Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་ཐུར་བསྟན་གྱི་ཤེས་ཡོན་དང་ཆབ་སྲིད་ཀྱིས་ཕོངས་འབྲས།

Posted on 2013-12-052013-12-05 By ཁ་བརྡ་ 6 Comments on ཁ་ཐུར་བསྟན་གྱི་ཤེས་ཡོན་དང་ཆབ་སྲིད་ཀྱིས་ཕོངས་འབྲས།

ཁྲི་རལ་པ།

རྒྱ་གར་གྱི་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ནང་རྩ་བའི་གཞོན་སྐྱེས་ཚོ་ཤེས་ཡོན་སྲིད་ཇུས་མི་འདྲ་བ་ཁ་ཤས་ཀྱི་འོག་འཚར་ལོངས་བྱུང་གི་ཡོད་ཅིང་། མང་ཆེ་ཤོས་དེ་སྔ་ཨིན་ཇིས་གཏན་འབེབས་ཀྱི་རྒྱ་གར་ཤེས་ཡོན་ལམ་ལུགས་སྟེང་སློབ་སྦྱོང་འཐོབ་བཞིན་པ་རེད། འོན་ཀྱང་། རེ་ཟུང་གིས་ཡེ་ཤུས་ཆོས་ལུགས་ཀྱི་སློབ་གྲྭ་ཁག་ནང་ནུབ་ཕྱོགས་དེང་རབས་དང་གནའ་དུས་ཀྱི་སློབ་གསོ་མཉམ་དུ་འཐོབ་མྱོང་ཡོད། ཡང་ཁ་ཤས་བར་ལམ་བཀའ་ཤག་བཅུ་གསུམ་པས་གཏན་འབེབས་ཀྱི་ཤེས་ཡོན་སྲིད་ཇུས་གསར་པའི་འོག་འཚར་ལོངས་བྱུང་བཞིན་པ་རེད། དེ་ཚོ་ལས་དོན་དངོས་སུ་རྒྱ་གར་ཡེ་ཤུས་ཆོས་སྤེལ་སློབ་གྲྭ་ཁག་ནས་འཐོན་པའི་སློབ་ཕྲུག་ཚོར། ཨིན་ཇིའི་སྐད་ཡིག་གནས་ཚད་དང་གོ་རྟོགས། བསམ་བློ་ཡར་འཐོན་བཅས་ཡག་པོ་ཡོད་པ་མ་ཟད། མདུན་ལམ་དང་རང་འཁྲིའི་ལས་དོན་ཀྱང་ཡག་པོ་སྒྲུབ་བཞིན་པ་རེད།

ཡིན་ནའང་། མི་དེ་རིགས་གྲངས་ཉུང་ཡིན་པ་དང་བོད་གཞོན་བྱིངས་བོད་ཁྱིམ་དང་CSTསོགས་སློབ་གྲྭ་ཁག་བརྒྱད་ཅུ་ཙམ་ནས་འཐོན་གྱི་ཡོད་ལ། སློབ་གྲྭ་དེ་ཚོའི་ནང་དགེ་རྒན་སྤུས་ཚད་ཞན་པོ་དང་འགན་འཁུར་གྱི་བསམ་བློ་ཞན་པོ། བཙན་བྱོལ་སྤྱི་ཚོགས་སྤྱིར་སློབ་སྦྱོང་གི་འཁོར་ཡུག་སྐྱོ་དྲག་པ། ཕ་མ་ཚོར་ཕུགས་རྒྱང་རིང་བོའི་བསམ་བློ་དང་ཕྲུ་གུར་སློབ་གསོའི་ནུས་པ་མེད་པ། ལྷག་པར་ཕ་མ་དང་ཕྲུ་གུའི་བར་འབྲེལ་ལམ་ཉུང་དྲག་རྐྱེན་ཕན་ཚུན་བར་དེ་ཙམ་བརྩེ་སེམས་དང་གུས་ཞབས་མེད་པས། ཕྲུ་གུ་ཚོ་ཆེན་པོར་འཚར་ཀྱང་བསམ་བློ་རང་རྐང་ཚུགས་པ་དང་ནར་སོན་མི་ཐུབ་པར།མང་པོ་ཅིག་ཁྲ་ཟིང་ནང་འཁོར་རྒྱུ་མང་ཆེ་སྟེ་རང་མགོ་མི་འཐོན་པའང་མང་པོ་ཡོང་གི་ཡོད་རེད།

གང་ལྟར་སློབ་གསོ་དེ་འདྲའི་འོག་གི་བཙན་བྱོལ་ལས་སྣེ་ཚོར་གཅིག་ནས་བོད་ནང་གི་གནས་ཚུལ་དངོས་དང་བོད་ཀྱི་སྐོར་ཆ་རྒྱུས་ཧ་ཅང་ཆུང་བས། ཆབ་སྲིད་སྟེང་རྒྱུན་ལྡན་གྱིས་དུས་ཚོད་གཏོང་རྒྱུ་དང་འཚོ་བ་སྐྱེལ་རྒྱུ་ཙམ་མ་གཏོགས། མདུན་མཆོངས་དང་གསར་འགྱུར།གཞན་ལ་བག་ཆགས་དང་ཤུགས་རྐྱེན་གཏིང་ཟབ་འཇོག་ཐུབ་པ་སོགས་ཀྱི་འཇོན་ནུས་མེད་པ་མངོན་གསལ་རེད།
གཉིས་ནས་བོད་མིའི་སྐད་ཡིག་རིག་གཞུང་དང་བཅས་པར་ཆ་རྒྱུས་ཞན་སྟབས། རྒྱ་ནག་གཞུང་གིས་རིག་གཞུང་རྩ་གཏོར་སོགས་ཕ་རོལ་པོར་སྐྱོན་བརྗོད་མ་ཎི་བགྲང་བ་ལྟར་བྱས་བསྡད་པ་ཁག། རང་ལ་དཔེ་བླངས་སྐབས་གཞན་གྱིས་ཡིད་ཆེས་དཀའ་མོ་དང་ཁྲེལ་དགོད་ཀྱང་ཤོར་གཞིར་གྱུར་ཡོད།
གསུམ་ནས་ནུབ་ཕྱོགས་ལ་སྐྱབས་འཚོལ་གྱི་བསམ་བློ་ཁོ་ན་ཙམ་ལད་ཟློས་བྱེད་པ་ལས་རྒྱ་ནག་མིའི་གཤིས་སྤྱོད་སྤྱི་བྱེ་དང་། དགོས་གུང་བྲན་གྱི་ཆབ་སྲིད་འགྱུར་འགྲོས། རྒྱ་ནག་གཞུང་གི་རྙོག་འཛིངས་ཆེ་བའི་སྲིད་ཇུས་བཅས་ལ་ཉམས་མྱོང་རྒྱུས་མངའ་མེད་པར། ནམ་རྒྱུན་འགག་རྩའི་དུས་སུ་གནད་ལ་ཕོག་པའི་ལམ་སྟོན་དང་གསར་གཏོད་མདུན་བསྐྱོད་བྱེད་མི་ཐུབ་པ་དེས། བོད་ནང་གི་བོད་མི་ཚོས་རང་སྲོག་བཏང་བར་བཙན་བྱོལ་ནང་ཁོང་ཚོའི་དམིགས་ཡུལ་ཐོག་རྩོད་རྙོག་སྣ་ཚོགས་ཡོང་བ་མ་གཏོགས། ཁོང་ཚོའི་དགོས་འདུན་སྒྲུབ་པར་ལམ་ཁ་སྟོན་ཐུབ་མཁན་དང་ལག་ལེན་གནད་ལ་ཕོག་པ་སྟོན་ཐུབ་མཁན་མེད་པ་རེད།

ལྷག་པར་བཙན་བྱོལ་ནང་རང་དབང་ལ་ཁག་བཞག་སྟེ་ཐོབ་ཐང་རྩོད་མཁན་དང་གང་བྱུང་བསམ་འཆར་ཡ་མ་གཟུགས་སྣ་ཚོགས་བརྗོད་མཁན་མང་པོ་ཡོད་པ་ལས། གལ་ལ་ཐུག་དུས་བློས་གཏོང་ཐུབ་པ་དང་ལྷག་བསམ་ཅན་ཉུང་དྲགས་ཏེ་ནང་ཁུལ་སྐྱོན་བརྗོད་བྱེད་རེས་མང་དྲགས་རྐྱེན། རྡོག་རྩ་གཅིག་སྒྲིལ་གྱི་ནུས་པ་འདོན་མི་ཐུབ་པར་གཡག་རྭ་སྒྱེ་ནང་དུ་བླུགས་པ་ལྟ་བུར་གྱུར་ཡོད། རྒྱུ་མཚན་དེ་འདྲར་བརྟེན་བོད་ནང་གི་མི་ཚོས་བཙན་བྱོལ་ནང་རེ་བ་སྟོང་པ་བཅིངས་རྒྱུ་མཚམས་བཞག་སྟེ། སོ་སོས་རང་འགོ་འདོན་རྒྱུར་འབད་བརྩོན་བྱས་ན་རེ་བ་གསར་པ་ཅིག་ཡོད་ངེས་ཅན་རེད་མ་གཏོགས། དེ་སྔ་ལྟར་བཙན་བྱོལ་ཆབ་སྲིད་པ་ཚོར་རེ་ལྟོས་འཆའ་བ་ནི་ལོང་བའི་རྗེས་སུ་ལོང་མོ་འབྲངས་པ་བཞིན་ཡིན་པ་གོ་བརྡ་འཕྲོད་ན་ཡག་པོ་རེད།།

རྩོམ་རིག

Post navigation

Previous Post: ཀྲུའུ་ཝའེ་ཆོན་གྱིས་གསང་གནད་ཕྱི་གྱར་བྱས་པ།
Next Post: བོད་ཀྱི་གློག་བརྙན་རྙིང་པ་ཞིག

Comments (6) on “ཁ་ཐུར་བསྟན་གྱི་ཤེས་ཡོན་དང་ཆབ་སྲིད་ཀྱིས་ཕོངས་འབྲས།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-12-05 at 2:56 pm

    ་་་་་་ རྒྱུ་མཚན་དེ་འདྲར་བརྟེན་བོད་ནང་གི་མི་ཚོས་བཙན་བྱོལ་ནང་རེ་བ་སྟོང་པ་བཅིངས་རྒྱུ་མཚམས་བཞག་སྟེ། སོ་སོས་རང་འགོ་འདོན་རྒྱུར་འབད་བརྩོན་བྱས་ན་རེ་བ་གསར་པ་ཅིག་ཡོད་ངེས་ཅན་རེད་མ་གཏོགས། དེ་སྔ་ལྟར་བཙན་བྱོལ་ཆབ་སྲིད་པ་ཚོར་རེ་ལྟོས་འཆའ་བ་ནི་ལོང་བའི་རྗེས་སུ་ལོང་མོ་འབྲངས་པ་བཞིན་ཡིན་པ་གོ་བརྡ་འཕྲོད་ན་ཡག་པོ་རེད།། ་་་་་་་

  2. རྒྱང་རིང་གི་ཕུག་རོན་དཀར་པོ་ says:
    2013-12-05 at 5:34 pm

    ཞེ་དྲག་ཡག་པོ་གསུངས་འདུག། གནད་ལ་འཁེལ་བ་ཞིག་གསུངས་འདུག། རྡ་རམ་ས་ལའི་ཆབ་སྲིད་ཀྱི་སྟོང་ཉིད་རྟོགས་འདུག།

  3. བསྟན་འཛིན་ཆོས་འཛོམས་ says:
    2013-12-06 at 6:13 am

    བཞུགས་སྒར་གྱི་སྒྲིག་འཛུགས་ཀྱིས་ངེས་པར་དུ་བཙན་བྱོལ་ནང་གི་ཤེས་ཡོན་དང་ཆབ་སྲིད་ཁ་ཕྱོགས་དེར་བསྐྱར་ཞིབ་བྱེད་དུས་སུ་བབ་ཡོད་པ་རེད།།

  4. རྒྱང་མིག says:
    2013-12-06 at 1:53 pm

    བརྗོད་གཞིའི་ཐད་རྒྱབ་སྐྱོར་ཆེན་པོ་ཡོད། རྡ་སའི་རི་ངོགས་ཀྱི་དངོས་དོན་རྟོགས་འདུག ༼སློབ་གསོ་དེ་འདྲའི་འོག་གི་བཙན་བྱོལ་ལས་སྣེ་ཚོར་གཅིག་ནས་བོད་ནང་གི་གནས་ཚུལ་དངོས་དང་བོད་ཀྱི་སྐོར་ཆ་རྒྱུས་ཧ་ཅང་ཆུང་བས། ཆབ་སྲིད་སྟེང་རྒྱུན་ལྡན་གྱིས་དུས་ཚོད་གཏོང་རྒྱུ་དང་འཚོ་བ་སྐྱེལ་རྒྱུ་ཙམ་མ་གཏོགས། མདུན་མཆོངས་དང་གསར་འགྱུར།གཞན་ལ་བག་ཆགས་དང་ཤུགས་རྐྱེན་གཏིང་ཟབ་འཇོག་ཐུབ་པ་སོགས་ཀྱི་འཇོན་ནུས་མེད་པ་མངོན་གསལ་རེད།

    གཉིས་ནས་བོད་མིའི་སྐད་ཡིག་རིག་གཞུང་དང་བཅས་པར་ཆ་རྒྱུས་ཞན་སྟབས། རྒྱ་ནག་གཞུང་གིས་རིག་གཞུང་རྩ་གཏོར་སོགས་ཕ་རོལ་པོར་སྐྱོན་བརྗོད་མ་ཎི་བགྲང་བ་ལྟར་བྱས་བསྡད་པ་ཁག། རང་ལ་དཔེ་བླངས་སྐབས་གཞན་གྱིས་ཡིད་ཆེས་དཀའ་མོ་དང་ཁྲེལ་དགོད་ཀྱང་ཤོར་གཞིར་གྱུར་ཡོད།

    གསུམ་ནས་ནུབ་ཕྱོགས་ལ་སྐྱབས་འཚོལ་གྱི་བསམ་བློ་ཁོ་ན་ཙམ་ལད་ཟློས་བྱེད་པ་ལས་རྒྱ་ནག་མིའི་གཤིས་སྤྱོད་སྤྱི་བྱེ་དང་། དགོས་གུང་བྲན་གྱི་ཆབ་སྲིད་འགྱུར་འགྲོས། རྒྱ་ནག་གཞུང་གི་རྙོག་འཛིངས་ཆེ་བའི་སྲིད་ཇུས་བཅས་ལ་ཉམས་མྱོང་རྒྱུས་མངའ་མེད་པར། ནམ་རྒྱུན་འགག་རྩའི་དུས་སུ་གནད་ལ་ཕོག་པའི་ལམ་སྟོན་དང་གསར་གཏོད་མདུན་བསྐྱོད་བྱེད་མི་ཐུབ་པ་དེས། བོད་ནང་གི་བོད་མི་ཚོས་རང་སྲོག་བཏང་བར་བཙན་བྱོལ་ནང་ཁོང་ཚོའི་དམིགས་ཡུལ་ཐོག་རྩོད་རྙོག་སྣ་ཚོགས་ཡོང་བ་མ་གཏོགས། ཁོང་ཚོའི་དགོས་འདུན་སྒྲུབ་པར་ལམ་ཁ་སྟོན་ཐུབ་མཁན་དང་ལག་ལེན་གནད་ལ་ཕོག་པ་སྟོན་ཐུབ་མཁན་མེད་པ་རེད།༽ཞེས་བརྗོད་པ་ནི་ཧ་ཅང་དྲང་བདེན་རེད།

    དེའི་སྟབས་ཀྱིས་རྡ་སའི་ལས་སྣེ་ཚོས་རང་ངོ་མ་ཟིན་པར་རང་གི་རིན་གོང་རང་ཉིད་ཀྱིས་མར་འབེབ་ཀྱིན་པའི་སྐྱོ་གནས་འདི་བྱུང་བ་རེད། ད་ང་ཚོ་ལ་ཡོད་པ་གཅིག་བུ་དེ་རི་རབ་འདྲ་བའི་བདེན་པ་འདི་ཉིད་ཡིན་ཡང་། དེ་ཡང་དགྱ་ངོ་ལ་བལྟས་ནས་མག་མོག་ཅིག་ཏུ་གྱུར་ཡོད།

  5. རྟེན་འབྱུང་། says:
    2013-12-06 at 4:33 pm

    ཁྲི་རལ་བ་ཅན་ཟེར་བའི་མིང་ཅན་འདིས་རང་ལ་བོད་མིང་བརྗིད་པོ་ཞིག་བཏགས་ནས་རང་རེའི་གཞུང་ལ་ཁ་ཐུར་བསྟན་གྱི་ཆབ་སྲིད་དང་དེའི་ཕོངས་འབྲས་ཞེས་གཞི་མེད་སྐྱོན་བརྗོད་བྱེད་པ་ལ་ང་ཚོས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཟེར་བ་ལྟར་ཁྲི་རལ་བ་ཅན་དང་སྲོང་བཙན་སྒམ་པོ་སོགས་མིང་བརྗིད་པོ་ལ་མི་ལྟོས་པར་ཁོས་གང་བཤད་པ་ལ་རྒྱུ་མཚན་འདུག་མི་འདུག་བལྟ་རྒྱུ་ནི་གལ་ཆེར་མཐོང་སྟེ་བཤད་ན། ཁོས་བོད་མིང་ཞིག་འཁྱེར་ནས་སོ་སོའི་གཞུང་དང་དབུ་ཁྲིད་ལ་གཞི་མེད་ཀྱི་སྐྱོན་བརྗོད་བྱེད་པ་ནི་ཡང་ན་ཀུན་སློང་མ་དག་པའམ་ཡང་ན་ཤེས་ཡོན་གྱི་མིག་གཉིས་ལོང་ཡོད་པ་གསལ་བོ་རེད། ཁོས་གཞིས་བྱེས་གཉིས་ཀྱི་ཤེས་ཡོན་སློབ་སྦྱོང་དང་། རྒྱ་གཞུང་ལ་ངོ་རྒོལ་གྱི་སེམས་ཤུགས། རང་བསྲེགས་ངོ་རྒོལ་སོགས་ལ་མཚུངས་བསྡུར་གྱིས་བོད་ནང་ལས་བཙལ་བྱོལ་བ་ཚོས་གང་ཅིའི་ཐད་ནས་འབྱོན་གྱི་མེད་པ་དང་། ལྷག་ཏུ་བཙན་བྱོལ་བའི་དབུ་ཁྲིད་དང་ལས་བྱེད་ཁག་ལའང་སྐྱོན་བརྗོད་ཤུགས་ཆེར་བྱེད་འདུག། བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་ཕྱེད་ཀ་ལས་མེད། བོད་ནང་བོད་མི་ས་ཡ་དྲུག་ལྷག་ཡོད་པ་ལ་ལྟོས་ན་བཙན་བྱོལ་བའི་གྲངས་ཀ་བརྒྱ་ཆ་གཉིས་ལས་ཟིན་གྱི་མེད། དེར་བརྟེན་བོད་མི་བརྒྱ་ཆ་གཉིས་ལས་ཟིན་མེད་པའི་བཙན་བྱོལ་བས་བོད་མི་བརྒྱ་ཆ་དགུ་བཅུ་གོ་བརྒྱད་དང་མཚུངས་བསྡུར་གནང་ན་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་རྨང་གཞི། ཆབ་སྲིད་ཀྱི་རྨང་གཞི་མཐོ་བོ་ཡོད་པ་ལོང་བས་ལྟོས་ཀྱང་མཐོང་དགོས་ཚོད་རེད། ལྷག་ཏུ་འཛམ་གླིང་འདིར་མི་འབོར་དང་དཔལ་འབྱོར། ཆབ་སྲིད། གཡོ་འཕྲུལ་སོགས་ལ་རྩེ་མོར་སོན་བཞིན་པའི་རྒྱ་ནག་ལྟ་བུ་ལ་ཁ་ཐུག་གདོང་ཐུག་བཅར་ནས་རྒྱ་ནག་གི་གཡོ་འཕྲུལ་གྱི་ཁྱབ་བསྒྲགས་སོགས་ནུས་མེད་དུ་གཏོང་བ་དང་། རྒྱ་ནག་གི་གདོང་རས་ངོ་མ་འཛམ་གླིང་མི་དམངས་ལ་གསལ་སྟོན་ཐོག་གྲུབ་འབྲས་ཧ་ལས་པ་ཐོན་དང་འཐོན་བཞིན་པའང་ཉི་འོད་སྦར་མོས་འགེབས་མི་ཐུབ་པ་ལྟར་གྱུར་ཡོད། ད་དུང་འཛམ་གླིང་མི་དམངས་ཀྱི་རྒྱབ་སྐྱོར། སོ་སོའི་རིག་གཞུང་འཛམ་གླིང་སྟེང་རིན་ཐང་ངེས་ཅན་ཞིག་ཏུ་བསྐྲུན་ཐུབ་པ། བོད་མི་རིགས་ཀྱང་འཛམ་གླིང་རྒྱལ་ཁབ་གང་ཚར་གནས་པའམ་ཁྱབ་ཐུབ་པ། ཆོས་ལུགས་དང་ཆོལ་ཁ། གཞིས་དང་བྱེས་ཚང་མ་སྔོན་དང་མི་འདྲ་བར་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ཡིན་པ་བཅས་དེ་དག་ཐམས་ཅད་༧གོང་ས་མཆོག་གཙོས་བཙན་བྱོལ་བའི་དབུ་ཁྲིད་གསར་རྙིང་ཆེ་ཆུང་དང་མི་དམངས་ཚང་མས་ཕྱག་རྗེས་ཉག་གཅིག་ཡིན་པ་ལས་ཁྱོད་འདྲ་བ་བོད་ཡིག་འབྲི་ཤེས་ཙམ་ལས་ཤེས་ཡོན་གྱིས་ཕོངས་བ། བོད་མིའི་ཤ་ཁྲག་རས་གསུམ་གྱིས་གྲུབ་ཀྱང་རང་མི་རིགས་ལ་ལག་རྗེས་ཁབ་སྐུད་ཙམ་མེད་པར་རྒྱ་མའི་རྒྱུགས་ཁྱི་དང་དོལ་ཚོགས་ལྟར་ངོ་ཚ་ཁྲེལ་མེད་ཀྱིས་རང་སྐྱོན་རི་ལྟ་བུ་བཞག་ནས་གཞན་སྐྱོན་ཁབ་ཀྱིས་བཙལ་བའི་དཔེ་ལྟར་སོ་སོའི་གཞུང་དང་དབུ་ཁྲིད་ལ་བསྐུར་འདེབས་དང་སྒྲོ་འདོགས་བྱེད་མཁན་ཁྱོད་ལྟ་བུ་ག་ལ་ཡིན། མདོར་ན་བོད་མི་ཞིག་གིས་བོད་གཞུང་དང་དབུ་ཁྲིད་མི་རིགས་ལ་མཐོང་ཆུང་དང་སྐྱོན་བརྗོད་བྱེད་མཁན་དེ་རྒྱ་གུང་བྲན་ལས་ཀྱང་སྡིག་ཅན་ཡིན་པ་ཚང་མས་ཤེས་དགོས་ངེས་རེད། འདི་དང་འདི་འདྲ་བ་ནང་རྒྱ་མའི་རྒྱུགས་ཁྱི་དང་དོལ་ཚོགས་ཚོས་འདྲ་མི་འདྲ་བརྫུས་ནས་ཡོང་དང་ཡོང་བཞིན་ཡོད་པས་གཟབ་རྒྱུ་གལ་ཆེའོ།།

  6. གངས་ལྡོམ། says:
    2013-12-07 at 6:30 am

    བཙན་བྱོལ་ནང་གི་འགོ་ཁྲིད་དེ་ཚོ་ནུས་མེད་ཡིན་པ་གསལ་པོ་གསུངས་འདུག་ག

    ད་བོད་མི་རྣམས་གཉིད་སད་ཡག་ཡིན་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme