Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མགོ་ལོག་ཨ་སྐྱོང་དགོན་པའི་གྲྭ་ཚེ་རིང་རྒྱལ་ལགས་ཀྱིས་རང་ལུས་མེར་སྲེག་གནང་བ།

Posted on 2013-11-112013-11-12 By ཁ་བརྡ་ 9 Comments on མགོ་ལོག་ཨ་སྐྱོང་དགོན་པའི་གྲྭ་ཚེ་རིང་རྒྱལ་ལགས་ཀྱིས་རང་ལུས་མེར་སྲེག་གནང་བ།

གནས་ཚུལ་མཁོ་གཏོང་བ། ཚངས་དབྱངས་རྒྱ་མཚོ།

0-2མདོ་སྨད་མགོ་ལོག་པདྨ་རྫོང་ཇོ་ནང་ཨ་སྐྱོང་དགོན་པའི་གྲྭ་བ་ཚེ་རིང་རྒྱལ་གྱིས་དེ་རིང་རང་ལུས་མེར་སྲེག་གནང་འདུག་པ་དང་། དེ་ཡང་ས་གནས་ནས་འགྲེལ་བརྗོད་བྱེད་དོན་ལྟར་ན། མདོ་སྨད་མགོ་ལོག་པདྨ་རྫོང་ཇོ་ནང་ཨ་སྐྱོང་དགོན་པའི་གྲྭ་བ་ཚེ་རིང་རྒྱལ་གྱིས་དེ་རིང་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ ཉིན་གྱི་ཕྱི་དྲོའི་བོད་ནང་གི་དུས་ཚོད་ ༥ པ་ཡས་མས་སུ་པདྨ་རྫོང་ཐོག་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་གནང་ཡོད་འདུག

0-4གནས་ཚུལ་བྱུང་ཡུལ་དངོས་ན་ཡོད་མཁན་གྱི་མི་སྣས་འགྲེལ་བརྗོད་བྱས་དོན་ལྟར་ན། ཁོང་གིས་རང་ལུས་མེར་བསྲེགས་གནང་སྐབས་ཉེན་རྟོགས་པ་དང་། དམག་མི་འབྱོར་ཏེ་མེ་བསད་ནས་ས་གནས་རང་དུ་སྐུ་གྲོངས་མི་འདུག་ཟེར། ད་སྐབས་ཁོང་རྫོང་སྨན་ཁང་དུ་ཛ་དྲག་གིས་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག་ལ། སྨན་ཁང་ཡོངས་དམག་གིས་བསྐོར་ནས་སྨན་ཁང་དུ་མི་མང་འགྲོ་འདུག་བཀག་འགོག་བྱས་ཡོད་འདུག

དེའི་རྗེས་སུ་གནས་ཚུལ་འབྱོར་གསལ་ལྟར་ན། ཇོ་ནང་ཨ་སྐྱོང་དགོན་གྱི་གྲྭ་བ་དང་། ལྷ་སྡེ་སོགས་མི་མང་བརྒྱ་ཕྲག་ལྷག་དགོན་པར་འདུ་འཛོམས་བྱས་ཏེ། ཁོང་རྒྱ་དམར་ལག་ནས་ལེན་པར་རྫོང་ཐོག་གི་སྨན་ཁང་ནང་ལ་འགྲོ་རྒྱུའི་སྟ་གོན་བྱེད་བཞིན་ཡོད་འདུག་ལ། ད་སྐབས་ཧ་ཅང་ཛ་དྲག་གི་གནས་སྟངས་ཆགས་ཡོད་འདུག

0-1རྒྱལ་གཅེས་དཔའ་བོ་ཚེ་རིང་རྒྱལ་ལགས་ནི་ད་ལོར་རང་ལོ་ཉི་ཤུ་ཡིན་པ་དང་། ཁོང་གི་ཕའི་མིང་ལ་ཤེར་ཕུན་དང་། མའི་མིང་ལ་རིན་སྒྲོན་ཡིན་འདུག་ལ། ཁོང་ལ་སྤུན་མཆེད་གྲྭ་བདེ་ལེགས་དང་། ཆོས་དབྱིངས། མི་སྐྱ་སངས་བཟང་། ཨ་ནེ་ཁང་སྐྱིད། གང་མ། མཚོ་མོ། ཚེ་སྐྱིད་བཅས་སྤུན་མཆེད་བརྒྱད་ཡོད་པ་ལས་ཁོང་ཆུང་ཤོས་ཡིན་འདུག

གསར་འགྱུར།

Post navigation

Previous Post: བདག་གི་གཅེས་ཕྲུག་མ།
Next Post: རང་ལུས་མེར་བསྲེགས་དོན་གཞིས་བྱེས་མཉམ་འཛོམས་ཡོང་ཆེད་ཡིན་ཟེར།

Comments (9) on “མགོ་ལོག་ཨ་སྐྱོང་དགོན་པའི་གྲྭ་ཚེ་རིང་རྒྱལ་ལགས་ཀྱིས་རང་ལུས་མེར་སྲེག་གནང་བ།”

  1. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2013-11-12 at 3:29 am

    སྐར་ཆེན།

    ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡༡ ཚེས་ ༡༡ ཉིན་རང་ལུས་མེ་
    བསྲེགས་གནང་བའི་རྒྱལ་གཅེས་དཔའ་བོ་
    ཚེ་རིང་རྒྱལ་ལ་ཕུལ་བ།

    ཐེ་བོ་ཤེས་རབ་རྒྱ་མཚོ།

    ཁྱོད་ནི་སྐྱེས་དུས་ཕལ་བ་སྟེ།།
    དེ་རིང་མུན་ནག་འོད་ཀྱིས་གཤགས།།
    མིག་ཆུ་ངུ་ངག་མེད་ན་ཡང་།།
    རུས་པ་གསེང་གི་ན་ཟུག་ཅིག།

    གསེར་སྣག་ཡི་གེ་འབུར་མ་ཅན།།
    ལོ་རྒྱུས་དག་མའི་རྡོ་རིང་གིས།།
    ཁྱོད་ཀྱི་བྱུང་བ་བསྐལ་པའི་མཐར།།
    འཇིག་རྟེན་འདི་ནས་ཀློག་པར་ངེས།།

    ལ་ལ་གསོན་ཡང་འཆི་བ་སྟེ།།
    མྱི་ལྤགས་འཕྲོ་བརླག་བཏང་བ་ཙམ།།
    ཁྱོད་ནི་ཤི་ཡང་གསོན་པ་སྟེ།།
    མགོ་ནག་བོད་པས་ག་ལ་བརྗེད།།

    ཁྲག་རྩའི་སྦུབས་སུ་བཞུར་བའི་ཁྲག།
    གྲང་མོར་ཆགས་པའི་མི་རིགས་ཤིག།
    ཚེ་སྲོག་སྦར་བའི་མེ་ཕུང་གིས།།
    འགུལ་དུ་བཅུག་སོང་ལང་ལ་ཉེ།།

    ལུས་པོ་འབར་བའི་མེ་ལྕེ་ཡིས།།
    བསྒུར་བའི་མགོ་བོ་འདེགས་པར་བྱེད།།
    ཚེ་སྲོག་འབར་བའི་མེ་རླབས་ཀྱིས།།
    ཞུམ་པའི་སྙིང་སྟོབས་འཕར་དུ་བཅུག།

    ཁྱོད་ཀྱི་ཚེ་སྲོག་མེ་ལྕེ་འདིས།།
    སྟོད་ནས་གཡོ་ཞིང་སྨད་ནས་སྐྱོམ།།
    ཁྱོད་ཀྱི་བདེན་པའི་ངར་སྐད་ཀྱིས།།
    དམྱལ་བའི་མཁར་དེ་ཡོམ་ཡོམ་འགུལ།།

    ཁྱོད་ནི་ཕྲེང་མདོག་རེ་རེར་ཐིམ།།
    ཨ་མའི་སྙིང་ལ་མ་ཎིར་འདྲེས།།
    ཁྱོད་ནི་ཞེ་འཁོན་ཟབ་མོར་ཐིམ།།
    མིང་སྲིང་སྙིང་ལ་ཁོང་ཁྲོར་འདྲེས།།

    ཁྱོད་ཀྱི་ཁ་ཆེམས་ཉུང་ཉུང་འདི།།
    རང་དབང་ཆེན་པོའི་རྩ་འགྲེལ་ཏེ།།
    ང་དང་ང་ཚོ་ཤུལ་ལུས་པས།།
    སྙིང་གི་ཁོང་ལ་གཏན་དུ་རྐོ།།

    ༢༠༡༣ / ༡༡/ ༡༡ དགོང་མོ།

  2. གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ། says:
    2013-11-12 at 4:58 am

    དཔའ་བོ་ལགས། ཁྱེད་རང་མགྱོགས་མྱུར་དུ་དྲག་སྐྱེད་དང་ལུས་སྟོབས་ཡང་བསྐྱར་གསོས་ཐུབ་པའི་སྨོན་འདུན་ཞུ།

  3. ཤེས་དགའ་ says:
    2013-11-12 at 5:38 am

    ཞུམ་མེད་དཔའ་བོས་ངར་ལྡན་ངར་བའི་མེར།།
    རང་གི་ལུས་ཀྱང་སྡོང་བུར་བསྒྲིལ་བ་འདིས།།
    འཆི་བདག་འཇིགས་པའི་གཤིན་རྗེའི་དཔའ་སྐོང་ན།།
    དམར་པོའི་ཚོགས་འདི་མ་བསད་འཇིགས་ཏེ་ཤི།།

  4. གནམ says:
    2013-11-12 at 5:52 am

    གངས་ཅན་བོད་ཟེར་བ་འདི་ཤི་འི་མི་འཇུག་ན། སྲོག་ཟེར་བ་འདི་ལྟར་འགྲོ་དགོས་བ་ལས་དབང་ཡིན་ནམ། བླ་མ་བཟང་བོའི་བཀའ་མ་ཁྱོག་པར། རང་ལུས་གཅིག་པོ་ལ་འཚེ་དགོས་བ་འདིས། དགྲ་ནག་པའི་འཇིག་རྟེན་ལ་གོ་བརྡ་ཞིག་འཕྲོད་དམ།
    རྒྱལ་གཅེ་བ། ཁྱེད་ལུས་ཀྱི་སྒྲོན་མེ་འདིས། ཆོལ་གསུམ་འོད་ཀྱིས་དཀར་བ་གཟིམས་མེད་ཡིན།

  5. རིག་པའི་བུ says:
    2013-11-12 at 7:03 am

    གུས་འདུད་ཞུ།

  6. ཨ་ཕྱི་ཆོས་སྒྲོན says:
    2013-11-12 at 7:22 am

    ༁`༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ ༁ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ

  7. དྲི་མེད་ལྷག་བསམ། says:
    2013-11-12 at 9:23 am

    ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།

  8. བོད་ཞེན་པ་ནས། says:
    2013-11-12 at 3:47 pm

    ནམ་ཡང་བརྗེད་མི་སྲིད། དཔའ་བོ་ཁྱེད་རྣམས། ནམ་ཞིག་བདེན་པ་མཐའ་གསལ་ཉིན་དེར་། ང་ཡིས་མེ་ཏོག་ཆུན་པོ་གཅིག་ཐོགས་ནས་ཁྱེད་རྣམས་པའི་བང་གསོའི་མདུན་དུ་ཡོང་ངེས་ཡིན། གང་ཡིན་ཞེ་ན། ཁྱེད་རྣམས་ནམ་ཡང་ནུབ་མི་སྲིད་པའི་ང་ཡི་སེམས་ནང་གི་རླབས་ཆེན་གྱི་དཔའ་བོ་དེ་ཡིན་པས་སོ།

  9. ཤེས་དགའ་ says:
    2013-11-12 at 11:05 pm

    མི་ནུབ་ནམ་ཡང་མི་ནུབ། མི་ཤི་ནམ་ཡང་མི་ཤི། མི་རབས་ནས་མི་རབས་བརྒྱུད། མི་རིགས་འདི་གཏན་དུ་གནས།
    བོད་མི་རིགས་འདི་རྒྱལ་བར་ངེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme