Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲོས་ཚོགས་ཀྱིས་བཀའ་ཤག་ལ་འབོད་སྐུལ།

Posted on 2013-12-032013-12-03 By ཁ་བརྡ་ 24 Comments on གྲོས་ཚོགས་ཀྱིས་བཀའ་ཤག་ལ་འབོད་སྐུལ།

ནམ་མཁའ།

བོད་ཀྱི་དུས་བབ་གསར་ཁང་གིས་བཙན་བྱོལ་བོད་མའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞིག་བྱས་བ་བོད་ཀྱི་དུས་བབ་ཐོག་བཀོད་འདུག བཅར་འདྲི་དེ་ནི་ལོ་འདིའི་སྤྱི་ཟླ་༡༠ བའི་ཚེས༡༠ ཉིན་སྐབས་༡༥ གྲོས་ཚོགས་ལྷན་ཚོགས་ཐེངས་དྲུག་པའི་མཇུག་སྒྲིལ་ཉིན་མོ་རེད།

སྤྱིར་དྲི་བ་བརྒྱད་འདུག་ལ། དྲི་བ་བརྒྱད་ཀྱི་ནང་ཚན་དྲི་བ་དྲུག་པའི་ལན་འདེབས་སྐབས་སུ། ཚོགས་གཙོ་མཆོག་གིས་གོ་སྐབས་དང་བསྟུན་ཏེ་བཀའ་ཤག་ལ་འབོད་སྐུལ་ཤུགས་ཆེན་ཞིག་གནང་འདུག་པས། འབོད་སྐུལ་འདི་མ་གནང་གོང་བཙན་བྱོལ་བོད་མི་ཚོ་གཙོ་བྱས་ཏེ་གཞི་ལུས་སྤུན་ཟླ་ཚོས་ཀྱང་སྲིད་སྐྱོང་བློ་སེང་གིས་བོད་རྒྱ་གྲོས་མོལ་བསྐྱར་མཐུད་སྐོར་ལ་ཤུགས་སྣོན་རྒྱག་གི་མེད་པ་མི་སུ་ཞིག་གིས་ཀྱང་ཡིད་ལ་འཆར་ཐུབ་ཡོད་མི་སྲིད་ལ། འཆར་ཐུབ་ཀྱང་ཁ་ནས་བརྗོད་ཐུབ་དཀའ་བ་ཞིག་ཡིན། ང་ཚོ་གཞི་བྱེས་གཉིས་ཀྱིས་བོད་རྒྱ་གྲོས་མོལ་ལ་རེ་སྒུགས་བྱེད་བཞིན་ཡོད་པ་སེང་གེ་བཀའ་ཤག་གིས་ཤེས་ཡོད་ལ། མ་ཟད་ད་རུང་བོད་ཀྱི་དཀའ་ངལ་འདི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་ཞེས་༧གོང་ས༧མཆོག་དང་འཛམ་གླིང་གི་བོད་དོན་རྒྱབ་སྐྱོར་བ་ཨ་རི་དང་ཡོ་རུབ་རྒྱལ་ཁབ་ཚང་མས་བཤད་ཀྱི་ཡོད།

ལྷག་པར་དུ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་ལས་སྣེ་སྲི་ཞུ་བ་བཀའ་ཤག་སྐབས་སྔོན་མ་ཚོས་ཐབས་ལམ་འདྲ་མིན་གྱིས་འབད་བརྩོན་གནང་ཡོད། ཡིན་ན་ཡང་ཐབས་སྐྱོ་བ་ཞིག་ལ།སེང་གེ་བཀའ་ཤག་ནས་མགོ་བཙུགས་ཏེ་བོད་རྒྱ་གྲོས་མོལ་བསྐྱར་མཐུད་ལ་གྲགས་འགུལ་ཅི་ཡང་མེད་པར་འཇམ་ཐིང་ངེར་ལུས་པས།ད་ཐེངས་ཚོགས་གཙོ་མཆོག་འདུག་མ་བཟོད་པར་བཅར་འདྲིའི་གོ་སྐབས་དང་བསྟུན་ཏེ་འབོད་སྐུལ་གནང་དགོས་བྱུང་ཡོད། གལ་སྲིད་སྲིད་སྐྱོང་མཆོག་གིས་བོད་རྒྱ་གྲོས་མོལ་བསྐྱར་མཐུད་སྐོར་ལ་ལོ་གཉིས་ཀྱི་རིང་ཤུགས་སྣོན་རྒྱབ་ཡོད་ཚེ། ཚོགས་གཙོ་ལགས་ཀྱིས་འདི་ལྟར་གསུངས་ཡོད་ངེས་རེད། སྲིད་སྐྱོང་མཆོག་གིས་ད་ལྟ་བར་དུ་བོད་རྒྱ་གྲོས་བསྐྱར་མཐུད་ལ་ཤུགས་སྣོན་རྒྱབ་པ་རེད་ལ། ད་དུང་མུ་མཐུད་ནས་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་ཀྱི་རེད། དེ་ལྟར་མ་ཡིན་པར་བོད་རྒྱ་གྲོས་མོལ་སྐོར་ལ་ཤུགས་སྣོན་རྒྱག་རྒྱུ་གལ་ཆེན་རེད་བསམ་གྱི་འདུག་ཞེས་གསུངས་འདུག་པས། སྐབས་དེའི་དྲི་བ་དང་དྲིས་ལན་གཉིས་གཤམ་གསལ་ལྟར་རེད།

དྲི་བ། སྲིད་སྐྱོང་དང་བཀའ་ཤག་གི་ངོས་ནས་བོད་རྒྱ་འབྲེལ་མོལ་སྐོར་ལ་གྲོས་ཚོགས་ནང་གསལ་བཤད་གནང་བའི་ཐོག་སྐུ་ཉིད་ལ་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། ཁ་སང་གྲོས་ཚོགས་མཇུག་བསྡོམས་ཀྱི་ཚོགས་གཙོའི་གཏམ་བཤད་ནང་བཤད་ཡོད། བོད་རྒྱ་འབྲེལ་མོལ་གྱི་གནས་ཚུལ་དེ་འཛིན་སྐྱོང་བཀའ་ཤག་དང་། ལྷག་པར་དུ་སྲིད་སྐྱོང་གི་འགན་རེད། ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཆ་ཚང་ཡོད་པའི་ཆ་ནས་འབྲེལ་མོལ་བསྐྱར་མཐུད་སོགས་སྲིད་སྐྱོང་གི་ལས་འགན་ཆགས་ཡོད་པ་རེད། འདས་པའི་ཟླ་བ་ཁ་ཤས་ནང་བོད་རྒྱ་འབྲེལ་མོལ་ཐོག་ཤུགས་རྒྱག་གི་ཡོད་ཅེས་གསུངས་ཡོད་པ་རེད། ཡིན་ནའང་དོན་དམ་གྱིས་ག་ཚོད་ཅིག་འགྲུབ་དང་མ་འགྲུབ་ཁ་སང་གྲོས་ཚོགས་ནང་གསལ་བཤད་ཞུས་པ་ལས་ལྷག་ཅིག་ཞུ་རྒྱུ་མེད་པ་གསལ་བོ་རེད། ཚོགས་གཙོའི་རེ་བ་གང་ཡིན་ཟེར་ན། དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་ནག་ལ་འབྲེལ་བ་ཇི་ལྟར་བྱེད་དགོས་པ་དང་། ཕར་ཕྱོགས་ལ་གོ་བརྡ་འཕྲོད་པ་ཞིག་ཇི་ལྟར་བྱེད་དགོས་པ། བོད་རྒྱ་འབྲེལ་མོལ་ཇི་ལྟར་མཐུད་ཐུབ་ས་རེད། དེའི་ཐོག་ལ་ཤུགས་རྒྱག་དགོས་པ་དེ་གལ་ཆེ་ཤོས་རེད་བསམ་གྱི་འདུག འབྲེལ་མོལ་དངོས་སུ་གནང་མཁན་དེ་ལོགས་ཀ་རེད། འབྲེལ་མོལ་མཐུད་མཁན་དེ་ཕྱི་རྒྱལ་གྱི་ཆབ་སྲིད་མི་སྣ་བེད་སྤྱོད་གཏོང་དགོས་པ་ཡིན་ན་འདྲ། བོད་པ་ནང་ཁུལ་དང་རྒྱ་རིགས་ག་རེ་ཡིན་ཡང་ཐབས་ཤེས་གནང་ན་འགྲིག་གི་ཡོད་པ་རེད་བསམ་གྱི་འདུག ད་རེབ་གྲོས་ཚོགས་ནང་གླེང་སློང་གང་འཚམ་བྱུང་བ་རེད། སྤྱི་འཐུས་ཚོའི་དྲི་བ་ཁ་ཤས་ལ་སྲིད་སྐྱོང་གིས་ལན་བསྐྱོན་ཡོད་པ་མ་རེད། དེར་ཚོགས་གཙོའི་སྟངས་འཛིན་སྐབས། སྟབས་བདེ་བོ་མེད་རིགས་ལ་ལན་མ་བརྒྱབ་ན་འགྲིག་གི་རེད་ཅེས་ཞུས་ཡོད་སྟབས་མ་བསྐྱོན་པ་ཡིན་རྒྱུ་རེད།
ཡིན་ན་ཡང་སྲིད་སྐྱོང་མཆོག་ད་རུང་ཡང་སྲིད་སྐྱོང་གི་ཁྲི་ཐོག་ནས་ལོ་རྗེས་མའི་ཕྱི་ཟླ་གསུམ་པ་བར་འགུལ་བསྐྱོད་རྒྱག་འདོད་མེད་པ་གསལ་བོ་རེད།

རྒྱུ་མཚན་ཅིའི་ཕྱིར་ཞེས་ན། ཟླ་སྔོན་མའི་ནང་སྲིད་སྐྱོང་ཨ་རི་ལ་བསྐྱོད་པའི་སྐབས་སུ། ཀུན་གླེང་གསར་བརྙན་ཁང་གིས་བཅར་འདྲི་ཞིག་བྱས་བའི་དུས། སྲིད་སྐྱོང་མཆོག་གིས་ལོ་རྗེས་མའི་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གི་སྲིད་འཛིན་ཞིན་ཅེན་ཕེན་གྱི་ལངས་ཕྱོགས་ལ་བལྟ་གི་ཡིན་ཅེས་ལན་འདེབས་གནང་སོང་བས། སྐབས་དེར་ཕྲན་གྱི་སེམས་སུ་རྒྱ་ནག་གི་སྲིད་ཇུས་ཀྱི་ལངས་ཕྱོགས་དེ་རིང་བཞིན་འགྱུར་མེད་ངང་བསྡད་ཚེ།སེང་གེ་བཀའ་ཤག་ཡང་བོད་རྒྱ་གྲོས་མོལ་ལ་གྲགས་འགུལ་མེད་པའི་ལོ་གཉིས་ཕྱིན་པ་བཞིན་སྡོད་ཀྱི་ཡིན་ནམ་སྙམ་པའི་དྲི་བ་ཞིག་ངམ་ངམ་གྱིས་སླེབས་སོང་། གལ་སྲིད་གྲོགས་པོ་མང་པོ་ཞིག་གིས་ཀུན་གླེང་ཚང་གི་བཅར་འདྲི་དེ་གཟིགས་ཡོད་ཚེ། ཁྱེད་ཅག་གི་སེམས་སུ་ཡང་དྲི་བ་མང་པོ་ཞིག་སླེབས་ཡོད་སྲིད། ཕྲན་གྱིས་འདིར་ཁ་གསལ་བྱས་ཏེ་བཤད་འདོད་པ་ཞིག་ལ།༼བོད་རེ་བས་ཕོངས༽ཟེར་བ་དེ་རེད། ང་ཚོ་བོད་མི་གཞི་བྱེས་གཉིས་ཀྱིས་བཙན་བྱོལ་གྱི་གྲོས་ཚོགས་ལ་རེ་བ་རྒྱབ། གྲོས་ཚོགས་ཀྱིས་སེང་གེ་བཀའ་ཤག་ལ་རེ་བ་རྒྱབ། སེང་གེ་བཀའ་ཤག་གིས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རེ་བ་རྒྱབ། སྲིད་སྐྱོང་བློ་སེང་གིས་རྒྱ་ནག་སྲིད་འཛིན་ཞིན་ཅེན་ཕེན་ལ་རེ་བ་རྒྱབ་ནས་བསྡད་དེ། རེ་བ་མང་པོ་གཅིག་རྗེས་གཅིག་མཐུད་ཀྱིས་ཉི་མ་འཁྱོལ་ཐབས་བྱེད་པ་འདི་ལས་སྐྱོ་བ་ཞིག་མེད་པས། བོད་རེ་བས་ཕོངས་ཟེར་བ་འདི་དངོས་དོན་མཐུན་པའི་གཏམ་ཞིག་རེད་འདོད།

sudkyongསེང་གེ་བཀའ་ཤག་གིས་བོད་རྒྱ་གྲོས་མོལ་བསྐྱར་མཐུད་ལ་ཤུགས་སྣོན་ཙམ་ཡང་མ་རྒྱབ་པར་ལོ་གཉིས་མ་ཕྱིན་པའི་སྔ་རོལ་དུ། སྲིད་སྐྱོང་བློ་སེང་གིས་ང་ཚོས་༧གོང་ས༧སྐྱབས་མགོན་རིན་པོ་ཆེ་མཆོག་བོད་ལ་གདན་འདྲེན་ངེས་བར་དུ་ཞུ་ཐུབ་བྱེད་དགོས་ཞེས་གཏམ་བཤད་གནང་དུས། བོད་གཞི་བྱེས་གཉིས་ཀྱིས་སེམས་སུ་སྙིང་སྟོབས་རྒྱས་ཏེ། སྙིང་སྟོབས་ཀྱི་མེ་དཔུང་གཞི་བྱེས་གཉིས་ཀ་ནས་འཕྱུར་བ་རེད། སྐབས་དེར་བོད་གཞི་བྱེས་གཉིས་ནས་བོད་རྒྱ་གྲོས་མོལ་བསྐྱར་མཐུད་ལ་ཐབས་ལམ་ཙམ་ཡང་མ་བཙལ་བར་ལོ་གཉིས་འགོར་རྒྱུ་ཡིན་པ་སུས་ཀྱང་ཡིད་ལ་ཤར་མྱོང་མེད་ལ།

འཛམ་གླིང་གི་སྲིད་འཛིན་དག་གི་མཚན་ནས་འབོད་སྟངས་ལས་བརྒལ་ཏེ། འུར་བསྟོད་ལ་དགའ་བའི་བཙན་བྱོལ་སྤྱི་ཚོགས་ཀྱིས་སློབ་འབྲས་ལག་ཁྱེར་གྱི་༼མཁས་དབང་༽བློ་བཟང་སེང་གེ་ཞེས་སྲིད་ཐོབ་གོ་གནས་ཀྱི་སྲིད་སྐྱོང་གི་མིང་གི་སྟེང་ལ་སྣོན་མ་འདྲ་རྒྱབ་སྟེ་འབོད་ཀྱི་ཡོད། ཡིན་ན་ཡང་དེ་རིང་མཁས་དབང་བློ་བཟང་སེང་གེ་སྲིད་སྐྱོང་གི་ཁྲི་ཐོག་ན་བོད་རྒྱ་གྲོས་མོལ་བསྐྱར་མཐུད་ཀྱི་ཐབས་ལམ་ལྕགས་སྒམ་གྱི་ནང་དུ་བཅུགས་ཏེ། རྒྱ་ནག་གི་སྲིད་འཛིན་ཞིན་ཅེན་ཕིན་གྱི་སྲིད་ཇུས་ལངས་ཕྱོགས་ཀྱི་འགྱུར་བ་ལ་རེ་སྒུགས་བྱས་ཏེ་སྡོད་རྒྱུ་ཡིན་པ། སྐབས་དེར་སུ་ཞིག་གི་སེམས་སུ་དྲན་ཡོད་ཀྱི་མ་རེད་ལ་དྲན་ཕོད་ཀྱི་ཡང་མ་རེད། བཅའ་འདྲིའི་གོ་སྐབས་དང་བསྟུན་ཏེ་ཚོགས་གཙོ་ལགས་ཀྱིས་སྲིད་སྐྱོང་བློ་སེང་ལ་འབོད་སྐུལ་གནང་བར་དུ།ཕྲན་ལྟ་བུ་དག་གིས་རྒྱ་ནག་སྲིད་གཞུང་གིས་ཡ་ལན་མེད་པ་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལས། སྲིད་སྐྱོང་བློ་སེང་གིས་བོད་རྒྱ་གྲོས་མོལ་བསྐྱར་མཐུད་ལ་ཤུགས་སྣོན་མ་རྒྱབ་པར་རེ་སྒུགས་བྱས་ཏེ་ལུས་ཡོད་པ་ཤེས་མེད་ལ། ཡིད་ལ་ཡང་དྲན་མ་མྱོངས་བས་ད་ཐེངས་ཀྱི་ཚོགས་གཙོས་འབོད་སྐུལ་འདིས་བྱེས་ཀྱི་བོད་རིགས་ཤེས་ཡོན་ཅན་མང་པོ་ཧ་ལས་སུ་བཅུགས་ཡོད་པར་སྙམ།

སྲིད་སྐྱོང་བློ་སེང་གིས་བོད་རྒྱ་གྲོས་མོལ་བསྐྱར་མཐུད་ཀྱི་ཐབས་ལམ་རྒྱུན་བསྲིངས་སྟངས་ལ་གཞིགས་ཚེ། དབུས་གཙང་སྤྱི་འཐུས་ངྷ་སའི་བདེ་དོན་ཟླ་བ་ཚེ་རིང་གིས་།བོད་ལ་རང་དབང་ཐོབ་ཀྱང་སྤྱི་འཐུས་ཚུན་ནས་བཟུང་བོད་མི་མང་པོ་ཞིག་བོད་ལ་ལོག་གི་མ་རེད་ཟེར་བའི་གཏམ་དེ་བདེན་པའི་ར་སྤྲོད་བྱེད་ཐུབ་ཀྱི་འདུག ཡིན་ན་ཡང་འདིར་བཤད་འདོད་པ་ཞིག་ལ། ངྷ་སའི་བདེ་དོན་ཟླ་བ་ཚེ་རིང་དང་སེང་གེ་བཀའ་ཤག་སོགས་ཕ་ཡུལ་ལ་དུང་ཞེན་མེད་པའི་བཙན་བྱོལ་བོད་མི་མང་པོ་ཞིག་བོད་ལ་ལོག་འདོད་མེད་ན་ཡང་། ༧གོང་ས༧མཆོག་གཙོ་བྱས་བའི་བོད་མི་མང་པོ་ཞིག་ཕ་ཡུལ་དུ་ལོག་འདོད་ཡོད་པ་ཐེ་ཚོམ་མེད་པ་ཞིག་ཡིན་ཅེས་ངས་སྤོབས་པ་ཆེན་པོས་བཤད་ཀྱི་ཡོད།

སྣ་ཚོགས།

Post navigation

Previous Post: བྱམས་བརྩེའི་རིན་ཐང་དང་འབྲེལ་བའི་བྱིས་སྒྲུང་ཚན་པ་གཉིས།
Next Post: སྒྱུ་འཕྲུལ་ལྟ་བུའི་ང་།

Comments (24) on “གྲོས་ཚོགས་ཀྱིས་བཀའ་ཤག་ལ་འབོད་སྐུལ།”

  1. པདྨ་འཕྲིན་ལས། says:
    2013-12-03 at 2:43 pm

    སྐད་ཆ་བདེན་པ་རེད། ཐུགས་རྗེས་ཆེ་ཞུ་འདོད་བྱུང། ངའི་བསམས་པར་སེང་གི་བཀའ་ཤག་ལ་བོད་རྒྱ་གྲོས་མོལ་བསྐྱར་གསོལ་བྱེད་འདོད་མེད་པ་མ་རེད་བསམས། འོན་ཀྱང་ེསེང་གེ་བཀའ་ཤག་ལ་བོད་རྒྱ་གྲོས་མོལ་ཡོངས་ཐབས་ལ་ནུས་པ་དང་འཇོན་ཐེང་མི་འདུག་ལ་ལྷག་པར་རྒྱ་ནག་གནས་སྟངས་ཕར་ཤོག་བཙན་བྱོལ་སྤྱི་ཚོགས་ལེགས་པོ་མི་ཤེས་དུས་སྐད་ཆ་འརྫིད་པོ་བཤད་གྱི་མ་གཏོགས་གཞན་ཅང་བྱེད་ཐུབ་གི་མ་རེད། ལོ་ངོ་གཉིས་ཕར་ལ་ཤོག་མ་འོངས་པའི་ལོ་གསུམ་འདི་སྟར་འགྲོ་རྒྱུ་ཡིན་པ་མཐོང་ཐུབ་གི། ལོ་ལྔ་ཡི་རྗེས་སུ་སྲིད་སྐྱོང་རང་དང་བཀའ་བློན་རྣམ་པའི་མིང་བོད་ཀྱི་ལོ་རྒྱུས་ནང་དུ་བཀོད་ཐུབ་པ་རེད་མ་གཏོགས་བོད་མི་རིགས་གི་བད྄ེ་སྡུག་དང་ལྷག་པར་བོད་ནང་གི་བོད་མི་ཚོའི་ཆེད་དུ་ལས་ཀ་གང་ཡང་བྱེད་ཐུབ་གྱི་མེད་པ་གསལ་པོ་རེད། ད་ལྟའི་བཀའ་ཤག་ནང་སྲིད་སྐྱོང་གཙོས་བཀའ་བློན་ཚད་ལྡན་གཅིག་ཀྱང་མི་འདུག་ལ། གཅིག་ལས་གཅིག་སྐྱོ་རྐྱང་རྐྱང་རེད།

  2. ཕུག་རོན། says:
    2013-12-03 at 2:48 pm

    ངས་བལྟས་ན། འབྲེལ་མོལ་བོད་པ་གཅིག་པུས་བསྐྱར་གསོ་གནང་ཆོག་ཆོག་ཅིག་རྩ་བ་ནས་ཡོད་པ་མ་རེད། འཆར་ལོའི་ཕྱི་ཙླ་གསུམ་པའི་རྗེས་ད་དུང་འབྲལ་མོལ་མཐུད་མ་ཐུབ་ཚེ། ང་ཚོས་སྲིད་སྐྱོང་མཆོག་ནག་འདེད་བྱས་ཆོག

  3. བོད་ཁམས་སྡེ་ says:
    2013-12-03 at 5:09 pm

    ཚོགས་གཙོས་གསང་སྤྱོད་ནང་དུ་སྐྱག་པ་གཏོང་བ་ཡན་ཆོད་ལ་དྲི་བཟང་ཁ་བ་དང་ སྲིད་སྐྱོང་མཆོག་ནས་ནམ་ཉིན་མཚན་གཉིས་ཀ་བོད་སྤྱི་བའི་དོན་དུ་ཕྱག་ལས་གནང་གི་ཡོད་ནའང་ད་དུང་མི་མཐོང་བ་དེ་དངོས་གནས་གོད་མོ་ཤོར་ཡ་རང་ལས་མ་འདས།

  4. རོང་བཙན། says:
    2013-12-03 at 7:39 pm

    བོད་པའི་སྲིད་དོན་པ་དང་ལྷག་པར་དུ་དབུ་ལམ་པ་འདི་ཚོའི་སྟོང་བསམ་དང་སེམས་ཚོར་རྐྱང་པས་རྒྱ་དམར་དང་མཉམ་དུ་གྲོས་མོལ་བྱེད་ཆོག་ཆོག་ཞིག་ཡོད་སྣང་འཆར་བ་ནི་དོན་དངོས་ཐོག་རྒྱ་དམར་འདིས་བཙན་བྱོལ་བོད་པར་ལྟ་ཚུལ་དང་འཛིན་ཚུལ་ཅི་ཡང་མི་ཤེས་པས་རང་འདོད་ཙམ་ལས་མ་འདས། ད་ལྟའི་བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་རྒྱ་བོད་དཀའ་སེལ་གནང་སྟངས་འདིར་རྒྱ་དམར་གྱིས་ཡ་ལེན་མི་སྤྲོད་པ་ཁོ་ཐག་ཡིན་པར་གསལ་གསལ་དག་དག་ཡིན་ཀྱང་། སྲིད་སྐྱོང་གིས་མ་འཇོན་པ་ལས་རྒྱ་བོད་གྲོས་མོལ་ཡོང་རྒྱུ་བོད་མིའི་ལག་ཏུ་ཡོད་སྣང་འཆར་བ་ནི་ཅི་མི་མཚར། བོད་ཀྱི་གོང་ན་མེད་པའི་སྐྱེས་ཆེན་༧གོང་ས་མཆོག་དང་མཁས་དབང་ཟམ་གདོང་རིན་པོ་ཆེ་ཟུང་ནས་མི་ལོ་ལྔ་བཅུའི་ལྷག་གི་རིང་ལ་རྒྱ་བོད་ཞི་གྲོས་ཀྱི་འབྲས་མེད་ཡིན་པ་བཤད་བཞིན་དུ་དེར་བློ་སེང་གིས་ནུས་པ་ཐོན་རྒྱུ་ཞིག་ཡོད་དགོས་ཚུལ་བཤད་པ་ནི་དེ་ལས་ཀྱང་ཡ་མཚན་ཆེའོ།།

  5. འདྲེ་རྐང་ཐོ། says:
    2013-12-03 at 9:16 pm

    རྒྱ་ནག་གཞུང་གིས་་་སང་ཉིན་ས་ཆ་འདི་ནས་དུས་ཚོད་འདིའི་ཐོག་ལ་བོད་རྒྱ་གྲོས་མོལ་གནང་གི་ཡིན་ད་ཁྱོད་ཚོ་ཤོག་ལབ་ན་་བཀའ་ཤག་གིས་སུ་ཞིག་གཏོང་གི་རེད་དམ། གྲལ་སྒྲིག་ད་རུང་བྱས་མེད་ཚོད་ཡིན།
    བློ་སེང་དང་བཀའ་ཤག་ཁོང་ཚོ་སོང་ཡང་གྲུབ་འབྲས་ཅང་ཡོང་ནི་མ་རེད་ལ་་་་བོད་ནང་ལ་ཡར་རྒྱས་འདི་དང་འདི་བཏང་ཡོད་་་ད་དུང་ཡང་ཡར་རྒྱས་གཏང་རྩིས་ཡོད་་་་ལྷག་པར་དུ་བོད་དེ་གནའ་སྔར་མོ་ནས་རྒྱ་ནག་གི་ཁོངས་གཏོགས་ཡིན་སྐོར་ལུང་བ་གང་ལབ་ཡོང་དུས། བཀའ་ཤག་ཁོང་ཚོས་ལན་འདེབས་གནད་ལ་ཁེལ་བ་ཞིག་རྒྱག་ཤེས་ཀྱིན་ཡོད་དམ་མེད། གནད་དོན་མང་བོ་ཞིག་ལ་བལྟས་ཡོང་དུས་་་ང་ཚོས་ད་ནས་བཀའ་ཁྲི་རྗེས་མར་རེ་བ་ཡོད་ཐབས་ལ་རེ་བ་མ་རྒྱབ་རང་རྒྱབ་ཡིན་པར་ཤེས་དགོས་ཚོད་རེད་དོ།

  6. འོད། says:
    2013-12-03 at 9:32 pm

    དཀོན་མཆོག་ཚད་བཙུགས་ནས་མནའ་བསྐྱལ་ན་ཡག་ཤོས་ཏེ་ག་རེ་རེད་ཟེར་ན། བློ་སེང་གིས་ཅི་ཡང་མི་འཇོན་པ་གསལ་བོ་རེད།

  7. རིན་ཆེན says:
    2013-12-04 at 4:18 am

    བོད་ཁམས་འདིས་ཅི་ཞིག་བཤད་འདོད་ཡོད་དམ།སྐྱག་པ་བཏང་ནས་དྲི་བཟང་དྲོ་དུས་འགྲིག་པ་རེད།དྲི་བཟང་གཏོར་ནས་སྐྱག་དྲི་དྲོ་དུས་མ་འགྲིག་པ་རེད། ཁྱོས་བསམ་ཚུལ་ལ་ཚོགས་གཙོ་ཉིན་མཚན་གཉིས་ཀ་གཉིད་ནས་ཡོད་དམ།དེ་ལ་ལན་རྒྱོབ་དང་རྗེས་ནས་གླེང་མཆོག

  8. ཇུས་མེད་ཇུས་གཏོགས། says:
    2013-12-04 at 6:34 am

    རྒྱ་དོག་པས་ཕོངས་བོད་རེ་བས་ཕོངས་ཟེར་ལྟར་མ་ཡིན་ནམ་མ་གཞི་བོད་རྒྱ་གྲོས་མོལ་དེ་ཕྱོགས་གཉིས་ནས་འབད་རྩོན་བྱེད་དགོས་པ་ཞིག་རེད་མ་རེད་དམ་ལག་པ་ཡ་གཅིག་གི་ལྡོག་པ་བྱུང་བའི་ལོ་རྒྱུས་ཐོས་མྱོང་ཡོད་དམ་ སྲིད་སྐྱོང་གིས་མ་འཇོན་པ་ཞིག་ཡིན་གྱི་མ་རེད།

  9. ཁ་བའི་ཡུལ་གྱར་བ། says:
    2013-12-04 at 10:09 am

    དེ་འདྲ་མ་གསུང་བོད་རྒྱ་ཞི་མོལ་སྔོན་གོང་ས་མཆོག་དང་ཟམ་གདོང་བླ་མ་ཉིས་ཀྱི་མགོ་འཟུག་བྱས་ཏེ་གྲུབ་འབྲས་མ་ཐོང་པར་མཐར་སྒོ་རྒྱ་དགོས་ཁེལ་བ་རེད།
    དཔྱར་དུ་མགོ་འཛུག་བྱ་རྒྱུ་དེ་འདྲའི་ལེ་སླ་པོ་ཞིག་ག་ལ་ཡིན། དེ་འདྲའི་ལས་སླ་པོ་ཞིག་ཡིན་ན་སྔོན་སྒོ་བརྒྱག་དགོས་དོན་མེད་པས་མ་ཚད་བོད་རང་དབང་
    རང་བཙན་གང་འདོད་ན་ཡང་ཐོབ་ཚར་ཡོད་ཀྱི་རེད། ང་ཚོས་རྒྱ་ནག་ལ་བཟོད་དུ་མེད་པའི་གནོད་ཤུག་ཞིག་སྤྲོད་མ་ཐུབ་པར་ཞུ་བ་འཐེན་ན་དམར་ཤོག་
    རིང་ལུགས་པས་བྱམས་སྙིང་རྗེ་གནང་གི་རེད་བསམ་མེད་འགྲོ། དེ་ནི་འཁྲུལ་སྣང་ཆེ་པོ་ཞིག་རེད། དང་པོ་ང་ཚོའི་བོད་ཕྱི་ནང་གཉིས་དང་རང་བཙན་དབུ་མ་
    སོགས་ནང་འགལ་ཀྱི་དྷ་རུ་འཁྲོལ་ན་རྐང་གླིང་མི་འཁྲོལ་ཟེར་བའི་དཔེ་ལྟར་མ་རེད་པར། ཕྱི་ནང་མཉམ་རུབ་ཐོག་རྒྱ་ནག་ལ་བཟོད་དུ་མེད་པའི་གནོད་ཤུག་ཞིག་
    སྤྲོད་ཐུབ་ཚེ་དེ་ནས་ཞི་མོལ་གྲུབ་འབྲས་ལྡན་པ་ཞིག་ཐུབ་ངེས། གོང་གི་མ་ཇོན་པའི་མི་དེ་ཚོ་ལ་ཞུ་མ་ཕོད་འོག་ནས་ངན་ཁག་ཡོད་ཚད་སྲིད་སྐྱོན་མཆོག་ལ་དཀྲིས་
    ན་དེ་ག་ལ་ཡོང། གནའ་དཔེ་ལ་མདའ་ཡི་ཆུ་བོའི་ཁ་ཞིང་དེའི་ཆུ་མགོའི་ཕུག་ཐག་རིང་ཐུང་ཤེས་ཟེར་བ་ལྟར། སྔོན་ཆབ་སྲིད་རྩིས་ལེན་རྩིས་སྤྲོད་མ་བྱས་པའི་སྔོན་
    གི་བྱུང་རིམ་ལ་གཞིག་ནས་སྐད་ཆ་བཤད་དགོས་ཨ་རོག་ཚོ།

  10. ཁ་བའི་ཡུལ་གྱར་བ། says:
    2013-12-04 at 10:11 am

    བསྐྱར་ཡིག་ནོར

  11. ཁ་བའི་ཡུལ་གྱར་བ། says:
    2013-12-04 at 10:42 am

    དྲང་མོ་བཤད་ན་མི་མི་དགའ་ཟེར་བ་ལྟར་རེད་ཡིན་ཡང་དྲང་མོ་ཞུས་ན་སྔོན་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཟུང་ན་ད་བར་དུ་ངས་ལྟས་ན་མི་འཇོན་ཐང་ཅན་
    གཅིག་ཀྱང་བྱུང་མི་འདུག། གང་ཡིན་ཟེར་ན་དུས་ཡུན་དེའི་རིང་གཞན་རྒྱལ་ཁབ་མང་དག་ཞིག་རང་བཙན་མེད་པ་རྣམས་ཐུབ་ཡོད་པ་རྣམས་སྲ་བརྟན་དུ་གྱུར་འདུག།
    ང་ཚོ་བོད་རྒྱལ་ཁབ་སྣུམ་ཟད་ཀྱི་མར་མེ་ལྟར་རིམ་བཞིན་ནུབ་དགོས་དོན་ག་རེ་རེད། མཐོ་རྒྱལ་པོ་མན་ཆད་བར་བཀའ་བློན་གཙོས་བཀའ་ཤག་སྲིད་གཞུང་གི་
    ལས་བྱ་བ་དེ་ཚོ་འཇོན་ཐང་མེད་པ་ཤར་རྟག་ཡིན་པའི་དོན་རེད། ད་དུས་ཚོད་འདི་ལ་ཐུག་ཚར་དུས་མི་ཁ་ཤས་ཞིག་གི་ལོ་གཉིས་གསུམ་ནང་རང་དབང་ལེན་དགོས་
    ཟེར་ན་དེ་ཤིན་ཏུ་ཁག་པོ་རེད།

  12. ཁ་བའི་ཡུལ་གྱར་བ། says:
    2013-12-04 at 11:04 am

    ༡་བོད་ནང་ཨ་མདོ་གཙོས་པའི་་་༢་་ཁམས་ཁུལ་་་༣་་དབུས་ཁུལ་སོགས་རང་ལུས་མེ་སྲེག་གཏོང་མཁན་དེ་ཚོ་ངོ་མ་ཧ་ལས་དགོས་པའི་སྙིང་སྟོབས་ཅན་དག་རེད།
    ཡིན་ཡང་བཙན་བྱོལ་ནང་ལ་ང་དབུ་མ་ཡིན་ཁྱོད་རང་བཙན་རེད། ང་གཞིས་ཆགས་ཡིན་ཁྱོད་གསར་འབྱོར་རེད། ཁོ་ཨ་མདོ་རེད་ང་དབུས་གཙང་ཡིན་ཕར་
    ཀི་དེ་ཁམས་པ་རེད་ཟེར་ནས་ནང་འགལ་དེ་ཚོ་ཡིད་སྐྱོ་དགོས་པ་ཞིག་འདུག། ཕྱིན་སུ་མཐུན་སྒྲིལ་བྱོས་མཐུན་སྒྲིལ་བྱོས་། མཐུན་སྒྲིལ་བྱས་ན་སྟོབས་ཤུགས་
    འཕེལ་།

  13. ནམ་མཁའ says:
    2013-12-04 at 12:34 pm

    ང་ཚོ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་ངོས་ནས་ཕར་རྒྱ་ནག་ལ་གྲོས་མོལ་བསྐྱར་གསོའི་ཐབས་ལམ་མ་བྱས་ན།རྒྱ་གཞུང་གིས་ཚུར་བཙན་བྱོལ་སྤྱི་ཚོགས་ལ་གྲོས་མོལ་བསྐྱར་གསོའི་འབྲེལ་བ་བྱེད་ཀྱི་མ་རེད།སྔོན་མ་ལོ་རབས་༨༠དང་༩༠ནང་ཡིན་ན་ཚུར་འབྲེལ་བ་བྱེད་སྲིད། དེང་སང་རྒྱ་ནག་དཔལ་འབྱོར་གྱི་སྟོབས་རྒྱས་པ་ནས་བཟུང་ང་རྒྱལ་གྱིས་བཙན་བྱོལ་སྤྱི་ཚོགས་ཀྱི་སྒྲིགས་འཛུགས་ལ་སྣང་མེད་དང་མཐོང་ཆུང་བྱེད་རྐྱང་རེད་སྙམ་པ་དང་གཅིག གཞན་ང་ཚོའི་ས་དང་མི་དམངས་ཚང་མ་ཁོང་ཚོའི་མེ་མདའི་འོག་ན་ཡོད་སྟབས་ང་ཚོས་ཕར་རྒྱ་གཞུང་ལ་འབྲེལ་ལམ་བསྐྱར་གསོ་ལ་འབད་དགོས་ཀྱི་འདུག་པས་ཚོགས་གཙོས་ཀྱང་འབོད་སྐུལ་བྱས་པ་རེད།
    དེས་རྐྱེན་ཕར་ཕྱོགས་ཀྱི་འགྱུར་བ་ལ་སྒུགས་ཀྱི་ཡིན་ཟེར་ནས་ཐབས་ལམ་མ་བཙལ་བར་བསྡད་ན་དཀའ་ངལ་བོད་ནང་གི་བོད་མི་ཚོས་མྱངས་བཞིན་ཡོད་པ་ལས་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་ཚོས་མྱངས་ཀྱི་མེད་པ་གསལ་བོ་རེད།དེས་རྐྱེན་དུས་ཚོད་ཕར་འགྱངས་བྱས་ན་ག་འདྲ་ཆགས་ཡོང་སྙམ་ནས་རྩོམ་འཆལ་འདི་བྲིས་པ་ཡིན་པས་དྲ་གྲོགས་ཡོངས་ལ་གསལ་བཤད་དུ།

  14. རིན་ཆེན says:
    2013-12-04 at 1:00 pm

    ད་བློ་སེང་ལ་ཅང་མེད་ཡ།ཨ་རིའི་གློག་བརྙན་འཁྲབ་མཁན་hoolywoodབཞིན་མིག་ཤེལ་ནག་པོ་འདྲ་རྒྱབ་ནས་ལང་ཚོ་ངོམ་ཡ་མ་གཏོགས་མེད།

  15. ཨ་ནུ་ཐང་བསོད་ནམས། says:
    2013-12-04 at 6:45 pm

    བྱིས་རྩེད་རང་རེད། རྒྱ་གཞུང་ལ་སྤྲེལ་ལད་འཁྲབ་ན་ཁ་ངོ་ལྟ་བ་འདོད་པ་ནི་ཆབ་སྲིད་ཀྱི་གནད་མ་རྟོགས་པའི་སྐྱོན་རེད། ཐ་ན་ཤོག་རྩེད་ཙམ་ཞིག་རྩེས་ཀྱང་གྲོགས་པོའི་ཁ་ངོ་ལ་བལྟས་ནས་ཐོབ་ཏུ་ག་ལ་འཇུག ཁོང་ཚོའི་ཕ་མེས་ཀྱིས་ཚེ་སྲོག་བཏང་ནས་བླངས་བའི་བོད་ཀྱི་བདག་དབང་ལས་སླ་བོ་ག་ལ་བཏང་། རྒྱ་ནག་གི་མགོ་ཁྲིད་ཚོ་དེ་འདྲའི་སྐྱ་སྟོང་ཞིག་ག་ལ་ཡིན། ཁོང་ཚོས་གནད་དོན་གང་ཞིག་ཡིན་ཡང་ཁེ་གྱོང་གི་ལྕི་གཡང་འཇལ་ནས་ཐག་གཅོོད་བྱེད་ངེས་རེད།

  16. ཁ་བའི་ཡུལ་གྱར་བ། says:
    2013-12-04 at 7:03 pm

    ཨ་ནུ་ཐང་བསོད་ནམས་ལགས་ཀྱི་གསུང་པ་བདེན།

  17. རིན་ཆེན says:
    2013-12-05 at 2:21 am

    ཕར་གྲོས་མོལ་བསྐྱར་གསོ་ཡི་ཐབས་ལམ་མ་བཙལ་བར་གཞན་ལ་སྒུགས་བསྡད་ན་རང་འགྲིག་གི་འགྲོ་གི་རེད་དམ།ངོ་མ་བྱིས་པའི་བསམ་བློ་མ་གཏོགས་མེད་མཁན་རྐྱང་རེད།

  18. ཁ་བའི་ལང་ཚོ། says:
    2013-12-05 at 11:40 am

    མང་གཙོའི་སྤྱི་ཚོགས་ཡིན་ཙང་ཚང་མས་རང་གི་བསམ་ཚུལ་ཤོད་ཆོག་གི་རེད།

  19. ཁ་བའི་ཡུལ་གྱར་བ། says:
    2013-12-05 at 1:39 pm

    དབུ་ལམ་ཡིན་ན་ཡང་རང་བཙན་ཡིན་ན་ཡང་རྒྱ་ནག་ལ་ཞུ་བ་ཕུལ་ནས་གྲོས་མོལ་བྱེད་རོག་ཟེར་ན་དེ་ནི་གླེན་པ་སྐྱོ་ཆུང་ངོ་མ་རེད། གྲོས་མོལ་བསྐྱར་
    གསོའི་ཐབས་ལམ་བཙལ་དགོས་རེད་ཟེར་མཁན་མང་པོ་འདུག། ཐབས་ལམ་འདི་བཙལ་དགོས་རེད་ཟེར་མཁན་སུ་གང་མི་འདུག། ཁྱེད་ཚོའི་དམར་ཤོག རིང་ལུགས་ལ་ཞུ་བ་འཐེན་ན་སྙིང་རྗེ་སྒོམ་ཡོང་བསམ་གྱི་མེད་འགྲོ། དེ་ཚོ་འུར་གཏམ་ཁོ་ན་ལས་གཞན་གང་ཡང་མེད་པ་དེ་ནས་རྟོགས་ཐུབ། གྲོས་མོལ་
    བསྐྱར་གསོ་དགོས་ན་ཐབས་ལམ་དང་པོ་ང་ཚོའི་རྒྱ་གཞུང་ལ་དཔལ་འབྱོར་ཚབ་སྲིད་གང་ཅིས་ཐད་ནས་གྱོང་གུད་ཚབ་ཆེན་ཕོགས་ཐུབ་པའི་གནོད་ཤུག་སྤྲོད་ཐུབ་དགོས།
    དེ་ནས་ཁོ་ཚོའི་བོད་རང་དབང་སྤྲད་ན་རྒྱ་ནག་ལ་ཁེ་ཆེ་བ་དང་ཡང་ན་མ་སྤྲད་ན་ཁེ་བ་སོགས་ཡང་ལྕི་འཇལ་ལ། དེ་དུས་བོད་རང་དབང་སྤྲད་ན་ཁེ་ཆེ་བ་འདོད་
    ན་དེ་ནས་ང་ཚོའི་དོན་ཕན་ལྡན་པའི་གྲོས་མོལ་ཞིག་གཞི་ནས་བྱེད་ཐུབ།

  20. ཁ་བའི་ཡུལ་གྱར་བ། says:
    2013-12-05 at 1:41 pm

    ཆབ་ཡིག་ནོར

  21. ཁ་བའི་ཡུལ་གྱར་བ། says:
    2013-12-05 at 1:43 pm

    དབུ་ལམ་ཡིན་ན་ཡང་རང་བཙན་ཡིན་ན་ཡང་རྒྱ་ནག་ལ་ཞུ་བ་ཕུལ་ནས་གྲོས་མོལ་བྱེད་རོག་ཟེར་ན་དེ་ནི་གླེན་པ་སྐྱོ་ཆུང་ངོ་མ་རེད། གྲོས་མོལ་བསྐྱར་
    གསོའི་ཐབས་ལམ་བཙལ་དགོས་རེད་ཟེར་མཁན་མང་པོ་འདུག། ཐབས་ལམ་འདི་བཙལ་དགོས་རེད་ཟེར་མཁན་སུ་གང་མི་འདུག། ཁྱེད་ཚོའི་དམར་ཤོག རིང་ལུགས་ལ་ཞུ་བ་འཐེན་ན་སྙིང་རྗེ་སྒོམ་ཡོང་བསམ་གྱི་མེད་འགྲོ། དེ་ཚོ་འུར་གཏམ་ཁོ་ན་ལས་གཞན་གང་ཡང་མེད་པ་དེ་ནས་རྟོགས་ཐུབ། གྲོས་མོལ་
    བསྐྱར་གསོ་དགོས་ན་ཐབས་ལམ་དང་པོ་ང་ཚོའི་རྒྱ་གཞུང་ལ་དཔལ་འབྱོར་ཆབ་སྲིད་གང་ཅིས་ཐད་ནས་གྱོང་གུད་ཚབས་ཆེན་ཕོགས་ཐུབ་པའི་གནོད་ཤུག་སྤྲོད་ཐུབ་དགོས།
    དེ་ནས་ཁོ་ཚོའི་བོད་རང་དབང་སྤྲད་ན་རྒྱ་ནག་ལ་ཁེ་ཆེ་བ་དང་ཡང་ན་མ་སྤྲད་ན་ཁེ་བ་སོགས་ཡང་ལྕི་འཇལ་ལ། དེ་དུས་བོད་རང་དབང་སྤྲད་ན་ཁེ་ཆེ་བ་འདོད་
    ན་དེ་ནས་ང་ཚོའི་དོན་ཕན་ལྡན་པའི་གྲོས་མོལ་ཞིག་གཞི་ནས་བྱེད་ཐུབ།

  22. ཞོལ་གཡག་འབྲོང་རྒྱུད། says:
    2013-12-05 at 2:58 pm

    ཀྲུང་གོས་ག་དུས་ཡིན་ན་ཡང་འབྲེལ་མོལ་སྒོ་ཡངས་པོར་ཕྱེས་ཡོད་ཞེས་བཤད་བཤད་པ་རེད། འོན་ཀྱང་པེ་ཅིང་ནས་རྡ་སའི་ཕྱོགས་སུ་ཕྱེས་པའི་སྒོ་དེའི་ནང་མི་བཞག་ནས་ཙི་ཙི་ཡང་ཐར་མི་ཐུབ་པ་དེ་རེད། རེད་དེ་བོད་ཀྱི་སྲིད་སྐྱོང་སེངྒེ་ཚང་གིས་གྲུབ་འབྲས་མེད་པའི་འབྲེལ་མོལ་ལ་འདོད་མོས་མེད་པར་དོན་ཕན་ལྡན་པའི་འབྲེལ་མོལ་བྱ་འདོད་ཡོད། ཞེས་བཤད་པ་དེས་རྒྱུ་མཚན་ངེས་ཅན་ལྡན་འདུག་ལ་ཀྲུང་ནན་ཧེའེ་ཡིས་སྔ་ཕྱི་བར་གསུམ་དུ་བོད་ཐོག་འཛིན་པའི་སྲིད་ཇུས་ཀྱི་ནང་སྙིང་ཕྱིར་བཏོན་པ་རེད། དེས་ན་ཀྲུང་གོས་གྲངས་ཉུང་མི་རིགས་ཁག་གི་མི་རིགས་ཀྱི་སྲིད་ཇུས་དང་མི་རིགས་ཀྱི་ཐོབ་ཐང་ཟེར་བ་དེ་ཚོ་གནས་སྐབས་མགོ་བསྐོར་གཏོང་ཆེད་རེད་མ་གཏོག་ལྷག་བསམ་རྣམ་དག་གིས་གྲངས་ཉུང་མི་རིགས་ཁག་ལ་སེམས་མཁུར་བྱས་པ་ཞིག་རྩ་བ་ནས་མ་རེད་དོ།

    ཡ་མཚན་སྐྱེས་དགོས་པ་ཞིག་ལ་ཉེ་འཆར་རང་ཀྲུའུ་ཝེའེ་ཆོན་གྱིས་ནུབ་ཕྱོགས་གསར་འགོད་ཁག་གིས་དྲིས་ལན་དེས་བོད་རྒྱའི་འབྲེལ་མོལ་དང་རང་སྐྱོང་གི་གནས་བབས་སྐོར་ཀྲུང་གོའི་ལངས་ཕྱོགས་གསལ་སྟོན་བྱས་ཡོད་ཀྱང་། ད་དུང་འབྲེལ་མོལ་གྱི་འགག་རྩ་སྲིད་སྐྱོང་སེངྒེ་ཚང་གི་འཇོན་ཐང་ལ་རག་ལུས་པ་བཤད་པ་ནི་ཀྲུང་དབྱང་སྲིད་གཞུང་གི་སྲིད་ཇུས་ལ་ཆ་རྒྱུས་ཡ་རྒྱུས་བྱ་སྡེའི་རྐུབ་ཙམ་ཡང་མེད་པའི་རང་ཚང་ཕྱི་རོལ་དུ་མངོན་སོང་བ་རེད། མ་གཞི་སྤེན་ཚེ་འདི་ལས་དོན་བསྒྲུབ་དུས་བབ་བརླིང་བརྟན་གསུམ་བྱེད་མཁན་ཞིག་མིན་པར་ཧོལ་རྒྱུགས་མཁན་ཞིག་རེད་ལ། ཁོས་ནམ་རྒྱུན་ནས་འཇོན་རབས་ཀྱི་ཁ་བོ་ཆེ་གདངས་སྟངས་ལ་བལྟས་ན་སྐབས་རྗེས་མའི་སྲིད་སྐྱོང་གི་འོས་ཤོག་གི་སྟ་གོན་བྱེད་ཀྱིན་པ་ཟུར་བལྟས་ལེབ་མཐོང་རེད། མ་གཞི་རྟ་ཕོར་རྒྱུགས་རྩལ་ཡོད་ན་བྱང་ཐང་སྟོང་པ་སྟོང་རྐྱང་རེད།

  23. བོད་ཁམས་སྡེ་ says:
    2013-12-06 at 8:58 pm

    རིན་ཆེན་ལགས་ ཚོགས་གཙོའི་ལས་འགན་གཙོ་བོ་ནི་ཕྱི་སྡོད་བོད་མི་ཚོ་ལ་ལམ་དབུ་མ་ངོ་སྤྲོད་གནང་རྒྱུ་དེ་རེད་ དེ་ལ་གླེང་རིན་ཅང་མི་འདུག་

  24. རིན་ཆེན says:
    2013-12-07 at 3:16 am

    བོད་ཁམས་ལགས། སྤྱིར་མ་རྩོམ་རུ་སྲིད་སྐྱོང་གིས་བོད་རྒྱ་གྲོས་མོལ་བསྐྱར་གསོའི་ཕྱོགས་ལ་ཤུགས་སྣོན་རྒྱག་གི་མི་འདུག་པས་ཚོགས་གཙོས་ཤུགས་སྣོན་རྒྱག་ཕྱིར་འབོད་སྐུལ་གནང་འདུག་ཅེས་བཀོད་འདུག དེ་ནི་དངོས་བོའི་གནས་ཚུལ་སྐད་ཆ་རེད་སྙམ་སོང་། ཕར་འབྲེལ་བ་བསྐྱར་གསོའི་ཕྱོགས་ལ་འབད་རྒྱུ་ལས་ཚུར་རྒྱ་གཞུང་གིས་འབྲེལ་བ་བྱེད་ཀྱི་མ་རེད་དེ་གཅིག་རེད། གཉིས་པ་ཚོགས་གཙོས་དབུ་ལམ་ངོ་སྤྲོད་གནང་བ་དེ་གླེང་རིན་མི་འདུག་ཟེར་ན།དེ་ནི་མི་འཐད་དེ་གླེང་དགོས་བ་ཞིག་ཡིན།བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་ལངས་ཕྱོགས་རེད་ལ།ལམ་ཁ་དེ་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་བྱེད་དགོས་ཀྱི་ཡོད། སྤྱིར་བཀའ་ཤག་དང་གྲོས་ཚོགས་གཉིས་ཀྱིས་ཆབ་སྲིད་ལངས་ཕྱོགས་བཤད་དུས་བོད་རྒྱ་གྲོས་མོལ་བཀའ་ཤག་གི་འགན་རེད་།གྲོས་ཚོགས་ཀྱི་འགན་མ་རེད་ཟེར་བ་སོགས་ཀྱི་སྐད་ཆ་འདིའི་ཤུགས་སུ་ནུས་པ་དང་འཇོན་ཐང་མེད་པའི་རྟགས་ཞིག་བསྟན་འདུག་མོད།མ་རྩོམ་ནང་དེ་ལྟར་གསལ་བོར་བྲིས་ཡོད་ན་དེ་བས་ཀྱང་གལ་གནད་ཞིག་ཏུ་འགྲོ་བར་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme