྣམ་པ་ག་རེ་སྒང་ཡིན་ཡང་ང་ཚོའི་བོད་ཀྱི་ཕོ་གསར་ཚོ་ཡང་འཛམ་གླིང་གི་ཕོ་གསར་གཞན་པ་ཚོ་དང་མཉམ་དུ་དཔུང་བ་མཉམ་གཤིབ་བྱ་ཐུབ་ཀྱིན་ཡོད་པ་ཚོར་བྱུང་། དེ་བཞིན་མ་འོངས་པ་ཡིན་ཡང་བོད་ཀྱི་ཕོ་གསར་མོ་གསར་ཚོས་ཀྱང་འཛམ་གླིང་གི་གར་སྟེགས་སྒང་ནས་རང་རང་ལ་དཔག་པའི་དོན་དངོས་ཀྱི་འཚོ་བ་ལོངས་སྤྱོད་བྱ་ཐུབ་དགོས་ཀྱིན་འདུག་ལ་ཐུབ་ཀྱང་ཐུབ་ཀྱིན་ཡོད་རེད་བསམ་གྱིན་ཡོད། དེ་དགོང་ལོ་གསར་བ་དང་མཉམ་དུ་ལས་འགུལ་འདིར་ལྟད་མོར་ཡོང་ནས་དགའ་བོ་བྱུང་། ཞེས་བོད་དབྱིན་འདྲེས་མས་བརྗོད་བྱུང་།
13233341

འབྲེལ་ཐག་འདི་ན་གློག་བརྙན་འདུག

གསར་འགྱུར།

Post navigation

Previous Post: ལོ་གསར་བའི་ནང་གི་ཆེས་ཐོག་མའི་སྙན་ངག
Next Post: དྲེད་མདོ།

Comments (21) on “ཨ་རིའི་ནེའུ་ཡོག་བོད་ཀྱི་ཕོ་གསར་འགྲན་སྡུར་།”

  1. ཁ་ཕྱོགས་མེད says:
    2010-01-04 at 12:34 am

    ྸཨ་ཧ་ཧ་་གསར་བུ་སྨུག་པོ་མགྷགོ་རྡོ་དེ་ངོ་མ་གསར་སྟོབས་ཡོད་ཀི་ཕྱི་མོ་ནག་ར་ཞིག་ལ་དག་དག་རེད།
    black America ཞིག་ལ་དག་དག་མ་རེད་ན་ཡུམ།
    བོད་མོ་གཟུགས་ཆུང་ཞིག་གིས་ད་ཡོང་ས་མ་རེད། མཚན་མོ་ཞིག་ལ་ཁོས་ལས་འགུལ་སྤེལ་ནོ་ལྐོག་བལྟ་ཞིག་བྱེད་མ་ར།

  2. ཆོས་འཕེལ says:
    2010-01-04 at 1:16 am

    དངོས་གནས་གཏམ་བཟང་ཞིག་འདུག། སྤར་འདིའི་ནང་ནས་བུ་མོ་ཚེ་རིང་སྐྱིད་ཀྱང་དངོས་གནས་བོད་ཀྱི་བུད་མེད་མཛེས་མ་ཞིག་དོད་འདུག

    སྔོན་མ་མགྲན་བསྡུར་བྱ་རོག་མ་བརྙེད་ནས་མཛངས་མའི་རྟགས་མ་ཐོབ་པ་རེད་གོ་སོང་ན་ཡང་། དེ་སྔོན་བོད་ཀྱི་མཛངས་མ་རྟགས་མ་ཐོབ་མཁན་ཡོད་དོ་ཅོག་ནས་། ཨམ་མདོའི་ཞི་མོ་འདི་རང་ཡག་གི དྲག་གི ལེགས་ཀྱི། མཁས་ཀྱི། འཇོན་ཆེ་ཡི། ཡིན་བརྡ། ད་དུང་ཡིན་བརྡ།

    བོད་ལ་ཡོད་པ་རྣམས་སྨོས་མེད་དང་། སྙིང་རྗེ་རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་ཕོ་གསར་ང་འདྲ་བ་དེ་རྣམས་ཞུགས་པའི་གོ་སྐབས་རག་མ་སོང་། ཇི་ཙམ་བོད་ཀྱི་མཛངས་པ་ཟེར་མི་རྟགས་སོང་ན་མོས་འཐུན་མེད། ཡིན་ནའང་ཨ་རིས་སུ་ཡོད་པའི་མཛངས་པ་ཟེར་རྟགས་ན་ཆོག་གི་ཡོད་འགྲོ།
    གང་ལྟར་གཞན་གྱིས་རྗེས་འཇུགས་ཤེས་པ་ལ་བཀྲ་ཤིས་བདེ་ལེགས་དང་། བྱ་བ་མུ་འཐུད་ནས་ལམ་འགྲོ་ཡོང་བའི་རེ་བ་དང་སྨོན་ལམ་འདེབས་ཀྱི་ཡིན

  3. ཆོས་འཕེལ says:
    2010-01-04 at 1:17 am

    བོད་ཀྱི་མཛངས་པ་ཟེར་མིང་བཏགས་ན་མོས་འཐུན་མེད། བཅོས

  4. ཆོས་འཕེལ says:
    2010-01-04 at 1:32 am

    བུ་མོ་ཚེ་རིང་སྐྱིད་ལགས་ལ་ཞུ་རྒྱུ། ཁྱེད་གཟུ་དཔང་དུ་ཕེབས་ནས། ཕོ་གསར་གདམ་སྐབས་གཙོ་བོ་གང་ལ་བལྟས་ནས་གདམ་པ་ཡིན།

    གདམ་རྒྱུའི་བུ་འདི། རྒྱ་མིའི་འཁྲབ་སྟོན་མཁན་ཞིག་འདྲ་མི་འདུག་གམ། གང་ལྟར་བུ་བཞི་ཆར་ལ་ཡིན་ན་བསམ་བསམ་ཞིག་འདུག

    གལ་སྲིད་ཨ་རིས་སུ་ཡོད་པའི་དྲྭ་གྲོགས་སུ་ནིའུ་ཡོག་ཀི་མཛངས་པ་གདེམ་སར་ཞུགས་ཡོད་ན། གདེམ་ཚུལ་དང་། ཆས་གོས་གྱོན་ཚུལ་ཅུང་ཟད་བཤད་ན་ག་འདྲ་འདུག བོད་གོས་གྱོན་པའི་སྤར་འདྲ་མ་མཐོང་། ཇི་ཙམ་དྲི་བ་མང་པོ་ཞིག་ཡོད།

  5. ཆོས་འཕེལ says:
    2010-01-04 at 2:13 am

    ཨ་མ་དེ་རིང་ཁ་བརྡ་དྲྭ་རྒྱ་དེ་འགྱོག་ཙམ་བྱུང་བ། བོད་གོས་གྱོན་པའི་སྤར་འདྲ་ཡོད་ན་ལེགས་པའི་བསམ་འཆར་གཏོན་མ་ཐག་བོད་གོས་གྱོན་པའི་བོད་ཀྱི་ཕོ་གསར་སྟག་ཤར་སྐྱེ་ཡག་དེ་རྣམས་ཀྱི་སྤར་བཞག་སོང་། ཐུགས་རྗེ་ཆེ་ལགས

  6. གཞིས་ལུས་བོད་པ། says:
    2010-01-04 at 5:20 am

    ཡག་གི ཕྱོགས་གང་ཐད་ནས་གཞན་གྱི་སྤྱི་ཚོགས་ཀྱི་རྗེས་ཆོད་དགོས་ནི་རེད།

  7. ཙན་དོན་ལོ་མ། says:
    2010-01-04 at 6:53 am

    བོད་ཀྱི་ཕོ་རྒོད་དམ་༢༠༡༠ལོའི་བོད་ཀྱི་ཕོ་རྒོད་ཨང་དང་པོ་ཟེར་ན་འདོད། ཨ་རིའི་བོད་ཀྱི་ཕོ་རྒོད་འགྲན་སྡུར་འབོད་དོ།

  8. ཙན་དན་ལོ་མ། says:
    2010-01-04 at 6:54 am

    བོད་ཀྱི་ཕོ་རྒོད་དམ་༢༠༡༠ལོའི་བོད་ཀྱི་ཕོ་རྒོད་ཨང་དང་པོ་ཟེར་ན་འདོད། ཨ་རིའི་བོད་ཀྱི་ཕོ་རྒོད་འགྲན་སྡུར་འབོད་དོ།

  9. གཞིས་ལུས་བོད་པ། says:
    2010-01-04 at 6:59 am

    ལ་རྒྱ་ཅན་གྱི་གླུ་བ་བཀྲ་ཤིས་དོན་གྲུབ་ཀྱི་རྡུང་ལེན་གསན་ན་འདི་ནས་ཉོན།
    http://www.tudou.com/programs/view/5-Zjlt50hgs
    དྲ་བདག་ལགས་འདི་དྲ་ངོས་སུ་འགོད་རོགས་ཞུ། །

  10. གཞོན་ནུ་ཟླ་མེད says:
    2010-01-04 at 10:09 am

    ཁ་སང་འགྲན་བསྡུར་བྱེད་སའི་ཁང་པ་འདིའི་ཁ་བྱང་རེག་མ་སོང་། དེའི་སྒང་ལ་གཅིག་གྲང་ནི་ཀེ་རླུག་པ་ཡང་ཁེངས་རྒྱུ་ནི་འདྲ་ཟིག་རེད། ཁང་པ་འདི་ད་རིག་མྱོང་རིག་མྱོང་ཟིག་ད་རེད་ད། ཨ་རོགས་བོད་པ་ཁྱོད་ད་ངར་བ་ཟེར་ནོ་ཡིན། ཁང་པ་འདི་གང་རེད་ཀོ
    དེ་མིན་ཁ་སང་མཛེས་མ་མཉམ་དུ་རྒྱུགས་གི་བསྡད་ཡོད་ནོ་ཕོ་སར་སྐྲ་རིང་དེ་མི་འདུག་ཀ

  11. KARMA DORJE says:
    2010-01-04 at 10:58 am

    མོ་གསར་་བསདུར་ནས་་མཛམས་མ་་ཐོན་པ་་ནོར་བ་་བཞིན། །
    བོད་ཀྻི་་མོ་གསར་་བསདུར་ཐོན་་དེ་ཡང་་དེ་མཚུངས་་དགོས། །
    ཕོ་གསར་་བསདུར་ནས་་མཛངས་པ་་ཐོན་པ་་ནོར་བ་་བཞིན། །
    བོད་ཀྻི་་ཕོ་གསར་་འདོགས་སར་་མཛངས་པ་་བཏགས་པའང་་ནོར། །
    མཛངས་པ་ནི་་མཁས་པའི་་དོན་ཡིན་པས་སོ། འོན་ཀྻང་་ཨ་རིའི་བོད་ཀྻི་་ཕོ་གསར་ཙམ་་མིན་པར་་ལོ་འདིའི་་བོད་ཀྻི་་ཕོ་གསར་ཞེས་་ངོས་འཛིན་་བྻ་འོས་སཏེ་་བོད་་ཕྻི་ནང་་གཉིས་ཀྻི་་ནང་ནས་་བསདུར་ཚད་་བྻུང་བ་་ཐེངས་དང་པོ་་ཡིན་པའི་ཕྻིར་རོ། །

  12. ཀརྨ་དགེ་ལེགས། says:
    2010-01-04 at 1:06 pm

    རྟེན་འབྲེལ་ཞུ་བ་དང་།
    བོད་སྐད་གཙང་མ་བཤད་ཐུབ་མཁན་རེ་དང་། བོད་ཡིག་ཤེས་པ། སེམས་ཤུགས་སོགས་ཡོད་པའི་རེ་བ་ཡོད།

  13. གངས་རིའི་བུ། says:
    2010-01-04 at 1:38 pm

    ང་ཚོའི་བོད་ཀྱི་གཏམ་དཔེ་ལ། ཕོ་རྒོད་མིན་དེ་དཔའ་དང་བློ་ཁོག་ལ་བལྟ་དགོས། མོ་མཛེས་མིན་དེ་གདོང་དང་གཟུགས་ལ་བལྟ་དགོས་ཞེས་པ་ལྟར་བོད་པའི་ཕོ་གསར་རྒོད་མིན་དེ་བོད་མི་རིགས་ཀྱི་ཆེད་དུ་དཔའ་དང་བློ་ཁོག་བསྐྱེད་མིན་ལ་བྱ་དགོས་པ་ལས། གཞན་བོད་མིའི་གཟུགས་བྱད་ནི་འཛམ་གླིང་ནང་རྐུབ་ནས་བརྩིས་པའི་ཨང་དང་པོ་མིན་རུང་གཉིས་པ་ལས་བརྒལ་མི་ཐུབ་པར་ངེས་སོ།

  14. རྩམ་དགའ་ says:
    2010-01-05 at 12:22 am

    ཁ་ཕྱོགས་མེད་ལགས་ཁྱོས་ཆི་ཟིག་གི་ར་ཨ་རིར་ཡོད་པའི་བོད་མོ་དེ་ཚོར་ཕོ་གསར་ཁོ་འགྲིག་མི་འདུག་གམ།
    འདིར་ཡོད་བོད་མོ་ཚོ་ནག་རས་ཆ་བོའི་རྫར་བུད་འགྲོ་ནོ་ཤེས་ཀ་ཟེར།

  15. ཆོས་འཁོར་ཚང་། says:
    2010-01-05 at 6:36 am

    གློག་བརྙན་ཆ་ཚང་འདི་ན་འདུག
    http://www.youtube.com/watch?v=h813ftaT1oI

  16. KARMA DORJE says:
    2010-01-05 at 6:46 am

    མཛངས་མ་ལ་་མཛམས་མ་དང་། ཨ་ཙིའ་ལ་་ཨ་ཙའི་་ནོར་བར་་དགོངས་དག་་ཞུ། །
    བོད་ཀྻི་་མོ་གསར་་ཐེངས་དང་པོའི་་མིང་་ག་རེ་་རེད། བོད་ཀྻི་་ཕོ་གསར་་དང་པོའི་་ཤེས་ཚད་དང་་ག་འདྼ་་ཡོད་རེད། །

  17. KARMA DORJE says:
    2010-01-05 at 6:48 am

    སཔྻི་སེམས དང་ཤེས ཚད་་ལབ་་འདོད་་ཡོད་པ་་ལ། །

  18. ཀརྨ་རྡོ་རྗེ་ says:
    2010-01-08 at 10:42 am

    ༡༽ འཛམ་གླིང་མོ་གསར་དང་། འཛམ་གླིང་ཕོ་གསར།
    ༢༽ ཨེ་ཤི་ཡེའི་མོ་གསར་དང་། ཨེ་ཤི་ཡེའི་ཕོ་གསར།
    ༣༽ རྒྱ་གར་གྱི་མོ་གསར་དང་། རྒྱ་ནག་གི་ཕོ་གསར།
    ༤༽ བོད་ཀྱི་མོ་གསར་དང་། བོད་ཀྱི་ཕོ་གསར།
    ༥༽ ལྷ་སའི་མོ་གསར། རྡ་སའི་ཕོ་གསར། ཞེས་ལྟ་བུར་་བྲིས་ཤིང་་མཚན་གྱིས་་བསྟོད་ན་་ག་འདྲ་་འདུག
    གླུ་གཞས། འདུག་ཟེ་་བྱས་ན་་ག་འདྲ་་འདུག འདུག་ཟེ་བྲིས་ན་་ག་འདྲ་་འདུག འདུག་ཟེ་་ལབ་ན་་ག་འདྲ་འདུག

  19. འཛེར་མ་ར་མགོ། says:
    2010-01-09 at 12:33 pm

    ཕོ་ལ་ཕོ་ཉམས་ཡོད་པ་བོད་ཀྱི་ཕོ་སར་དང་།།
    མོ་ལ་མོ་ཉམས་ཡོད་པ་བོད་ཀྱི་བུ་མོ་ཡིན།།
    འཛམ་གླིང་གོ་ལ་ཟླུམ་པོའི་ཁྱོན་ཡངས་པོར།།
    བོད་ཀྱི་ཕོ་མོར་འགྲན་པ་སྟོང་སེམས་ཡིན།།

  20. ཤ་ཀླན་བུ། says:
    2010-01-12 at 12:35 am

    ཕོ་གསར་མགོ་རིལ་དེ་ངོ་མ་རྫིག་པོ་འདུག ངའི་འབྱུང་འགྱུར་གྱི་གློག་བརྙན་ནང་དུ་ལྡོག་ཕྱོགས་མི་སྣར་བདམ་རྒྱུ་ཡིན།

  21. ཤ་ཀླན་བུ། says:
    2010-01-12 at 12:39 am

    ཨང་དང་པོ་རག་མཁན་དེའང་གྱོང་མི་འདུག ཁོང་ཡང་ཕལ་ཆེར་ངའི་གློག་བརྙན་ནང་གི་མི་སྣ་ཕལ་པ་ཞིག་རུང་ཀྱང་སྲིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme