Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁོར་ཡུག་གཏོར་བཤིག་བཏང་བའི་ཚབས་ཆེའི་མཇུག་འབྲས་གླེང་བ།

Posted on 2013-12-082013-12-08 By ཁ་བརྡ་ 6 Comments on ཁོར་ཡུག་གཏོར་བཤིག་བཏང་བའི་ཚབས་ཆེའི་མཇུག་འབྲས་གླེང་བ།

ཆབ་ཚང་འཇམ་དཔལ། ༼སྔོན་མའི་འཕྲོས།༽

དྲུག ནད་མུག་དང་འཁྲུག་རྩོད།

རྫས་འགྱུར་གད་སྙིགས་དང༌། རྡུལ་ཕྲན་གྱི་སྙིགས་རོས་མཚོན་བཟོ་ལས་རྣམ་གྲངས་ཀྱི་དུག་རིགས་གད་སྙིགས། མིས་བཟོས་སྦྱར་རྫས་ལུད་སྨན། སྲོག་ཆགས་ཤི་བའི་རོ། ཟས་ལྷག གོས་ཧྲལ་ཧྲུལ། ཤོག་སྙིགས། འགྱིག་ཤོག ལྕགས་སྣོད། ལྕགས་སྙིགས། མཆིལ་མ། སྣབས་སོགས་འཚོ་བའི་གད་སྙིགས་འདྲ་མིན་གཡུག་པའི་མཚོ་དང༌། མཚེའུ། རྫ་ཆུ། ཁྲོན་ཆུ། ཆུ་མིག རྒྱུགས་ཆུ་སོགས་ཀྱིས་ས་ཕྱོགས་གང་སར་ཁྱབ་སྟབས། ཆུ་ལས་བྱུང་བའི་ནད་རིགས་འདྲ་མིན་གྱིས་ཉིན་རེར་མི་གྲངས་ལྔ་བརྒྱ་དང༌། ལོ་རེར་མི་གྲངས་ཆིག་འབུམ་ཆིག་ཁྲི་ལྷག་རེ་དུས་མིན་རྐྱེན་འདས་སུ་གཏོང་བཞིན་ཡོད་ཐོག མི་འབོར་ཐེར་འབུམ་གཅིག་ཙམ་འཐུང་ཆུ་གཙང་མ་མེད་པའི་དཀའ་ངལ་ནང་ལྷུང་དུ་བཅུག
ལྷག་པར་དུ་གད་སྙིགས་དེ་རིགས་གྲོང་དང༌། གྲོང་ཁྱེར། གྲོང་བརྡལ་སོགས་ཀྱི་ཉེ་འགྱངས་གང་སར་དུས་ངེས་མེད་ནང་ཕུང་གསོག་བྱས་པའི་རུལ་རླངས་དང༌། དེ་དག་མེར་བསྲེགས་པའི་དུད་རླངས། ཨེ་རན་ནང་གི་རྡོ་སྣུམ་གྱི་དུད་རླངས། ཡོ་རོབ་དང་ལྷོ་ཨ་རི་ཁུལ་གྱི་དུག་ཤེད་ཆེ་བའི་མཁའ་དབུགས། དབྱིན་ཡུལ་དང༌། སི་པན། ནེ་རྡིར་ལན་ཊི། ཨ་རི། རྒྱ་གར་སོགས་ཀྱིས་དངུལ་ཆུའི་རྫས་དུག་གི་ཚོང་ལས། ཟས་རིགས་ཀྱི་བརྒྱ་ཆ་དགུ་བཅུ་ལྷག་ལ་དུག་ཤེད་ཆེ་བའི་རྫས་ངན་གྱིས་བསླད་པ་སོགས་ཀྱིས་བྲང་ཁ་ན་བ་དང༌། གློ་ལུ་བ། སྐྱུག་ནད། མགྲིན་འགག་ནད། བྱིས་པ་མངལ་དུ་མི་གནས་པའི་ནད། སྒྱུ་མའི་ནང་དུ་ཁྲག་འབབ་པའི་ནད། གློ་བའི་གཉན་རིམ་ Severe Acute Respiratory Syndrom ཀྱི་ནད། ཨེ་བྷོ་ལ་ Ebola Virus ཞེས་པའི་འབུ་ཕྲའི་ན་ཚ་སོགས་མང་དུ་བྱུང་དང་འབྱུང་བཞིན་པ་མ་ཟད། སྨུག་ཕྱི་འཕར་ཚད་ཤུགས་ཆེ་བས་འབྲས་སྐྲན་དང༌། ལྤགས་ནད། ལིང་སྒྲིབ། རིམས་ནད་ཀྱི་རིགས་ཀྱང་མང་དུ་འབྱུང་བཞིན་ཡོད།

གཞན་ཡང༌། ཚད་ལྡན་མིན་པའི་སྙིགས་བཙོག་བུད་ཤིང་དང༌། རྡོ་སོལ། འབྲས་སོག སྐྱེ་དངོས་འབུད་རྫས་སོགས་ལ་བརྟེན་ནས་དྲོད་བསྲོ་བ་དང༌། ཟ་མ་གཡོ་སྐོལ་བྱེད་པ། ཉེ་བའི་ལོ་ཤས་ནང་བཅོས་མའི་རྫས་འགྱུར་བདུན་ཁྲི་ལྷག་བཟོ་སྐྲུན་དང༌། ལོ་རེར་དུག་རིགས་བརྒྱ་ནས་ཆིག་སྟོང་བར་གསར་དུ་བཟོ་སྐྲུན་བྱེད་བཞིན་ཡོད་པ་སོགས་ཀྱིས་ཀྱང་མིའི་ཚེ་སྲོག་དང་འབྲེལ་བའི་བདེ་ཐང་ཐད་གནོད་པ་ཤུགས་ཆེན་འབྱུང་བཞིན་ཡོད།
གཞན་ཨེ་ཤུ་ཡའི་སྐྱེས་པ་བརྒྱ་ཆའི་དྲུག་ཅུ་ལྷག་གིས་ཐ་མག་འདྲ་མིན་འཐེན་བཞིན་ཡོད་སྟབས། ཡུལ་དེ་དག་ཏུ་ཁྲག་རྩའི་ནད་དང༌། གློ་བ། ཁ། མགྲིན་པ། རྐན། མིད་ཐག གཤེར་རྨེན། སྐེ། མཁལ་མ། གཅིན་སྣོད་སོགས་གང་རུང་སྤྲི་ནད་དམ་ཀེན་སར་གྱིས་བཟུང་བའི་མི་གྲངས་ཧ་ཅང་མང་པོ་ཡོད།

ཡོ་རོབ་ནང་གི་མི་འབོར་ཁྱོན་ཡོངས་མི་གྲངས་དྲུག་དྲུག་གི་སྡེ་ཚན་བྱས་པའི་སྡེ་ཚན་རེ་རེའི་ནང་ནས་མི་གཅིག་རེ་ཐ་མག་གིས་རྐྱེན་འདས་སུ་གཏོང་བཞིན་ཡོད་ལ། ཐ་མག་རྐང་གཅིག་འཐེན་པས་མི་ཞིག་གི་མི་ཚེའི་ནང་ནས་དུས་ཡུན་སྐར་མ་དྲུག་རེ་ཐུང་དུ་འགྲོ་བཞིན་པ་ཚོད་དཔག་བྱས་ཡོད།
དེར་བལྟས་ན། མི་ལོ་ལྔ་བཅུའི་ཚེ་ཚད་མ་གཏོགས་མེད་མཁན་གྱི་མི་ཞིག་གིས་ཐ་མག་རྐང་ཆིག་སྟོང་འཐེན་དབང་དུ་བཏང་ན་མི་དེ་འཆི་བར་མ་ཐུག་པའི་སྐར་མ་དྲུག་སྟོང་ལྷག་གི་སྔོན་དུ་འཆི་དགོས་འབྱུང་གི་ཡོད། བཟོ་གྲྭའི་རྫས་རོ་དང༌། བཙོག་ཆུ། ཞིང་ཁའི་རྫས་ལུད། གྲུ་གཟིངས་ལས་བྱུང་བའི་སྙིགས་རོ་སོགས་བོད་ནས་རྒྱ་ནག་ཏུ་བཞུར་བཞིན་པའི་འབྲི་ཆུར་འགོས་སྟབས། འབྲི་ཆུ་དེ་ཀན་སར་གྱི་ན་ཚ་ཡོད་པའི་རྫས་དུག་གིས་ཁེངས་པ་དང༌། དེས་འབྲི་ཆུ་བཞུར་ཡུལ་གྱི་རྒྱ་ནག་གི་གྲོང་ཁྱེར་ ༡༦༨ ལྷག་ཉེན་ཁར་གནས་དགོས་བཟོས།

ཕྱི་ལོ་༢༠༠༣ ལོར་ལྷོ་ཤར་ཡེ་ཤུ་ཡའི་རྒྱལ་ཁབ་༦༠ ཙམ་ལ་ཉེན་ཚབས་བཟོས་པའི་བྱ་ནད་དང༌། ཕྱི་ལོ་༢༠༠༨ ལོར་རྒྱ་ནག་པེ་ཅིང་དང༌། ཀོང་ཏུང༌། ཀྲེ་ཅིང༌། ཧེ་པེ་དང༌། ཅང་སུའུ། ཧུའི་པེ་སོགས་སུ་བྱུང་བའི་བྱིས་པའི་ནད་ཡམས། ལོ་རེར་མི་གྲངས་ས་ཡ་ ༢ ལྷག་གི་ཚེ་སྲོག་འཕྲོག་བཞིན་ཡོད་པའི་ཊི་བྷི་ན་ཚ། ཆ་སྙོམས་ཉིན་རེར་མི་གྲངས་ ༨༠༠༠ ལྷག་གི་ཚེ་སྲོག་འཕྲོག་བཞིན་པའི་སྲིན་འབུ་འཁྲུགས་པའི་ན་ཚ་(ན་ཚ་འདིས་ཕྱི་ལོ་ ༡༩༨༡ ལོ་ནས་ཕྱི་ལོ་ ༢༠༠༦ བར་མི་གྲངས་ ༢༥༠༠༠༠༠༠ ལྷག་གི་ཚེ་སྲོག་འཕྲོག་པ་དང༌། མི་གྲངས་ ༤༠༠༠༠༠༠༠ ལྷག་ན་ཚ་དེས་བཟུང་ཡོད།)། རྒྱུན་སྤྱོད་གློག་འོད་དང༌། ཁྱིམ་སྤྱོད་གློག་ཆས། རླངས་འཁོར། འབར་རྫས། རྡོ་སྣུམ། སོལ་རླངས། དུག་ཤེད་ཆེ་བའི་དྲོད་རླངས་རྫས་འགྱུར་གྱི་རིགས་བེད་སྤྱོད་ཤུགས་ཆེན་བྱས།

ལྷག་དོན་དྲོད་ཁང་རླངས་རྫས་མང་དྲགས་པས་གོ་ལའི་ལྷོ་བྱང་གི་སྣེ་གཉིས་དང་གླིང་ཆེན་ནུབ་ཁུལ་གྱི་འཁྱག་རོམ་དང་བོད་ས་མཐོའི་འཁྱག་རོམ་གྱི་གསེབ་ཏུ་ཚ་དྲོད་ལྷག་པར་ལངས་སྟབས། གོ་ལ་ཧྲིལ་པོའི་གནམ་གཤིས་ལ་འགྱུར་ལྡོག་ཤུགས་ཆེན་བྱུང་བ་དང༌། གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་ཚ་རླུང་གིས་ས་སྟེང་དུ་ཡོད་པའི་བཙོག་སྙིགས་འདྲ་མིན་གྱི་རླངས་པ་ཁྱེར་ནས་རླུང་ཁམས་དང་འདྲེས་ཁྱབ་ཀྱིས་ལྤགས་ནད་དང༌། སྐྲ་འཐོར་ནད། མིག་ནད། མཁྲིས་ནད། ཚ་ནད་སོགས་ཀྱང་མང་དུ་འབྱུང་བཞིན་ཡོད།
མ་ཟད་ཁོར་ཡུག་བཙོག་སྐྱོན་གྱི་རྐྱེན་པས་སེ་པན་གྱི་ཆམ་ནད་ A/H1N1 (ཆམ་ནད་འདི་ཕྱི་ལོ་ ༡༩༡༨ ལོར་བྱུང་ཞིང༌། ཆམ་ནད་འདི་ཕོག་པའི་མིའི་གྲངས་འབོར་ས་ཡ་ ༥༠༠ དང༌། འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་ས་ཡ་ ༡༠༠ ཡིན།) དང༌། ཨེ་ཤུ་ཡ་ཆམ་ནད་ A/H2N2 (ཆམ་ནད་འདི་ཕྱི་ལོ་ ༡༩༥༦ ལོ་ནས་ ༡༩༥༨ བར་བྱུང་ཞིང༌། ཆམ་ནད་འདི་ཕོག་པའི་མིའི་གྲངས་འབོར་མི་གསལ་ཡང༌། འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་ས་ཡ་ ༢ ཙམ་ཡིན།) ། ཧོང་ཀོང་ཆམ་ནད་ A/H3N2 (ཆམ་ནད་འདི་ཕྱི་ལོ་ ༡༩༦༨ ནས་ ༡༩༦༨ བར་བྱུང་ཞིང༌། ཆམ་ནད་འདི་ཕོག་པའི་མིའི་གྲངས་འབོར་མི་གསལ་ཡང༌། འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་ས་ཡ་ ༡ ཙམ་ཡིན།)།
རྒྱུན་ལྡན་ཆམ་ནད་ A/H3N2, A/ H1N1 (ཆམ་ནད་འདི་ཕོག་པའི་མིའི་གྲངས་འབོར་ལོ་རེར་ས་ཡ་ ༣༤༠ ནས་ཐེར་འབུམ་ ༡ ཙམ་ཡིན། ད་ལྟའི་བར་འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་འབུམ་ ༥ ཙམ་ཡིན།)། ཕག་པའི་ཆམ་ནད་ A/H3N2 (ཆམ་ནད་འདི་ཕྱི་ལོ་ ༢༠༠༩ ལོར་བྱུང་ཞིང༌། ཆམ་ནད་འདི་ཕོག་པའི་མིའི་གྲངས་འབོར་ས་ཡ་ ༢ ལྷག་ཡིན། འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་ད་ལྟའི་ཆར་ ༥༧༠༠ ཡིན།) སོགས་ཀྱིས་མཚོན་ཆམ་ནད་ཀྱི་རིགས་ཀྱང་མང་དུ་བྱུང་དང་འབྱུང་བཞིན་པ་དང༌། ཆམ་ནད་དེ་དག་ཁྱོན་བསྡོམས་མི་གྲངས་ཐེར་འབུམ་གཅིག དང་ས་ཡ་ལྔ་བརྒྱ་བཅུ་བཞིར་ཕོག་པ་དང༌། དེ་དག་ལས་མི་གྲངས་ས་ཡ་ ༡༠༣’༥༠༥’༧༠༠ ལྷག་འཆི་སྐྱོན་གྱི་གནས་བབ་ལས་ཐར་ཐུབ་མེད།

རང་བྱུང་འབྱུང་བའི་གནོད་འཚེ་དང༌། ནད་ཡམས་འདྲ་མིན་གྱིས་འཆི་བ་ཙམ་མ་ཡིན་པར། སོག་པོའི་རྒྱལ་པོ་གོ་ཏན་གྱིས་ལོ་བཅུ་གཉིས་རེའི་མཚམས་སུ་ལོ་ངོ་དགུ་ཡན་ཆད་ཀྱི་བྱིས་པ་ཡོད་ཚད་རྒྱ་མཚོར་གཡུག་བཞིན་པ་དང༌། ཧི་ཀྲི་ལར་གྱིས་འཇུའུ་མི་རིགས་ས་ཡ་དྲུག་ལ་ཉེ་བ་མེར་བསྲེགས་པ། ཕྱི་ལོ་ ༡༩༩༣ ཚུན་དུ་འཛམ་གླིང་དངུལ་ཁང་གིས་བརྗོད་པ་ལྟར་རྒྱ་དཀར་ནག་གཉིས་སུ་བུད་མེད་ས་ཡ་ ༥༣ ལྷག་འཕྲོད་བསྟེན་དང་ཟས་བཅུད་ཀྱིས་མ་འདང་བར་ཤི་བ། ཁྲིམས་འོག་དང་འཇིགས་སྐུལ་རིང་ལུགས་པས་བསད་པ། ལྷག་པར་དུ་ཀྲུང་གོ་དང་འཇར་མན་བར་གྱི་དམག་འཁྲུག འཛམ་གླིང་དམག་ཆེན་དང་གཉིས། ཨུ་རུ་སུའི་གསར་བརྗེ་དམག་འཁྲུག ཨེ་རག་གི་དམག་འཁྲུག ཨ་ཧྥི་གྷ་སི་ཐཱན་གྱི་དམག་འཁྲུག རྒྱ་གར་དང་པ་ཀི་སུ་ཐན་བར་གྱི་དམག ཀོ་རི་ཡའི་ནང་འཁྲུག ཨ་ཕི་རི་ཀའི་ར་ཝན་ཌ་རྒྱལ་ཁབ་ཀྱི་ནང་འཁྲུག་སོ་སོའི་སྐབས་སུ་མེ་སྒྱོགས་དང་འབར་རྫས་འདྲ་མིན་གྱིས་མི་འབོར་ས་ཡ་མང་པོ་དམར་གསོད་དང་མུག་ཤིར་ཐེབས་བཅུག་པ་མ་ཟད། སྐབས་དེ་དང་དེར་མེ་སྒྱོགས་དང་འབར་རྫས་འདྲ་མིན་ཚོད་མེད་ཀྱིས་བེད་སྤྱོད་ཤུགས་ཆེན་བྱས་སྟབས། སའི་གོ་ལའི་གདོང་ཤིན་གྱི་ཕྱོགས་ཡོངས་རྩབ་རལ་ཆེན་པོ་བཟོས་པ་སོགས་སའི་གོ་ལའི་སྟེང་གི་མི་ཤི་རྟ་འགྱེལ་གྱི་འཇིགས་པ་འདིར་བསམས་ན་ཡིད་ཆེས་དཀའ་བ་ལྟ་བུ་ཞིག་རེད།

༼མུ་འགོད།༽

རྩོམ་རིག

Post navigation

Previous Post: བོད་ཀྱི་ཕྲུ་གུ་ཚོར་བོད་སྐད་སློབ་ཐབས།
Next Post: ངེས་པ་དོན་གྱི་ཞི་བདེའི་ལམ་སྟོན་པ་རྗེས་དྲན།

Comments (6) on “ཁོར་ཡུག་གཏོར་བཤིག་བཏང་བའི་ཚབས་ཆེའི་མཇུག་འབྲས་གླེང་བ།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-12-08 at 4:44 am

    རང་ཉིད་གང་དུ་གནས་པའི་ཁོར་ཡུག་གཙང་མར་འཇོག་པའི་བྱ་བ་མི་བསམ་བློ་ཡོད་པ་ཚང་མས་བརྩོན། བཅོམ་ལྡན་འདས་ཀྱིས་ཀྱང་རང་ཉིད་ཀྱིས་རྒྱལ་བྱེད་ཚལ་འཕྱག་པར་མཛད་ཅིང་། གད་བརྒྱབས་ཏེ་ས་གཞི་གཙང་མར་བྱེད་པ་ལ་་ལ་ཕན་ཡོན་ལྔ་ཡོད་པར་གསུངས།
    ཆབ་ཚང་འཇམ་དཔལ་མཆོག་གིས་ཁོར་ཡུག་ལ་གནོད་འཚབས་ཇི་ལྟར་འབྱུང་སྟངས་ཤེས་པར་བྱས་ཏེ། དེ་དག་འགོག་ཐབས་ལ་འབད་དགོས་པ་གལ་ཆེ་བས་བོད་སྐད་དུ་ཡང་འདི་ལྟ་བུའི་རྩོམ་ཡིག་བྲིས་པ་ལ་དགའ་བསུ་ཞུའོ།
    ཞར་དུ། རྩོམ་ཡིག་འདིར་བོད་ཀྱི་རིག་གཞུང་སྐད་ཀྱི་ལུས་པོ་ཟ་མཁན་གྱི་ཤིག་དང་སྲོ་མ་ཀུན་སེལ་བར་བྱེད་ན། “མ་ཟད་ཁོར་ཡུག་བཙོག་སྐྱོན་གྱི་རྐྱེན་པས་སེ་པན་གྱི་ཆམ་ནད་ལྷག་འཕྲོད་བསྟེན་དང་ཟས་བཅུད་ཀྱིས་མ་འདང་བར་ཤི་བ། ་་་ ཐེབས་བཅུག་པ་མ་ཟད” ཅེས་པ་ལ་སོགག་པ་བོད་རིག་གཞུང་སྐད་དུ། འདི་ལྟར་འབྲི་དགོས་ཏེ། “དེར་མ་ཟད་ཁོར་ཡུག་བཙོག་སྐྱོན་གྱི་རྐྱེན་གྱིས་སེ་པན་གྱི་ཆམ་ནད་ལྷག་འཕྲོད་བསྟེན་དང་ཟས་བཅུད་ཀྱིས་མ་ལྡང་བར་ཤི་བ། ་་་ ཐེབས་བཅུག་པར་མ་ཟད།” ཅེས་པ་སོགས་སོ།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-12-08 at 6:51 am

    ་་་་་་་ ཐ་མག་རྐང་གཅིག་འཐེན་པས་མི་ཞིག་གི་མི་ཚེའི་ནང་ནས་དུས་ཡུན་སྐར་མ་དྲུག་རེ་ཐུང་དུ་འགྲོ་བཞིན་པ་ཚོད་དཔག་བྱས་ཡོད།
    དེར་བལྟས་ན། མི་ལོ་ལྔ་བཅུའི་ཚེ་ཚད་མ་གཏོགས་མེད་མཁན་གྱི་མི་ཞིག་གིས་ཐ་མག་རྐང་ཆིག་སྟོང་འཐེན་དབང་དུ་བཏང་ན་མི་དེ་འཆི་བར་མ་ཐུག་པའི་སྐར་མ་དྲུག་སྟོང་ལྷག་གི་སྔོན་དུ་འཆི་དགོས་འབྱུང་གི་ཡོད། ་་་་་་་་་་

  3. ཀརྡོ་གཉེར་ཕྱག་པ་ says:
    2013-12-08 at 7:08 am

    ཁོར་ཡུག་སངས་རྒྱས་བྱང་སེམས་བྱིན་རླབས་གནས། །
    ཁོར་ཡུག་སྐྱེ་འགྲོ་ཡོངས་ཀྱི་འཚོ་སའི་གནས། །
    ཁོར་ཡུག་མི་གཙང་ན་ཚ་འབྱུང་བའི་གནས། །
    ཁོར་ཡུག་གཙང་ན་ལུས་བདེ་སེམས་གསལ་གནས། །

  4. གནམ says:
    2013-12-08 at 11:01 am

    ཀ་རྡོ་འདི་འདྲ་ཞིག་ཨེ་རེད།
    རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གྱོང་གུད་མེད་ན།
    ནད་པ་ལ་སྒོར་མོ་སྐར་མ་གང་གི་རོགས་སྐྱོར་མེད་སའི་རྒྱལ་ཁབ་བོད་ལྟ་བུ་ཡིན་ན།
    སྔ་འཕྱི་ག་དུས་ཤི་ན་འདྲ། ཤི་སྟངས་གང་འདྲ་ཡིན་ན་འང་འདྲ། ཐ་མ་འཐེན་མི་འཐེན་ནི་དོ་བདག་རང་ལ་རག་ལས་བའི་ཐག་གཅོད་ཞིག་རེད།
    དམིགས་ཡུལ་གྱི་འོས་འགན་མེད་ན། མྱིས་བཤད་བཤད་པོའི་རྗེས་སུ་རྒྱུག་རྐྱང་བྱེད་པ་ནི། རང་ཚོད་རང་གི་གཞལ་མ་ཡིན་ནམ།
    དོན་གྱིས་འགྲོ་བའི་ཚེ་སྲོག་ལ་སེམས་ཚབ་ཆེ་ན། ཟ་མི་ཉན་པའི་ཚལ། ཤ། ཆང་། སྨན། ད་དུང་དུག་ཅན་མིང་པོ་ཞིག་ལ་གསལ་བཤད་བྱེད་རྒྱུ་ལྷག་ཡོད་པ་རེད། དེ་དག་ཤེས་ཡོད་དམ།

  5. ཀརྡོ་གཉེར་ཕྱག་པ་ says:
    2013-12-09 at 8:59 am

    ཁོར་ཡུག་གནོད་པ་སྡིག་པའི་ལས། །
    ཁོར་ཡུག་གནོད་པ་འཚེ་བའི་ལས། །
    ཁོར་ཡུག་གནོད་པ་རྨོངས་པའི་ལས། །
    ཁོར་ཡུག་གནོད་པ་རྗེས་ལུས་ལས། །

  6. ཀརྡོ་གཉེར་ཕྱག་པ་ says:
    2013-12-09 at 9:11 am

    དཔལ་འབྱོར་འདོད་རྔམས་ཆེ་བས་ཁོར་ཡུག་གནོད། །
    དཔལ་འགྲན་བསྡུར་ཆེ་བས་ཁོར་ཡུག་གནོད། །
    མི་རབས་རྗེས་མ་བརྗེད་པས་ཁོར་ཡུག་གནོད། །
    མི་རྒྱང་རིང་་པོ་མེད་པས་ཁོར་ཡུག་གནོད། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme