Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེང་རབས་ཀྱི་གཞོན་སྐྱེས་དང་སྤྱི་ཚོགས་དབར་གྱི་དཀའ་རྙོག

Posted on 2013-11-082013-11-08 By ཁ་བརྡ་ 2 Comments on དེང་རབས་ཀྱི་གཞོན་སྐྱེས་དང་སྤྱི་ཚོགས་དབར་གྱི་དཀའ་རྙོག

བསྟན་ཟླ་ནས་རྗེ་ཀུར་ཤི་ན་མུར་ཏེས་བརྩམས་པའི་སློབ་གྲྭ་ཁག་ལ་སྤྲིངས་པའི་འཕྲིན་ཡིག་ལས་བཏུས་ཏེ་བོད་བསྒྱུར་བྱས།

རྒན་པ་དང་གཞོན་པ་བརྩིས་པའི་འགྲོ་བ་མི་ཐམས་ཅད་ཀྱི་མ་འོངས་པ་ནི་ཉམ་ཐག་པ་དང་འཇིགས་སྣང་ཅན་ཞིག་ཆགས་ཡོད། སྤྱི་ཚོགས་ཁོ་རང་གཞི་རྩ་ནས་བཟང་སྤྱོད་བརླགས་ཏེ་ཉེན་ཁ་ཆེན་པོར་གྱུར་ཚར་བས། ན་གཞོན་ཞིག་ཁོར་ཡུག་འདི་དང་འཕྲད་དུས་ཁོས་ཁོ་རང་གི་མ་འོངས་པའི་མི་ཚེའི་བརྒྱུད་རིམ་ཁྲོད་དུ་ག་རེ་འབྱུང་ཡོང་བསམ་ཏེ་ཤིན་ཏུ་ནས་ཞེད་སྣང་སྐྱེས་ཀྱི་ཡོད། ཁོའི་ཕ་མས་ཁོ་སློབ་གྲྭར་གཏོང་ཞིང་། གལ་ཏེ་ཁོ་ཚོ་ལ་དངུལ་ཡོད་པ་ཡིན་ན་མཐོ་སློབ་དང་། དེ་ནས་ཁོ་ཚོས་ཁོས་བྱ་བ་ཞིག་བརྩམས་ཏེ་གཉེན་སྒྲིག་བྱས་པ་དང་ཕྲུ་གུ་སྐྱེས་པ་སོགས་བྱེད་དགོས་སེམས་བཞིན་ཡོད། འཛམ་གླིང་འདིའི་སྒང་གི་ཕ་མ་ཚོ་ལ་རང་གི་ཕྲུ་གུ་དང་མཉམ་དུ་བསྐྱལ་བའི་དུས་ཚོད་ཤིན་ཏུ་དཀོན་པོར་ཆགས་ཤིང་། ཁོ་ཚོ་རང་གི་ཕྲུ་གུ་ཚོ་དང་འབྲེལ་འདྲེས་ཅུང་ཙམ་མ་གཏོགས་མེད་པས། ཕྲུ་གུ་སྐྱེས་ནས་ལོ་ངོ་ཁ་ཤས་ཀྱི་རྗེས་སུ་ཁོ་ཚོས་ཕྲུ་གུ་ཚོ་བརླགས་ཚར་ཡོད།
ཁོ་ཚོས་སོ་སོའི་དཀའ་ངལ་དང་མངོན་འདོད་སོགས་ལ་སེམས་ཁྲལ་བྱས་ཏེ། བྱིས་པ་ཚོ་ནི་ཁོ་ཚོ་རང་ཉིད་ལའང་ཤེས་ཡོན་དགོས་མཁན་གྱི་ཤེས་ཡོན་སློབ་སྟོན་པ་དག་གི་ལྟ་སྐྱོང་འོག་ཏུ་ལུས་ཡོད། གཅིག་བྱས་ན་ཤེས་ཡོན་སློབ་སྟོན་པ་དེ་དག་འབྲི་ཀློག་གི་ཐད་ལ་ཤིན་ཏུ་ནས་ཡག་པོ་ཡོད་མོད། འོན་ཀྱང་། ཁོ་ཚོས་ཀྱང་སློབ་གྲྭ་ལ་མིང་གྲགས་ལེགས་ཤོས་དེ་འཐོབ་པའི་ཆེད་དུ་རང་ཉིད་ཀྱི་སློབ་མ་རྣམས་ཀྱང་འབྲི་ཀློག་གི་ཐད་ལ་ཚད་གཞི་མཐོ་ཤོས་དེར་སླེབས་པར་རེ་ལྟོས་བྱེད་ལ། ཤེས་ཡོན་སློབ་སྟོན་པ་ཁོ་ཚོ་ལའང་རང་ཉིད་ཀྱི་དཀའ་ངལ་ཡོད། ཁོ་ཚོའི་གླ་ཕོགས་ནི་རྒྱལ་ཁབ་ཉུང་ཤོས་ཤིག་ནང་མ་གཏོགས་ཤིན་ཏུ་ནས་ཉུང་ལ་སྤྱི་ཚོགས་ཀྱིས་ཀྱང་ཁོ་ཚོ་ལ་མཐོང་ཆེན་མི་བརྩི།

དེར་བརྟེན། ད་ལྟའི་ཆར་སློབ་སྦྱོང་སྤྲོད་བཞིན་པ་ཚོ་སོ་སོའི་ཕ་མ་དང་དགེ་རྒན། འཛིན་གྲོགས་རྣམས་ཀྱི་དབར་དུ་དཀའ་ཁག་གི་དུས་ཤིག་ལ་ཐུག་ཡོད། ཁོ་ཚོའི་སེམས་ཁོང་དུ་འཐབ་རྩོད་དང་སེམས་འཚབ། འགྲན་རྩོད་དང་ཞེད་སྣང་རྣམས་ཀྱི་རླབས་འཕྲེང་འཕྱུར་རུ་འཇུག་བཅུག་ཚར་ལ། ཁོ་ཚོས་ནི་མི་འབོར་ཚད་ལས་བརྒལ་བ་དང་འཚོ་བཅུད་ཀྱིས་མ་འདང་བ། དམག་འཁྲུག་གིས་ཁེངས་པ། འཇིགས་སྐུལ་རིང་ལུགས་མང་དུ་འགྲོ་བཞིན་པ། འཇོན་ཐང་མེད་པའི་གཞུང་། བཤུ་གཞོག་དང་དབུལ་ཕོངས་ཀྱིས་མནར་བའི་འཛམ་གླིང་ཞིག་ལ་གདོང་ལེན་བྱེད་དགོས། འདི་འདྲའི་འཇིགས་སྣང་དེ་འབྱོར་ལྡན་དང་དྲང་བདེན་གྱིས་སྐྱོང་བའི་སྤྱི་ཚོགས་ཤིག་གི་ནང་མཐོང་རྒྱུ་དཀོན་པོ་ཡིན། འོན་ཀྱང་། འཛམ་གླིང་ནང་ཧ་ཅང་གིས་དབུལ་ཕོངས་དང་མི་འབོར་ཚད་ལས་བརྒལ་བ། སྣང་བ་རྒྱ་ཡན་བྱས་ནས་སྡོད་ཅིང་འཇོན་ཐང་མེད་པའི་དབང་འཛིན་པ་རྣམས་ཡོད་པའི་ཡུལ་གྲུ་ཁག་ཏུ་གནད་དོན་འདི་ཤེས་ཚོར་ཐུབ།
དེ་བས་གཞོན་སྐྱེས་རྣམས་ཀྱིས་གདོང་ལེན་བྱེད་དགོས་པའི་འཛམ་གླིང་ནི་འདི་ལྟ་བུ་ཞིག་ཡིན་པས་ཁོ་ཚོ་ལ་རང་བཞིན་གྱིས་ཞེད་སྣང་སྐྱེས་ལ། ཁོ་ཚོ་ལ་ཕུགས་བསམ་ཞིག་ཡོད་པ་ནི། ཁོ་ཚོ་ལ་རང་དབང་དང་རང་མོས་ཀྱི་བྱེད་སྒོ་དགོས་པ་དང་། རྒན་རབས་རྣམས་ཀྱི་དབང་བསྒྱུར་མེད་པར་དབང་འཛིན་ཆ་ཚང་ལས་བརྒལ་དགོས་པ་དེ་ཡིན་ཞིང་། རང་དབང་ནི་ཁོ་ཚོ་ལ་མཚོན་ན་སོ་སོས་གང་བྱེད་འདོད་པ་འདམ་ག་བྱེད་ཆོག་པ་དེ་རེད། ཡིན་ནའང་། ཁོ་ཚོའང་མགོ་བོ་རྨོངས་ནས་བློ་ཐག་མ་ཆོད་སྟབས་། ཁོ་ཚོས་གང་ཞིག་བྱེད་དགོས་མིན་ལ་སློབ་སྟོན་ཞིག་གནང་བར་རེ་འདུན་བྱེད་ཀྱི་ཡོད།

ཤར་ཕྱོགས་པའི་སྤྱི་ཚོགས་ཀྱི་ནང་དུ་ཁྱིམ་ཚང་དང་ཕ་མ་རྣམས་ནི་གཞོན་སྐྱེས་རྣམས་ཀྱི་མི་ཚེའི་ནང་གི་གྲུབ་ཆ་གལ་ཆེ་ཞིག་ཆགས་ཡོད། ཁོ་ཚོས་འཛམ་གླིང་གི་ས་ཕྱོགས་ཁག་ཏུ་འཚོ་ཐབས་ཞིག་སྐྱོང་ཐུབ་ཀྱང་། ཁྱིམ་གཞིས་དེ་ད་དུང་གནས་ཡོད་པས། དེ་ནི་ཁོ་ཚོའི་མི་ཚེའི་གཏད་ས་དེ་ཆགས་ཡོད། འདི་ནི་ནུབ་ཕྱོགས་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་ཚད་གཞི་མྱུར་པོའི་སྒོ་ནས་ཡལ་འགྲོ་བཞིན་ཡོད། དེར་བརྟེན། སློབ་མ་ནི་སོ་སོས་བྱེད་འདོད་པ་དེ་བྱེད་པའི་རང་དབང་དེ་དང་། སྤྱིི་ཚོགས་ཀྱིས་རང་ཉིད་ཀྱི་དགོས་མཁོ་ལ་བསྟུན་ནས་བསྐུལ་འདེད་བྱས་ཏེ་པའི་གང་ཞིག་བཟོ་ལས་པ་དང་ཚན་རིག་པ། ཡང་ན་དམག་མི་ཞིག་གམ་རིགས་གཅིག་རྐང་འཛིན་པ་ལྟ་བུ་ཞིག་ཏུ་ཆགས་དགོས་པའི་འཆིང་སྡོམ་གྱི་དབར་ན་བསྡམས་ནས་ཡོད། འདི་ནི་ཁོ་ཚོའི་སློབ་སྦྱོང་གི་ཆ་ཤས་ཤིག་དང་གདོང་ལེན་བྱེད་དགོས་པའི་སྤྱི་ཚོགས་དེ་ཡིན་པས། འདི་ནི་འཇིགས་སྣང་ཅན་གྱི་གནས་སྟངས་ཤིག་ཡིན།

ང་ཚོ་ཚང་མས་ལུས་སེམས་གཉིས་ཀའི་བདེ་འཇགས་ལ་རེ་མོས་བྱེད་ཀྱང་། ད་ལྟའི་ཆར་འདི་ནི་དཀའ་ཁག་ཆེན་པོ་དང་ཧ་ཅང་གི་ཉག་ཕྲ་བོར་ཞིག་ཏུ་འགྱུར་བཞིན་ཡོད། དེའི་ཕྱིར། གལ་ཏེ་ང་ཚོ་རྒན་རབས་པ་ཚོས་ངོ་མར་ང་ཚོའི་ཕྲུ་གུ་ཚོ་ལ་སེམས་ཁུར་བྱས་ན། ང་ཚོས་ངེས་པར་དུ་སློབ་སྦྱོང་ཟེར་ན་ཅི་ཞིག་ཡིན་ཟེར་ནས་འདྲི་དགོས་ཤིང་། གལ་ཏེ་ད་ལྟའི་རྒྱལ་སྤྱིའི་ངོས་འཛིན་བྱེད་པའི་སློབ་སྦྱོང་འདིས་མུ་མཐུད་ནས་ཁོ་ཚོ་དཀའ་སྡུག་དང་རྙོག་འཛིང་། ཞེད་སྣང་གི་ནང་དུ་འཚོ་བཅུག་ན། ང་ཚོས་ངེས་པར་དུ་གནད་དོན་འདིའི་རྒྱབ་ལྗོངས་ངོ་མ་གང་ཡིན་ཟེར་ནས་འདྲི་དགོས་ལ། ལོ་དང་ཟླ་བར་དཀའ་སྡུག་མྱོང་ནས་དེ་སྔོན་བཞུར་མ་མྱོང་བའི་མིག་ཆུ་དེ་བཞུར་ཞིང་། མཚམས་རེར་སེམས་འཚབ་ལས་སྤྲོ་སྣང་དང་དགའ་བ་ཙམ་ཐོབ་པ་དེ་མི་ཚེ་ཡིན་ནམ། ཞེས་པའང་འདྲིི་དགོས།
ཡིན་ནའང་བློ་ཕམ་པ་ཞིག་ལ། ང་ཚོ་མི་རབས་རྒན་པ་ཚོས་དྲི་བ་འདིའི་རིགས་མི་འདྲི་ལ་ཤེས་ཡོན་སྟོན་པ་རྣམས་ཀྱིས་ཀྱང་དྲི་བ་འདི་དག་མི་འདྲི། དེར་བརྟེན། ད་ལྟར་ཤེས་གསལ་ལྟར་ཤེས་ཡོན་ནི་ཡ་ང་ཞིང་ཀྱག་ཀྱོག་མང་བ། རིན་ཐང་མེད་པའི་འཚོ་གནས་ཤིག་ལ་གདོང་ལེན་བྱེད་པའི་བརྒྱུད་རིམ་ཞིག་ཆགས་ཡོད། མི་ཚེ་རང་ཉིད་ལ་སྙིང་པོ་མེད་པར་མངོན་གསལ་དོད་པོ་རེད། ཡིན་ནའང། ང་ཚོས་འདི་ལ་སྙིང་པོ་བསྐྲུན་འདོད་ཡོད་པས། ང་ཚོས་ཆོས་ལུགས་སྣ་ཚོགས་བཟོ་ཞིང་དཀོན་མཆོག་འདྲ་མིན་བཞེངས་བ་དང་། གཞན་ཡང་རྒྱལ་ཁབ་ཐ་དད་དབྱེར་ནས་ཕན་ཚུན་གསོད་རེས་བྱས་ཏེ་གཅིག་གྱུར་གྱི་མི་ཚེ་ལས་ཐར་ཐབས་བྱེད་ཀྱི་ཡོད། འདི་ནི་ང་ཚོ་མི་རབས་རྒན་པ་ཚོའི་མི་ཚེ་ཡིན་ལ་མི་རབས་གཞོན་པ་ཚོའི་མི་ཚེ་ཡང་འགྱུར་འགྲོ

ད་ནི་ང་ཚོ་ཕ་མ་ཚོ་དང་དགེ་རྒན་ཚོས་གྲུབ་མཐའ་རྣམས་ལ་སྐྱབས་བཅོལ་ནས་འཕར་སྣོན་གྱི་སློབ་སྦྱོང་དང་། སྒྲོམ་གཞི་ཞིག་ལ་རེ་ལྟོས་བྱས་ནས་མ་བསྡོད་པར་དོན་དངོས་འདི་ལ་གདོང་ལེན་བྱེད་དགོས། གལ་ཏེ་ང་ཚོའི་སེམས་ཀྱིས་ང་ཚོས་ཅི་ཞིག་བྱེད་བཞིན་ཡོད་མེད་གསལ་པོར་མ་ཤེས་ན། བསམ་བཞིན་དུའམ་མ་བསམ་བཞིན་དུ་གང་ལྟར་ཀྱང་ནམ་ཞིག་ན་བཟློག་ཐབས་མེད་པར་ང་ཚོ་ཅི་བྱ་གཏོལ་མེད་དང་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་ཞིག་གི་འོག་ཏུ་ལྷུང་ངེས། མ་གཞི་ང་ཚོ་ལ་གང་ཞིག་བྱེད་དགོས་ལབ་མཁན་མཁས་དབང་དང་རིགས་གཅིག་རྐང་འཛིན་པ་ལ་སོགས་པའི་སྐྱེ་བོ་སྟོང་ཕྲག་མང་པོ་ཡོད། ཡིན་ནའང་། ང་ཚོས་དཀའ་གནད་ཀྱི་རྙོག་འཛིང་ཆེན་པོ་དེ་མ་རྟོགས་སྔོན་ནས་དེ་ལ་གདོང་ལེན་བྱེད་པར་འདོད་ལ། ང་ཚོ་ནི་གནད་དོན་ཆ་ཚང་ལ་བསམ་གཞིག་དང་དབྱེ་ཞིབ་བྱེད་པ་ལས་ལག་བསྟར་བྱ་རྒྱུ་ལ་སེམས་པ་ལྷག་པར་འཁྲེང་ནས་སྡོད།

གནད་དོན་གཙོ་བོ་དེ་ནི་སེམས་རྒྱུད་དང་དེ་ཤེས་བྱ་ལ་འཇུག་བྱེད་ཀྱི་ཟབ་ཚད་དེ་ཡིན་པ་པ་ལས། སེམས་རྒྱུད་ན་ཡོད་པའི་ཤེས་བྱ་དེ་མིན། སེམས་པ་ནི་མཐའ་ཡས་ཤིང་རང་ཉིད་ཀྱི་གོ་རིམ་དང་ཚད་མེད་ཀྱི་ནུས་ཤུགས་དང་ལྡན་པའི་འཇིག་རྟེན་ཁམས་ཀྱི་རང་བཞིན་དེ་ཡིན་ལ། འདི་ནི་དུས་ནམ་ཡང་རང་དབང་ཡིན། ཀླད་པ་ནི་ད་ལྟར་ཡོད་པ་བཞིིན་ཤེས་བྱའི་བྲན་གཡོག་ཞིག་ཡིན་པས། འདི་ལ་ཚད་གཞི་དང་མཐའ་ཡོད་ཅིང་ཆ་ཚང་བ་ཞིག་མིན། ནམ་ཞིག་ཀླད་པ་འདི་རང་ཉིད་ཀྱི་འཆིང་བསྡོམ་ལས་གྲོལ་ནས་རང་དབང་ཐོབ་པ་ཡིན་ན། དེ་དུས་ད་གཟོད་གཞི་ནས་ཀླད་པར་མཐའ་མེད་ཅིང་སེམས་དང་དབྱེ་མཚམས་བྲལ་བར་གྱུར། དེ་ནས་ཤེས་ཡོན་ནི་ཁོ་རང་གི་འཆིང་བསྡོམ་ལས་གྲོལ་ཞིང་ཕུང་ཆེན་བསགས་པའི་ཤེས་བྱའི་སྲོལ་རྒྱུན་ལས་རང་དབང་ཐོབ་པ་ཡིན། འདིས་ནི་མི་ཚེ་ནང་ཕན་ཐོགས་ཡོད་པའི་འབྲི་ཀློག་གི་ཤེས་བྱའི་རྩ་བ་རྣམས་ལ་རྒོལ་བ་བྱེད་ཀྱི་མེད།

འགྱུར་རྩོམ།

Post navigation

Previous Post: སྐྱོ་གདུང་གི་ཟབ་ས་ནས། ངས་འདི་ལྟར་རང་སེམས་ཀློག ༼བོད་འབྱོར།༽
Next Post: ང་ནི་ཁྱོད་ལ་མི་འདོད་དོ།

Comments (2) on “དེང་རབས་ཀྱི་གཞོན་སྐྱེས་དང་སྤྱི་ཚོགས་དབར་གྱི་དཀའ་རྙོག”

  1. ཤ་ཁྲག་དམར་པོ says:
    2013-11-08 at 8:45 am

    དཀའ་ངལ་ཡོད་དང་ཡོད། འཇིག་རྟེན་གྱི་འཁོར་བ་འདི་དང་མ་བྲལ་པར་ཏུ་ཡོད་ངེས་ཡིན།

  2. ཁེར་བཞུད་ says:
    2013-11-08 at 12:51 pm

    རྟག་པར་འཁོར་བ་ཁ་ལ་མ་ཁྱེར་ནས། ཉོན་མོངས་དུག་གསུམ་ཞེས་གླེང་ནས་མ་བསྡོད་པར། མཚམས་རེར་མིང་རྒྱང་རིང་ཙམ་འཕེན་ནས་བསམ་གཞིག་རེ་བྱོས་དང་། ཁ་ཚ་དགོས་གཏུགས་ཀྱི་གནད་དོན་མང་པོ་ཞིག་རང་ཉིད་ཀྱིས་ཕོངས་ནས་ལུས་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme