Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསར་འགོད་གསལ་བསྒྲགས།

Posted on 2013-11-122013-11-12 By ཁ་བརྡ་ 2 Comments on གསར་འགོད་གསལ་བསྒྲགས།

གནས་ཚུལ་མཁོ་འདོན་པ། རྨེའུ་དཀོན་རྒྱམ།

0-2

བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ།

བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་འཛམ་གླིང་གི་མི་མང་ས་ཡ་གཅིག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཁོངས་ཁག་ལ་དོན་དམ་གྱི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཡོད་པའི་ཐོག་ནས་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཁོངས་སུ་ཞུགས་ཐབས་ལ་རྒྱབ་སྐྱོར་བྱེད་མི་འོས་པའི་འབོད་བསྐུལ་ཞུ་བཞིན་ཡོད་པ་རེད། གནད་དོན་དེའི་ཐོག་ཨ་ཝ་ཛེ་ Avaaz་དྲ་ཐོག་ཞུ་གཏུགས་སྙན་ཞུ་བརྒྱུད་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཁོངས་སུ་འཛུལ་ཞུགས་བྱ་རྒྱུར་དགག་བྱའི་མཚན་རྟགས་བསྡུ་རུབ་ཀྱིས་ལས་འགུལ་ཞིག་སྤེལ་ཡོད་པ་དང་། དུས་ཡུན་ཐུང་ཐུང་ཞིག་ལས་མ་སོང་ཡང་འཛམ་གླིང་ས་གནས་གང་ས་ནས་དྲ་ཐོག་གི་སྙན་ཞུ་དེར་མཚན་རྟགས་འགོད་མཁན་ཧ་ཅང་མང་པོ་བྱུང་ཡོད།
སྤྱི་ལོ་ ༢༠༡༣ ཟླ་བ་ ༡༡ ཚེས་ ༡༢ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་བཞུགས་སྒར་མེག་ལོར་དུ་འཛམ་གླིང་ཡོངས་ཁྱབ་དུ་སྤེལ་བཞིན་པའི་ལས་འགུལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་དང་སྲིད་གཞུང་ཁག་ལ་རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཁོངས་སུ་འཛུལ་ཞུགས་བྱ་རྒྱུར་རྒྱབ་སྐྱོར་མི་བྱེད་པའི་འབོད་སྐུལ་གྱི་ཆ་ཤས་སུ་གསར་འགོད་བསྒྲགས་གཏམ་གྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན།

0-3“བོད་ནང་བོད་མི་གྲངས་ ༡༢༢ གིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་འདིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་དུ་འགྲོ་བཞིན་ཡོད་པ་གསལ་སྟོན་དང་། རྒྱ་ནག་གཞུང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་ཚད་ལས་འདས་པའི་བརྡབ་གསིག་དང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་མཚོན་ཡོད་ལ། གནད་དོན་དེའི་ཐོག་ཨ་རིའི་ནིའུ་ཡོག་ཏུ་གཏན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་བཏོན་པའི་ ༢༠༡༣ ལོའི་སྙན་ཐོ་དེ་ནང་དུ། རྒྱ་ནག་གཞུང་གིས་བཙོན་པ་སྲོག་ཐོག་བཏང་བའི་གྲངས་ཚད་དེ་ནི་འཛམ་གླིང་རྒྱལ་ཁབ་གཞན་ཁག་གི་སྲོག་ཐོག་བཏང་བའི་ཁྱོན་བསྡོམས་གྱི་གྲངས་འབོར་ལས་ཀྱང་མང་བ་གསལ་བ་ལྟར། རྒྱུ་མཚན་དེ་དག་གི་དབང་གིས་རྒྱ་ནག་གཞུང་རྒྱལ་ཚོགས་ཀྱི་ཚོགས་ཁུངས་སུ་སླར་འདེམས་གནང་རྒྱུའི་རན་པོ་མེད་ལ། འཛུལ་ཞུགས་ཀྱི་འོས་བབ་གཏན་ནས་མེད་པ་ར་འཕྲོད་ཡོད་སྤྲོད་བྱུང་ཡོད་” ཅེས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲིས་སྒྲོལ་མ་ལགས་ནས་གསུངས།

0-4མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་སྲུང་སྐྱོབ་ལ་ཚད་མཐོའི་རྒྱུན་འཛིན་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད། དེ་བཞིན་འོས་བླུག་མཁན་གྱི་རྒྱལ་ཁབ་ཁག་ལ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་འོས་གཞི་རྣམས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་འཕེལ་ཐོག་ནུས་པ་ཇི་ཙམ་འདོན་བཞིན་ཡོད་པར་དགོངས་བཞེས་གནང་དགོས་པའི་འབོད་སྐུལ་ཡང་ཞུ་བཞིན་ཡོད་པ་རེད།
གནད་དོན་དེའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ནས་ “རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་འོས་འདེམས་བྱེད་པ་ནི་ལྷན་ཚོགས་ཀྱི་དགོས་དམིགས་དང་ཡོངས་སུ་འགལ་བའི་ངོ་ཚ་དགོས་པའི་གནད་དོན་ཞིག་རེད། ཟུར་གནས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཡོངས་ནས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡོད་པའི་སྙན་ཐོ་ཞིག་བསྟན་རྒྱུ་མེད་པ་གསལ་སྟོན་བྱས་ཡོད། རྒྱ་ནག་གཞུང་ནས་བོད་གཙོས་པའི་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡོད་པའི་མི་རིགས་ཡོངས་ལ་དོན་དམ་གྱི་འགྲོ་བ་མིའི་ཆེ་མཐོང་དང་དྲང་བདེན། འདྲ་མཉམ་བཅས་ཀྱི་ཐོབ་ཐང་ཡོད་པའི་དཔང་རྟགས་ཤིག་མ་སྟོན་བར་དུ་རྒྱལ་ཚོགས་ཀྱིས་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་འཇོག་ཐབས་མེད།” ཅེས་གསུངས་ཡོད་པ་རེད།

0-5འདི་ལོའི་སྤྱི་ཟླ་ ༡༠ ཚེས་ ༢༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཚོགས་མི་རྒྱལ་ཁབ་ཁག་ ༡༣ ནས་བོད་ཀྱི་གནད་དོན་ཐོག་སེམས་འཚབ་ཡོད་ཚུལ་བརྗོད་ཡོད་པ་དང་། སུད་སི་ནས་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་ནའི་བྷི་ཕི་ལེ་ Navi Pillay ལགས་རྒྱ་ནག་ནང་འཚམ་གཟིགས་ལ་ཕེབས་རྒྱུར་མོས་མཐུན་བྱས་མེད་པའི་གནད་དོན་དེ་ཡང་དམིགས་གསལ་གྱིས་ཐེར་འདོན་བྱས་ཡོད་པ་རེད། དེ་ལས་ལྡོག་སྟེ་རྒྱ་གཞུང་གི་མགྲིན་ཚབ་པས་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་གནད་དོན་དེ་ཏཱ་ལའི་རུ་ཚོགས་ཀྱིས་བཟོས་པ་རེད་ཅེས་༧གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་བྱས་ཡོད། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཀྱི་སྙན་ཐོར་ཉམས་ཞིབ་བྱེད་སྐབས་རྒྱ་ནག་གཞུང་ཚབ་པ་ཝུ་ཧའི་ཐོའོ་ Wu Haitao ནས་རྒྱ་ནག་གི་གཙོ་འཛིན་ཞིའི་ཅིན་ཕིང་ Xi Jinping གི་རྒྱ་ནག་གི་རྨི་ལམ་ཞེས་པའི་འདོད་ཚུལ་དེ་འབྲེལ་སྦྱོར་བྱས་ནས་རྒྱ་གཞུང་ནས་རྒྱ་ནག་གི་རྨི་ལམ་ཞེས་པ་ངོས་འཛིན་ཡོང་ཐབས་ལ་འབད་རྩོལ་བྱེད་བཞིན་པ་དང་།
རྒྱ་ནག་གི་རྨི་ལམ་དེ་ཡང་འགྲོ་བ་མིའི་ཐོབ་ཐང་གི་རྨི་ལམ་ཞིག་ཡིན་པར་བརྗོད་ཡོད། རྒྱ་ནག་གི་རྨི་ལམ་ནི་བོད་ཀྱི་ལྟས་ངན་ཞིག་ཡིན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་ཡོང་ཐབས་སུ་གོ་སྐབས་དམ་འཛིན་གྱིས་དམ་བཅའ་བརྟན་སྲུང་བྱས་ནས་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་མཆོག་བོད་ནང་ལ་འཚམ་གཟིགས་སུ་ཕེབས་ཐུབ་པ་ཐད་ཀར་ཐག་གཅོད་ཡོང་བ་བྱེད་དགོས། བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་མེད་པའི་གནད་དོན་འདིས་རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་འོས་འདེམས་བྱེད་པ་ནི་ཁས་ལེན་བྱེད་ཐབས་མེད་པ་ཞིག་རེད།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་རིགས་ལགས་ནས་“ཁོང་ཚོ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་་ཚོགས་མིར་བཞུགས་པའི་དུས་ཡུན་རིང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད། དམར་ཤོག་དབང་སྒྱུར་རིང་ལུགས་པས་རྒྱ་ནག་ནང་བོད་ཀྱིས་གཙོས་པའི་སོག་པོ་དང་ཡུ་གུར་མི་རིགས་སོགས་ཀྱི་རང་དབང་དང་ཐོབ་ཐང་ལ་རྩིས་མེད་ཀྱི་དྲག་གནོན་དང་མནར་གཅོད། འཇིགས་སྐུལ་བཅས་བྱེད་ཀྱི་ཡོད། དེས་ན་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་མིའི་ཁོངས་སུ་ཡོད་པ་ནི་དོན་དངོས་སུ་ལྷན་ཚོགས་ཀྱིས་བརྗོད་བཞིན་པའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གལ་གནད་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པ་ཞིག་ཡིན”ཅེས་གསུངས་ཡོད་པ་རེད། བོད་པ་དང་བོད་དོན་ལས་འགུལ་བ། དེ་བཞིན་ཨ་ཝ་ཛེ་ Avaaz ཚོགས་ཁུངས་སུ་ཡོད་པ་བཅས་མཉམ་སྦྲེལ་གྱིས་གནད་དོན་དེའི་ཐོག་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་མི་མང་ས་ཡ་གཅིག་ལྷག་གི་མཚན་རྟགས་རྒྱབ་པའི་སྙན་ཞུ་ཞིག་ནིའུ་ཡོག་ལ་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་ལ་འབུལ་རྒྱུ་ཡིན། ཕྱི་འབྲེལ་དོན་གཅོད་ལས་ཁུངས་ཀྱིས་མཚོན་པའི་འཛམ་གླིང་ས་གནས་གང་སར་ཁྲོམ་སྐོར་དང་སྐད་འབོད་སོགས་ཀྱི་ལས་འགུལ་སྤེལ་ནས་རྒྱ་ནག་གཞུང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་ཚད་ལས་འདས་པའི་བརྡབ་གསིག་གཏོང་བཞིན་པ་གསལ་སྟོན་དང་། དེ་བཞིན་རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་ལ་རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་ཞུག་ཐབས་ལ་རྒྱབ་སྐྱོར་མི་བྱེད་པའི་འབོད་བསྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན།

བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་ལྔ་ཐུན་མོང་ནས། བོད་རྒྱལ་ལོ་ ༢༡༤༠ སྤྱི་ལོ་ ༢༠༡༣ ཟླ་བ་ ༡༡ ཚེས་ ༡༢ ཉིན།

གསལ་བསྒྲགས།

Post navigation

Previous Post: སྐར་ཆེན།
Next Post: འབྲལ་མི་ཕོད་པའི་ཁྱོད།

Comments (2) on “གསར་འགོད་གསལ་བསྒྲགས།”

  1. གསལ་གྲོལ། says:
    2013-11-13 at 2:58 am

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་གནས་གསར་འགྱུར་ལྟར་ན། ཁ་སང་ཚེས་༡༢ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་༡༩༣ ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོཊ་ཀྱི་རྒྱུན་ལས་ཚོགས་མི་འོས་འདེམས་གནང་ཡོད་ལ། རྒྱ་ནག་ལ་འོས་གྲངས་༡༧༦ ཐོབ་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱུན་ལས་ཆགས་ཡོད་འདུག http://www.un.org/chinese/News/story.asp?newsID=20863

  2. ཚེ་རིང་བསམ་གྲུབ། says:
    2013-11-13 at 7:57 am

    མིང་རྟགས་ས་ཡ་གཅིག་བསྡུ་རུབ་བྱས་ཡོད་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བའི་མིའི་ཐོབ་ཐང་ལྷན་ཚོགས་ལ་རྒྱ་མི་རྒྱུན་ལས་ཆགས་ཚར་འདུག མཉམ་འབྲེལ་རྒྱལ་ཚོགས་ནི་རྒྱ་མི་དང་རྐུབ་སྦྲེལ་རྒྱལ་ཚོགས་ཆགས་ཚར་བ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme