Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་བཙན་ཐོབ་ཀྱི་མ་རེད་ཟེར་བ་ལ་དྲི་བ་ཞིག

Posted on 2013-11-072013-11-07 By ཁ་བརྡ་ 10 Comments on རང་བཙན་ཐོབ་ཀྱི་མ་རེད་ཟེར་བ་ལ་དྲི་བ་ཞིག

རང་བཙན་ཐོབ་ཀྱི་མ་རེད་ཟེར་བ་དེ་ལ་འགྲེལ་བཤད་རྒྱག་རྒྱུ་མང་པོ་འདུག རྒྱ་ནག་སྟོབས་ཆེན་པོ་རེད། རྒྱ་ནག་གི་དམག་དང་དཔལ་འབྱོར་ལ་ང་ཚོས་གླགས་འཁེལ་གྱི་མ་རེད། བོད་མི་ཚོ་ཁ་སྟབས་སྐྱོ་པོ་རེད། དུས་རབས་ཉེར་གཅིག་པའི་ནང་ལུང་པ་ལ་ཆབ་སྲིད་རང་བཙན་ཡོད་ནའང་དཔལ་འབྱོར་རང་བཙན་ཡོད་མ་རེད་ཅེས་སོགས་འགྲེལ་བཤད་རྒྱག འོ་ན། སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་བམ། ཉོན་མོངས་དུག་གསུམ་སྟོབས་ཆེན་པོ་རེད། ཉོན་མོངས་དུག་གསུམ་ལ་གླགས་འཁེལ་གྱི་མ་རེད། ངའི་བྱང་ཆུབ་ཀྱི་སེམས་ཁ་སྟབས་སྐྱོ་པོ་རེད། དུས་རབས་ཉེར་གཅིག་པའི་ནང་སངས་རྒྱས་ཐོབ་མྱོང་མཁན་ཡོད་པ་མ་རེད། འདི་ལ་ལན་ཡོད་དམ། གུས་རྒད་པོ་དཔལ་འབྱོར་ཚེ་རིང་གིས་ཕུལ།

རྩོམ་རིག

Post navigation

Previous Post: རྒྱབ་ཤ་དཀར་པོའི་དགག་ལན།
Next Post: གྲྭ་ཆས་རེད་དམ་དམག་ཆས་རེད།

Comments (10) on “རང་བཙན་ཐོབ་ཀྱི་མ་རེད་ཟེར་བ་ལ་དྲི་བ་ཞིག”

  1. བསྟན་འཛིན་ཆོས་འཛོམས་ says:
    2013-11-07 at 7:20 am

    དེ་ད་ལས་སླ་བོ་རེད།སྤྱོད་འཇུག་ནང་དུ།ཉམས་ཆུང་ཉོན་མོངས་ཤེས་རབ་མིག་གིས་སྤངས།།གསུངས་ཡོད་པ་རེད།དེ་ལ་ཁུ་ནུ་བླ་མ་རིན་པོ་ཆེས་༧གོང་ས་མཆོག་ལ་འགྲེལ་བཤད་བསྐྱོན་སྐབས།ཉོན་མོངས་ཟེར་བ་ཉམས་ཆུང་ཆུང་རེད།རྣམ་དཔྱོད་ཀྱི་བློ་གྲོས་རྒྱས་ཙམ་གྱིས་ཉོན་མོངས་ཀྱི་མགོ་གནོན་ཐུབ་པ་རེད།ཉོན་མོངས་འདུལ་བར་རྡུལ་ཕྲན་མཚོན་ཆ་སོགས་སྟོབས་ཆེན་པོ་མི་དགོས་གསུངས་ཡོད་པ་རེད།ལྷག་པར་ཤེར་ཕྱིན་གྱི་མདོའི་ནང་དུ།སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ།།ཞེས་གསུངས་ཡོད་པས།ང་ཚོའི་སེམས་ཀྱི་རང་བཞིན་ལྷན་སྐྱེས་ཁོ་རང་ཕར་དེད་ན་སངས་རྒྱས་རེད།འོན་ཀྱང་གློ་བུར་རྣམ་རྟོག་གི་དྲི་མས་བསྒྲིབས་ཙམ་གྱིས་ལན་པ་རེད།དེ་བས་མགོན་པོ་ཀླུ་སྒྲུབ་ཀྱིས།ལས་དང་ཉོན་མོངས་ཟད་པས་ཐར།།ལས་དང་ཉོན་མོངས་རྣམ་རྟོག་ལས།།དེ་དག་སྤྲོས་ལས་སྤྲོས་པ་ནི།།སྟོང་པ་ཉིད་ཀྱིས་འགག་པར་འགྱུར།།སོགས་གསུངས་ཡོད་ཙང་།ཆོས་ཀྱི་གནད་ཤེས་མཁན་ཅིག་ཡིན་ན་དྲིས་བ་དེ་འདྲ་ཡོང་མི་སྲིད་པ་རེད།
    ང་ཚོའི་རྒྱུད་ཀྱི་ཉོན་མོངས་དང་ཁམས་བདེ་གཤེགས་སྙིང་པོ་གཉིས་བསྡུར་ན།ཉོན་མོངས་ཟེར་བ་དེ་ཧ་ཅང་ཉམ་ཆུང་དང་སྟོབས་ཆུང་རེད།འོན་ཀྱང་།རྒྱ་ནག་དང་བོད་ཀྱི་གནས་སྟངས་དེ་ལས་ལྡོག་པ་རེད།བོད་ཟེར་བ་དེ་མི་གྲངས་དང་སློབ་སྦྱོང་།ཆིག་སྒྲིལ་དང་མཐུན་རྐྱེན་གང་ཆ་ནས་རྒྱ་དང་བསྡུར་ན་ཧ་ཅང་ཉམ་ཆུང་ཡིན་པ་མངོན་གསལ་དོད་པོ་རེད།སྟབས་ཡག་ནས་རྒྱ་ནག་ནང་འཁྲུག་གིས་འཐོར་བཤིག་འགྲོ་བ་ལྟ་བུ་བྱུང་ན་བོད་ལ་རང་བཙན་གྱི་གོ་སྐབས་མེད་པ་མ་རེད།རེད་དེ།ད་ལྟའི་གནས་བབ་ལ་ལྟོས་ན་དེ་འདྲ་ཧ་ལམ་ཡོང་རྒྱུ་དཀའ་མོ་རེད།ལོ་རྒྱུས་སྟེང་མི་རིགས་གྲངས་ཉུང་ཉམ་ཆུང་མང་པོ་གྲངས་མང་ནང་འཐིམས་ཏེ་ལོ་རེ་ནས་གྲངས་ཉུང་མི་རིགས་མང་པོ་བརླག་འགྲོ་བཞིན་པ་མཐོང་ཆོས་རེད།
    ད་ཡར་དྲག་པོས་ལན་སློག་ན་སྒོང་ང་དང་བྲག་གཉིས་རྡུང་ཁ་བརྒྱབས་ཚེ་གང་ལྟར་སྒོང་ང་ལ་གྱོང་རག་རྒྱུ་ཉག་གཅིག་ཡིན་པས།༧གོང་ས་སྐྱབས་མགོན་ཆེན་པོས་གཉིས་སྨན་དང་གྲོལ་མོལ་གྱི་དབུ་ལམ་དེ་བདམས་པ་རེད།དེ་ལས་ལྷག་ཅིག་མེད་པ་རེད།འོན་ཀྱང་ཁ་ཤས་ནས་མ་ཤེས་པ་ཙམ་ཡིན་ན་སྐྱོན་གང་ཡང་མེད་པ་རེད་མོད།ཆེད་དུ་༧གོང་ལ་མི་འཇུ་བ་དང་སྤྱོད་པ་ལོག་འདོད་ཀྱིས་དྲི་བ་དེ་འདྲ་བཏང་ན་སྙིང་པོ་ཅི་མེད་པ་རེད།

  2. གཅན་ཚ བཟོད་རྒྱམ། says:
    2013-11-07 at 7:25 am

    རང་བཙན་ཅི་ནས་ཀྱང་དགོས། མི་ཚེ་འདི་ལ་མ་ཐོབ་རུང་ཚེ་རྗེས་མར་ཡིན་ཡང་རྩོད་དགོས་ཟེར་བ་དག་གིས་རྩོད་དགོས་པ་རེད།
    སངས་རྒྱས་མ་འཐོབ་པར་དུ་ཚེ་གཅིག་དང་གཉིས། སྐལ་བའི་བར་དུ་སངས་རྒྱས་སྒྲུབ་ནས་ཅི་ནས་ཀྱང་ཐོབ་དགོས་པ་དག་གིས་ཀྱང་དེ་མཚུངས་སངས་རྒྱས་སྒྲུག་དགོས་པ་རེད། ངས་བསམ་ན་དེ་ནི་སྙིང་སྟོབས་ཞིག་ལ་རེག་ལོས་མེད་དམ་སྙམ། བསམ་ཚུལ་བཤད་ཡོད་ལགས།

  3. རིགས་སློབ། བློ་སྦྱིན། says:
    2013-11-07 at 8:47 am

    རིགས་པའི་ལྟ་གྲུབ་རང་གི་ཐོག་ནས་བཤད་ན་དེ་ལྟར་རིགས་འདེད་བཏང་སྟེ་རྩོད་སྒྲུབ་བཤད་ཆོག་ལ་འོས་པ་ཞིག་རེད།
    འོན་ཀྱང་དོན་དངོས་དང་ལག་ལེན་རང་གི་ཐོག་ལ་བལྟས་ནས་བཤད་དགོས། ཉོན་མོངས་ཇི་ཙམ་དབང་བཙན་པོ་དང་སྟོབས་ཆེན་པོ་ཡོད་ཀྱང་དེ་མེད་པ་བཟོས་ཏེ་མཐར་ཐུག་གི་དམིགས་ཡུལ་རྣམ་མཁྱེན་འཐོབ་པ་ལ་རྡུལ་ཕྲན་མཚོན་ཆ་མི་དགོས། དམག་མི་མང་པོ་དེ་བས་ཀྱང་ག་ལ་དགོས།
    གཙོ་བོ་ཕོ་ཁྱོ་ག་རང་རང་སོ་སོས་འཇོན་པ་ཡིན་ན་འགལ་རྐྱེན་ཉོན་མོངས་འབྲལ་རུང་ངམ་སྤང་རུང་རེད།
    རྟོགས་ཚོགས་ཀྱི་ཡོན་ཏན་རང་རྒྱུད་ལ་སྐྱེ་རུང་དང་འབྱུང་རུང་རེད། དེ་ཚོ་ཚང་མ་འགལ་རྐྱེན་དང་བྲལ་ཞིང་མཐུན་རྐྱེན་ཚང་བ་ངེས་པར་ལྟོས་པས་ལྟོས་གྲུབ་འབའ་ཞིག་རེད།
    སངས་རྒྱས་པའི་རིག་པའི་གཞུང་ལུགས་ནང་ཕྲ་རགས་ལ་མ་ལྟོས་པར་རྟེན་འབྲེལ་ལྟོས་གྲུབ་ཀྱི་རྣམ་གཞག་རྐྱང་རྐྱང་སྒང་ནས་གྲུབ་མཐའ་རང་རང་གི་གཞི་ལམ་རྣམ་གསུམ་འགྲེལ་བཤད་ཆ་ཚང་ངེ་བ་རེ་ཡོད་པ་འདི་རེད། འདི་ཚོ་ཚང་མ་རིག་པའི་ལྟ་གྲུབ་དང་དངོས་ཡོད་ལག་ལེན་གཉིས་ཀྱི་ཐོག་ནས་བསྒྲུབ་འོས་པ་ཞིག་དང་སྒྲུབ་ཆོག་ཆོག་ཅིག་རེད། །

    འོ་ན་ངས་ཁྱེད་ལ་ཅིག་འདྲི། རང་བཙན་ལེན་པ་ལ་སྤྱིར་ན་གོང་ཞུས་ལྟར་རིགས་པའི་ལྟ་གྲུབ་ཀྱི་ཐོག་ནས་རྩོད་སྒྲུབ་བྱེད་ཆོག་ཆོག་ཅིག་རེད་དེ་དོན་དངོས་ལག་ལེན་གྱི་ཐོག་ནས་ཤ་གཟུགས་ཟ་ཆོག་ཆོག་ཅིག་ཡོད་ན་སྟོན་རོགས་གྱིས་དང་ཁོ་བོ་ཡང་རིགས་པ་ཡང་དག་ལ་མོས་མཐུན་དང་དག་པ་སྟེར་མཁན་ཞིག་ཡིན་པའི་ཆ་ནས་ངེས་པ་རྙེད་ན་ཅིས་ཀྱང་འབད་ངེས་ཡིན་ནོ། །

  4. ཨ་ནུ་ཐང་བསོད་ནམས། says:
    2013-11-07 at 9:19 am

    སངས་རྒྱས་ཟེར་བ་ནི་འགྲུབ་ཡ་མེད་པའི་སྟོང་བསམ་ཞིག་ཏུ་འདོད། གལ་སྲིད་འགྲུབ་ཡ་ཡོད་པའི་དབང་དུ་བཏང་ཡང་ནང་གཞུང་ནས་གསུངས་བ་ལྟ་བུ་འདོད་པ་ནི་ཤིན་ཏུ་མ་ངེས་བའིི་དོགས་པའི་གནས་སུ་མཐོང་།

  5. རང་བྱུང་རིག་པའི་རྡོ་རྗེ says:
    2013-11-07 at 11:44 am

    ང་ཚོས་རང་བཙན་རྩོད་ཀྱི་མེད་པར་ག་འདྲ་བྱས་ནས་ཐོབ། དེ་ལ་དྲི་བ་གང་ཡང་དགོས་པ་མ་རེད། ཐོབ་མི་ཐོབ་དེ་རྒྱ་ནག་སྟོབས་ཆེ་ཆུང་གི་མ་རེད། དེ་བོད་ཀྱི་སྙིང་སྟོབས་ལ་རག་ལས་པ་རེད། ད་ལྟ་ང་ཚོ་རང་བཙན་གྱི་ལམ་ཁར་འགྲོ་ཡི་མེད་པར་ག་འདྲ་བྱས་ནས་རང་བཙན་ཐོབ། ང་རང་ཚོའི་ཉོན་མོངས་འདི་སྟོབས་ཆུང་ཆུང་རེད་ཟེར་བ་དེར་གད་མོ་ཞིག་རང་དབང་མེད་པར་ཤོར་སོང་། གལ་ཏེ་ཉོན་མོངས་དེ་སྟོབས་ཆུང་ཆུང་ཞིག་དང་ལས་སླ་བོར་སྤང་ཐུབ་ན། ཅི་ལྟར་ང་ཚོ་སངས་མ་རྒྱས་པ་ཡིན།
    ཉིན་སྒོམ་ན་ཉིན་སངས་རྒྱ་དང་མཚན་སྒོམ་ན་མཚན་སངས་རྒྱ་ཟེར་བའི་ཁ་བོ་ཆེ་འདི་དང་། ཉོན་མོངས་ཉམས་ཆུང་ཟེར་བ་འདི་དག་གཅིག་མཚུངས་རེད། །

  6. lནུབ་ཕྱོགས་གངས་ཕྲུག says:
    2013-11-07 at 12:19 pm

    བོད་པའི་སྤྱི་ཚོགས་ནང་དབུ་མ་དང་རང་བཙན་གྱི་རྩོད་པ་འདི་རིགས་ལམ་རྩོད་པ་ནང་བཞིན་རེད་འདུག ཧ་ཧ་ཧ་ཧ་

  7. ཤེས་དགའ་ says:
    2013-11-07 at 12:33 pm

    སྐད་ཆ་འདི་ཧབ་ཏེ་བལྟས་ན་བདེན་པ་འདྲ་བ་ཞིག་འདུག འོན་ཀྱང་ངས་བལྟས་ན་རང་བཙན་ཐོབ་ཀྱི་མ་རེད་ཟེར་བ་དང་རང་སྲིད་རང་སྐྱོང་ཐོབ་ཀྱི་རེད་ཟེར་གཉིས་ཀ་བསྲེ་དྲག་པའི་སྐྱོན་རེད་འདུག མི་རིགས་ཞིག་གིས་ངོས་ནས་བཤད་ན་འབད་བཙོན་མུ་འཐུད་ནས་བྱས་པས་རང་བཙན་ཅི་ལ་མི་ཐོབ་སྟེ་ངེས་པར་དུ་ཐོབ། འོན་ཀྱང་བོད་པ་ལྟ་བུར་མཚོན་ན་རང་བཙན་ཐབས་རྩོད་བྱེད་མཁན་གྱི་མི་རིགས་འདི་མུ་འཐུད་ནས་རང་བཙན་མ་ཐོབ་བར་གནས་མ་གནས་དེ་བཤད་དཀའ་བ་ཞིག་རེད། བྱས་ཙང་རང་བཙན་ཐོབ་ཀྱི་ཡོད་ནའང་རང་སྲིད་རང་སྐྱོང་རྩོད་དགོས་རྒྱུ་དེ་དེ་འདྲ་རེད་བསམ།

  8. ལར་རྒྱའི་བདག་པོ། says:
    2013-11-07 at 2:53 pm

    རང་བཙན་དང་སངས་རྒྱས་ཀྱི་གོ་འཕང་གཉིས་དཔེ་མཚོན་བཞག་པ་འདི་ཧོབ་དེ་བལྟས་འདྲ་ཆེ་ཡང་ཞིབ་ཕྲ་བསམ་བློ་བཏང་ན་ཞྭ་དཔེ་ལྷམ་འགེབ་དང་ར་མགོ་ལུག་འབྱར་རང་རེད།སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་བསག་དགོས་རེད།སྐལ་ཆེན་གཅིག་ལའང་འཇིག་རྟེན་དང་།སྐལ་པ།མི་རབས་མང་པོ་ཞིག་འཇིག་འགྲོ་གི་ཡོད།
    དེ་བཞིན་ལོ་བཅུ་ཕྲག་འགའ་ཤས་དང་།བརྒྱ་ཕྲག་འགའ་ཤས།སྟོང་ཕྲག་སོགས་ནམ་ཞིག་རང་བཙན་ཐོབ་སྲིད་ཀྱང་དེ་དུས་རང་བཙན་རྩོད་གཞིའི་བོད་མི་རིགས་དང་།དེའི་ངོ་བོ་རིག་གཞུང་།སྐད་ཡིག་བཅས་འཇིག་ཟིན་ཞིང་།དེ་དག་མེད་ན་རང་བཙན་ཡང་རང་བཞིན་གྱིས་དོན་བྱེད་ནུས་མེད་ལྟ་བུ་ཆགས་རྒྱུར་ངེས་པ་རེད།
    གོང་གི་རྩོམ་ཡིག་དེེ་ནིན་ཕུགས་བསམ་རིང་ལུགས་པའི་རྨི་ལམ་ཞིག་དང་།ཏོག་ཙམ་སྙན་པ་ཞུས་ན་སྙིང་སྟོབས་ཙམ་པ་པོ་བ་ཞིག་རེད་ཅེས་བརྗོད་མི་ཆོག་མ་རེད།

  9. ཨ་ཕྱི་ཆོས་སྒྲོན says:
    2013-11-07 at 3:32 pm

    སངས་རྒྱས་མ་སྒྲུབ་ན་ཐོབ་མི་སྲིད། རང་བཙན་མ་རྩོད་ན་ཐོབ་ཀྱི་མ་རེད། དེས་ན་བོད་པ་ཕལ་མོ་ཆེར་གཉིས་ཀ་མེད་པར་ཆགས་ཚར་འདུག ལན་སོ་སོས་བཏབ་དགོས་པ་ལས་གཞན་དག་མི་འདུག

  10. གངས་ལྡོམ། says:
    2013-11-09 at 6:56 am

    ང་ཚོས་འབད་བརྩོན་བྱེད་ན་རང་བཙན་ཐོག་ལ་བྱེད་དགོས།
    རེ་བ་རྒྱབ་ན་དབུ་མ་ལ་བྱེད་དགོས།
    ཡིན་ནའང་། དགྱ་རོ་ཚང་གིས་འདི་གཉིས་ཀའི་གང་ཡང་སྤྲོད་དགོས་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme