Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀ་ཕྲེང་མགྲིན་པའི་སྦུག་གླུ།

Posted on 2013-11-202013-11-20 By ཆུ་སྐྱེས་སྒྲོལ་མ། 3 Comments on ཀ་ཕྲེང་མགྲིན་པའི་སྦུག་གླུ།
བསམ་གླིང་ཚེ་རིང་ལྷ་མོ།

ཀ་བ་འགྱིངས་པ་ལྟ་བུའི་ནགས་རིས་གཡས་གཡོན་ཡོངས་སུ་གང་བར་བྱས།།
ཁ་དོག་ཉམས་པའི་སྤང་རྩྭ་སེར་མདོག་མཁྲིས་ནད་ཕོག་པའི་ན་གཞོན་བཞིན།།
གང་དུ་བལྟས་ཀྱང་རི་རབ་ལྷུན་པོ་ཁ་དོག་ཉམས་པའི་ནམ་དུས་ཤར།།
ང་རང་གཅིག་པུ་ཧད་དེ་ལུས་པ་ལྷ་གསོལ་རི་ལས་གཞན་སུས་ཤེས།།

ཅ་གས་བསྐྱངས་པའི་རིན་ཆེན་ལུས་རྟེན་ས་མཐར་གྱར་ལུགས་འདི་འདྲ་ནི།།
ཆ་ཤས་ཙམ་ཀྱང་ལོ་རྒྱུས་ནང་དུ་སྐྱེ་བོ་ཀུན་ལ་མི་འབྱུང་ཤོག །
ཇི་ཙམ་བལྟས་ཀྱང་ཕ་ཡུལ་ཁོ་ན་དྲན་པའི་ངོས་སུ་ཝ་ལེར་འཆར།།
ཉི་མ་བཞུད་པའི་གྲིབ་གཟུགས་ཁྱོད་ནི་གདུང་བ་སྟེར་བའི་ཕོ་ཉ་འདྲ།།
ཏ་ཐ་ག་ཏའི་གཞུང་ཆེན་སྦྱོང་བའི་ལས་དབང་ཚེ་འདིར་མ་བསྐོས་ཀྱང་།།
ཐ་མལ་ལུས་འདིས་རྒྱུས་མེད་རི་ཀླུང་ཐན་པ་འགམ་བཞིན་འདི་རུ་འབྱོར།།
ད་ལྟའི་ང་ཚོའི་གནས་སྟངས་འདི་ཡིས་རྒྱལ་བའི་དགོངས་པ་ག་ལ་འགྲུབ།།
ན་གཞོན་མང་པོས་གངས་ལྗོངས་ཡུལ་ནས་སྐུ་སྲོག་དམར་པོའི་མེ་ལ་ཕུལ།།
པ་ཕའི་བུ་དང་བུ་མོ་མང་པོས་གཞན་ཡུལ་ཕྱོགས་ནས་ཁྲིག་ཁྲིག་བྱས།།
ཕ་ཡུལ་མེད་ཀྱང་ཡོད་མདོག་བསྟན་ནས་གཞན་ཡུལ་རང་ལ་བདག་ན་སྙམ།།
བ་མོ་དུད་འགྲོའི་བརླིང་སྤྱོད་བཞིན་དུ་ད་དུང་ལྐོག་ཟར་ཧམ་སེམས་བྱེད།།
མི་ཡུལ་འདི་རུ་འབུམ་ཕྲག་བརྩིགས་ཀྱང་དོན་གྱི་སྙིང་པོ་ཡོད་དམ་ཅི།།
རྩ་བ་བྲལ་བའི་སྡོང་པོ་བཞིན་དུ་ནམ་ཞིག་ཕུང་ལས་སུས་སྐྱོབ་བམ།།
ཚ་གྲང་སྙོམ་པའི་གསེར་ལྡན་དུས་འདི་ཀུན་གྱི་ཡིད་ལ་མཛའ་ན་འང་།།
ཛ་དྲག་ཆེ་བའི་དགུན་གྱི་གྲང་ངར་རེས་མོས་འཁོར་བ་ཇི་བཞིན་དུ།།
ཝ་ལེར་བསམ་ན་མི་བདག་རྒྱུ་ཡིས་གཞན་མགོ་བསླུས་ཀྱང་རང་ཉིད་ཕོངས།།
ཝ་ཡེ་གསོན་དང་ཞུ་རྒྱུ་ཡོད་དོ་ད་དུང་ལྷོད་པར་གནས་ཁུལ་ཡང་།།
བཞི་གསུམ་བཅུ་གཉིས་ནམ་དུས་རྣམས་ནི་མགྱོགས་འགྲོ་ཐང་ལ་རྒྱུགས་པ་བཞིན།།
གཟི་བརྗིད་ལྡན་པའི་དབྱར་གྱི་དཔལ་མོ་གར་སོང་ཆ་མེད་བྲོས་བྱས་ཤིང་།།
འ་རེ་འུ་རེའི་བྲེལ་འཚུབ་ཁྲོད་ནས་སྨུག་སྤྲིན་ལང་འཚོ་བརྗེད་ནས་ཐལ།།
ཡ་རབས་བཟང་པོའི་གངས་ཅན་ལྗོངས་ཀྱི་སྐྱེ་བོའི་རྣམ་ཐར་སྐྱོང་བསམ་ན།།
ར་ལྟར་གྱོང་བའི་མ་རབས་རྣམས་ལ་ད་ནི་ལས་འབྲས་འཁོར་རེ་རན།།
ལམ་དང་ལུགས་སྲོལ་གང་ལ་མ་བརྩིས་སྒོར་མོའི་འབུལ་བས་སྐྱེ་བོ་འཁྲུལ།།
ཤ་ཚ་ཅན་གྱི་སྐྱེ་བོ་དག་ནི་ཡིད་ལ་གདུང་བའི་ཁུར་གྱིས་མནན།།
ས་ཕྱོགས་འདི་ནས་དྲང་གཏམ་ཞུས་ཀྱང་གསན་པའི་སྐྱེ་བོ་སུ་ཞིག་མཆིས།།
ཧ་ཅང་ཐལ་བའི་བྱ་སྤྱོད་འགའ་རེས་བདེན་པའི་སྐྱེ་བོའི་བླ་དེ་འཁྱར།།
ཨ་གསར་ཅན་གྱི་གཏམ་རྒྱུད་མིན་ཀྱང་ཁུ་སིམ་རྫ་མོའི་རོང་གི་ཆུ།།
ཤང་ཤང་འུར་སྒྲ་ཆེས་རང་དྲགས་ན་ས་བདག་རྒྱལ་པོ་ཁྲོས་གྱུར་ཏེ།།
ས་གཞིའི་སྟེང་གི་ཉམ་ཆུང་མེ་ཏོག་དྲག་པོའི་ཆད་པས་གཏོར་ཉེན་ཡོད།།
ཧ་ཧ་ཞེས་པའི་ཀུ་རེའི་ཚུལ་གྱིས་སེམས་གཏམ་རི་མོའི་ལམ་ནས་ཤོར།།
ཧུ་ཧུ་ཞེས་པའི་སྨྲེ་ངག་ཚུལ་གྱིས་གདུང་བའི་གླུ་ཆུང་མགྲིན་ནས་ཐལ།།
ཨ་ཕྲེང་སྒྲིག་པའི་མུ་ཏིག་ཕྲེང་མཛེས་དཔལ་ལྡན་ལྷ་མོའི་རྒྱན་དུ་ཕུལ།།

སྙན་ངག

Post navigation

Previous Post: ༄༅།།ཨེ་མ་ཧོའི་འཁྲུངས་སྐར་ལ་ཕུལ་བ་དབྱངས་གསལ་རོལ་མོ། །
Next Post: ༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་བདུན་པ་དབུ་འཛུགས་གནང་བ།

Comments (3) on “ཀ་ཕྲེང་མགྲིན་པའི་སྦུག་གླུ།”

  1. གནམ says:
    2013-11-20 at 6:58 am

    ཀ་འཕྲེང་སྔོན་རྗེས་བརྩེགས་མའི་སྐྱོར་ཅན། ཟེར་ན་ག་འདྲ་འདུག། ཧ་ཧ་ཧ།
    ཨ་ཆེ་འི་སེམས་གཏིང་ན། སྐྱིད་སྡུག་གི་གླུ་ཆུང་དང་། དུང་སྡང་གི་སྨྲེ་ངག་རེ་ཡོད་པ་འདི་ཡག་པོ་རེད། འབྲི་འི་སྡོད་ཐལ། ཀློག་གི་འདུག་དགོས།

  2. དགེ་འདུན་རྒྱ་མཚོ། says:
    2013-11-20 at 1:11 pm

    ཀ་བ་འགྱིང་བ་ཡིན་མིན་མ་ཤེས་ཤ་ཡི་མདུང་རྣོན་ཡིན་ཡང་སྲིད།། 
    ཁ་དོག་སེར་བོ་ག་ལ་ཡིན་ཏེ་སྔོན་པོ་ཏོག་གི་ཞྭ་མོ་ཅན།། 
    ག་དུས་ཡིན་ཡང་སྐྱུག་པ་དགའ་བའི་སྔོན་མེད་གྲོགས་ཀྱི་དྭངས་མ་དེར།།
    ཁྱོད་ཙམ་མ་ཟད་ང་ཡིས་ཀྱང་ནི་རྟག་ཏུ་ཧད་ནས་ལྟ་བཞིན་ཡོད།།
    བཛྲ་སྭ་ཏོ།

  3. གཞོན་ནུ་ཟླ་མེད says:
    2013-11-21 at 8:57 pm

    ཀ་རྩོམ་བྲིས་ནས་རྒྱག་རེས་མ་རྒྱག་ཅེས།།
    ཁ་བརྡ་བསླབ་བྱ་བརྒྱབ་པའི་ཉིན་མོ་ནས།།
    ག་ལེ་ག་ལེར་ང་ཡི་གཤིས་ཀ་ལ།།
    ང་རང་མིན་པ་ལྟ་བུའི་འགྱུར་བ་ཐེབས།།
    ཅ་ཅོ་མེད་པའི་ཀ་རྩོམ་འདི་རིགས་ལ།།
    ཆ་ལུགས་འཇམ་པའི་གཤིས་ཀ་ཡོད་པས་ན།།
    ཇ་ལ་ཇ་ལན་ཆུ་ལ་ཆུ་ལན་བཞིན།།
    ཉ་གེ་ཉོག་གེའི་ཡི་གེ་འབྲི་བར་ཐལ།།
    ཏ་མ་ལ་ཡི་ཀློང་ན་ཟླ་བ་བཞིན།།
    ཐ་མལ་དྲ་ལམ་འདི་ན་རིག་བཟང་ཞིག།
    ད་ལྟ་སེམས་ཀྱི་གཤིས་ཀ་ངོམས་པ་ལས།།
    ན་ནིང་དོ་ཚིགས་འགྱུར་བ་ཆེན་པོ་མཐོང་།།
    པ་སངས་ལྟ་བུའི་ཞལ་རས་མཛེས་པ་དེ།།
    ཕ་རོལ་གསོད་པའི་རྣོ་དབལ་མཚོན་ཆ་མིན།།
    བ་གླང་བོང་བུ་ལྟ་བུའི་ལྐུག་པའི་སེམས།།
    མ་བསམ་ས་ནས་ས་ལ་བརྡབ་ན་འཕངས།།
    ཙ་ར་གཅོད་པའི་རྒྱལ་ཁྲིམས་སོ་ཁ་གཅིག།
    ཚ་གྲང་འགྱུར་བ་མང་པའི་གནམ་གཤིས་གཉིས།།
    ཛ་དྲག་ཡུལ་ཁམས་དམག་གིས་འཁྲུག་པ་གསུམ།།
    ཝ་བཞིན་འགྱུར་བ་མང་བའི་བརྩེ་བ་བཞི།།
    ཞ་ར་ཞར་མ་རྣམས་ཁྱད་མེད་ལ།།
    ཟ་མ་མ་ནིང་རྣམས་ལའང་ཁྱད་པར་མེད།།
    འུག་པ་ལྟ་བུའི་མཚན་མོ་རྒྱུ་བ་དག།
    ཡ་མཚན་རྩིག་པའི་གསེབ་ན་ལྟད་མོར་བལྟ།།
    ར་མ་ལུག་གི་ཆ་ལུགས་བསྲེས་པ་རྣམས།།
    ལ་མ་ལུང་ལ་འགྲིམ་པའི་མཐའ་མ་ལ།།
    ཤ་རྐང་རུས་པར་ཟུག་པའི་དྲན་གླུ་དང་།།
    ས་མཐར་སྐྱོ་བའི་སྐྱོ་གླུ་རིང་མོ་ལེན།།
    ཧ་ཅང་མི་རིང་མི་ཐུང་ཀ་རྩོམ་ཞིག།
    ཧ་ཅང་གོ་རྒྱུ་ཡོད་པ་མ་ཡིན་མོད།།
    ཨ་ལ་ཐུག་པའི་བར་ཀྱི་གསལ་བྱེད་དག།
    ཨུ་ཚུགས་བརྒྱབ་ནས་ཤར་མར་བསྒྲིགས་པ་ཡིན།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme