Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་རྩོམ་པ་པོ་གྲགས་ཅན་གླང་མདུན་དཔལ་འབྱོར་མཆོག་སྐུ་གཤེགས་པ།

Posted on 2013-11-282013-11-30 By ཁ་བརྡ་ 15 Comments on བོད་ཀྱི་རྩོམ་པ་པོ་གྲགས་ཅན་གླང་མདུན་དཔལ་འབྱོར་མཆོག་སྐུ་གཤེགས་པ།

འདྲེན་ཁུངས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།

2013112900215882བོད་ཀྱི་བརྩམས་སྒྲུང་རྩོམ་པ་པོ་གྲགས་ཅན་གླང་མདུན་དཔལ་འབྱོར་ལགས་ཕྱི་ཚེས་༢༨ ཀྱི་ཉིན་གུང་གི་ཆ་ལ་ལྷ་སར་སྐུ་གཤེགས་པའི་གནས་ཚུལ་ཐོན་འདུག

གླང་མདུན་དཔལ་འབྱོར་ལགས་ནི་ཕྱི་ལོ་༡༩༤༡ ལོའི་ཟླ་༡༡ པར་བོད་ཀྱི་གྲོང་ཁྱེར་ལྷ་ས་རུ་འཁྲུངས་ཤིང་། ༡༩༥༩ ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན། ཁོང་གིས་༡༩༨༠ ལོར་<<བོད་ཀྱི་རྩོམ་རིག་སྒྱུ་རྩལ>>འདོན་ཐེངས་འགོ་མའི་སྟེང་<<གསར་བཞད་རིག་གནས་དཔྱིད་དཔལ་ལ་བསྟོད་པ>>ཞེས་པའི་བརྩམས་ཆོས་ཐོག་མ་སྤེལ་བ་ནས་བཟུང་། <<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ>>དང<<གཙུག་གཡུ>>སོགས་བརྩམས་ཆོས་སྤུས་དག་སྐོར་ཞིག་རྩོམ་འབྲི་གནང་ཞིང་། གོང་གསལ་བརྩམས་ཆོས་ལ་སོ་སོར་ཞིང་ཆེན་དང་ལྗོངས་ལྔའི་གསར་རྩོམ་བྱ་དགའ་དང་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་བྱ་དགའ་ཐོབ། དེ་མིན་ཁོང་ལ་བོད་རང་སྐྱོང་ལྗོངས་ཀྱི་རྩོམ་རིག་གསར་རྩོམ་བྱ་དགའ་ཨང་དང་པོ་ཐོབ་མྱོང་།1450741_704201869598763_523118642_n

གླང་མདུན་དཔལ་འབྱོར་ལགས་ཀྱིས་དེ་སྔ་གྲོང་ཁྱེར་ལྷ་སའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་རང་སྐྱོང་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་བཞེས་མུས་སུ་མཆིས།

གསར་འགྱུར།

Post navigation

Previous Post: ཐ་མག་ཅེས་པ་འདི་ཉིད་བྱུང་རྩ་དང་དེའི་ཉེན་སྐྱོན་སྐོར་གླེང་བ།
Next Post: སྐྱོ་བྲག

Comments (15) on “བོད་ཀྱི་རྩོམ་པ་པོ་གྲགས་ཅན་གླང་མདུན་དཔལ་འབྱོར་མཆོག་སྐུ་གཤེགས་པ།”

  1. བཀྲིས་བསམ་གྲུབ། says:
    2013-11-28 at 11:36 pm

    གླང་མདུན་དཔལ་འབྱོར་ལགས་ཀྱིས་བརྩམས་གནང་བའི་གཙུག་གཡུ་ཅེས་པའི་བརྩམས་སྒྲུང་འདི་ནི་བོད་ནང་གདེངས་འཇོག་ཆེན་པོ་ཐོབ་པའི་བརྩམས་ཆོས་གྲས་ཤིག་རེད། ཁོང་གི་བརྩམས་ཆོས་འདི་ལྟ་བུས་བོད་མི་རིགས་ཀྱི་བརྩམས་ཆོས་རིག་གནས་ཁྲོད་སྟོང་ཆ་གང་ལེགས་བསྐོངས་གནང་ཡོད། དེ་རིང་རྩོམ་པ་པོ་ཁྱེད་མི་ཡུལ་དང་ཞལ་བྲལ་དུས་ཁྱེད་ཀྱི་མཚན་སྙན་བརྩམས་ཆོས་དེ་དང་དེ་འདྲ་བར་དགའ་ཞེན་ཡོད་པ་ཚོས་སེམས་ནང་ནས་ནམ་ཡང་དོར་གྱི་མ་རེད། གལ་སྲིད་ཁྱེད་རང་གི་འཁྲུངས་ཡུལ་དེ་གནས་མཆོག་ལྷ༌ས་མ་ཡིན་པར་གཞན་ཞིག་ཏུ་ཡིན་ཚེ་ཁྱེད་རང་གི་མཚན་སྙན་དེ་སྔ༌ནས་འཛམ་གླིང་ས་ཕྱོགས་གང་སར་ས་འདྲུད་རྡོ་འདྲུད་བྱས་ཏེ་ཆེན་པོ་ཞིག་ཏུ་བསྟོད་སྲིད་པ་རེད། འོན་ཏེ་དེ་རིང་ཁྱེད་རང་ལ་དེ་མུས་འདས་ཚར་དུས་ཁྱེད་རང་ལ་གདུང་སེམས་དང་དྲན་འཆར་ཕུལ་མཁན་ག་ཚོད་ཙམ་ཡོད་མེད་ནི་ཤོད་དཀའ་བ་ཞིག་འདུག དངོས་གནས་རིག་གཞུང་དང་བརྩམས་ཆོས། སྐད་ཡིག་སོགས་ཀྱི་ཁ་གཡང་སྙན་མོ་གང་སར་བསྒྲགས་ཀྱི་འདུག་ཀྱང་ད་དུང་ཆགས་ཞེན་ཆེན་པོ་ཞིག་ང་ཚོའི་སྤྱི་ཚོགས་ནང་ནད་འབུ་བཞིན་ཁྱབ་འདུག་པས་ཁྱེད་ལ་མཚན་སྙན་དེ་མུར་འཇོག་རྒྱུ་རེད་འདུག

  2. ངས་པོ་རྒྱལ་མཚན། says:
    2013-11-29 at 4:56 am

    དངོས་གནས་དེང་སང་ཕབ་མེས་ཀྱི་རིག་གཞུང་གཞིས་བྱེས་གཉིས་ཀར་གོ་གནས་ཧ་ཅང་གི་དམའ་བོ་ཞིག་ལས་མེད་ཐོབ་མེད། གཞིས་སུ་རྒྱ་དམར་གྱིས་བཙན་པོ་དབང་ཡོད་ཀྱི་བོད་ཡིག་རྒྱུན་འཛིན་བྱེད་མཁན་ལ་རང་གསོའི་ལས་རིགས་སྤྲོད་ཀྱི་མེད། བྱེས་ནས་དོ་སྣང་མེད་པར་ཉམ་རྒུད་འགྲོ་བཞིན་ཡོད། དེར་བརྟེན་དམ་པ་ཁོང་སྐུ་གཤེགས་པ་ནི། བོད་མི་རིགས་ལ་གྱོང་གུན་ཚབས་ཞིག་རེད་སྙམ། ཁོང་ལ་མྱ་ངན་ཞུ།

    རིག་གནས་གསར་བརྗེའི་རླུང་འཚུབ་དྲག་པོའི་ཁྲོད།།
    ཡབ་མེས་སྤྲེལ་གྱི་ཀླད་རྩ་སྐམ་ལ་ཁད།།
    ཀ་མད་སུམ་ཅུར་བཙན་གྱི་འགག་སྒོ་འདི།།
    རིགས་ཞེན་འབོམ་གྱིས་གཏོར་མཁས་གླང་མདུན་མཆོག།

  3. བཀྲིས། says:
    2013-11-29 at 5:47 am

    ཁོང་གིས་གསར་རྩོམ་གནང་བའི་བརྩམས་སྒྲུང་རིང་གྲས་གཙུག་གཡུ་ནི་བོད་ཀྱི་ཤེས་ཡོན་ཅན་དང་རིག་གནས་སྡེ་ཁག་ཙམ་མ་ཟད།  གཞི་རིམ་མི་མང་དང་།  ཐ་ན་རི་ཁུག་ལུང་ཁུག་ཏུ་གནས་པའི་ཕྱུགས་རྫི་ལུག་རྫིས་ཀྱང་བལྟ་ཀློག་བྱེད་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་རེད། དེའི་ཐོག་ནས་ཁོང་གི་རྩོམ་རིག་གི་སྐད་ཆའི་སྒྱུ་རྩལ་དེ་ཤེས་ཡོན་ཅན་དང་རིག་གནས་སྡེ་ཁག་གི་དཀྱིལ་འཁོར་ཆུང་ཆུང་ཞིག་དང་རྭ་བ་གུ་དོག་པོ་ཞིག་ནས་སྤྱི་ཚོགས་ལ་ཁ་ཕྱོགས་དང་མི་མང་ལ་ཁ་ཕྱོགས་ཐུབ་པའི་གསར་གཏོད་རང་བཞིན་ཆེན་པོ་ཡིན་པ་རྟོགས་ཐུབ།  གང་ཉིད་འཇིག་རྟེན་མི་ཡུལ་འདི་ནས་ཁ་བྲལ་ཡང།  ཁོང་གིས་བོད་ཀྱི་རྩོམ་རིག་ལ་བཞག་པའི་མཛད་རྗེས་ནི་རི་བོ་ཧི་མ་ལ་ཡའི་རི་སྟེང་དུ་སྐྱེས་པའི་ལྷ་ཤིང་གི་ཤུག་པ་དང་འདྲ་བར་དུས་ནམ་ཡང་ང་ཚོའི་སེམས་ཁོངས་སུ་གནས་ངེས་རེད།
     

  4. ཁང་ཟླ་སྲས། says:
    2013-11-29 at 6:04 am

    གཙུག་གཡུ་ནི་ཁོང་གི་ཚབ་མཚོན་བརྩམས་ཆོས་དེ་ཡིན་སྙམ་སྟེ། ཁོ་བོས་ཀྱང་ཐེངས་འགར་བཀླགས་མྱོང་། རྩོམ་པ་མི་ཡུལ་དང་ཞལ་བྲལ་བར་མྱ་ངན་ཞུ།

  5. ངས་པོ་རྒྱལ་མཚན། says:
    2013-11-29 at 6:10 am

    དམ་པ་ཁོང་གིས་‘‘ གྲོང་ཁྱེར་ལྷ་སའི་དགེ་འོས་སློབ་གྲྭའི་དགེ་རྒན་བྱེད་སྐབས། སློབ་མ་མང་བོ་ཞིག་གིས་བོད་ཡིག་སློབ་ཚན་ལ་དགའ་སྣང་དེ་ཙམ་མེད་པར་ཡིག་ཚད(ཡིག་རྒྱུགས)ཀྱི་སྐར་མ་ལོན་ཐུབ་ཙམ་གྱི་འབད་བརྩོན་ཁོ་ན་ལས་མི་བྱེད་པའི་ཕྱོགས་ལྷུང་ལ་བརྟག་སྐབས། གཙོ་བོ་ནི་དེང་སྐབས་དང་མི་འདྲ་བར་སྐབས་དེའི་བོད་ཡིག་སློབ་དེབ་ཀྱི་སློབ་ཚན་མང་ཆེ་བ་རྒྱ་ཡིག་སློབ་ཚན་གྱི་ནང་དོན་བོད་ཡིག་ལ་ཐད་སྒྱུར་བྱས་པ་ཤ་སྟག་ཡིན་པས། རྩོམ་ཡིག་དེ་རྣམས་ལ་བོད་ཀྱི་རྩོམ་རིག་གི་སྒྱུ་རྩལ་ཁྱད་ཆོས་མེད་པ་དང༌། རྒྱུ་མཚན་གཞན་ཞིག་ནི་རིག་གནས་གསར་བརྗེའི་ཤུགས་རྐྱེན་གྱིས་སྤྱི་ཚོགས་ཐོག་ཏུ་བོད་ཡིག་ལ་དོ་སྣང་དང་སློབ་སྦྱོང་བྱེད་མཁན་ནི“ཀླད་པ་ལྗང་གུ”དང༌། བསམ་བློ་རྗེས་ལུས། བཀས་བཀོད་རྒྱུད་འཛིན་ལམ་ལུགས་ལ་ཤི་འཐམ་རོ་འཐམ་བྱེད་མཁན་གྱི་མི་ཞིག་ཡིན་པར་ངོས་འཛིན་པའི་བསམ་བློའི་ཤུགས་རྐྱེན་དེ་ཉིད་སློབ་མར་ཐེབས་པ་རེད། སྤྱི་ཚོགས་རྙིང་བས་བཞག་པའི་འབྲས་བུ་ཡིས་སྐབས་དེར་དམངས་ཡོངས་ཀྱི་རིག་གནས་ཆུ་ཚད་དམའ་བའི་ཐོག་ལ། སྐད་ཡིག་ཙམ་མ་ཡིན་པར་ས་གནས་ཀྱི་གོམས་གཤིས་དང༌། ཡུལ་སྲོལ། རྒྱུན་སྲོལ་གྱི་སྒྱུ་རྩལ་སོགས་མང་ཆེ་བར་དགག་པ་རྒྱག་པ་དང་སྒྱུར་བཅོས་བྱེད་པའི་དུས་སྐབས་ཡིན། སྤྱི་ཚོགས་རྙིང་བ་མགོ་རྟིང་བསློགས་ཟིན་པས་གཞོན་སྐྱེས་རྣམས་ཀྱིས་དེ་སྔའི་སྤྱི་ཚོགས་དེ་ཅི་ལྟ་བུ་ཞིག་ཡིན་པ་དང༌། གོམས་སྲོལ་དང་འཚོ་བའི་གནས་སྟངས། མཛེས་དཔྱོད་ལྟ་བ་སོགས་ལ་རྒྱུས་མངའ་མེད་པར་གྱུར་པར་བརྟེན། ན་གཞོན་སློབ་མ་རྣམས་དང་ལྷག་དོན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམ་པར་གོ་བདེ་ཞིང་དོན་རྟོགས་སླ་བ། ཡིད་དབང་འགུག་ཐུབ་པའི་བོད་ཡིག་གི་བརྩམས་ཆོས་འགའ་རེ་ལེགས་སྐྱེས་སུ་འབུལ་ཐུབ་པ་ཡིན་ན། རིག་གནས་ཀྱི་འཚོ་བ་ཉག་ཕྲ་བའི་མི་རྣམས་ལ་ཕན་འབྲས་གང་ལེགས་ཡོང་རྒྱུ་མ་ཟད། བོད་ཡིག་ལ་མཐོང་སྣང་མི་བྱེད་པའི་གནས་ཚུལ་ལ་འགྱུར་བ་བྱུང་ནས། ཕུན་སུམ་ཚོགས་པའི་རིག་གནས་འདི་རྒྱུན་འཛིན་བྱ་རྒྱུར་ཕན་ཐོགས་ཡོང་གི་རེད། སྤྱི་ཚོགས་ཤིག་གི་གནས་ལུགས་སམ་མི་རིགས་ཤིག་གི་སེམས་ཁམས་དང༌། གཤིས་ལུགས། སྒྱུ་རྩལ་བཅས་མཚོན་པར་བྱེད་པའི་རིག་གནས་ཀྱི་ཁྱབ་ཁོངས་ནི་ཤིན་ཏུ་རྒྱ་ཆེ་བ་ཞིག་སྟེ། དཔེར་ན་རྒྱན་གོས་ཀྱི་རིག་གནས་དང༌། གོམས་སྲོལ་གྱི་རིག་གནས། བཟའ་བཏུང་གི་རིག་གནས། སེམས་ཁམས་ཀྱི་རིག་གནས། གུས་ལུགས་ཀྱི་རིག་གནས། མཛེས་དཔྱོད་ཀྱི་རིག་གནས། འཛེམ་སྤངས་ཀྱི་རིག་གནས་སོགས་ཁྱབ་ཆེ་བས། སྤྱི་ཚོགས་ཤིག་ངོ་སྤྲོད་བྱ་ཐུབ་པར་བྱེད་པ་ལ་ཚིག་སྦྱོར་སྙན་པའི་རྩོམ་ཡིག་ཐུང་གྲས་ཤིག་གིས་མཚོན་པར་བྱེད་མི་ཐུབ་པར་བརྟེན། ཁོ་བོས་སྒྲུང་རིང་《གཙུག་གཡུ་》འབྲི་མགོ་བཙུགས་པ་ཡིན།”

  6. ཨ་ཕྱི་ཆོས་སྒྲོན says:
    2013-11-29 at 7:21 am

    བོད་རང་གི་རིག་གཞུང་གི་བདག་པོ་ཞིག་གངས་ཅན་ཡུལ་ལས་ཞལ་གྱེས་སོང་བར་མྱ་ངན་ཞུ། ཨོཾ་མ་ཎི་པདྨེ་ཧྰུཾ།།

  7. གཡུ་ཐོག་རྒྱལ་པོ། says:
    2013-11-29 at 9:10 am

    ཕལ་པའི་ཁྱིམ་ཚང་གི་སྐྱིད་སྡུག་ཅེས་པའི་རྩམས་སྒྲུང་གོང་ལ་བོད་ཀྱི་རྩམས་སྒྲུང་རིང་ཤོས་ནི་གཙུག་གཡུ་ཡིན་པར་གྲགས།

  8. བཙན་བྱོལ་བ་ says:
    2013-11-29 at 10:17 pm

    དབུས་ཕྱོགས་དཔལ་གྱི་ལྷ་ས་རུ་འཁྲུངས་པའི་རྩོམ་པ་པོ་གླང་མདུན་དཔལ་འབྱོར་ལགས། ཁྱེད་ཀྱིས་བོད་མི་རིགས་ཀྱི་སྐད་ཡིག་ལ་མཛད་རྗེས་འཇོག་པ་ནི་བརྗོད་ཀྱིས་མི་ལང་། ད་རེས་ཁྱེད་མི་ཡུལ་ནས་ཁ་བྲལ་བ་ལ་མྱ་ངན་གུས་འདུད་ཚད་མེད་ཞུ། གང་ཉིད་གངས་ལྗོངས་ཆོས་ལྡན་ཞིང་དུ་སླར་ཡང་སྐྱེ་བར་སྨོན།

  9. བསྟན་འཛིན་རྒྱལ་པོ། says:
    2013-11-30 at 5:54 am

    བོད་ཀྱི་རྩོམ་སྒྲུང་མཁན་གྲགས་ཅན་གླང་མདུན་དཔལ་འབྱོར་ལགས་འཇིག་རྟེན་མི་ཡུལ་འདི་ནས་ང་ཚོ་དང་ཞལ་གྱེས་སོང་བར་མྱ་ངན་གུད་དུད་ཞུ། ཁྱེད་ཀྱི་རྩོམ་རྩལ་དང་བོད་སྔ་མའི་མི་རིགས་ཀྱི་འཚོ་བ་རོལ་སྟངས་སྲོག་ཏུ་ཕབས་པའི་(གཙུག་གཡུ) ཁོ་ནས་བོད་ཀྱི་སྒྲུང་རྩོམ་གྱི་སྟོང་ཆ་ཞིག་བསྐངས་ཡོད་སྟབས་ཁྱེད་མི་ཡུལ་འདིར་བྱོན་པར་ངོ་མ་གཟི་བརྗིད་ཆེ་ལ། ཁྱེད་མི་ཡུལ་ནས་བྲལ་ཡང་ང་ཚོའི་སེམས་ཁོངས་སུ་ཁྱེད་ཉིད་རྟག་ཏུ་གཟིམས་མེད་ཀྱི་སྒྲོན་མེ་ཞིག་ཡིན།

  10. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-11-30 at 9:24 am

    མ་ཤི་སྔོན་ལ་རྒྱུས་མངའ་མེད།
    ཤི་རྗེས་བསྟོད་པ་བྱེད་ཡ་ལ་སྟབས་བདེ་བོ་རང་མི་འདུག་ལགས།

  11. དྲི་མེད་ལྷག་བསམ། says:
    2013-11-30 at 9:54 am

    མཁས་དབང་ཁོང་གི་གསུང་རྩོམ་མཐོང་མྱོང་། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འདེབས། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།

  12. སྤོབས་པ་མཐའ་ཡས། says:
    2013-11-30 at 5:06 pm

    དགུང་ལོ་མཐོན་པོར་མ་སོན་གོང་ནས་གྲོངས་པ་ཕངས་པོ་རེད། འབྱོར་ལྡན་གྲལ་རིམ་དང་སྐུ་་དྲགསལ་དགག་པ་རྒྱག་པའི་མཚོན་ཆ་རྣོན་པོ་གཙུག་གཡུ་ཞེས་པའི་སྒྲུང་འདི་ལ་རྒྱ་དམར་གཞུང་གིས་ཀྱང་མཐོང་ཆེན་བྱས་འདུག

  13. འདྲེ་རྐང་ཐོ། says:
    2013-11-30 at 11:18 pm

    འཚོ་དུས་མ་གོ་མ་ཚོར།།
    ཤི་རྗེས་བཟང་རབས་ཡག་རབས།།
    བོད་མིའི་འགྲོ་ལུགས་འགྲོ་སྟངས།།
    གཅིན་དང་སྐྱག་པ་རང་རེད།།

  14. སྤོབས་པ་མཐའ་ཡས། says:
    2013-12-01 at 12:17 am

    སྐུ་ཞབས་དཔལ་འབྱོར་ལགས་ཀྱིས་བོད་ཀྱི་སྤྱི་ཚོགས་རྙིང་པ་དང་། ཆོས་སྲིད་ཟུང་འབྲེལ། བྲན་གཡོག་ལམ་ལུགས་ལ་སུན་འབྱིན་དགག་རྒྱག་གི་ནང་དོན་ལྡན་པའི་གཙུག་གཡུ་ཞེས་པའི་སྒྲུང་རྩོམ་སོགས་བྲིས་ཡོད། བོད་རང་སྐྱོང་ལྗོངས་ཀྱི་པུའུ་དང་ཐིང་སོགས་ཀྱི་ནང་དུ་ཀྲུའུ་ཞི་དང་ཀྲུའུ་རིན་སོགས་ཀྱི་ཆོ་ལོ་ཡང་ཐོབ་ཡོད། ད་ཤི་བ་རླབས་ཆེ་ཞིང་གསོན་པ་གཟི་བརྗིད་ཆེ་ཞེས་པའི་ཀྲུངགོ་གསར་པའི་འཛུགས་སྐྲུན་ལ་བྱས་རྗེས་བཞག་ཡོད་པར་ཐེ་ཚོམ་མེད་དོ།།

  15. ནམ་མཁའ says:
    2013-12-01 at 4:19 am

    གླང་མདུན་དཔལ་འབྱོར་གྱིས་བརྩམས་གནང་བའི་གཙུག་གཡུ་བཀླགས་མྱོང་། དེ་ནི་བོད་སྤྱི་ཚོགས་རྙིང་པའི་ལམ་ལུགས་དང་སྐུ་དྲག་ཚོའི་བྱ་སྤྱོད་ཐེར་འདོན་བྱས་བའི་སྒྲུང་ཞིག་རེད། ངས་བཀླགས་བཞིན་པའི་སྐབས་ཁོས་དྭངས་བླངས་ཀྱིས་བྲིས་པ་ཞིག་ཡིན་ནམ་ཡང་ན་གཞུང་གིས་སྐུལ་འདེབས་བྱས་པ་ཡིན་ནམ་སྙམ་པའི་དོགས་པ་བྱུང་། སྒྲུང་དེའི་མཇུག་ལ་ཁོས་གསལ་བཤད་ཞིག་ཡོད་སྙམ་མོད།ཡིན་ཡང་དེ་རིང་དྲན་གྱི་མི་འདུག
    གང་ལྟར་ཁོང་ལ་མྱ་ངན་ཞུ་བཞིན་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme