Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིར་རྒྱ་ནག་གི་སློབ་མ་ཁྲི་ ༢༣ ལྷག་འདུག

Posted on 2013-11-172013-11-17 By ཁ་བརྡ་ 3 Comments on ཨ་རིར་རྒྱ་ནག་གི་སློབ་མ་ཁྲི་ ༢༣ ལྷག་འདུག

མཚམས་སྦྱོར་བྱེད་མཁན། བསྟན་འཛིན་འཇམ་དཔལ།

ད་ཆར་ཨ་རིའི་ནང་རྒྱ་ནག་གི་སློབ་གྲྭ་བ་ཁྲི་༢༣།༥ ཡོད་པ་དང་། དེས་ཨ་རིར་རྒྱལ་ཁབ་གཞན་ནས་ཡོང་བའི་སློབ་མའི་གྲངས་འབོར་གྱི་བརྒྱ་ཆ་༢༡ ཟིན་གྱི་ཡོད་འདུག ཉེ་ལམ་ཨ་རིའི་གཞུང་གིས་སྙན་ཐོ་ཞིག་བཏོན་ཏེ། འདས་པའི་ལོ་གཅིག་རིང་འཛམ་གླིང་ཡུལ་གྲུ་གང་ས་ནས་ཨ་རིར་སློབ་སྦྱོང་བྱེད་དུ་ཡོང་མཁན་གྱི་སློབ་གྲྭ་བའི་གྲངས་འབོར་འཛམ་གླིང་གི་ཟིན་ཐོ་ལས་བརྒལ་ཏེ་ཁྲི་༨༢ ཙམ་བྱུང་ཡོད་པ་དང་། དེའི་ཁྲོད་རྒྱ་ནག་སྐམ་ས་ནས་ཡོང་བའི་སློབ་མའི་གྲངས་འབོར་ཁྲི་༢༣།༥ ཆགས་ཏེ་ཨང་དང་པོ་ཆགས་ཡོད་ཚུལ་དང་། རྒྱལ་ཁབ་གཞན་དུ་སློབ་སྦྱོང་བྱེད་ཀྱིན་པའི་ཨ་རིའི་སློབ་གྲྭ་བའི་གྲངས་འབོར་ཡང་ཟིན་ཐོ་གསར་བ་ཞིག་ཏུ་བསླེབ་ཡོད་ཚུལ་བཀོད་འདུག

ཟླ་འདིའི་ཚེས་༡༡ ཉིན་ཨ་རིའི་རྒྱལ་སྤྱིའི་སློབ་གསོ་མཐུན་ཚོགས་(IIE)དང་། ཨ་རིའི་རྒྱལ་ཚོགས་ཤེས་ཡོན་སྒྱུ་རྩལ་ལས་དོན་ལྷན་ཚོགས་གཉིས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི་ཞིབ་འཇུག་སྙན་ཐོའི་ནང་། ༢༠༡༢ ནས་ ༢༠༡༣ ལོའི་སློབ་སྐབས་རིང་ཨ་རིའི་སློབ་ཆེན་ཁག་ཏུ་ཕྱིའི་རྒྱལ་ཁབ་ཁག་ནས་ཡོང་བའི་སློབ་མ་གྲངས་༨༡༩།༦༤༤ ཡོད་པ་དང་། དེ་སྔར་ལོའི་སློབ་སྐབས་ལས་བརྒྱ་ཆའི་༧ འཕར་ཡོད་ཚུལ་བཀོད་ཡོད་པ་མ་ཟད། སློབ་གྲྭ་བ་དེ་དག་རྒྱ་ནག་དང་རྒྱ་གར། ཀོ་རི་ཡ། སོ་ངྷི་ཨ་རབ་བཅས་ནས་ཡིན་པ་དང་། རྒྱ་ནག་སྐམ་ས་ནས་ཡོང་བའི་སློབ་མའི་གྲངས་འབོར་ཁྲི་༢༣།༥ ཆགས་ཏེ། བརྒྱ་ཆའི་༢༡ ཟིན་ཡོད་ཚུལ་དང་། ཕྱི་རྒྱལ་ནས་ཡོང་བའི་སློབ་སྦྱོང་བྱེད་མཁན་གྱི་སློབ་གྲྭ་བས་ལོ་རེར་ཨ་རིའི་དཔལ་འབྱོར་ཐོག་སྒོར་དུང་ཕྱུར་༢༤༠ ཡོང་འབབ་ཡོད་ཚུལ་བཀོད་འདུག

སྙན་ཐོ་དེའི་ནང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་སུ་ཕྱིན་པ་ལ་བརྟེན་ནས། འདས་པའི་ལོ་༩ རིང་རྒྱ་ནག་ནས་ཨ་རིར་སློབ་སྦྱོང་བྱེད་དུ་ཡོང་མཁན་གྱི་སློབ་གྲྭ་བའི་གྲངས་འབོར་འཕར་སྣོན་བྱུང་སྟེ། ཞིབ་འཇུག་སློབ་མའི་གྲངས་འབོར་རྒྱ་ནག་གི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མའི་གྲངས་འབོར་གྱི་བརྒྱ་ཆ་༤༤ ཟིན་ཏེ་ཨང་དང་པོ་དང་། རྒྱ་གར་གྱི་སློབ་མ་ཁྲི་༩ ཡོད་པའི་ཨང་གཉིས་པ། ཀོ་རི་ཡ་ཁྲི་༧། དེ་བཞིན་ཁུ་ཝེ་ཐི་དང་སོ་ངྷི་ཨ་རབ། བྷར་ཛིལ་བཅས་རྒྱལ་ཁབ་ཁག་གིས་ཨ་རིར་སློབ་སྦྱོང་བྱེད་མཁན་གྱི་སློབ་གྲྭ་བའི་གྲངས་འབོར་ཡང་འཕར་གྱིན་ཡོད་པ་དང་། ཉི་ཧོང་གི་སློབ་མའི་གྲངས་འབོར་བརྒྱ་ཆ་༢ ཉུང་དུ་ཕྱིན་སྟེ། ད་ཆར་གྲངས་༡༩།༥༦༨ ཡོད་ཚུལ་བཀོད་འདུག

འདིའི་ཐད་རྒྱལ་སྤྱིའི་ཤེས་ཡོན་མཐུན་ཚོགས་ཀྱི་ལག་བསྟར་གཙོ་འཛིན་ཨོ་ལན་གྷོ་ཌེ་མན་(Allan Goodman)ལགས་ཀྱིས་ཨེ་ཕེ་གསར་ཁང་ལ། རྒྱ་ནག་སྐམ་སའི་སློབ་མ་མང་པོ་ཨ་རིའི་ནང་སློབ་སྦྱོང་དུ་ཡོང་བའི་རྒྱུ་རྐྱེན་གཙོ་བོ། རྒྱ་ནག་གི་སློབ་གྲྭ་བ་དང་ཁྱིམ་བདག་ཚོས་སྤུས་ཚད་ལྡན་པའི་སློབ་གསོར་དོན་གཉེར་བྱེད་ཀྱི་ཡོད་པ་དང་། ཁོང་ཚོས་ཨ་རི་འཛམ་གླིང་རྒྱལ་ཁབ་ཁག་ལས་སློབ་སྦྱོང་བྱེད་ཡུལ་གྱི་བདམས་གསེས་དང་པོར་འཇོག་བཞིན་པའི་དབང་གིས་ཡིན་ཚུལ་བརྗོད་འདུག

འཇར་མན་དུ་ཡོད་པའི་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ལོ་རེན་གྱིས། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཞན་དུ་རྒྱ་ནག་གི་སློབ་གྲྭ་བའི་གྲངས་འབོར་འཕར་བཞིན་པའི་རྒྱུ་རྐྱེན་གཙོ་བོ། རྒྱ་ནག་སྐམ་སའི་ཤེས་ཡོན་སློབ་གསོའི་སྤུས་ཚད་ལ་མི་མང་གི་འདོད་བློ་ཚིམ་གྱི་མེད་པ་མ་ཟད། མང་པོ་ཞིག་གིས་དེ་ཕྱི་རྒྱལ་དུ་གནས་སྤོར་བྱེད་སའི་ལམ་ཁ་ཞིག་ཏུ་བེད་སྤྱོད་བྱེད་ཀྱི་ཡོད་སྐོར་དང་། རྒྱུ་རྐྱེན་མང་པོ་ཞིག་ཡོད་པའི་ཁྲོད་ནས། དང་པོ། མི་ཚང་མས་རྒྱ་ནག་གི་སློབ་གསོའི་སྤུས་ཚད་ལ་ཡིད་ཆེས་བརླག་ཡོད་པ་དང་། གཉིས་པ། ཕྱི་རྒྱལ་གྱི་སློབ་ཐོན་ལག་ཁྱེར་དེ་རྒྱ་ནག་གི་ལག་ཁྱེར་ལས་རྒྱུག་ཆེ་བ། གསུམ་པ། འབྱོར་ལྡན་ཅན་དང་དཔོན་ངན་ཟ་རྔམ་ཅན་དག་གིས་བྱིས་པ་ཕྱི་རྒྱལ་དུ་བཏང་སྟེ་རྒྱལ་ཁབ་དེའི་ནང་གནས་སྡོད་ཆོག་པའི་ཐོབ་ཐང་རག་ཐབས་དང་། རྗེས་སུ་རང་ཉིད་གནད་དོན་དེར་རྐྱེན་བྱས་ཏེ་གནས་སྤོར་བྱ་རྒྱུར་རེ་བ་བྱེད་ཀྱི་ཡོད་པ། གནད་དོན་དེ་དག་གི་དབང་གིས་ད་ལྟའི་ཆར་རྒྱ་ནག་གི་དཔོན་ངན་ཟ་རྔམ་ཅན་གྱི་ཕྲུ་གུ་ཚང་མ་ཕྱི་རྒྱལ་གྱི་སྙན་གྲགས་ཆེ་བའི་སློབ་ཆེན་ཁག་ཏུ་ཡོད་ཚུལ་བརྗོད་འདུག

ཨ་རིའི་ནང་ཡོད་པའི་རྒྱ་རིགས་ཤེས་ཡོན་པ་ལོའུ་ཆིན་གྱིས། རྒྱ་ནག་གི་མི་མང་པོ་ཞིག་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་དུ་འགྲོ་དགོས་པའི་རྒྱུ་རྐྱེན་དང་། རྒྱ་ནག་གི་འབྱོར་ལྡན་ཅན་མང་པོ་ཞིག་གནས་སྤོར་བྱེད་པ་གཉིས་གཅིག་མཚུངས་ཆགས་ཡོད་པ་དང་། དེ་ནི་རྒྱ་ནག་ནང་དབང་ཆ་དང་སྟོབས། དཔལ་འབྱོར་ཡོད་མཁན་ཚོས་ཕྱི་རྒྱལ་དུ་སློབ་སྦྱོང་འགྲོ་རྒྱུར་བསམ་བློ་གཏོང་གི་ཡོད་པ་མ་ཟད། གཞུང་འཛིན་མི་སྣ་མང་པོ་ཞིག་གིས་བུ་ཕྲུག་ཕྱི་རྒྱལ་དུ་བཏང་སྟེ་རྗེས་ཕྱོགས་ཀྱི་འགྲོ་ལམ་བཟོ་གྱི་ཡོད་ཚུལ་དང་། ད་དུང་འབྱོར་ལྡན་ཅན་མང་པོས་རྒྱ་ནག་ནང་བདེ་འཇགས་མིན་པ་དང་། གཞུང་ཕྱོགས་ནས་དབང་ཆ་བེད་སྤྱོད་ཀྱིས་རྒྱུ་ནོར་འཕྲོག་རྐྱང་བྱེད་ཀྱི་ཡོད་པ་སོགས་ལ་བརྟེན་ནས། རང་ཉིད་ཀྱི་བུ་ཕྲུག་ཕྱི་རྒྱལ་ཁག་ནང་སློབ་སྦྱོང་དུ་གཏོང་གི་ཡོད་ཚུལ་བརྗོད་འདུག

ཨ་རིའི་རྒྱལ་སྤྱིའི་ཤེས་ཡོན་མཐུན་ཚོགས་ཀྱི་སྙན་ཐོའི་ནང་། ཨ་རིར་ཕྱིའི་རྒྱལ་ཁབ་ཁག་གི་སློབ་གྲྭ་བའི་གྲངས་འབོར་འཕར་བཞིན་ཡོད་ནའང་། དེས་ཨ་རིའི་རྒྱལ་ཡོངས་ཀྱི་སློབ་མའི་བརྒྱ་ཆའི་༤ ཙམ་ལས་ཟིན་གྱི་མེད་པ་དང་། ༢༠༡༣ ལོའི་སློབ་ཡུན་རིང་ཨ་རིའི་སློབ་མ་ཁྲི་༢༨།༣ ཕྱིའི་རྒྱལ་ཁབ་ཁག་ནང་སློབ་སྦྱོང་དུ་ཕྱིན་སྟེ། འདས་པའི་ལོ་༢༠ རིང་ཕྱིའི་རྒྱལ་ཁབ་ཁག་ནང་ཕྱིན་པའི་གྲངས་འབོར་ལས་ལྡབ་༢ འཕར་སྣོན་བྱུང་ཡོད་པ་དང་། དེ་དག་གི་འགྲོ་ཡུལ་གཙོ་བོ། དབྱིན་ཇི་དང་ཨི་ཊ་ལི། སི་པན། ཧྥ་རན་སི། རྒྱ་ནག་བཅས་ཡིན་ཚུལ་བཀོད་འདུག

༢༠༡༠ ལོར་ཨ་རིའི་རྒྱལ་ཚོགས་ཀྱིས་མི་ཁྲི་བཅུའི་འཆར་གཞི་བསྒྲིགས་ཏེ། ལོ་༤ ནང་ཨ་རིའི་སློབ་གྲྭ་བ་ཁྲི་༡༠ རྒྱ་ནག་སྐམ་ས་ཆེན་མོར་སློབ་སྦྱོང་དུ་གཏོང་འཆར་བྱས་ཡོད་པ་དང་། ༢༠༡༡ དང་ ༢༠༡༢ ལོའི་སློབ་ཡུན་རིང་ངེས་གཏན་གྱི་བསླབ་གཞི་ཡོད་ཀྱང་། ཡིག་རྩལ་དང་སྐར་གྲངས་ལོན་མི་དགོས་པའི་རིགས་མ་ཚུད་པའི་ཨ་རིའི་མི་ཁྲི་༡།༥ ཡིས་རྒྱ་ནག་ནང་སློབ་སྦྱོང་བྱེད་ཀྱི་ཡོད་འདུག

ཉེ་ལམ་རྒྱ་ནག་གཞུང་གིས་བཏོན་པའི་སྙན་ཐོ་ཞིག་གི་ནང་། ཉེ་བའི་ལོ་ཤས་རིང་རྒྱ་ནག་དབུས་ཁུལ་དུ་(SAT)ཡིག་རྒྱུགས་ཁྲོད་ཞུགས་མཁན་མང་དུ་ཕྱིན་སྟེ། ༢༠༠༧ ལོའི་ཟླ་༡༠ ནས་༢༠༠༨ ལོའི་ཟླ་༦ བར་སློབ་མ་༧༠༠༠ ཡིག་རྒྱུགས་ཁྲོད་ཞུགས་ཡོད་པ་དང་། ༢༠༠༨ ལོའི་ཟླ་༡༠ བ་ནས་༢༠༠༩ ལོའི་ཟླ་༦ བར་སློབ་མ་གྲངས་ཁྲི་༡།༥ དང་། ༢༠༡༡ ལོར་ཁྲི་༢ ཙམ། ༢༠༡༢ ལོར་ལོ་སྔོན་མ་ལས་བརྒྱ་ཆ་༣༠% འཕར་ཡོད་པ་མ་ཟད། མང་ཆེ་བ་རང་ལོ་༡༩ ནས་༢༣ བར་ཡིན་པ་དང་། ལོ་༡༨ མན་གྱི་སློབ་མའི་གྲངས་འབོར་ཡང་འཕར་བཞིན་ཡོད་ཚུལ་བཀོད་འདུག

ད་ལྟའི་བར་རྒྱ་ནག་གཞུང་ཕྱོགས་ནས་འགྲོ་གྲོན་གཏོང་བཞིན་པའི་སློབ་མ་མང་ཆེ་བ་ཨ་རི་དང་དབྱིན་ཇི། ཨོ་སི་ཊོ་ལི་ཡ། ཁེ་ན་ཌ་བཅས་རྒྱལ་ཁབ་བཞིའི་ནང་གཏོང་གི་ཡོད་པ་དང་། དེས་རྒྱ་ནག་གི་ཕྱི་ཕྱོགས་སུ་སློབ་སྦྱོང་བྱེད་བཞིན་པའི་སློབ་གྲྭ་བའི་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་༧༥ ཡན་ཟིན་གྱི་ཡོད་འདུག་ལ། རྒྱལ་ཁབ་དེ་དག་ལས་སློབ་མ་མང་ཤོས་ཨ་རི་ཆགས་ཡོད་འདུག

(མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ནས་དྲངས།)

གསར་འགྱུར།

Post navigation

Previous Post: ཕོ་མོའི་བརྩེ་དུང་།
Next Post: ལི་ཐང་དགོན་ཆེན་གྱི་འདུ་ཁང་མེར་འཚིག་པ་ཐོས་རྗེས།

Comments (3) on “ཨ་རིར་རྒྱ་ནག་གི་སློབ་མ་ཁྲི་ ༢༣ ལྷག་འདུག”

  1. ལྷ་བྱ་འཕུར་མ། says:
    2013-11-17 at 11:47 pm

    བསྟན་འཛིན་འཇམ་དཔལ་ལགས་གཤམ་གྱི་དྲ་ཐག་འདི་ལ་ལྟ་རོགས། 
    http://www.tibettimes.net/news.php?showfooter=1&id=8273

  2. ལྷ་བྱ་འཕུར་མ། says:
    2013-11-17 at 11:50 pm

    བསྟན་འཛིན་འཇམ་དཔལ་ལགས་གཤམ་གྱི་དྲ་ཐག་འདི་ལ་ལྟ་རོགས།
    http://www.tibettimes.net/news.php?showfooter=1&id=8273

  3. གནམ says:
    2013-11-18 at 7:41 am

    སློབ་མ་ཁྲི་༢༣ རེད་དམ། མྱུལ་མ་ཁྲི་༢༣ རེད། མིང་སྙན་པོ་སུ་ཡིན་ན་འདེགས་ཐུབ་པ་རེད། དོན་དམ་པས་ཁོ་ཚོ་སུ་སུ་ཡིན་པ་ཤེས་དགོས་བ་རེད།
    རྒྱ་འདྲེ་གཞུང་གིས་པེ་ཅིན་རོ་ཐང་ཆེན་མོ་ནས་སློབ་མ་མང་པོ་སད་པ་དང་གསོད་བཞིན་པའི་དུས་རེད། རྒྱལ་ཁབ་འདི་འདྲ་ཞིག་གིས་ལུང་བ་གཞན་ལ་སློབ་མར་ཡོན་བཏོན་ནས་གཏོང་གི་འདུག་ཟེར་ན། རྣ་བར་མི་འགྲོ་བའི་རྫུན་གཏམ་རང་རེད། ཚང་མས་རིག་པ་སྒྲིམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme