Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་འགའི་མི་ཚེའི་ལོ་རྒྱུས་ཀྱི་གལ་གནད།

Posted on 2013-12-102013-12-10 By ཁ་བརྡ་ 1 Comment on བོད་མི་འགའི་མི་ཚེའི་ལོ་རྒྱུས་ཀྱི་གལ་གནད།

ཁྲི་རལ་པ།

འཛམ་གླིང་ས་ཕྱོགས་གང་དུའང་རྒྱལ་ཁབ་དང་རིག་གཞུང་གང་ལ་ཆག་འཇིག་ཆེན་པོ་བྱུང་བ་དང་། ཆབ་སྲིད་དང་དམག་འཁྲུག་གི་དུས་འགྱུར་ལྟ་བུ་དམིགས་བསལ་གྱི་དུས་སྐབས་སུ་སྐྱེས་འཚར་གྱིས་གནས་ཚུལ་བྱུང་བ་ཁག་དངོས་མྱོང་ཡོད་པ། མི་སྣ་དཀྱུས་མ་དང་ཡང་ན་འཕོ་འགྱུར་དེ་ཚོར་ཁ་གཏད་བྱས་ཏེ་སྡུག་བསྔལ་དྲག་གནོན་མྱོང་མཁན་གྱི་མི་སྣ། གཞན་འགྱུར་བ་དེར་སྣེ་ཁྲིད་དང་ལེན་བྱེད་པའི་མི་སྣ་སུ་འདྲ་ཅིག་ཡིན་ན། འཁྱོག་བརྗོད་སྤངས་ཏེ་ཁོང་ཚོའི་མི་ཚེའི་ལོ་རྒྱུས་ཕྱི་རབས་པར་འཇོག་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་གི་ཡོད་པས། མི་རབ་འབྲིང་ཐ་གསུམ་མང་པོ་ཅིག་གི་མི་ཚེའི་ལོ་རྒྱུས་ཁག་ཅིག་འཛམ་གླིང་འདིར་སྙན་གྲགས་རྒྱས་བཞིན་ཡོད་པ་རེད།

དེ་ཚོ་བཅོས་སྒྲུང་བཤད་པ་དང་དུས་ཚོད་སྐྱེལ་ཐབས་ཙམ་གྱིས་གནས་སྐབས་རྣམ་གཡེང་བྱེད་གཞི་ཅིག་མིན་པར། དེའི་ནང་མིའི་སྐྱིད་སྡུག་གི་ལས་དབང་དང་འཚོ་བའི་དར་རྒུད།ཆབ་སྲིད་དང་ཤེས་ཡོན། དཔལ་འབྱོར་དང་མིས་བསམ་བློ་གཏོང་སྟངས་སོགས་ཀྱི་འཕོ་འགྱུར་བྱུང་བ་ཡིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཇི་ཙམ་ཐེབས་པ་དང་། མི་སྒེར་བཟང་ངན་གྱི་ཁ་ཕྱོགས་གང་དུ་འཁྲིད་ངེས་པ།ཐབས་སྡུག་གནས་ཚུལ་གང་ལ་འཕྲད་ཀྱང་བློ་སྟོབས་མ་ཉམས་པར་བརྩོན་འགྲུས་རྒྱུན་སྐྱོང་བྱས་ན། ཁ་ཤས་ལ་མཐར་གྲུབ་འབྲས་བཟང་པོ་མིག་མཐོང་བྱུང་བ་སེམས་ཤུགས་སྐྱེ་གཞི་དང་། ལྷག་བསམ་དང་ཞེན་ཤ་ཚ་ཇི་ཙམ་ཡོད་རུང་ཐབས་གཤིས་སུ་བསྐོར་མ་ཤེས་ན་མཐར་ཕམ་ཁ་ཆེན་པོ་ཡོང་བ་ལྟ་བུ་ཡིད་གཟབ་ཀྱི་རྒྱུས་སྟོན། སོ་སོའི་རྒྱལ་ཁབ་དང་མི་རིགས་གཉན་འཕྲང་གི་དུས་ལོག་ལ་འཕྲད་སྐབས། རང་གི་རིག་གཞུང་དང་མི་རིགས་སྲུང་སྐྱོབས་ཆེད་མི་སྒེར་ཅིག་གིས་ནུས་པ་ཇི་ཙམ་འདོན་ཐུབ་པ། ཆེ་ས་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་གི་ཁ་ཕྱོགས་ཇི་ལྟར་སྒྱུར་ཐུབ་པ་དང་།ཆུང་ས་ནས་དཀའ་ངལ་ཕྲན་བུ་རིགས་ལ་གདོང་ལེན་བྱེད་སྟངས་བཅས། མི་འཚོ་གནས་ཀྱི་མན་ངག་དངོས་དེ་མི་ཚེའི་བྱུང་བ་ཁག་ནང་ཡོད་ཅིང་། ལྷག་པར་དུས་བབ་འགྱུར་མཚམས་ཁྱད་པར་ཅན་ནང་སྐྱེས་འཚར་གྱི་མི་སྣ་གནད་ཡོད་ཚོའི་ལོ་རྒྱུས་ཕྱི་རབས་རྣམ་པར་ཧ་ཅང་གནད་འགག་ཡིན་སྟབས། བཙན་བྱོལ་ནང་༧གོང་ས་སྐྱབས་མགོན་ཆེན་པོས་དེ་ལྟར་གནང་དགོས་ཀྱི་བཀའ་ཕེབས་ཏེ་མི་རྒན་མང་པོ་ཅིག་གི་བདེན་རྫུན་གཉིས་ཆ་འདྲེས་མའི་མི་ཚེ་ལོ་རྒྱུས་སྣ་ཚོགས་འཐོན་བཞིན་པ་རྩ་བའི་ཡག་པོ་རེད།

འོན་ཀྱང་བོད་མི་རྣམས་ཚུལ་འཆོས་ཆེན་པོ་དང་གཡོ་སྒྱུ་ཚ་བོ་ཡིན་པ། ཡང་དགོས་གཡོ་ཟོལ་བྲལ་བར་རང་རང་གི་བྱུང་བ་རྣམས་ཡིག་ཐོག་འཁོད་རྒྱུའི་ཉམས་མྱོང་དང་ལམ་སྲོལ་དེ་ཙམ་དར་སོ་མེད་པར་བརྟེན། ད་སྔ་བྲིས་པ་མང་པོས་རང་གི་མི་ཚེའི་ནང་བྱས་པ་ཆུང་ངུ་ཞིག་ཡིན་ནའང་ཆེན་པོར་བཟོས་ཏེ། སོ་སོའི་བྱས་པ་ངོམས་སོ་དང་རང་ཉིད་གཟི་བརྗིད་ལྡན་པ་རླབས་ཆེན་ཅིག་བཟོ་བར་འབད་བརྩོན་ཐབས་འཚོལ་བྱེད་པ་ལས། སོ་སོའི་མི་ཚེའི་ནང་སྐྱིད་སྡུག་ལེགས་ཉེས་སྣ་ཚོགས་བྱུང་སྐབས། ཐོབ་ཤོར་དང་ནོར་འཁྲུལ་བཟོས་པ།ཞབས་འདྲེན་ཞུས་པ། རང་གི་མཚང་དུ་འགྲོ་བའང་རང་གིས་བྱེད་དགོས་ཐུག་པ་དང་བྱས་པ་ལྟ་བུ། མི་རིགས་གཞན་གྱི་མི་ཚེའི་ལོ་རྒྱུས་ཁག་ཅིག་བཞིན་བཅོས་མ་མིན་པར་རང་བཟོས་སླད་མ་ཞུགས་པ། ཀློག་མཁན་གྱིས་ཚོར་བ་དངོས་མྱོང་ཐུབ་པའི་གསོན་ཉམས་དོད་ཅིང་དྲང་བཞག་གིས་བྲིས་པ་ཧ་ཅང་ཉུང་ཉུང་ཡིན་པ་བློ་ཕམ་གྱི་གནས་རེད། ལར་བོད་མི་ཚོ་ནི་སྤམ་ཚུགས་འཛིན་རྒྱུ་ཙམ་ལས་མི་གཞན་དྲང་པོ་དང་བཅོས་མ་མིན་པ། སླད་མ་འདྲེས་པའི་གནས་ཚུལ་དངོས་ལ་སྤྲོ་བ་དང་དོ་སྣང་། གདེང་འཇོག་ཇི་ཙམ་ཡོད་པ། དེས་མི་གཞན་ལ་བག་ཆགས་གཏིང་ཟབ་འཇོག་ཐུབ་པ་སོགས་མ་ཤེས་པས་ལན་པ་རེད་སྙམ།

གང་ལྟར། བོད་མིའི་ལོ་རྒྱུས་ཁྲོད་སྔར་བྱུང་མ་མྱོང་བའི་དུས་འགྱུར་མི་ཟད་པ་དེ་བྱུང་དུས། བོད་མི་ཚོས་ཆེ་ས་ནས་རྒྱལ་ཁབ་ཀྱི་ངོ་བོ་དང་རིག་གཞུང་སྲུང་སྐྱོབས་ཆེད་འཐབ་རྩོད་བློས་གཏོང་གིས་དཀའ་སྡུག་ཇི་ཙམ་མྱངས་ཡོད་པ་དང་། བྱེ་བྲག་མི་རེ་རེའི་མི་ཚེ་ལ་གདོང་ལེན་ཇི་ལྟར་བྱས་ཡོད་པ། ལྷག་པར་གནད་ཡོད་མི་སྣ་ཚོས་རྒྱལ་ཁབ་འདྲ་མིན་གྱི་སྲིད་དོན་ནང་མངོན་ལྐོག་གིས་ཆབ་སྲིད་ཇི་ཙམ་རྩེད་དགོས་བྱུང་བ། བླ་ཆེན་དཔོན་ཆེན་བཙོན་དུ་ཚུད་པ་ཚོར་དངོས་ཡོད་ཉམས་མྱོང་གང་བྱུང་ཐམས་ཅད་ཚུན། དྲང་བོའི་ལམ་ནས་ཡིག་འཇོག་བྱེད་ཐུབ་ན་ད་ལྟ་དང་འབྱུང་འགྱུར་གྱི་མི་རབས་སྤྱི་དང་། བྱེ་བྲག་བོད་མི་ཚོར་ཕུལ་བའི་ལེགས་སྐྱེས་གྱ་ནོམ་པ་ཅིག་ཡིན་པར་ཐེ་ཚོམ་མེད།

དེ་འདྲར་བརྟེན། ཉེ་ཆར་བཙན་བྱོལ་ནང་སྐུ་ངོ་བྱ་དུར་བཟང་པོ་མཆོག་གི་ལོ་རྒྱུས་འཐོན་ཟིན་པ་དང་། ཆབ་སྲིད་ཀྱི་འགྲོས་སྣ་ཚོགས་ནང་གི་ཧ་ཅང་གནད་འགག་ཆེ་བའི་དཔོན་རིགས་བཀའ་ཁྲི་ཟུར་པ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་མི་ཚེ་ལོ་རྒྱུས་ཀྱང་འཐོན་ལ་ཉེ་བར་ཐོས་པས་དགའ་སྤྲོས་བརྟས། འོན་ཀྱང་། བོད་ནང་ལྟ་བུར་༧པཎ་ཆེན་ཐམས་ཅད་མཁྱེན་པ་དང་འབའ་བ་ཕུན་དབང་། བཀྲ་ཤིས་ཚེ་རིང་བཅས་རེ་ཟུང་ཙམ་མ་གཏོགས། ཆབ་སྲིད་སྟེང་གནད་ཡོད་བོད་མི་དབུས་གཙང་ཕྱོགས་ཀྱི་ང་ཕོད་ངག་དབང་འཇིགས་མེད་དང་། མདོ་སྨད་ཕྱོགས་ཀྱི་རྒྱལ་རོང་སངས་རྒྱས་ཡེ་ཤེས་སམ་ཐེན་པོ། ཁམས་ཕྱོགས་ནས་ཡངས་གླིང་རྡོ་རྗེ་དང་བཀྲ་ཤིས་དབང་ཕྱུག་སོགས་ཀྱི་མི་ཚེའི་ལོ་རྒྱུས་མངོན་གསལ་ཅན་ད་སྔ་བྲིས་ཐུབ་མེད་ཅིང་།
ལྷག་པར་བོད་མིའི་ངོ་བོ་དང་ཆོས་རིག་སྲུང་སྐྱོབས་ཕྱིར་ལུས་སྲོག་ཐེད་ལ་བོར་ཏེ་བྱས་རྗེས་ཆེན་པོ་བཞག་ཡོད་པ། ༧རྗེ་གུང་ཐང་བསྟན་པའི་དབང་ཕྱུག་དང་མཁས་དབང་དམུ་དགེ་བསམ་གཏན། གཉན་ཤུལ་མཁྱེན་རབ་འོད་ཟེར་དང་དུང་དཀར་བློ་བཟང་འཕྲིན་ལས་སོགས་ཀྱིས་རང་རྣམ་ཞིབ་ཕྲ་འབྲི་མ་ཐུབ་པ་དང་། ཐོར་བཀོད་པ་མཇལ་རྒྱུ་མེད་པ་ནི་བློ་ཕམ་དང་བོད་མིར་གྱོང་གུད་ཚབ་ཆེན་ཡིན་པས། རྗེས་བཞུགས་འབྲེལ་ཐོག་ཚོས་ངེས་པར་དུ་ཞིབ་ཕྲ་འབྲི་བར་འབད་བརྩོན་བསྟེན་དགོས་ངེས་རེད།

དེ་མཚུངས་དེང་སང་དངོས་སུ་བོད་བཞུགས་ཀྱི་སྤྱི་ཚོགས་གསར་རྙིང་གི་སྐྱིད་སྡུག་ཡོངས་རྫོགས་མྱངས་གྲུབ་པ། བླ་དཔོན་གནད་ཡོད་ཚོས་ཁེངས་སྐྱུངས་དང་རང་གི་ལོ་རྒྱུས་ལ་སྣང་ཆུང་མི་བྱེད་པར། སྐུ་ཚེའི་འཕེན་པ་མ་རྫོགས་གོང་དུ་ཡུལ་དུས་གནས་ཚུལ་གྱིས་བོད་ནང་དཔར་མ་ཐུབ་ནའང་། ངེས་པར་དུ་བོད་ཕྱི་ནས་རང་གིས་བྲིས་པ་མི་ཚེ་ལོ་རྒྱུས་དཔར་སྐྲུན་གྱི་ཐབས་ཤེས་གནང་དགོས་ངེས་རེད་བསམ།
བཙན་བྱོལ་ནང་ཆ་མཚོན་ནའང་ཆབ་སྲིད་སྟེང་ཤིན་ཏུ་གནད་ཡོད་མི་སྣ་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་དང་སྟག་མཚེར་རིན་པོ་ཆེ། མཁས་དབང་ཟམ་གདོང་རིན་པོ་ཆེ་དང་ཨ་ལགས་འཇིགས་མེད་རིན་པོ་ཆེ། གུང་ཐང་ཚུལ་ཁྲིམས་དང་བཀའ་བློན་ཁྲི་ཟུར་བསོད་ནམ་སྟོབས་རྒྱལ།
དེ་སྔའི་སྐུ་དྲག་རྙིང་གྲས་མང་པོ་ཅིག་གི་བུ་ཕྲུག་ཚོའི་ལོ་རྒྱུས་ཚུན། རྣམ་ཐར་དང་མི་ཚེའི་མྱོང་བ་ཁག་མཐོང་ལམ་དུ་མ་གྱུར་པས།དེང་སང་སྐུ་འཚོ་བཞུགས་ངང་ཡོད་པ་ཚོས་ཕྱི་རབས་པ་ཚོར་དགོངས་བཞེས་ཀྱིས་སོ་སོའི་མི་ཚེ་དངོས་མྱོང་ཡིག་འཇོག་བྱས་ཏེ། ཡུལ་དུས་དབང་གིས་གསང་རྒྱ་གནང་དགོས་རིགས་འབྱུང་འགྱུར་ཟུར་བརྒྱན་གྱི་ཚུལ་དུའང་བཀོད་རིགས་ཤིང་། གལ་ཏེ་དེ་ཚོ་ལས་ལོ་རྒྱུས་ཧ་ཅང་འབུར་འཐོན་ཅན་འདྲ་བྱུང་ན། དེང་རབས་ཡར་འཐོན་གྱི་དུས་འདིར་ཡིག་རིགས་གཞན་དུ་སྒྱུར་འགོད་དང་། རྩོམ་རིག་དང་རི་མོ། གློག་བརྙན་ཟློས་གར་བཅས་གང་དུའང་སྒྱུར་བར་མཐུན་རྐྱེན་འཛོམས་པོ་དང་། ཕྱི་མི་དོ་སྣང་ཅན་ཡང་མང་པོ་འཐོན་ངེས་ཅན་ཡིན་པས། དེ་འདྲ་སྒྱུ་རྩལ་གྱི་ཐབས་ལམ་འདྲ་མིན་བསྟེན་ཏེ་གཞན་ལ་བསྟན་ཐུབ་ཚེ། དེས་འཛམ་གླིང་སྤྱི་ལ་བོད་སྐོར་ཤུགས་རྐྱེན་བག་ཆགས་གཏིང་ཟབ་ཅིག་འཇོག་ཐུབ་པར་གདོན་མི་ཟའོ།།

སྣ་ཚོགས།

Post navigation

Previous Post: གངས་རིའི་ལས་དབང་།
Next Post: རྨི་ལམ་དང་དཔྱིད།

Comment (1) on “བོད་མི་འགའི་མི་ཚེའི་ལོ་རྒྱུས་ཀྱི་གལ་གནད།”

  1. ཨ says:
    2013-12-11 at 1:56 pm

    ངོ་མ་རེད་འདོད། ཤ་ཚ་བའི་སྐད་ཆར་ཉན་མཁན་ཉུང་བ་འདི་ཡང་ཁོར་ཡུག་ཅིག་གི་ངོས་ནས་བཤད་ན་ཧ་ཅང་གི་རྫོབ་རྟགས་སམ་མཚན་མ་ངན་པ་ཞིག་ཡིན། ཡིན་ནའང་ད་རུང་སུས་ཀྱང་བཅོས་མི་ཐུབ་པ་དེ་ང་ལྟ་བུས་ཀྱང་ཤེས་སླ་མོ་ཞིག་རེད། དུས་རྒྱུན་སེམས་བསམ་པའི་གཏིང་ནས་སྐད་ཆ་བ་ཚོར། སེམས་ཤུགས་མ་ཆགས་བཤད་རྒྱུ་ལས་གཞན་ཅི་ཞིག་ཡོད། ངར་དེ་མ་གཏོགས་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme