Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་ཡ་དྲུག

Posted on 2013-11-192013-11-19 By ཁ་བརྡ་ 1 Comment on ས་ཡ་དྲུག

གཉན་ཆེན།

ས་ཡ་དྲུག་གི་སྤྱན་ཟུང་ཉི་ཟླ་གངས་རིའི་ཕག་ལ་ཡལ་ཀི་ཐལ།།
ས་ཡ་དྲུག་གི་སེམས་ཀྱི་ཉི་མ་མ་དབང་ནུབ་ལ་བཞུད་ཀི་ཐལ།།
ས་ཡ་དྲུག་ལ་དམིགས་བུ་མེད་པར་མུན་ཁུང་ཁྲོད་ནས་ལུས་ཀི་ཐལ།།
ས་ཡ་དྲུག་གི་པན་ཆེན་བླ་མ་དབང་མེད་བཙལ་གྱིས་ཁྲིད་ཀི་ཐལ།།

ས་ཡ་དྲུག་གི་གཞིས་ཁྱིམ་དྲོན་མོར་དབང་ཆེན་འགྲོན་པོ་བསླེབས་ཀི་ཐལ།།
ས་ཡ་དྲུག་གི་ས་ཆའི་བདག་པོ་ཙི་ནའི་དཔུང་ལ་བདག་གི་ཐལ།།

ས་ཡ་དྲུག་པོ་བཙན་པོ་ཁྲིམས་རའི་ལྕགས་ཀྱི་ར་བས་བསྐོར་དང་ཐལ།།
ས་ཡ་དྲུག་གི་སེམས་པའི་ནང་ལ་སྐྱོ་གདུང་ནད་ཀྱིས་ནར་ཀི་ཐལ།།

ས་ཡ་དྲུག་གི་སེམས་ངལ་སེལ་བའི་ཐབས་ཇུས་སྨན་མཆོག་སུ་ལ་ཡོད།།
ས་ཡ་དྲུག་ལ་བདག་པོ་མེད་པར་བདག་མེད་ས་མཐར་འཁྱམས་ཀི་ཐལ།།
ས་ཡ་དྲུག་གི་སྡུག་བསྔལ་མཐོང་བའི་ས་སྟེང་འདི་ན་མིག་ཞིག་མེད།།
ས་ཡ་དྲུག་གི་ལས་དབང་འདི་ནི་ཅི་ཞིག་སྨིན་པའི་མནར་གཅོད་ཡིན།།

ས་ཡ་དྲུག་པོ་གོ་ལའི་རྩེ་ན་གོད་ཆག་སྡུག་གི་དོང་དུ་བརྫངས།།
ས་ཡ་དྲུག་པོའི་གོ་ཁ་དྲོན་པོ་རང་ལ་མ་དབང་ཤོར་ཀི་ཐལ།།
ས་ཡ་དྲུག་ལ་འཇིག་རྟེན་འདི་ན་དབང་བའི་ཕ་གཞིས་མེད་ཀི་ཐལ།།
ས་ཡ་དྲུག་གི་སྲོག་གི་རྒྱུན་ཐག་སྐད་ཡིག་རིག་གནས་བརླག་གི་ཐལ།།

ས་ཡ་དྲུག་པོ་འབུ་གཟན་དོང་ཕྱུར་བཅུ་ཡི་ནང་ནས་བོར་ཀི་ཐལ།།
ས་ཡ་དྲུག་པོའི་མིང་ཙམ་ལྷག་པའི་ཉིན་མོ་ཞིག་ལ་སྒུག་ནས་སྡོད།།
ས་ཡ་དྲུག་པོ་ཅི་ཙམ་བཙིར་རུང་དབུགས་ཤིག་མ་ལེན་སྒོམ་མ་སྡོད།།
ས་ཡ་དྲུག་པོའི་སེམས་ཀྱི་ནང་ནས་སྐྱོ་ཤས་གཟེར་ལོག་རྒྱག་ནའང་།།

ས་ཡ་དྲུག་གི་མིག་ཟུང་མཐའ་ནས་རྨུང་བའི་མིག་ཆུ་མ་ལྷུང་ཞིག །
ས་ཡ་དྲུག་གི་སེམས་པ་འདི་ནི་ས་ལ་དྲུད་པས་ཟད་པོ་ཡིན།།
ས་ཡ་དྲུག་གི་སྙིང་ཆུང་འདི་ནི་གྲོག་རོང་ནང་གི་ཕ་བོང་ཡིན།།
ས་ཡ་དྲུག་གི་ལུས་ཕུང་འདི་ནི་བརྗིད་ཀྱིས་འགྱིང་བའི་གངས་རི་ཡིན།།

ས་ཡ་དྲུག་པོའི་སྙིང་སྟོབས་མེ་སྟག་མེ་རི་བཞིན་དུ་འབར་ནས་ཤོག །
ས་ཡ་དྲུག་པོའི་སེམས་ཤུགས་གངས་ཆུ་རྦ་རླབས་བཞིན་དུ་འཕྱུར་ནས་ཤོག །
ས་ཡ་དྲུག་པོའི་དཔའ་རྒོད་རྟུལ་ཕོད་རྦབ་རྡོ་བཞིན་དུ་འཆོང་ནས་ཤོག །
ས་ཡ་དྲུག་གི་མཐུན་འབྲེལ་དཔུང་གདངས་བྱ་རྒྱ་ཁྱུང་བཞིན་བསྒྲིགས་ནས་ཤོག །

ས་ཡ་དྲུག་གི་རྣམ་དཔྱོད་འོད་དཀར་གངས་རིའི་ལྗོངས་སུ་འཁྱིལ་ནས་ཤོག །
ས་ཡ་དྲུག་གི་སྤོབས་པའི་མེ་ཏོག་སྤང་རིའི་ལྗོངས་སུ་འཛུམ་ནས་ཤོག །
ས་ཡ་དྲུག་གི་མདུན་སྐྱོད་གོམ་པ་རྟ་མཆོག་བཞིན་དུ་རྒྱུག་ནས་ཤོག །
ས་ཡ་དྲུག་གི་རང་ས་ཟིན་པའི་རེ་བའི་སྦྲ་གུར་ཕིབས་ནས་ཤོག །

༢༠༡༣ ༡༡ ༡༩ ཉིན།

སྙན་ངག

Post navigation

Previous Post: སྟོན་དུས་ཀྱི་ཉམས་སྣང་། ༼ཁག་དང་པོ༽
Next Post: ལྕགས་སྐུད་ཀྱིས་བཙེམས་པའི་ངའི་ཕ་ཡུལ། ༼བོད་འབྱོར།༽

Comment (1) on “ས་ཡ་དྲུག”

  1. གནམ says:
    2013-11-20 at 5:58 am

    ས་ཡ་དྲུག་གི་སྤྱན་ཟུང་ཉི་ཟླ་གངས་རིའི་ཕག་ལ་ཡལ་ཀི་ཐལ།། ཡལ་བུད་ཐལ།།
    ས་ཡ་དྲུག་གི་སེམས་ཀྱི་ཉི་མ་མ་དབང་ནུབ་ལ་བཞུད་ཀི་ཐལ།། བཞུད་པུད།།
    ས་ཡ་དྲུག་ལ་དམིགས་བུ་མེད་པར་མུན་ཁུང་ཁྲོད་ནས་ལུས་ཀི་ཐལ།། ལུས་འུད་ཐལ།།
    ས་ཡ་དྲུག་གི་པན་ཆེན་བླ་མ་དབང་མེད་བཙལ་གྱིས་ཁྲིད་ཀི་ཐལ།། ཁྲིད་པུད་ཐལ།།
    ས་ཡ་དྲུག་གི་གཞིས་ཁྱིམ་དྲོན་མོར་དབང་ཆེན་འགྲོན་པོ་བསླེབས་ཀི་ཐལ།། བསླེབས་པུད་ཐལ།།
    ས་ཡ་དྲུག་གི་ས་ཆའི་བདག་པོ་ཙི་ནའི་དཔུང་ལ་བདག་གི་ཐལ།། བདག་གུད་ཐལ།
    ས་ཡ་དྲུག་གི་སེམས་པའི་ནང་ལ་སྐྱོ་གདུང་ནད་ཀྱིས་ནར་ཀི་ཐལ།། ནར་བུད་ཐལ།།
    ས་ཡ་དྲུག་ལ་བདག་པོ་མེད་པར་བདག་མེད་ས་མཐར་འཁྱམས་ཀི་ཐལ།། འཁྱམས་པུད་ཐལ

    ག་གུད། ད་ན་བ་མ་པུད། ང་འ་ར་ལ་བུད། ས་དང་མཐའ་མེད་འུད་ནི་ཐལ་སྒྲ་ཕྱིན་ཟིན་ལ་འདི་ལྟར་སྦྱོར་ཚུལ་གྱི་ངག་བརྡ་གསལ་མོ་ད་དུང་ཡལ་མེད་པ་ཡིན་ན།

    རྩམ་པ་ལྡད་ནས་མྱིད། སྦྱོར་ཚུལ་བསམ་མས་བྲིས་ན་མི་བཟང་ངམ། གཉེན་ཆེན་ཚོད་ལ་མ་ཚོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme