Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱམས་བརྩེའི་རིན་ཐང་དང་འབྲེལ་བའི་བྱིས་སྒྲུང་ཚན་པ་གཉིས།

Posted on 2013-12-032013-12-03 By ཁ་བརྡ་ 20 Comments on བྱམས་བརྩེའི་རིན་ཐང་དང་འབྲེལ་བའི་བྱིས་སྒྲུང་ཚན་པ་གཉིས།

ཁང་སྨིན་གྲོལ་རྒྱ་མཚོ།

IMG_1480

monk and ant གྲྭ་བ་དང་། གྲོག་མ།

༼བརྗོད་བྱ། བཙུན་ཆུང་ཞིག་གིས་གྲོག་མའི་ཚོགས་ཀྱི་ཚེ་སྲོག་བསྐྱབས་པའི་རྒྱ་ནག་གི་གནའ་སྒྲུང་།༽

སྔོན་རྒྱ་ནག་གི་དབེན་ཁྲོད་ཅིག་ན་བསམ་གཏན་གྱི་ཉམས་ལེན་གཙོ་བོ་བྱེད་པའི་བཙུན་པ་ཞིག་ཡོད་པ་དེར་རྒན་པར་བཀུར་ཞིང་། ཀུན་སྤྱོད་གཙང་བ། དྲན་ཤེས་རྣོ་ཞིང་། སྙིང་རྗེ་ཆེ་བའི་དགེ་ཕྲུག་ཅིག་ཡོད། དགེ་ཕྲུག་དེ་ལོ་ན་ཧ་ཅང་ཆུང་ནའང་སྐྱབས་འགྲོ་ནས་བཟུང་ནང་ཆོས་ཀྱི་བསླབ་བྱ་ཕྲ་རགས་མང་པོ་ཞིག་དུས་ཚོད་ཐུང་ངུའི་ནང་ལེགས་པར་སྦྱངས་པས་ལོ་ཚོད་ལ་དཔག་པའི་གྲུབ་འབྲས་མི་དམན་པ་ཐོབ་ཡོད་པ་རེད། དགེ་རྒན་ནི་སྒོམ་སྟོབས་ཀྱི་ནུས་པ་ཧ་ཅང་ཆེ་བས་མ་འོངས་པའི་དུས་སུ་ཅི་ཞིག་འབྱུང་མིན་ཚུད་ཆད་གསལ་པོར་ཤེས་ཐུབ་ཀྱི་ཡོད། ཉིན་ཞིག་དགེ་རྒན་དེས་ཁོང་གི་དགེ་ཕྲུག་ཆུང་ཆུང་དེ་འཇིག་རྟེན་འདི་དང་ཁ་དབྲལ་རྒྱུར་ཉིན་བདུན་གྱི་དུས་ཚོད་ལས་མེད་པ་ཤེས་རྟོགས་བྱུང་བ་རེད། ཁོང་ཐུགས་ཧ་ཅང་སྐྱོ་ནའང་འདུ་བྲལ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པའི་རང་བཞིན་ལ་བསམས་ནས་དགེ་ཕྲུག་ལ་འདི་སྐད་བརྗོད་པ་རེད། ཁྱོད་ནང་མི་དང་མ་ཐུག་ནས་ཡུན་རིང་སོང་བས་དེ་རིང་ཁྱོད་ཕ་ཡུལ་དུ་སོང་ལ་ཉིན་བརྒྱད་པར་འདི་གར་འབྱོར་བར་གྱིས་ཤིག་གསུངས་པ་ན། དགེ་ཕྲུག་དགའ་བཞིན་ཕ་ཡུལ་དུ་ནང་མིར་གཉེན་ཕྲད་ཆེད་ཕྱིན་མགོ་བརྩམས།

སྐབས་དེར་དགེ་རྒན་གྱིས་བསམ་པར་ད་ཕྱིན་ཆད་ངས་སྙིང་ནས་བརྩེ་བའི་དགེ་ཕྲུག་དེ་མཐོང་ཐུབ་ཀྱི་མ་རེད་དྲན་པ་རེད། དེ་ལྟར་ཉིན་ཞགས་བདུན་རྫོགས་རྗེས་དགེ་ཕྲུག་ཆུང་ཆུང་དེ་སླར་ཡང་དགེ་རྒན་གྱི་མིག་སྔར་སླེབས་པས་དགེ་རྒན་རེ་ཞིག་ཧང་སང་སྟེ་དགེ་ཕྲུག་གི་ངོ་གདོང་ལ་ཡུན་རིང་ཅེར་རྗེས། ད་གཟོད་ཡ་མཚན་དང་བཅས་བརྗོད་རྒྱུར། ངས་ད་བར་མ་འོངས་པའི་གནས་ཚུལ་གང་མང་ཞིག་ལ་རྒྱུས་ལོན་བྱས་པ་ཚང་མ་ནོར་སོང་བ་གཅིག་ཀྱང་བྱུང་མ་མྱོང་ནའང་། ད་ཐེངས་ངོ་མ་ཡ་མཚན་དགོས་པ་ཞིག་བྱུང་ཞེས་ཁེར་ལབ་བྱེད་དགོས་པར་གྱུར། མི་འགྱངས་བར་དགེ་རྒན་གྱིས་དེ་སྔོན་རང་ཉིད་ལ་བྱུང་བའི་གནས་ཚུལ་མ་ལུས་པ་དགེ་ཕྲུག་ལ་ལེགས་པར་བཤད་རྗེས། ཁྱོད་ཕ་ཡུལ་དུ་འགྲོ་བའི་ལམ་བར་ནས་དམིགས་བསལ་གྱི་བྱ་བ་བཟང་པོ་ཅི་ཞིག་བསྒྲུབས་པ་ཡིན་ཞེས་དྲིས་པ་ན། དེ་མ་ཐག་དགེ་ཕྲུག་གིས་ངས་དམིགས་ཀྱི་བྱ་བཟང་པོ་ཞིག་བྱས་པ་མི་དྲན་ནའང་། ཕ་ཡུལ་དུ་ལོག་པའི་ལམ་ཁ་ནས་ཆར་ཆུས་འབབ་རྒྱུན་ཁྲོད་འཆི་ལ་ཉེ་བའི་འཆི་ལ་ཉེ་བའི་གྲོག་མ་འགའ་དབྱུག་པ་ལེབ་མོ་ཞིག་གིས་བླངས་ཏེ་བསྐམས་སར་བཞག་པ་ཡིན་ཞེས་སྨྲས་པས། ད་གཟོད་དགེ་རྒན་གྱིས་རང་གི་དགེ་ཕྲུག་བདེ་བླག་ངང་ཕྱིར་ལོག་ཐུབ་པའི་རྒྱུ་མཚན་ངོ་མ་དེ་ཤེས་རྟོགས་བྱུང་བ་རེད། དངོས་བྱུང་གི་ལོ་རྒྱུས་ཐུང་ངུ་འདི་ལྟ་བུར་དགོངས་ཏེ་བདག་ཅག་གི་སྟོན་པའི་ཞལ་སྔ་ནས་ཀྱང་། ཁྱོད་ཀྱིས་རིན་པོ་ཆེ་སྣ་མང་ལས་གྲུབ་པའི་མཆོད་རྟེན་ཐོག་བརྩེགས་བདུན་པ་ཞིག་འཇིག་རྟེན་གྱི་ཁམས་འདིར་བསྐྲུན་པ་ལས་ཀྱང་། སྲོག་ཆགས་གཅིག་གི་ཚེ་སྲོག་བསྐྱབས་པའི་དགེ་བ་རླབས་ཆེ་བར་གསུངས་པ་མ་ཡིན་ནམ།IMG_1485

ཕྲན་དཔྱད། ༡༽ གཏམ་རྒྱུད་འདི་ཧ་ཅང་ཐུང་ངུ་ཞིག་ཡིན་ནའང་། གཏམ་རྒྱུད་འདིའི་ནང་དུ་བྱམས་བརྩེ་ཉམས་ལེན་བྱེད་པའི་རབ་བྱུང་བ་གཞོན་ནུ་ཞིག་གིས་ཆོས་ཀྱི་ཉམས་ལེན་དང་འབྲེལ་ནས་སེམས་ཅན་ཉམ་ཐག་ཚོའི་ཚེ་སྲོག་ལ་ཆེ་མཐོང་བྱས་པའི་འབྲས་བུ་ཅི་ཙམ་ཞིག་ཐོབ་ཡོད་པའི་དོན་དངོས་དེ་གསལ་བཤད་བྱས་ཡོད། མ་གཞི་ནས་གཏམ་རྒྱུད་འདིར་མཚོན་ན་ཅུང་དོགས་སློང་བྱེད་དགོས་པའི་ཆ་ཞིག་ཀྱང་བདོག་སྟེ། དེ་ནི་བདུན་ཕྲག་རྗེས་མར་བྱིས་པ་འཆི་རྒྱུ་ཡིན་པ་རྟོགས་ནའང་བྱིས་པས་གྲོག་ཚོགས་ཀྱི་ཚེ་སྲོག་བསྐྱབ་རྒྱུ་ཡིན་པའི་གནད་དོན་མ་ཤེས་པའི་ངང་ཚུལ་ཞིག་གཏམ་རྒྱུད་འདིའི་ནང་དུ་གསལ་བོར་ཐོན་ཡོད་པ་དེ་རེད། འོན་ཀྱང་ངས་གཏམ་རྒྱུད་ཐུང་ངུ་འདི་ཚན་བསྒྱུར་བྱེད་དགོས་དོན་གཙོ་བོ་འདིའི་ནང་གི་བརྗོད་བྱའི་སྔ་ཕྱི་ལ་དོགས་སློང་དང་ནང་འགལ་སྟོན་རྒྱུ་དེ་མ་ཡིན་པར་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་མི་ཚེ་རིང་པོ་དོན་དུ་མི་གཉེར་མཁན་སུ་ཡང་མེད་པའི་གནས་ལུགས་དང་། དགའ་ཕྱོགས་གཞི་རྩར་བཟུང་སྟེ་ཅིས་ཀྱང་རང་ཉིད་ཀྱི་ཚེ་སྲོག་འཇིག་རྟེན་འདིར་ཡུན་རིང་འཚོ་བའི་རྒྱུ་རྐྱེན་ཆེས་ལེགས་པ་ནི། ཆེ་ས་ནས་བཤད་ན། རང་གི་ཉིན་རེའི་འཚོ་བའི་ཁྲོད་དངོས་ཤུགས་བརྒྱུད་གསུམ་ནས་གཞན་ལ་འཚེ་བ་སྤངས་རྒྱུ་རྩ་དོན་དུ་བཟུང་སྟེ། རང་གི་ཁོར་ཡུག་ན་འཚོ་བཞིན་པའི་སེམས་ཅན་རྣམས་ཀྱི་ཚེ་སྲོག་ལ་གཅེས་སྤྲས་དང་མཐོང་ཆེན་བྱ་རྒྱུ་དེ་ཡིན་པས། དེས་ན་ང་ཚོས་ཆོས་དང་འཇིག་རྟེན་གང་ཐད་ནས་བསམ་རུང་། ད་ནས་བཟུང་སེམས་ཅན་གྱི་ཚེ་སྲོག་ལ་དངོས་བརྒྱུད་ནས་འཚེ་བའི་ལས་དག་ལ་ཤེས་བཞིན་དུ་མི་འཇུག་པའི་རེ་བསྐུལ་ནན་པོ་འདོན་བཞིན་ཡོད། དེ་ལྟར་བྱས་ན་ད་གཟོད་ཁྱོད་རང་རང་གི་སྤུན་ཟླ་ཚོ་དང་མཉམ་དུ་ཡུན་རིང་འཚོ་ཐུབ་པར་མ་ཟད། འཚོ་བ་དེ་ཡང་སྤྲོ་སྣང་ལྡན་པ་ཞིག་ཡོང་རྒྱུར་རྒྱུ་འབྲས་བློ་མིག་གིས་འཁན་འཁུར་གཙང་མ་བྱེད་ངེས་རེད།

 

 

The tzu chan and fish ཀྲུས་ཆན་དང་ཉ།

ཀྲུས་ཆན་ནི་ཆན་ཀྲུན་གྱི་མངའ་སྡེའི་སྲིད་སྐྱོང་མི་སྣ་གཙོ་བོ་ཞིག་ཡིན་ལ། ཁོང་གིས་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་སྔོན་དུ་བྱུང་བའི་རྒྱ་ནག་གི་ལྟ་གྲུབ་སྨྲ་བ་ཁོང་ཙེའི་བླ་ན་མེད་པའི་ཤེས་རབ་ལ་བསྔགས་བརྗོད་ཚད་མཐོ་བྱེད་ཀྱི་ཡོད། ཀྲུས་ཆན་རང་ཉིད་ཀྱང་ཧ་ཅང་སྦྱང་གྲུང་ལྡན་ཞིང་། གཤིས་རྒྱུད་བཟང་བས་རྒྱ་ནག་གི་མི་རྣམས་ཀྱིས་ད་ལྟའི་ཆར་ཡང་གུས་འདུད་ཆེན་པོ་བྱ་ཡུལ་དུ་གྱུར་ཡོད། མ་ཟད་ཁོང་ནི་དབུལ་པོ་སྲུང་སྐྱོབས་ལ་དགའ་ཞིང་། ནམ་ཡང་སེམས་ཅན་གྱི་ཚེ་སྲོག་ལའང་བརྩི་མཐོང་བྱེད་མཁན་ཞིག་ཡིན། ཉིན་ཞིག་ཁོང་གི་གྲོགས་པོ་ཞིག་གིས་ཁོང་ལ་ཉ་གསོན་པོ་འགའ་ལེགས་སྐྱེས་སུ་བསྐུར་བ་རེད། ཉ་དེ་དག་ནི་བལྟས་པ་ཙམ་གྱིས་ཤ་རྒྱས་ཤིང་། རོ་བཅུད་ཧ་ཅང་ཆེ་བ་ལྟར་སྣང་བས་ངེས་པར་ཁ་ཟས་བྱེད་དགོས་པ་ཞིག་ཡོད་པས། སྐབས་དེར་ཀྲུས་ཆན་གྱི་བསམ་པར་ཁོང་ནི་ངོ་མ་བཀྲ་དྲིན་ཅན་དང་། གྲོགས་པོ་བསམ་ཤེས་ཅན་ཞིག་རེད་བསམ་སྟེ། ལེགས་སྐྱེས་དེ་དག་དགའ་བོའི་ངང་ནས་དང་ལེན་བྱས་རྗེས། ཉེ་འཁོར་གྱི་གཡོག་པོར་ཉ་འདི་དག་སྒོ་རའི་ནང་གི་ཆུ་རྫིང་དུ་བླུགས་ཤོག་ཅེས་བཤད་པར། གཡོག་པོ་ན་རེ། དགེ་རྒན་ལགས། བྲོ་བ་ཅན་གྱི་ཉ་རིགས་འདི་འདྲ་ཧ་ཅང་དཀོན་པོ་རེད།
IMG_1486གལ་སྲིད་ཉ་འདི་དག་སྒོ་རའི་རྫིང་བུའི་ནང་བླུགས་ན། རྫིང་བུ་དེ་གངས་རིའི་ཆུ་རྒྱུན་ལྟར་དྭངས་གཙང་མིན་པས། ཉ་འདི་དག་གི་ཤ་ཡང་འཇམ་པོ་དང་བྲོ་བ་ཅན་ཞིག་ཡོང་མི་སྲིད་པས། དེ་བས་ད་ལྟ་རང་བཙོས་ཏེ་བཞེས་ན་ཞེས་ཞུས་པར། ཀྲུས་ཆན་གྱིས་གདོང་འཛུམ་མདངས་དང་བཅས་འདི་ནས་ང་དཔོན་པོ་རེད། ཁྱོད་ཀྱིས་ངས་གང་བཤད་ལ་ཉན་ན་འགྲིག་གི་རེད་ཅེས་བཤད་བཞིན། ཅི་ཡང་མི་ཤེས་པའི་སེམས་ཅན་ཉམས་ཐག་འདི་ཚོའི་ཚེ་སྲོག་ངའི་བྲོ་བ་ཙམ་མྱང་རྒྱུའི་ཆེད་སྣང་མེད་གཏོང་མི་རུང་བ་དེ་ངས་བྱ་ཐུབ་པ་ཞིག་རེད་ཅེས་བཤད་པ་རེད། དེ་རྗེས་གཡོག་པོས་ཀྱང་ཉ་རྣམས་སྒོ་རའི་རྫིང་བུར་བླུགས་བཞིན། ཁྱོད་ཚོ་ངོ་མ་ཉ་བསོད་ནམས་ཅན་ཤ་སྟག་རེད། གལ་སྲིད་ཁྱོད་ཚོ་ངའི་དགེ་རྒན་ལས་གཞན་ཞིག་གི་ལག་ཏུ་བསླེབས་ཡོད་ཚེ། ད་ལྟ་ཚེ་སླང་ནང་དུ་ཚག་སྒྲ་དང་བཅས་བརྔོ་བཞིན་པའི་སྒང་ཡིན་རྒྱུ་རེད་ཅེས་བཤད་པ་རེད།

ཕྲན་དཔྱད། ༡༽ གོང་གི་གཏམ་རྒྱུད་ཚན་པ་འདི་ལས་ང་ཚོས་གསལ་པོར་མཐོང་ཐུབ་པ་ནི། གནའ་བོའི་རྒྱ་ནག་གི་སྤྱི་ཚོགས་དེ་ཉེ་ལམ་གྱི་རྒྱ་ནག་དང་གཏན་ནས་མི་འདྲ་བར་སྲོག་ཆགས་ཡོད་རྒུ་ཟས་སུ་ལྟ་བའི་འཇིགས་རུང་གི་བསམ་བློ་དེ་འདྲ་མེད་པར་མ་ཟད། ཡུན་ཐུང་ངུའི་མི་ཚེའི་ནང་ཚེ་སྲོག་གི་རིན་ཐང་དང་། བྱམས་བརྩེའི་ཉམས་ལེན་ངོ་མ་དེ་ཇི་ལྟར་བྱེད་དགོས་པར་གལ་ཆེའི་མིག་དཔེ་བསྐྲུན་པའི་ལོ་རྒྱུས་དེ་ཚོ་རེད། གཏམ་རྒྱུད་ཐུང་ངུ་འདིའི་ནང་གི་མི་སྣ་གཙོ་བོ་ཀྲུས་ཆན་ལ་མཚོན་ན། བརྩེ་མེད་ཀྱི་བསམ་བློ་དེར་ནམ་ཡང་དགག་པ་གཏོང་མཁན་གྱི་གྲས་ཤིག་ཡིན་པས། ད་གཟོད་ཁོས་གཞན་གྱིས་རང་ཉིད་ལ་ལེགས་སྐྱེས་སུ་བྱིན་པའི་ཉ་གསོན་པོ་དེ་ཚོ་རང་གི་གནས་སྐབས་ཀྱི་བདེ་ཐབས་སུ་མ་སྤྱད་པར་ཕུགས་རྒྱང་རིང་པོས་དྭངས་གཙང་གི་རྫིང་བུའི་ནང་ཚེ་ཐར་དུ་བཏང་སྟེ། རང་གི་ཁོར་ཡུག་ན་ཡོད་པའི་མི་རྣམས་ལ་ཚེ་སྲོག་གི་རིན་ཐང་དང་བྱམས་བརྩེའི་ཉམས་ལེན་ཇི་ལྟར་གོང་མཐོར་གཏོང་དགོས་པའི་བསླབ་བྱ་འགངས་ཆེན་བཞག་ཡོད་པ་མ་ཡིན་ནམ།

༼བྱམས་བརྩེའི་མི་ཚེ་ཞེས་པའི་དཔེ་དེབ་ལས་དོན་བསྒྱུར་བྱས།༽

འགྱུར་རྩོམ།

Post navigation

Previous Post: ༼ཆོས་སྲིད་ཟུང་འབྲེལ༽ཞེས་པའི་ཐ་སྙད་ཀྱི་གཡའ་སེལ་སྐོར།
Next Post: གྲོས་ཚོགས་ཀྱིས་བཀའ་ཤག་ལ་འབོད་སྐུལ།

Comments (20) on “བྱམས་བརྩེའི་རིན་ཐང་དང་འབྲེལ་བའི་བྱིས་སྒྲུང་ཚན་པ་གཉིས།”

  1. རུ་ཤུལ་བུ་ says:
    2013-12-03 at 10:51 am

    ངོ་མ་གཏམ་རྒྱུད་སྙན་མོ་རེད། འུ་ཅག་སུ་ཡིན་ཡང་རང་མི་བསམ་མཁན་ཞིག་གཏན་ནས་མེད་མོད། རང་ཉིད་ལ་གཅེས་སྤྲས་བྱེད་སྟེངས་མི་ཤེས་པའི་གླེན་པ་དག་གིས་རང་ཉིད་གནས་སྐབས་ཀྱི་བདེ་བ་ཕྲན་བུ་ཙམ་གྱི་ཆེད་རང་ཉིད་གཞི་ནས་བརླགས་པར་སུ་ཞིག་གིས་ཀྱང་མི་ཤེས་སོ།

  2. ལོག་སྨྲ་ཚར་གཅོད། says:
    2013-12-03 at 11:44 am

    དེ་འདྲ་བཤད་ན་ནང་ཆོས་སླ་པོར་ཆགས་འགྲོ།

  3. གནམ says:
    2013-12-03 at 5:40 pm

    རྒྱ་ནག་གིས་བྱིས་སྒྲུང་གི་སྙིང་དོན་ལ་མིང་ཚིག་འདི་འདྲ་བཀོལ་ནས་བྲིས་ཡོད་ན། བྱིས་སྒྲུང་མ་ཡིན་པའི་མིང་བརྡ་ཅི་འདྲ་ཞིག་སྦྱོར་རམ།
    བྱིས་པ་ཞིག་ལ་མཚོན་ན། སྒྲུང་འདི་ལ་འགྲེལ་ཆེན་འགྲེལ་ཆུང་ཅོ་བརྒྱད་མེད་ན་གོ་རྒྱུ་མ་རེད་ཡ། བྱིས་བ་མེད་ནིའི་ཆོས་བ་ཞིག་གི་བྱིས་བ་ལ་ཁ་བརྡ་བྱེད་འདོད་སྐྱེས་ཙམ་ལས། བྱིས་བ་ལ་ཕན་འདེགས་སྤྱད་ཅང་མི་འདུག་གིའོ།

  4. དྲན་དཀར་དཔལ་ཡོན་ says:
    2013-12-04 at 1:45 am

    བརྩེ་བའི་གནམ་ལགས། ད་རིང་ཏོག་ཙམ་གནམ་གཤིས་མི་སྲ་འི། རང་ང་རང་འཐིབས་དགོས་དོན་གང་ཡིན་ནམ། གནམ་འདི་ད། དབྱར་དགུན་སྟོན་དཔྱིད་མ་ཎི་འཁོར་ལོ་བསྐོར་སྐོར་བགྱི་ས་ལོས་ཡིན་མོད་ད་གང་དྲག

  5. ཁང་སྨིན་གྲོལ་རྒྱ་མཚོ། says:
    2013-12-04 at 4:26 am

    ངས་འདིར་ནང་ཆོས་བཤད་ཀྱི་མེད་ལ། མི་ཆེན་དག་གི་ཆེད་དུ་མ་ཡིན་པ་ཞིག་དེ་བས་ཀྱང་བཤད་ཀྱི་མེད་པས་དོན་མེད་སོར་རྩེ་དང་སེམས་རྩ་ཁྲོ་བ་དག་ལ་གད་མོ་བཅས་ཞུ་རྒྱུར། གལ་སྲིད་ཁྱོད་རང་ལ་བྱམས་བརྕེ་དང་། སྙིང་རྗེ་མཁོ་ན་གཏམ་རྒྱུད་འདིར་ཅིས་ཀྱང་མཉམ་འཇོག་འོས་པ་ཞིག་ཡིན་པའི་ཐ་ཚིག་བསྒྲགས་རྒྱུ་ཡིན།

  6. གནམ says:
    2013-12-04 at 6:47 am

    བརྩེ་པའི་དཔལ་ཡོན་མ། ཉིན་འདི་དག་གི་རང་ལ། གནམ་གྱི་གནམ་གཤིས་ཡག་རྒྱུ་མེད། རྒྱུ་མཚན་བཤད་ན་མང་པོ་རེད། སེམས་ནང་གི་འཚོར་བ་ཡིག་ཐོག་ལ་བཀོད་དགོས་ན་དཀའ་ཙམ་འདུག་པས། མང་པོ་ཟིག་འབྲི་མ་ཐུབ་ཐལ། ཡིན་ན་ཡང་། སྐལ་མེད་སར་སྐེ་རེ་སྲིང་གི་འདུག་དགོས་འི། དོན་མེད་སར་མཆུ་འཚོག་རེ་རྒྱག་གི་འདུག་དགོས་འི། འདི་ནི་ཕ་ལམ་ངའི་ལས་ཟེར་བ་དེ་ཡིན་པ་འདྲ། ཧ་ཧ་ཧ།

  7. དྲན་དཀར་དཔལ་ཡོན་ says:
    2013-12-04 at 9:12 am

    བརྩེ་བའི་ཕོ་རྒོད་གནམ་ལགས། ཁྱེད་ཀའི་ལས་གཙོག་བགྱི་མེད་ཀའི་ཡ་དེང་སྐབས་གང་སར་སོང་ནས་མཆུ་ཏོ་ཙོག་ཙོག་བྱ་ཐུབ་པའི་ཕོ་གསར་དཀོན་མོ་རེད་ལགས། དེ་བརྩེ་བ་བཤད་ཀ་བགྱི་ནི་རེ་ཡོད་ན་བྱིངས་སྤོ་ལངས་ཐུབ་ནི་རེ་མེད་ཀ ཡུམ་ཁྱོད་ད་ངར་བ་རེད་མོ་སྲ་འི་ཡ་སྲ་འི། ཁྱེད་ཀའི་སེམས་གི་ཚོར་བ་མ་བཤད་ནོ་དགའ་ནི་ཡིན། དྲིན་ཅན་པོ་སྲ་ཐ་བྱིངས་བཤམས་བཞག་ཡོད་ཀ།
    གསར་རུ་རྫོས་ན་མ་བརྫོས་ན་ཁྱོད་རེད། ང་བུད་མེད་ཅིག་ཡིན་ན་ཏག་ཏག་ག་ཁྱོད་ལྟ་བུ་གཅིག་ལ་མནའ་མ་ཡོང་ས་རེད། ཁྱོད་ད་གསར་བུ་སྐྱག་མོ་ཙིག་རེད། སྲ་འི་ཡ་སྲ་འི།

  8. གནམ says:
    2013-12-04 at 9:37 am

    སྙིང་གི་ཕྱེད་ཀ་དཔལ་ཡོན་མ།
    བྲིས་དོན་ཡག་གི་རེད་ཨ། འབྲི་སྟངས་ཅིག་བཙོག་གི་ཡ། སྲ་འི་ཟེར་ན་སྲལ་འི་ཟེར་ནས་རྗེས་འཇུག་ལ་ཞིག་འབྲི་དགོས་ནི་རེད། མི་སྐྱོན་ཀི་མི་སྐྱིན་ཀི། མུ་མཐུད་དུ་སྙིང་གཏམ་ཡིན།
    དུས་རབས་ཤིག་གི་འགྱུར་འགྲོས་དང་བསྟུན་པ་ཡིན་ན། ཁྱེད་བུད་མེད་ཞིག་ཡིན་ག་ལ་དགོས། ཁྱོས་དཔལ་ཡོན་མའི་མྱིང་འཛིན་ཐུབ་ན། འདོམས་ན་རྒྱ་མ་གང་བསྣར་ཡོད་ན་ལ་སྐྱོན་ནི་མ་རེད། གཙོ་བོ་སེམས་ལ་སྒོམ་སྟངས་ཙམ་རེད། ཧ་ཧ་ཧ།

  9. དྲན་དཀར་དཔལ་ཡོན་ says:
    2013-12-04 at 9:52 am

    ངའི་སྙིང་གི་ཚ་བ་གནམ་ལགས། སྲ་འི་ལ་སྲལ་འི་རྫོས་ནི་རྗེས་འཇུག་ལ་འབྲི་ནི་ཀློའུ་ཕྲུག་དེ་གང་ན་ཡོད་ཀའི། ཕོ་རྒོད་ཁྱེད་ཀའི་རིག་ན་སོད་ལ་ཞོག་ར། ངའི་ནག་མོ་ཁྱེད་ལ་སྟེར་ཁོ་ཐག་ཡིན།

  10. གནམ says:
    2013-12-04 at 10:01 am

    སྙིང་ལ་སྡུག་འཇོག་མ། ཚ་བ་འི་ཚལ་ལ་ལ་མི་འཇོག་ནིའི། སྲ་འི་འི་སྲལ་ལ་ལ་མི་འཇོག་ནིའི། འདྲེ་མོ་ལག་ཏོ་མ་དེ་མེད་པར་ཟོས་ཤོག་དང་། ངའི་ལག་ལ་ནག་མོ་མིན་པའི་དཀར་མོ་ཞིག་རག་ས་རེད། ཧ་ཧ་ཧ།

  11. དྲན་དཀར་དཔལ་ཡོན་ says:
    2013-12-04 at 10:08 am

    ངའི་སྙིང་གི་ཚལ་བ་གནམ་ལགས། སྲ་འི་ལ་སྲལ་འི་རྫོས་ནི་རྗེས་འཇུག་ལ་འབྲི་ནི་ཀློའུ་ཕྲུག་དེ་གང་ན་ཡོད་ཀའི། ཕོ་རྒོད་ཁྱེད་ཀའི་རིག་ན་སོད་ལ་ཞོག་ར། ངའི་ནག་མོ་ཁྱེད་ལ་སྟེར་ཁོ་ཐག་ཡིན། ངའི་ནག་མོ་དཀར་མོ་ཙིག་ར་ཡིན།

  12. གནམ says:
    2013-12-04 at 10:19 am

    སྙིང་གི་ཚིལ་ལུ་དཔལ་ཡོན་མ། ཁྱོས་ཅི་འདྲ་འདྲ་ཞིག་བཤད་ཀི་བསྡད་ཡོད་ཀི། སྐབས་རེར་འབྲོག་སྐད་ཡིན་ནི་འདྲ་འདྲ། སྐབས་རེར་རུང་སྐད་ཡིན་ནི་འདྲ་འདྲ། ལེན་རེར་མྱི་སྐད་མིན་ནི་འདྲ་འདྲ། མཚམས་རེར་ཟོག་སྐད་ཡིན་ནི་འདྲ་འདྲ། ཙིག་ཟེར་ན། ཙི་གུ་བསྡུས་བའི་བསྡུ་ཡིག་རེད། དཀར་མོ་ཙི་གུ་འདྲ་ཞིག་ཡོད་ན། ང་ལ་མི་དགོས། ངའི་ལག་ཆ་ཆེ་ཙམ་ཡོད་དོ། ཧ་ཧ་ཧ།

  13. དྲན་དཀར་དཔལ་ཡོན་ says:
    2013-12-04 at 10:50 am

    ངའི་འདང་ཆེན་གནམ་ལགས། སྲལ་འི་གི་རྗེས་འཇུག་ལ་ཙི་གུ་ཙིག་ཡོང་ན་སྦྱིན་ལ་ཞོག ལག་ཆ་ཆེ་ཙམ་ཡོད་བརྫོས་ནས་རང་ང་རང་བཤད་ཀ་བྱས་ནོ་མི་རློམ་གི ལག་ཕྱིས་བཞག་ནས་འགྲོ་འི་ཡོད་ཀ་འདྲ་ཙིག་ཡིན་བསམ་གི

  14. ཁ་བའི་ཡུལ་གྱར་བ། says:
    2013-12-04 at 7:32 pm

    དཔལ་ཡོན་དང་་་་གནམ་ལགས་་་་གཉིས་ཕན་ཚུན་བརྩེ་སེམས་ཡོད་ནོ་འདྲ་འདྲ་རེད། དེང་དུས་གཅིག་ལ་ནར་ནར་ཞིག་དང། གཅིག་ལ་ཤོ་ཤོ་ཞིག་ཡོད་མི་དགོ་གི།
    མཚན་མཐུན་ཡིན་ན་འགྲིགས་ནི་འདྲ་གཟིག་རེད། ཡ་ད་མ་འགྱང་ཆང་ས་རིམ་ལ་ཐང་རིམ་ལ་ཐང། ཧཧཧཧཧཧཧ

  15. གནམ says:
    2013-12-04 at 9:33 pm

    གཉེན་ཆང་གི་གཟུ་བ་ཁ་བའི་ཡུལ་གྱར་བ། ཁྱོས་བཤད་ནོ་མི་བདེན་རྒྱུ་མེད་ཀི། ཡིན་ན་རེད། ཁྱོད་གཟུ་བ་ཞིག་ཡིན་པའི་ཆ་ནས། གཟུ་སྐད་གཙང་མ་ཞིག་མ་བཤད་ན། བརྡ་མ་འཕྲོད་པའི་དཀའ་ངལ་འདུག་ཡ། དེ་མིན། རིམ་ལ་ཐང་རིམ་ལ་ཐང་ཟེར་ན་མི་གོ་འི། རེམ་ལ་རེམ་ལ་ཐོངས་ཟེར་འདོད་ཨེ་ཡིན།

  16. དྲན་དཀར་དཔལ་ཡོན་ says:
    2013-12-04 at 10:37 pm

    ཕོ་རབ་གནམ་ལགས། ཁ་བའི་ཡུལ་འཁྱར་བའི་སྐད་ཆ་ངས་ར་མི་གོ་འི། འདིས་ཡང་འབྲོག་སྐད་བཤད་མ་ཤེས་པར་རུང་སྐད་བཤད་ནི་ལོས་ཡིན། སྲ་འི་སྲ་འི་རོང་སྐད་ཡིན་ནའང་མྱི་སྐད་རེད་མོ། བཟའ་ཚང་བཅའ་ན་ཁྱེད་གཉིས་ཀ་སྲ་འི་འོ། བརྩེ་བ་བཤད་སྟངས་ན་རང་ང་རང་མཆོང་རྒྱག་ཡས་ཡོང་གི ཡུལ་འཁྱར་བས་གནམ་གི་ལ་སྐྱག་ཁུང་ནང་ལ་དྲངས་ར་ངས་དཔར་རྒྱག་གོ གཟའ་རོ་འདི་ཆོ་ད། བྱིངས་བརྩེ་བ་བརྗོས་ན་རང་ང་རང་རྩེད་འཇོག་གི ཨ་མདོའི་ཕོ་གསར་ཆོ་ད་དྲང་མོ་མདའ་འདྲ་མོ་ཕྱི་གསལ་ནང་གསལ་ལ་ཡིན་མོ།

  17. གནམ says:
    2013-12-04 at 11:13 pm

    ཁྲེལ་མ་དཔལ་ཡོན་མ་ལགས། ང་གང་ཟིག་ནས་ཡིན་ནོ་མི་ཤེས་ན། ཁྱོད་དང་ངེད་གཉིས་བར་ན་ལུས་ཀྱིས་མི་ཐོང་བ་ཅང་མེད་པ་འདྲ། ང་རུང་འབྲོག་སྟོད་སྨད་ལ་དབྱེ་བ་མེད། མྱི་ལུས་རིན་པོ་ཆེ་ལ་མྱི་སྐད་མ་འདྲ་བ་རེ་ཡོད་པ་མི་སྐྱོན་ཀི། གཙོ་བོ། ནང་སེམས་ན་བརྩེ་བ་ཟབ་པ། ཕྱི་ལུས་ལ་བོད་ཚིགས་ཡོད་པས་དགའ་ནི་ཡིན།
    མཆོང་རྒྱལ་ཟེར་ནི་རེད། རྒྱག་འདྲ་ཡིན་ནི་མ་རེད། བཙན་བཙན་རྒོད་རྒོད་ཀིས་ཅིག་བསྒྲིག་གི་མ་འདུག། སྙིང་གི་ཁུར་རྒན་མ།

  18. དྲན་དཀར་དཔལ་ཡོན་ says:
    2013-12-04 at 11:46 pm

    མྱི་རྒོད་གནམ་ལགས། སྲ་འི་གཤིས་འི་སྲ་འི། ང་ཕྱི་ཚོ་ཙིག་འགྱོ་དགོ་ཐང་ད། ངས་ཁྱེད་ཀར་རོགས་བཀའ་བཙའ་ཡལ་ཙིག་བཙལ་ཡོད། རོང་འབྲོག་གང་ཡིན་ངས་ར་མ་ཤེས། མྱིང་ལ་བལྟས་ན་ར་ཁ་བའི་མྱི་ལྡོམ་ཡིན་ནོ་ཤེས་ནོ་དེ་རེད། ཁྱེད་གཉིས་བཙའ་ཡལ་ཙིག་རྩེད་བགྱིད་ངའི་རེ་ཝ་ཡིན། ཕོ་རྒོད་བདེ་མོ་བྱོས་ཨ།

  19. གནམ says:
    2013-12-05 at 2:01 am

    དཔལ་ཡོན་བཤད་ཁ་མ། ཁྱོས་སྲལ་འི་སྲལ་ལ་རྗེས་འཇུག་ལ་མི་འཇོག་ན། ཁྱོས་ང་ལ་ཡིག་ངག་གང་གི་ཐོག་ནས། གོ་བརྡ་སྟེར་ཐུབ་རྒྱུ་མིན་པས། སྐྱེ་བ་འདི་ལ། ངའི་བསོད་ནམ་ཁྱོད་ལ་མ་ཡོད་ཐལ།
    བཙའ་ཡ་ཟེར་ནི་མ་རེད། རྩལ་ཡ་ཟེར་ནི་རེད།
    ཕྱི་ཚོ་ཟེར་ནི་མ་རེད། ཕྱི་སོ་ཟེར་ནི་རེད། གོ་བ་མེད་པའི་གླང་རྒན་མར། རྒྱལ་བོའི་བཀའ་ལས་བོང་མཇེ་བཙན། བོང་རྒན་ཞིག་ལ་སྐེ་སྦྲེལ་མ་བྱས་གོང་། ཚོད་བཟུང་ན་དགའ་བ་མིན་འགྲོ། གླན་མ་ལུ་གུའི་མགོ་ཅན།

  20. གནམ says:
    2013-12-05 at 2:12 am

    ཁང་སྨིན་གྲོལ་རྒྱ་མཚོ། སེམས་གཏིང་ནས་དགོངས་དག་ཞུ། འབྲེལ་མེད་དོན་གཞན་གྱི་ཉོག་གཏམ་མང་པོ་ཞིག ཁྱེད་ཁའི་སྒོ་རའི་གླིང་ཀ་ནས་རྩེད་མགོ་བཙུག་སོང་། ཡང་ཡང་དེ་འདྲ་མི་བྱེད། ད་རེ་དགོངས་ཡངས་ཡོད་པར་ཞུ།
    དཔལ་ཡོན་མའི་ཁ་རྐུབ་མ་བཙུམས་ན། གནམ་རྒན་མས་མྱིག་ཟིག་ཚུམས་མ་ཐུབ་ཐལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme