Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ལ་རང་སྐྱོང་ད་ལྟ་དགོས།

Posted on 2013-11-152013-11-15 By ཁ་བརྡ་ 4 Comments on བོད་ལ་རང་སྐྱོང་ད་ལྟ་དགོས།

མི་ཉག་སྐལ་བཟང་།

གཡོ་ཇུས་ཐབས་ཀྱིས་བསླུ་བའི་རྒྱ་གཞུང་གི།
མིང་གི་རང་སྐྱོང་བོད་ལ་དགོས་མཁོ་མེད།།
གཉིས་ཕན་དབུ་མའི་ལམ་གྱི་མཛུབ་སྟོན་འོག།
དོན་གྱི་རང་སྐྱོང་བོད་ལ་ད་ལྟ་དགོས།།

བཙན་གྱིས་གནོན་པའི་རྒྱ་ཡིས་དབང་བསྒྱུར་འོག།
གངས་ཅན་པ་ཚོར་འགྲོ་འདུག་རང་དབང་མེད།།
རྒྱ་བོད་མི་རིགས་སོ་སོ་དབྱེར་འབྱེད་དེ།།
དོན་གྱི་རང་སྐྱོང་བོད་ལ་ད་ལྟ་དགོས།།

འཛམ་གླིང་རྒྱལ་སྤྱིའི་སྟེང་ན་འུར་སྒྲོགས་ཏེ།།
དམར་པོས་ཁྲག་གིས་ཁ་ལོ་བསྒྱུར་བཞིན་དུ།།
སྤུན་ཟླ་སྟོང་ཕྲག་བཙོན་ནང་འཚུད་ཡོད་པས།།
དོན་གྱི་རང་སྐྱོང་བོད་ལ་ད་ལྟ་དགོས།།

མང་གཙོའི་ལམ་བཟང་འཛམ་གླིང་ཀུན་ན་གྲགས།
རང་དབང་དགོས་པའི་འདུན་པ་ཀུན་ལ་ཡོད།།
རང་སྐྱོང་རྩོད་པའི་ཐོབ་ཐང་ང་ཚོར་ཡོད།།
དོན་གྱི་རང་སྐྱོང་བོད་ལ་ད་ལྟ་དགོས།།

སྐད་དང་ཡི་གེ་ཐ་དད་སོ་སོ་ཡོད།།
ཆོས་དང་རིག་གཞུང་མི་གཅིག་ཁག་ཁག་ཡོད།།
འགྲོ་སྟངས་འདུག་སྟངས་ཡན་ཆད་ཁག་ཁག་ཡིན།།
དོན་གྱི་རང་སྐྱོང་བོད་ལ་ད་ལྟ་དགོས།།

རྒྱ་རིགས་རྒྱ་ནག་ཡུལ་ན་ཧ་ཅང་སྐྱིད།།
བོད་རིགས་བོད་ཀྱི་ཡུལ་ན་དེ་བས་སྐྱིད།།
རྒྱ་བོད་མི་རིགས་སྐྱིད་སྡུག་ཁག་ཁག་ཡིན།།
དོན་གྱི་རང་སྐྱོང་བོད་ལ་ད་ལྟ་དགོས།།

རྒྱ་མི་མགོ་གཉིས་མ་ཚོར་ངོ་ཚ་མེད།།
རྒྱ་རྒན་སེམས་ནག་ཅན་ཚོར་སྙིང་རྗེ་མེད།།
རྒྱ་མོ་བདུད་མོའི་ཁ་ནས་གཏམ་སྙན་མེད།།
དོན་གྱི་རང་སྐྱོང་བོད་ལ་ད་ལྟ་དགོས།།

དམར་པོ་ཁྲག་གིས་སྦགས་པའི་དར་དམར་འདི།།
དམར་གཞུང་བདུད་སྡེ་དཔུང་གི་རྟགས་མ་ཡིན།།
ཚེ་སྲོག་མཚོན་གྱིས་བཅོམ་པའི་མཚོན་རྟགས་ཡིན།།
དོན་གྱི་རང་སྐྱོང་བོད་ལ་ད་ལྟ་དགོས།།

ཞི་བའི་ཕོ་བྲང་དམག་གི་གཏེེར་མཛོད་མིན།།
རྒྱལ་ས་ལྷ་ས་དམག་གི་གཡུལ་ས་མིན།།
དགོན་སྡེ་ལྷ་ཁང་དམག་དཔུང་འདུག་ས་མིན།།
དོན་གྱི་རང་སྐྱོང་བོད་ལ་ད་ལྟ་དགོས།།

སྙན་ངག

Post navigation

Previous Post: སེམས་གཏམ་ཀ་ཕྲེང་།
Next Post: གྲོགས་བློ་བཟང་ཡེ་ཤེས་དྲན་གླེང་།

Comments (4) on “བོད་ལ་རང་སྐྱོང་ད་ལྟ་དགོས།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-11-15 at 5:41 am

    སྔོན་གྱི་མེས་པོ་དག་གིས་དཀའ་བ་བརྒྱས།
    བོད་ཀྱི་སྐད་ཡིག་ཤོག་བུར་ལྷམ་མེར་བཀོད།
    ད་ལྟའི་བོད་རིགས་རྣམས་དང་མ་འོངས་པའི།
    སྐྱེ་བོ་བློ་ལྡན་དག་གི་བང་མཛོད་ཡིན།།

  2. ས་སྒོ་བསམ་གཏན་སྒྲོལ་མ་ says:
    2013-11-15 at 6:13 am

    དགོས་ན་ལེན་དུ་རྒྱུགས།
    སོག་པོ་ལ་འཁྱམས་ནས་བསྡད་ནས་ཡོང་གི་མ་རེད།

  3. རིན་ཆེན་དོན་གྲུབ་ says:
    2013-11-15 at 8:03 pm

    བཀའ་དྲིན་ཆེ་མི་ཉག་སྐལ་བཟང་། བོད་དོན་ཆེད་སེམས་ཚོར་དྲག་པོས་རང་གི་བསམ་ཚུལ་ལྷུག་པོར་སྙན་ངག་ཐོག་སྤེལ་བ་ཧ་ཅང་བཟང་ངོ་། དེ་རིང་གློ་་བུར་ཁ་བརྡ་དྲྭ་ཐོག་བརྒྱུད་ཁྱེད་ཀྱི་སྙན་རྩོམ་ཞིག་མཇལ་བར་དགའ་པོ་བྱུང་། དུས་ཡུན་རིང་པོ་ཞིག་འབྲེལ་ལམ་མ་བྱུང་བས། ད་དུང་ནོར་ཝེ་རུ་བདེ་ཐང་ངང་སྡོད་མུས་ཡིན་ཤག

  4. མི་ཉག་དུང་བརྡ་ says:
    2013-11-18 at 4:59 am

    དོན་གྱི་རང་སྐྱོང་ཟེར་ན་གོ་བ་དམིགས་བསལ་ཅང་མ་མཐོང་ལགས། ཚད་ལྡན་རང་སྐྱོང་དང་མིང་དོན་མཚུང་པའི་རང་སྐྱོང་ནི་༸གོང་ས་མཆོག་གིས་མ་གཏོགས་གངས་སྐྱིད་ཀྱི་གཞུང་ཞབས་པ་གླན་པ་མདོ་མེད་ཁ་ཤས་ཤིག་དང་། དེ་དང་དེའི་རྒྱུན་འཛིན་གྱི་མཁས་པ་དང་མི་ཆེན་རློམ་པའི་སྐྱེ་བོ་ཚོས། ༸གོང་ས་མཆོག་གི་བཀའི་སྒྲ་སྤྱི་ཙམ་གྱི་རྗེས་སུ་རྨོངས་ཞེན་དང་རི་བོང་ཅལ་འདྲོགས་ཀྱི་ཚུལ་དུ་རྗེས་འགྲོ་བགྱིས་དང་བྱེད་བཞིན་ཡོད་པ་ལས། ཕྱོགས་ཕན་ཚུན་གྱི་གནས་ཚུལ་ཁོང་གཏིང་ལོན་པ་ཞིག་དང་ཕུགས་ཆོད་པའི་གནས་ལུགས་རྟོགས་མཁན། དེར་ངེས་པ་བརྙེད་མཁན། ལྷག་པར་དུ་འཛམ་གླིང་གི་ཆབ་སྲིད་ཀྱི་ལོ་རྒྱུས་དང་། སྟོབས་ཆེན་རྒྱལ་ཁབ་དབྱིན་ཇི་དང་ཨ་རི་སོགས་མཚོན་པའི། ཧོང་ཀོང་དང་སི་པན་སོགས་ཀྱི་ནང་དུ་རང་སྐྱོང་གི་ཁེ་དབང་རྩོད་ལེན་གནང་པའི་བརྒྱུད་རིམ་དང་། རང་སྐྱོང་གི་ལྟ་གྲུབ། དེ་དང་དེ་ལྟ་བུའི་རང་སྐྱོང་གི་གོ་བབ་སོགས་ལ་རྒྱུས་ལོན་མཐིང་ཕྱིན་པ་བྱེད་མཁན་ནི་ཡིན་པ་མི་སྲིད་པའི་ཤེས་བྱའི་བྱེ་བྲག་ཏུ་ངེས་རིགས་སོ། ང་ཚོས་རང་གི་རྣམ་དཔྱོད་ཀྱིས་འདི་ཡིན་དེ་མིན་གྱི་དཔང་པོར་རང་ཉིད་སྡོད་དགོས་པ་ལས། ཐ་ན་གཉིས་སྨན་དབུས་མའི་ཐབས་ལམ་གྱི་བྱུང་འཕེལ་གྱི་ལོ་རྒྱུས་ཙམ་ཡང་མི་ཤེས་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་༣༡ ནང་གསལ་བའི་རྒྱ་ནག་གི་རྩ་ཁྲིམས་སོགས་ཀྱི་སྐོར་ལ་ནི་དེ་བས་ཨ་ལ་ལའོ། རྒྱུ་མཚན་ནི་ང་ཚོས་ཚད་ལྡན་རང་སྐྱོང་སྐོར་ལ་ཤེས་རྟོགས་ལེགས་པོར་ཡོང་སླད། རྒྱ་ནག་གི་རྩ་ཁྲིམས་ཀྱི་འགྲོ་སྟངས་དེ་ངེས་པར་དུ་ཤེས་དགོས་པ་སྔོན་འགྲོ་ལྟ་བུ་ཡིན་ན་ཨོྃ་ཨཱཧཱུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme