Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལི་ཐང་དགོན་ཆེན་གྱི་འདུ་ཁང་མེར་འཚིག་པ་ཐོས་རྗེས།

Posted on 2013-11-172013-11-17 By ཁ་བརྡ་ 17 Comments on ལི་ཐང་དགོན་ཆེན་གྱི་འདུ་ཁང་མེར་འཚིག་པ་ཐོས་རྗེས།

གཉན་ཆེན།

ནག་པོ་བདུད་ཀྱི་ཆོ་འཕྲུལ་ཞིག་གིས་དམར་བོ་མེ་ཡིས་ལྷ་ཁང་བསྲེགས།།
དབུགས་མེད་འདྲེ་ཡི་རླུང་འཚུབ་ཞིག་གིས་མེ་ལ་འབར་བའི་ངར་ཤུགས་བླུད།།
ལོ་ངོ་བརྒྱ་ཕྲག་དུ་མར་བསགས་པའི་རྩ་ཆེའི་རིག་དངོས་མེ་ཡིས་ཟས།།
མེ་སེམས་ནག་པོའི་འབྲས་རྟགས་དུ་བ་དགའ་སྤྲོའི་སྟངས་སྟབས་མཁའ་ལ་འཕྱུར།།

ནག་ཕྱོགས་བདུད་ཀྱི་རིགས་གཏོགས་ཀུན་གྱིས་ཁོག་ན་དགའ་བའི་གློག་ཞགས་འཁྱུག །
ཉམ་ཆུང་དཀར་བོ་ལྷ་མིའི་ཚོགས་ཀྱིས་སྡུག་གི་ཆོ་ངུའི་སྙིང་ལ་གཟན།།

འབར་བའི་མེ་དཔུང་ཆུ་ཡིས་གསད་ཀྱང་མེ་ལ་མར་ཁུ་བླུག་པ་བཞིན།།
གོ་ལྡོག་འབྱུང་བའི་གཉེན་པོའི་ཆོས་ཉིད་གོ་ལོག་བདུད་ཀྱི་མིག་འཕྲུལ་བསྟན།།

དགོས་སར་མེད་པའི་སྲུང་མའི་ཚོགས་ཀྱིས་མེ་དགྲ་ཙམ་ཞིག་མི་གསོད་ན།།
མི་མངོན་དབྱིངས་ཀྱི་དགྲ་ཟློག་གཉེན་པོའི་སོ་བ་སུ་ཡིས་བསྐོས་པ་རེད།།
མ་མཐའ་རྨི་ལམ་ཞིང་ཁམས་ཤིག་ནས་སྔོན་བརྡ་ཙམ་ཞིག་རྒྱབ་ན་ཆོག །
ཉིན་རེར་གསོས་པའི་དྲིན་ལན་ཙམ་ཞིག་དེ་རིང་ང་ཚོར་འཇལ་ན་ཆོག །

བོད་ཀྱི་རིག་གནས་ཉམས་པའི་སྒང་ལ་མེ་ལྕེ་དམར་བོའི་རོགས་འདེགས་ཤིག །
སྡུག་གི་མཚོ་མོ་འཁྱིལ་བའི་སྒང་ལ་ཆར་ཆུ་ནག་པོའི་ཁར་སྣོད་ཅིག །
དཀར་བོ་ལྷ་ཡི་རླུང་རྟ་ཆག་པའི་དུས་ངན་མཐའ་ཡི་སྙིགས་མ་ལ།།
ནག་པོ་བདུད་ཀྱི་བསྟན་པ་དར་བའི་འཇིག་རྟེན་མགོ་སྟེང་སློག་ནིས་དགའ།།

༢༠༡༣ ༡༡ ༡༧ ཉིན་ཞོགས་ཇ་འཐུང་ཞོར་ལ་བྲིས། །

སྙན་ངག

Post navigation

Previous Post: ཨ་རིར་རྒྱ་ནག་གི་སློབ་མ་ཁྲི་ ༢༣ ལྷག་འདུག
Next Post: སྡུག་གི་དངན་པ་མཉམ་འཐེན་དང་སྐྱོ་བའི་གདུང་དབྱངས་མཉམ་ལེན།

Comments (17) on “ལི་ཐང་དགོན་ཆེན་གྱི་འདུ་ཁང་མེར་འཚིག་པ་ཐོས་རྗེས།”

  1. ལྷ་སྡེ་གནམ་ལོ་ཡག says:
    2013-11-17 at 4:52 pm

    དོན་དག་འདི་ཧ་ཅང་གི་ཡིད་སྐྱོ་དགོས་པ་ཞིག་རེད། ལྷ་རབ་བྱུང་ན་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་ཞིག་བྱེད་གལ་ཤིན་ཏུ་ཆེ། གཙོ་བོ་མེ་སྐྱོན་ཇི་ལྟར་བྱུང་མིན་དང་གཏོར་སྐྱོན་ཐེབས་པའི་ཚད་གཞི། དེ་ནས་དགོན་པ་འདི་དུས་རབས་བཅུ་དྲུག་པ་ནས་བརྒྱུད་ཡོང་ཡོད་པས། རིག་གསར་སྐབས་སུ་གཏོར་སྐྱོན་ཐེབས་ཡོད་མེད་དང་འབྲེལ་བའི་ལོ་རྒྱུས་བཅས་ལ་བརྩད་གཅོད་བྱེད་ཐུབ་ན། ད་གཟོད་མི་རྣམས་ལ་བསམ་བློ་གཏོང་ས་ཡོད་པ་ཞིག་ཏུ་འགྱུར་ཐུབ། འདི་ནི་མྱུར་སྐྱོབ་འབའ་ཞིག་ཀྱང་ཡིན།

  2. སྤོབས་པ་མཐའ་ཡས། says:
    2013-11-17 at 6:18 pm

    བཀུར་འོས་རྩོམ་པ་པོ་ལྷ་སྡེ་གནམ་ལོ་ཡག་ལགས་ལ་ཞུ་བ། ལི་ཐང་དགོན་པ་འདི་༡༩༥༦་དང་༥༧་སྐོར་ལ་ཤུལ་མེད་དུ་གཏོར་བ་རེད། དེ་རིག་གསར་གྱི་གོང་ནས་གཏོར་བཤིགས་ཐེབས་པའི་གྲས་རེད་བསམ་སོང་། ཐ་ན་གནམ་གྲུའི་ནང་ནས་འབར་རྫས་གཡུགས་པ་སོགས་ཀྱང་བྱས་པ་རེད། ལི་ཐང་ཡས་མས་འདི་ངོ་ལོག་ཤུགས་ཆེ་ཤོས་ཀྱི་ཡུལ་ཡིན་པ་དང་ལི་ཐང་དགོན་པ་དེ་ངོ་ལོག་པའི་ནང་དུ་ཤུགས་རྐྱེན་ཆེན་པོ་ཡིན་པ་རེད། རྗེས་སུ་༡༩༨༠ཡས་མས་ནས་བཟུང་གསར་བཞེངས་བྱས་པ་རེད། དེའི་རྗེས་སུ་འདུ་ཁང་ལ་མེ་ཐེངས་གཅིག་ཤོར་བ་རེད། ཡང་བསྐྱར་བཞེངས་བྱས་པ་རེད། དུས་འདིར་མེ་སྐྱོན་ཆེན་པོ་ཐེབས་འདུག ང་ལ་ཡང་གསལ་ཞིབ་ཅིག་ནི་བཤད་རྒྱུ་མེད། ལི་ཐང་ལ་ཆ་རྒྱུས་ཡོད་མཁན་རེ་ཡོད་ན་གསལ་པོ་ཤོད་དང་།

  3. བན་དེ་བ། says:
    2013-11-17 at 7:31 pm

    གསེར་མཆོད་གཡུ་མཆོད་ཡུལ་གྱི་བསྟན་སྲུང་རྣམས།
    ཇ་རིན་ཆང་རིན་ཙམ་ཀྱང་མེད་པ་འདི།
    བློ་གཏད་སེམས་གཏད་ཡོངས་སུ་གཏོང་བའི་འགྲོ།
    ཡིད་ཆེས་བརླག་པའི་རྒྱུ་རུ་མི་འགྲོ་འམ།

    མི་རབས་ནས་རྔུལ་ཆུའི་ཐིག་པས་བསགས་བསགས་རྣམས་མེ་ཡི་ཧོམ་ཞལ་དུ་སོང་བར་བློ་ཕམ་དང་དགོན་དེའི་ལྷ་སྡེ་མི་སྡེ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།

  4. བཙག་རོང་འཇོལ་མོ། says:
    2013-11-17 at 7:45 pm

    སྤོབས་པ་ལབ་ཡག་འདིས་རྣམ་ཀུན་གང་གསུང་བ་ཚང་མ་དོན་དག་ཡོད་པ་མ་གཏོགས་དོན་མེད་རིགས་མི་གླེང་བ་ནི་ཕོ་རབ་གྲ་མ་ཞིག་གི་རྟགས་འདུག

  5. སྤོབས་པ་མཐའ་ཡས། says:
    2013-11-17 at 8:23 pm

    དགོན་པ་ཚིག་ཤུལ་འདི་རང་འཇགས་ལ་བཞག་ནས་ས་ཆ་དེ་དང་ཐག་ཉེ་ས་ཞིག་ཏུ་བསྐྱར་བཞེངས་བྱས་ན་བཟང་། འདི་ནི་ལོ་རྒྱུས་ཀྱི་དཔང་རྟགས་ཙམ་དུ་མ་ཟད། ནང་པ་སངས་རྒྱས་པའི་ཆོས་ཀྱི་བསྟན་བྱ་གལ་ཆེན་’མི་རྟག་པ’ཞེས་པའི་ཚིག་དོན་གཏིང་ཟབ་པོ་དེའི་དཔེ་དོན་མངོན་སུམ་དུ་སྟོན་པའི་དགོས་པ་རྒྱུ་མཚན་རྒྱ་ཆེན་པོ་ཡོད།
    སྔོན་མ་རིག་གནས་གསར་བརྗེ་སོགས་ཀྱི་སྐབས་སུ་གཏོར་བཤིག་ཐེབས་པའི་གནའ་ཤུལ་དེ་ཚོ་ཚང་མ་ལོ་རྒྱུས་རང་བཞིན་གྱི་གལ་གནད་མ་ཤེས་པར་གཏོར་བཤིགས་བྱས་ཤུལ་མི་མངོན་པར་བྱས་ནས་དེའི་ཤུལ་དུ་གསར་པ་བཞེངས་པ་དེ་ནི་ནོར་འཁྲུལ་ཡིན། རྒྱ་དམར་ཕྱོགས་ནས་ཁོ་རང་ཚོའི་བྱས་ཉེས་འགེབས་པའི་ཆེད་དུ་གཏོར་བཞིག་གི་ཤུལ་མི་མངོན་པར་བཟོ་བའི་འབད་པ་བྱེད་ཀྱིན་ཡོད།
    དགོན་པ་མེ་ལ་འབར་བ་དེ་ནི་པྱོགས་གཅིག་ནས་རྒྱུ་ནོར་གྱི་གྱོང་གུད་ཙམ་དུ་མ་ཟད་སྒྱུ་རྩལ་དངོས་རྫས་ལ་གནོད་སྐྱོན་ཐེབས་པ་ཧ་ཅང་ཕངས་པོ་ཡིན། ཡིན་ན་ཡང་། ནང་པ་སངས་རྒྱས་པའི་ཆོས་ལཀྱི་ལྟ་སྟངས་ནས་བལྟས་ན་འདི་ནི་ཆེས་དོན་སྙིང་ཟབ་པའི་མཚན་ཉིད་རིག་པ་’མི་རྟག་པའི་རང་བཞིན’ཞེས་པ་དེའི་དཔེ་དོན་སྟོན་པའི་དགོས་པ་རྒྱུ་མཚན་ཆེན་པོ་ཡོད་པས་ཉམས་ལེན་པ་ཧ་ཅང་མང་པོ་ཞིག་ལ་དངོས་པོ་ཐམས་ཅད་མི་རྟག་པ་ཡིན་པས་ཉམས་ལེན་ལ་སྐུལ་མ་བྱེད་ཀྱིན་ཡོད་པས་དགའ་འོས་པ་ཞིག་ཀྱང་ཡིན།
    མ་གཞི་བོད་ཕྱི་ནང་དུ་དགོན་པ་རྒྱས་སྤྲོས་ཆེན་པོས་བཞེངས་བསྡད་པ་འདི་ལེགས་ཉེས་གཉིས་ལས་གང་ཡིན་ཁ་ཚོན་མི་ཆོད་པ་ཞིག་ཏུ་ཡང་གྱུར་འདུག

  6. བསམ་ཤེས། says:
    2013-11-17 at 8:47 pm

    བོད་པས་དགོན་པར་གཏོང་བའི་གསེར་དངུལ་དེ་ཚོས་རང་གི་མ་འོངས་པའི་མི་རབས་གསར་པ་ཚོའི་སློབ་གསོའི་ཐོང་བཏང་ཡོད་ན། ང་ཚོ་ནི་འཛམ་གླིང་འདི་རུ་ཤེས་ཡོན་ཆུ་ཚད་མཐོ་ཤོས་ལ་བསླེབས་པའི་མི་རྒྱུད་ཅིག་ཆགས་ཐུབ། གསེར་དངུལ་དེ་ཚོ་ད་ཆ་མེས་ཚིགས་སྐབས། ངུ་རྒྱུ་ལས་ཞན་མེད། གལ་ཏེ་དེའི་བརྒྱ་ཆ་༢༠སློབ་གསོའི་ཐོག་བཏང་ཡོད་ན་ས་གནས་ལ་གང་ཙམ་གྱི་ཕན་ཡོན་མངོན་ཐུབ། བསླབ་བྱ་འདི་ཚང་མས་གོ་སྐབས་འདི་བརྒྱུད་ནས་སྤེལ་ན་ལེགས།

    ང་རང་ད་རེས་མེས་ཚིགས་པ་འདི་མཐོང་སྐབས། ཁོང་ཁྲོ་དང་བློ་འགྱོད་དེ། ཅིའི་ཕྱིར་རྒྱུ་ནོར་ཕན་མེད་ས་རྡོའི་དཀྱིལ་ལ་སྦས་ནས་རང་རིགས་ཀྱི་ཕྲུ་གུ་ཚོ་ཀ་ན་ཅིག་མ་ཤེས་མཁན་བླུན་པོ་ལགས་པས་འདེགས་ཐུབ་ཚད་བཟོ་བ་རེད་ཅེས་བློ་འགྱོད་སྐྱེས།

  7. བོད་ཞེན། says:
    2013-11-17 at 10:27 pm

    ལི་ཐང་དགོན་ཆེན་ནི་མི་ལོ་༤༣༣ ལྷག་གི་རིང་ལོ་རྒྱུས་ཡོད་པ་དང་། འདི་ལ་དགོན་མ་ལག་བརྒྱ་དང་བཅུ་གསུམ་ཡོད་པ་ལས་ད་ལྟ་རིང་ཡོད་པ་དགོན་པ་ག་ཚོད་ཞིག་མཆིས་སམ། ༧རྒྱལ་མཆོག་གསུམ་པ་བསོད་ནམས་རྒྱ་མཚོས་ཕྱི་ལོ་ ༡༥༨༠ ལྕགས་ཕོ་འབྲུག་གི་ལོར་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བའི་དོན་ཁོ་ནར་གཟིགས་ནས་ཡུལ་འདིར་ཞབས་སོར་བཀོད། འཇང་ས་དམ་རྒྱལ་པོས་དགོན་པ་འདེབས་པའི་འུར་ལག་དང༌། ཤིང་བཟོ་སོགས་འབུལ་རྒྱུའི་འགན་ལེན་ཞུས་པ་དང་དགའ་ལྡན་ཕོ་བྲང་ནས་དབུས་གཙང་གི་རྡོ་བཟོ་དང༌། ཤིང་བཟོ། ལྕགས་དང༌། ཟངས། གསེར། དངུལ་སོགས་ཀྱི་བཟོ་པ་དང༌། བལ་བོའི་ལྷ་བཟོ་སོགས་དེ་དག་རིག་གནས་གསར་རྗེས་སྐབས་གཏོར་བཤིགས་ཐེབས་པའི་གྲིས་སུ་ཡིན་ནམ། ཤེས་རྟོགས་ཡོད་མཁན་ཞིག་གིས་ལན་ཞིག་གནང་རོགས་ཞུ།

  8. གཡག says:
    2013-11-17 at 10:47 pm

    ང་ཚོའི་གྱོང་གུད་རེད་་་་་་་་་་་་་་་་་་་་རྒྱུ་རྐྱེན་གང་ཞིག་ཡིན་པ་བརྟག་དཔྱད་གནང་གལ་ཆེ།

  9. lobsang199 says:
    2013-11-18 at 12:22 am

    ལི་ཐང་དགོན་ཆེན་གྱི་འདུ་ཁང་མེས་འཚིག་པ་མ་རེད། ལི་ཐང་དགོན་ཆེན་གྱི་འདུ་ཁང་ལ་མེ་འབར་བ་རེད།
    ང་ཚོས་མཁྱེན་དགོས་པ་ཞིག་ལ། ལས་ཀྱི་ནུས་པ། རྫས་ཀྱི་ནུས་པ། ཏིང་ངེ་འཛིན་གྱི་ནུས། ལྷ་ཆོས་སྐྱོང་སྲུང་མའི་མཐུའི་ནུས་མང་པོ་ཞིག་ཁས་ལེན་གྱི་ཡོད་པ་རེད། དེ་དག་ཕན་ཚུན་འགྲན་པའི་ཚུལ་གྱི་ཡོང་གི་ཡོད་པ་རེད། རང་གི་འདོད་འམ་སྣང་བར་མི་འགྲོ་བའི་རིགས་བྱུང་ཚད་ལ་ལྷ་ཆོས་སྐྱོང་སྲུང་མར་སྐུར་བ་འདེབས་རྒྱུ་ཡོད་པ་མ་རེད། དེ་ནི་འཇིག་རྟེན་བྱེད་པོ་མཁས་ལེན་མཁན་གྱི་ལུགས་སོ་རེད། ལས་འབྲས་མཁས་ལེན་མཁན་དང་། དེའི་ནང་ནས་ནང་པ་སངས་རྒྱས་པའི་བྱེད་སྟང་མ་རེད།
    གོང་དུ་སྤོས་པ་གསུངས་པ་བཞིན་འདིའི་ཤུལ་མེད་མ་བྱས་པར་རང་འཇག་འཇོག་དགོས་པ་ལ་མོས་མཐུན་ཡོད།

  10. རྟ་བདུན་དབང་བོ says:
    2013-11-18 at 1:15 am

    ལི་ཐང་ནི་ཁམས་ཕྱོགས་ནས་སྟོབས་འབྱོར་ཆེ་ཤོས་ཡིན་པས། ཚོགས་ཁང་གསར་བཞེངས་ལ་དཀའ་ངལ་ཅི་ཡང་འོང་གི་མ་རེད། སྐབས་རེ་མི་རྟག་པའི་དྲན་སྐུལ་འདི་འདྲ་དགོས་ངེས་རེད་བསམ།།

  11. གནམ says:
    2013-11-18 at 2:17 am

    དད་སེམས་དང་སྐུལ་སེམས་གཉིས་ཁ་ཁ་སོ་སོ་ཡིན་པས། བསམ་ཤེས་བློ་འགྱོད་སྐྱེས་བཞིན་འགྲོ་རྒྱུ་ལས་གཞན་ཡོད་པ་མ་རེད། དེ་མིན། ཁ་ཆེ། རྒྱ་འདྲེ། ལྷ་འདྲེ། གང་ཞིག་གི་གནག་སེམས་ཡིན་མིན་གསལ་བོ་བྱུང་བ་ལ་རྒྱུས་ལོན་ཡག་པོ་གནད་ཕྱིན་པ་ཞིག་ཡོང་བར་སྐུལ་ལོ།

  12. འདྲེ་རྐང་ཐོ། says:
    2013-11-18 at 3:12 am

    ལྷ་ཁང་ཞིག་མེས་འཚིག་སོང་བ་དེ་འདྲའི་འུར་རྒྱག་དགོས་པ་ཅི་ཡོད། མྱི་མེས་འཚིག་འགྲོ་གི་ཡོད་པ་རེད།
    ལྷ་ཁང་བཞེངས་མཁན་ཡང་མྱི་རེད་ལ་མེས་འཚིག་འཇུག་མཁན་ཡང་མྱི་རེད། ལྷ་འདྲེ་ལ་འབྲེལ་བ་ཅི་ཡོད། ལྷ་ཁང་ནང་ལ་གློག་འཐེན་་་ཉིན་ཚན་གཉི་གར་མཆོད་མེ་བརྒྱ་སྐོར་རེ་མཆོད་ཀྱི་ཡོད་པ་འདི་ཚོགས་མེ་ལ་ཤོར་རྒྱུའི་རྒྱུན་རྐྱེན་མིན་ན་ཅི་རེད། གློག་འཐེན་མཁན་དང་་་མཆོད་མེ་སྤར་མཁན་ལྷ་འདྲེ་ཨེ་རེད། དགའ་དུས་ལྷ་འདྲེ་་སྡུག་དུས་ལྷ་འདྲེ་་་བོད་པ་འདི་ཚོའི་ཁ་འདི་ད། ཕྱོགས་གཞན་ཞིག་ནས་བཤད་ན་་་་སངས་རྒྱས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་དགེ་འདུན་པ་དེ་ཚོགས་འཚིག་མ་སོང་ན་་་གལ་ཏེ་ལྷ་ཁང་རྫིག་པོ་དེ་འདྲ་དགོས་གལ་ཡོད་ན་ཡང་བསྐྱར་བཞེངས་ཆོག་གི་རེད།

  13. lobsang199 says:
    2013-11-18 at 9:10 am

    འདྲེ་རྐང་ཐོ། ལྷ་འདྲེ་འབྲེལ་བ་ཡོད་པ་རེད་ཞུ་བ་དེ་ཁྱེད་ལ་ཞུ་གི་ཡོད་པ་མ་རེད། ཁྱེད་ཀྱི་སྐད་ཆ་ཁྱད་ཚར་དེ་འདྲ་བཤད་རྒྱུ་ཡོད་བ་མ་རེད། ཁྱེད་ཀྱི་སྐད་ཆའི་ཤུགས་ལ་མི་མེས་འཚིག་ན་དེ་འདྲའི་འུར་རྒྱག་དགོས་པ་ཅི་ཡོད། མི་བཟོ་མཁན་མི་རེ། ཟེར་བ་ཞིག་ཤུགས་ལ་འདུག་སྐད་ཆ་ཡག་པོ་མ་རེད། དོན་མེད་དུ་གྲོག་འབུ་ཚུན་ཆད་ཤི་ན་ཕངས་པ་རེད་ལ། རྩ་ཆུན་པོ་གཅིག་མེས་ཚིག་ན་ཕངས་པ་རེད། ཁྱེད་ཀྱི་སྐད་ཆ་དེ་མིའི་སྐད་ཆ་མ་རེད། འདྲའི་སྐད་ཆ་རང་རེད།

  14. དྲན་དཀར་དཔལ་ཡོན་ says:
    2013-11-18 at 1:44 pm

    བོད་པ་ཚོར་དངོས་གནས་གུང་ཁྲན་ཏང་གི་ཨབ་ཕྲུག་ཆགས་འདུག འབྲུག་ནས་དབང་འདུས་ཕོ་བྲང་གིས་མེ་མཆོད་བཞེས་ཀྱི་འདུག
    བོད་ཀྱི་དགོན་པས་མེ་མཆོད་བཞེས་ཤེས་ཀྱིན་མི་འདུག་བོད་ཀྱི་དགོན་པ་སྙིང་རྗེ་རེ། དབང་འདུས་ཕོ་བྲང་གི་མེ་མཆོད་བཞེས་པ་འབྲུག་པའི་ལས་དང་བསོད་ནམས་ལ་ཐུག་པ་རེད་ཟེར། བོད་ཀྱི་དགོན་པ་མེ་འབར་བ་དོགས་གཅོད་བྱ་དགོས་ཀྱི་འདུག བོད་དོགས་པས་ཕོངས་ས་རེད།

  15. ལྷ་སྡེ་གནམ་ལོ་ཡག says:
    2013-11-18 at 5:51 pm

    སྤོབས་པ་ལགས་ཀྱིས་འགྲེལ་བརྗོད་གནང་བར་ཐུགས་རྗེ་ཆེ། གནོད་སྐྱོན་ཐེབས་ཤུལ་རང་སོར་འཇོག་རྒྱུ་དང་འདུ་ཁང་ལོགས་སུ་བཞེངས་རྒྱུའང་སྤོབས་པས་གསུངས་པ་རང་རེད། ཕྱོགས་གཅིག་ནས་བལྟས་ན། བོད་པས་མི་རྟག་པ་དང་བདག་མེད་སོགས་ཁ་བཤད་ཀྱི་རིམ་པ་ནས་ཉམས་ལེན་གྱི་རིམ་པར་ཁྱེར་ཡོང་ཐུབ་མེད་པས། དེ་ལུགས་ངོ་འཕྲོད་ལའང་ཕན་རླབས་ཆེ་ངེས་རེད། ཕྱོགས་གཞན་ཞིག་ནས་བཤད་ན། མེ་བཏང་བ་རེད་དམ། མེ་ཤོར་བ་རེད་གསལ་བོ་བཟོ་གལ་ཤིན་ཏུ་ཆེ། གལ་སྲིད་ག་གེ་མོ་ཞིག་གིས་མེ་བཏང་བ་ཡིན་ན། དམིགས་ཡུལ་ངེས་ཅན་ཞིག་ཡོད་ངེས་ཡིན། དཔེར་ན། ཁམས་ཕྱོགས་ཀྱི་ངོ་རྒོལ་རིགས་རྩ་མེད་གཏོང་དགོས་ན་ཁམས་པ་ནང་ཁུལ་དཀྲུགས་དགོས་པའང་གསལ་བོ་རེད། དེ་བཞིན་དུ་ཨ་དཀོན་བླ་མ་བཀྲོངས་དོན་ཡང་ཧ་ལམ་དོན་དག་གཅིག་ཡིན་སྲིད་ལ། དོན་རྐྱེན་འདིས་བོད་ཕྱི་ནང་དཀྲུགས་ཐུབ་ཀྱི་ཡོད། དེ་བས། ལྷན་རྒྱས་ནས་ཞིབ་འཇུག་དང་པོ་དང་ཚོར་བ་གཉིས་པར་བཞག་ནས་དོན་རྐྱེན་འདིར་བརྩད་གཅོད་གནང་རོགས།

  16. བཀྲ་ཡེ་ཚང་། says:
    2013-11-19 at 12:23 am

    སྤོད་པའི་མཆན་ལྔ་བ་ལ་རྒྱབ་སྐྱོར་ཡོད། གནམ་ལགས་ཀྱི་མཆན་བཅུ་གཅིག་པ་ལ་ངོ་རྒོལ་ཡོད།

  17. གནམ says:
    2013-11-19 at 4:41 am

    ཆགས་འཇིག་གི་འཁོར་བའི་བྱེད་སྒོ། ཆ་ཚང་བ། ཕྱོགས་མ་ལུས་བ་ཞིག། དུས་རབས་འདི་ལ་པར་དང་ཡི་གེ་ལ་བཏབ་པ་ཡིན་ན། མཁར་ཆག་དང་གྱང་ཆག་འགའ་ཉེར་བར་དགོས་ཆེན་པོ་ཨེ་ཡོད་ནི་ཨ། སྤོབས་ལྷ་གཉིས་ཀྱིས་ཡ་མཚན་པོ་དང་ཡིད་འཕྲོག་པ་ཞིག་བཤད་ཡོད་ཚོད་ཡིན། ཧ་ཧ་ཧ།
    སྤྱིར་རྫ་རྫ་རྫིག་རྫིག་མེད་ན་ཡག་པོ་རེད་འདོད། དེ་མིན། ལོ་རྒྱུས་ཀྱི་སྲུབ་ཁ་སུབ་སྤྱད་ལ། གནའ་ཤུལ་ནི་བསྔོག་རིན་དང་ཉེར་རིན་ཡོད་པ་ཞིག་ཡིན་ན་ཡང་། ད་ཤུལ་ནི་ཅི་ཕྱིར་ཡིན་པ་གོ་མ་ཐལ།
    བཀྲ་ཡེ་ཚང་། ཨ་མའི་བུ་ཡིན་ན། ང་ལ་ངོ་རྒོལ་བྱེད་དུ་རྒྱ་ནག་པེ་ཅིན་མཁར་ལ་རྒྱུགས་ཤིག། ཧ་ཧ་ཧ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme