Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྨི་ལམ་འདི་རྨི་ལམ་ཞིག་མིན་ན་ཅི་མ་རུང་།

Posted on 2013-11-062013-11-06 By ཁ་བརྡ་ 31 Comments on རྨི་ལམ་འདི་རྨི་ལམ་ཞིག་མིན་ན་ཅི་མ་རུང་།

དགེ་འདུན་རྒྱ་མཚོ།

ནམ་རྒྱུན་ཡིན་ན་ཁ་བཏོན་ཚར་བ་དང་ཞོགས་ཇ་འཐུང་གི་ཡོད། ད་ནངས་སྔ་མོ་ཁ་འདོན་བཏོན་ཚར་ན་ཡང་གྲགས་འགུལ་ཅང་མེད་ཐལ། ཇ་དང་བག་ལེབ་ད་དུང་མ་སླེབས་པ་འདྲ། ཞོགས་པ་ནམ་ཟླ་དྭངས་པ་དང་ཁ་དབུགས་གཙང་བ། ལུས་ཁམས་བདེ་བ་དང་སེམས་ཀྱང་ལྷོད་པོ་རེད། དེས་རྐྱེན་གྱིས་སླར་ཡང་སྒོམ་ཞིག་བརྒྱག་འདོད་སྐྱེས་བྱུང་། དུས་རྒྱུན་ཡིན་ན་གྲུབ་འབྲས་ཡག་པོ་བྱུང་མིན་ལ་མ་ལྟོས་པར་བྱམས་པ་དང་སྙིང་རྗེ། སེམས་བསྐྱེད་དེ་ཚོའི་ཐོག་ལ་ཤུགས་ཕུལ་བ་ཡིན། དེ་རིང་དམིགས་བསལ་གྱིས་རྫོགས་རིམ་གྱི་སྐོར་ལ་ཚོད་ལྟ་ཞིག་བྱེད་དགོས་པ་མིན་ནམ་སྙམ།
རྣམ་སྣང་གི་ཆོས་བདུན་གྱིས་ལུས་བཅོས་པ་དང་ལྕང་སྐྱའི་ལུས་སྦྱོང་ཉེར་ལྔ་དེ་ཡང་སྔོན་དུ་བཏང་། དབུགས་གཏོང་ལེན་ཐེངས་འགའ་བྱས་པ་དང་སྲོག་རྩོལ་བསྡམས། མགོ་བོ་ལོ་ཡག་གི་སྙེ་མ་ལྟར་ཅུང་ཟད་ནང་དུ་བགུག་རྗེས་བསམ་བློ་ཞིག་བཏང་བ་ཡིན། རིམ་པ་ལྔ་ལས་ད་རེ་གང་སྒོམ་ན་བཟང་ངམ། འོ་རེད། གཉིད་ཀྱི་འོད་གསལ་ལ་ཉམས་པར་འཇོག་དགོས། རྨི་ལམ་གསེས་པ་སྐོར་དགུ་བོ་རིམ་གྱུར་གྱིས་བགྲོད་ནས་ཐམས་ཅད་འོད་གསལ་ཆེན་པོའི་ངང་ལ་སྟིམས་ཐེངས་ཐང་གཅིག་བྱེད་དགོས་སྙམ། དེས་རྐྱེན་གྱིས་མིག་གཉིས་སྨིན་མཚམས་ཀྱི་སྣ་རྩེར་མ་གཏད་པར་མགྲིན་པའི་ཨོལ་མདུད་ཀྱི་མཚམས་སུ་དམིགས་ཙམ་ཅིག་བྱས་པ་ཡིན།

འབྲུག་སྒྲ་ལྡིར་བ་དང་གནམ་ས་གཡོ་ལ་ལྟ་བུའི་འུར་སྒྲ་དུས་གཅིག་ཏུ་བསྒྲགས། དེ་ནི་གཞན་མ་ཡིན་དེ་མི་དམངས་ཀྱི་རྩེད་ར་ཆེན་པོ་ཞིག་ནང་རེད། དགའ་འབོད་དང་ཐལ་མོ་རྡེབ་པའི་སྒྲ་རེད། ཁོད་ཡངས་ལ་རྒྱ་ཁྱོན་ཆེ་བའི་ཚོགས་ཁང་ཆེན་པོ་ཞིག་རེད། གླུ་གཞས་གཏོང་བའི་ཉིན་མོ་ཞིག་ཡིན་པ་སུ་ལ་ཡང་འདྲི་མ་དགོས་པ་ཞིག་རེད། ཉིན་མ་དེར་གླུ་གཞས་དང་ཞབས་བྲོ་འཁྲབ་མཁན་ནི་ཨ་རུའི་གཞས་མ་སྐད་གྲགས་ཅན་མ་ miley cyrus ་རེད། མོ་སྡིངས་ཆ་སྟེང་ལ་སླེབས་མ་ཐག་མོས་ཚོས་འབོད་སྒྲ་བསྒྲགས་སོང་། ངས་ཀྱང་མོ་རང་ངོ་ཤེས་སོང་། མོ་ནི་ངའི་ངོ་ཤེས་རྙིང་བ་ཞིག་ཡིན་པ་མ་ཟད་སྔོན་ཆད་ངའི་དགེ་བཤེས་གཏོང་སྒོའི་སྐབས་ཀྱི་སྦྱིན་བདག་གཙོ་བོ་ཡང་ཡིན།

ང་ཡང་ཚོགས་ཁང་དེའི་ཆེས་མཐོ་ས་ཞིག་ནས་གར་སྟེངས་ཀྱི་ཕྱོགས་སུ་འཁོར་ནས་མོ་ལ་བལྟས་ཡོད་ལ། མི་མང་སྟོང་ཕྲག་མང་བོའི་རྒྱབ་ངོས་ཀྱི་རྩིག་བརྟིང་ལ་ཁན་ནས་བསྡད་ཡོད། ས་དེ་ནི་གྲྭ་ཚང་གི་འདུ་ཁང་ལྟ་བུ་ལ་མཚོན་ན་རབ་གསལ་ཁ་རེད་འདུག ཡིན་ཡང་འདི་ཕལ་ཆེར་ཨ་མེ་རུ་ཀ་རེད། གཡས་གཡོན་གྱིས་མི་དེ་ཚོས་ང་ལ་འགྲེལ་བཤད་བརྒྱབ་མ་སོང་ཡང་ཨ་མེ་རུ་ཀ་མ་གཏོགས་འདི་འདྲའི་ཚོགས་ར་ཆེན་པོ་ཞིག་ཡོད་མི་སྲིད། དེས་རྐྱེན་གྱིས་ངས་སེམས་ནས་ཀྱང་ཨ་མེ་རུ་ཀ་ཡིན་པར་ཡིད་ཆེས་བྱས་ཡོད།
ཚོགས་ཁང་ནང་ནག་ལྡིབ་ཆེ་བ་དང་གར་སྟེགས་ཀྱང་ཧ་ཅང་ཆེན་པོ་རེད། མི་ཚོགས་མང་བོ་འཛོམས་ཡོད་པས་གྲོགས་པོ་དང་ངོ་ཤེས་ཚོ་ཕན་ཚུན་ལ་འཚོལ་བ་དང་མཐོང་བའི་གོ་སྐབས་དབེན། འོན་ཀྱང་གློག་འོད་འདྲ་མིན་འཕྲོ་བ་དང་མི་ཚོགས་ཀྱི་འབོད་སྒྲ་དེས་ཚོགས་ཁང་ཡོངས་སུ་ཟང་ཟིང་ལང་ལོང་དུ་བཏང་སོང་། ངོ་མ་ཨ་རུ་ཟེར་བ་འདིའི་མི་ལ་འགྲིག་ལམ་ཟེར་བ་ཞིག་མེད་ཐལ། མི་དམངས་ཀྱི་རྣམ་འགྱུར་ལ་བལྟས་ན་སྨྱོན་པ་ཚོ་དང་ཨ་ན་མ་ན་རེད། ངོ་མ་གཙོག་གི་ཡ།

གཞས་མ་ miley cyrus ་གར་སྟེགས་ཀྱི་དཀྱིལ་ལ་བུད་པ་དང་གློག་འོད་སྒོར་མོ་ཞིག་མོའི་མགོ་སྟེང་ནས་མར་འཕྲོས་ཡོད་པས་མོ་ནི་ཟླ་བའི་ལྷ་མོ་ལྟར་མཛེས་ལ་ཡིད་དུ་འོང་བ་ཞིག་ཏུ་གྱུར། མ་གཞི་ནས་མོ་ཡག་མ་དང་མཛངས་མ་ཞིག་ཡིན། མོས་གླུ་སྐད་སྙན་མོ་དེས་ཚོགས་རའི་ཕྱི་ནང་ཡོངས་རྫོགས་ཡོམ་ཡོམ་དུ་གཡོ་བའི་སྣང་བ་སྟེར། ལྟད་མོ་བ་ཚོ་ཡང་རང་དབང་མེད་པའི་གནས་སུ་གྱུར་ནས་འཕྱར་གཡེང་བྱེད། ངེད་གཉིས་ཀྱི་བར་ཐག་དེ་འདྲའི་རིང་བོ་ཡིན་ན་ཡང་མོས་ང་རང་གསལ་བོར་མཐོང་གི་ཡོད་པ་འདྲ། མོས་གླུ་གཞས་ལེན་པའི་ཞོར་དུ་ང་ལ་བལྟས་ཏེ་ཁ་གཅུས་པ་དང་མིག་རྡེབ་པ་སོགས་རྣམ་འགྱུར་མང་བོ་བྱས་སོང་། ངས་ཀྱང་མོའི་ཁ་ལ་སྐག་ཚོས་བྱུགས་པ་དང་རྫི་མ་དང་སྨིན་པ་བྲིས་མ་དེ་ཚོ་ཡན་ཆད་ཀྱང་གསལ་བོར་མཐོང་སོང་།
ད་དུང་མོས་རང་གི་ལག་མཐིལ་ལ་འོ་བྱས་ཏེ་ངའི་ཕྱོགས་ལ་བསྲིངས་ཏེ་བསྟན་སོང་། དེའི་ཚབ་ལ་ངས་ཀྱང་ལག་གཡོན་པ་བཀྱགས་ཏེ་མཐེབ་མོང་དང་གོང་མཛུབ་གཉིས་བསྣོལ་ནས་གོར་གོར་སྒོང་ང་འདྲ་ཞིག་བཟོས། མཛུབ་མོ་ལྷག་མ་གསུམ་བྱ་ཡི་གཤོག་པ་ལྟར་བརྐྱངས་ཏེ་བསྟན་པ་ཡིན། དེ་ནི་མོས་ཚུར་བལྟས་ན་དབྱིན་ཡིག་གི་ok ཟེར་བ་དེའི་དབྱིབས་མཐོང་ཐུབ་པས་ཡིན། ཚོགས་རའི་ནང་གི་མི་མང་བོ་ཞིག་གིས་དོན་མེད་ལ་དགའ་འབོད་བྱེད་ཀྱིན་འདུག དེ་ནི་ miley cyrus ་་གྱིས་ཁོ་ཚོ་ལ་མིག་ཟུམ་བརྒྱབ་སོང་བསམ་ཡོད་པས་རེད། མ་གཞིར་མོའི་རྣམ་འགྱུར་དེ་ང་ལ་བསྟན་པ་མ་ཤེས་པར་ཁོ་ཚོ་འཁྲུགས་ཀྱིན་ཡོད་པ་འདྲ།

མོས་གླུ་གར་འཁྲབ་ཚན་དེ་རྫོགས་པ་དང་ཁ་མདུན་ལ་འཁོར་ནས་ང་དང་དམངས་ཚོགས་ཀྱི་ཕྱོགས་ལ་གཏད་ནས་པུས་མོ་གཉིས་ས་ལ་བཙུགས་སོང་། མ་ཟད་ཁ་གདངས་པ་དང་མིག་ཅེ་རེར་ངའི་ཕྱོགས་སུ་བལྟས་ནས་བསྡད་སོང་། ལག་པ་གཉིས་ཀྱང་བརྐྱངས་ཏེ་ཅི་ཞིག་འབོད་པ་ལྟར་བྱེད། ངའི་གཡས་གཡོན་གྱི་མི་དེ་ཚོས་ཁ་ནས་ཅི་ཡང་བཤད་ལ་ཅི་ཡང་སྒྲོག་པར་བྱེད། འོན་ཀྱང་ང་ལ་ཅི་ཡང་མ་བཤད་ཀྱང་མིག་གིས་ང་ལ་ལྟ་བཞིན་འདུག དེ་ནི་ང་སོང་ནས་མོ་ལ་འཐམ་དགོས་ཀྱི་ཡོད་པའི་རྣམ་འགྱུར་རེད།
ངས་ཀྱང་བསམ་བློ་ཅི་ཡང་མ་བཏང་བར་ཡར་མཆོངས་ཏེ་རབ་གསལ་དེའི་ལན་གེན་ཁ་ལ་རྐང་སྣེ་ཐུག་ཙམ་བྱས་པ་དང་ལག་པ་གཉིས་བརྐྱངས་ཏེ་བྱ་རྒོད་ཞིག་དང་འདྲ་བར་མོའི་ཕྱོགས་སུ་འཕུར། ངོ་མ་ང་བྱ་རྒོད་ཞིག་དང་འདྲ་ལ་གློག་བརྙན་ནང་གི་དྲག་རྩལ་བ་ཞིག་དང་ཁྱད་པར་ཅི་ཞིག་ཡོད། ཚོགས་ར་དེ་འདྲའི་ཆེ་བ་དང་ལྟད་མོ་བ་དེ་འདྲའི་མང་ན་ཡང་ང་ནི་ཁོ་ཚོའི་མགོ་དང་ཅུང་ཉེ་ས་ནས་འཕུར་ཏེ་སྡིངས་ཆ་དེའི་སྟེང་དུ་བསྙེགས། སྐར་ཆ་གཅིག་ལས་འགོར་དགོས་མ་བྱུང་བར་ང་གར་སྟེགས་དེའི་དཀྱིལ་དང་གཞས་མ་ miley cyrus ་མདུན་ལ་ཐོན་ཐུབ་སོང་།

འགྲོ་བ་མི་རིགས་སུ་གྱུར་བ་ཞིག་འཕུར་བ་ནི་ཨ་རུ་བ་ཚོ་ལ་མཚོན་ན་མཐོང་བ་ཐོག་མ་དེ་ཡིན་པ་འདྲ། དེས་རྐྱེན་གྱིས་ཚོགས་ཁང་གང་བོས་དུས་གཅིག་ལ་སྐད་འབོད་བརྒྱབ་པ་དང་ཧ་ལས་ཧོང་ཐོར་སོང་། ངའི་འཕུར་རྩལ་འདིས་གཅིག་བྱས་ན་ཨ་རུ་མི་དམངས་ཀྱི་སེམས་ནང་གི་གླུ་གཞས་ལེན་མཁན་གྲགས་ཅན་མ་ miley cyrus ་ཀྱི་རིན་ཐང་ནུས་མེད་དུ་བཏང་ཡོད་ན་ཡང་ཐང་། ཡིན་ཡང་ངའི་དམིགས་ཡུལ་གཙོ་བོ་དེ་མིན། གང་ལྟར་ང་རང་གཞས་མ་་ miley cyrus ་་སྔུན་ནས་ལངས་ཏེ་མོའི་དཔུང་བ་གཉིས་ནས་འཇུས་ཏེ་ཡར་ལངས་དུ་བཅུག་པ་ཡིན། མོ་དགའ་སྣང་དང་བཅས་ངའི་སྐེ་ལ་འཐམས་སོང་། མོའི་འཇམ་ཞིང་མཉེན་པོའི་ཁུར་ཚོས་དེ་ངའི་འགྲམ་པ་ལ་གླན་པ་དང་མོས་ད་དུང་ཤབ་ཤུབ་ཀྱིས་ངའི་རྣ་ལམ་དུ་ཁ་གཏད་ནས་འདི་ལྟར་ཟེར། ཁྱོད་ནི་ངོ་མ་མཁས་གྲུབ་གཉིས་འཛོམས་ཀྱི་སྻེས་པུ་དམ་པ་ཞིག་རེད་ཟེར། ངས་ཀྱང་ལན་དུ་གྲུབ་རྟགས་འདི་འདྲ་ནི་ངས་ཅང་གི་གྲས་ལ་རྩིས་ཀྱི་མེད་ལབ་པ་ཡིན།

ད་དུང་མོ་ང་ལ་ཁྱོད་ཀྱིས་འདི་འདྲ་བྱེད་དགོས་དོན་ཅི་ཡིན་ནམ་ཟེར། དྲི་བ་དེ་གློ་བུར་བ་ཞིག་ཡིན་པས་ངས་ཐད་ཀར་ལན་བརྒྱག་ཤེས་མ་སོང་། ང་རང་འཇིག་རྟེན་པ་ཞིག་ཡིན་པའི་དབང་དུ་བཏང་ན་གནས་ཚུལ་གཞན་ཞིག་རེད། འདི་ཚང་མ་ཁྱོད་ཀྱི་ཆེད་དུ་ཡིན་ལབ་དགོས་པ་འདྲ། ང་ནི་སེར་མོ་བ་ཞིག་ཡིན་པའི་ཆ་ནས་དེ་ལྟར་བཤད་ག་ལ་ཕོད། ཡིན་ཡང་ངས་མོ་ལ་འདི་ལྟར་བཤད་པ་ཡིན། འཕུར་རྩལ་འདིས་ཨ་རུ་བ་ཚོའི་ང་རྒྱལ་དང་ཁེངས་དྲག་སོགས་ཞི་ནས་ད་དུང་རྟོག་དཀའ་བའི་འཇིག་རྟེན་གཞན་ཞིག་ཡོད་པ་ཤེས་སུ་འཇུག་འདོད་པས་ཡིན་ཅེས་བཤད་པ་ཡིན། སྐབས་དེར་སྤྱི་དཔྱངས་ལྟད་མོ་བ་ཚོས་ལག་པ་དུས་གཅིག་ཏུ་བརྡབས་སོང་། ལག་པའི་ཐལ་མོ་རྡེབ་པའི་སྒྲ་དེས་ང་གཉིད་ལས་བསླངས་བར་བྱས། ཐལ་སྒྲ་དེ་ནི་གཞན་མ་ཡིན་དེ་སློབ་ཕྲུག་ཚོས་ཞོགས་ཇ་སྐྱེལ་ནས་འབྱོར་ཡོད་པའི་བརྡ་དང་། ངའི་སྒོ་བརྡུངས་པའི་ཐྲོག་སྒྲ་རེད།
ངའི་སེམས་ལ་རྨི་ལམ་འདི་རྨི་ལམ་ཞིག་མིན་པར་དོན་དངོས་ཡིན་ན་ཅི་མ་རུང་སྙམ།

རྩོམ་རིག

Post navigation

Previous Post: གཞིས་བྱེས་བོད་མིའི་སྐྱིད་སྡུག་མཉམ་ཁུར་ཞེས་པའི་སྐད་འབོད་ལས་འགུལ།
Next Post: སྤྱི་ཟུར་རྣམ་པ་བཞི་མཉམ་ཞུགས་ཀྱིས་ཁྱིམ་ཚང་གཉིས་ཀྱི་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༢༢ པ་སྤེལ་བ།

Comments (31) on “རྨི་ལམ་འདི་རྨི་ལམ་ཞིག་མིན་ན་ཅི་མ་རུང་།”

  1. རང་བྱུང་རིག་པའི་རྡོ་རྗེ says:
    2013-11-06 at 5:13 pm

    དགེ་འདུན་རྒྱ་མཚོས་སྒོམ་ཡག་པོ་ཐེབས་འདུག ཧ་ཧ་ཧ། དེ་ནི་འོད་གསལ་མ་རེད་འཁྲུལ་བ་རེད། ཁྱེད་ལ་འཁྲུལ་སྣང་ཨ་འཐས་ཀྱི་ཞེན་པ་ཤུགས་དྲག་འདུག རྨི་ལམ་གསེས་པ་སྐོར་དགུ་ཟེར་ན་ག་རེ་རེད། བསྲེས་པ་ཡིན་ནམ། དང་བོ་ཞི་གནས་བརྟན་དུ་བཅུག དེ་ནས་རིམ་གྱིས་བརྩོན།།

  2. ཀླུ་སྨྱོན། says:
    2013-11-06 at 6:14 pm

    རྗེ་ཙོང་ཁ་པའི་གསང་རྣམ་དུ། ལྷོ་བྲག་མར་པའི་དགོངས་པ་བསྲེ་འཕོའི་གནད། །རྒྱུད་དང་འཕགས་པའི་མན་ངག་ཡིན་པར་ངེས། །

  3. དགེ་འདུན་རྒྱ་མཚོ། says:
    2013-11-06 at 8:58 pm

    ཧཧ་ཧ་།
    རང་བྱུང་རིག་པའི་རྡོ་རྗེ་ལགས། 
    གསེས་པ་སྐོར་དགུ་ཟེར་ན། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པའི་རྣལ་འབྱོར་བས་གཉིད་ཀྱི་འོད་གསལ་སྒོམ་པའི་རིམ་པས་སད་དུས་ཀྱི་བསྲེ་བ་སྐོར་གསུམ་་་གཉིད་དུས་ཀྱི་བསྲེ་བ་སྐོར་གསུམ། འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ། སྐྱེས་བ་སྤྲུལ་སྐུ། བསྲེས་ནས་གསུམ་གསུམ་སྐོར་དགུ་སྒོམ་ཚུལ་ཅིག་ཡོད་རེད། དེ་ཁྱོད་ཀྱིས་ཤེས་ཡ་ཅིག་གཏན་ནས་མིན། 
    རླུང་ཞུགས་་་་གནས་་་་ཐིམ་་་་གསུམ་།
    སྣང་བ་་་་་མཆེད་པ་་་་་་ཉེར་ཐོབ་གསུམ། 
    དེ་རེ་རེ་ལ་ཡང་འབྱུང་བ་ལ་ཐིམ་པའི་རྟགས་མཁའ་སྣང་་་མེ་ཁྱེར་་་་དུ་བ་་་་་སྨིག་རྒྱུ་་་སོགས་འཆར་ཚུལ་བཤད་ཀྱི་ཡོད་རེད།
     ཡ་ཡ་་་ད་མང་བོ་བཤད་མི་ཉན།
    ངས་བཤདཡ་དེ་གཉིད་ཀྱི་སྐོར་ཡིན། གཏམ་དཔེ་ལ་བཎ་རྒན་ཉལ་ཤེས་ན་ཆོས་ཡིན་ཟེར་བ་དེ་རེད། 
    ཀླུ་སྨྱོན་གྱི་གསུངས་པ་འདི་ནི་ཡོངས་གྲགས་ལ་རོ་ཆོས་དྲུག་ལས་འཕོ་བ་གྲོང་འཇུག་གི་སྐོར་རེད། གཟིགས་འདོད་ཡོད་ན་རྗེའི་ན་རོ་ཆོས་དྲུག་གི་ཁྲིད་ཡིག་ཡོད་རེད་ལ་། རྫོམས་རིམ་རིམ་ལྔ་གསལ་སྒྲོན་སོགས་ནའང་ཧ་ཅང་རྒྱས་པས་དེར་གཟིགས། 

  4. ཁྲིམས་ལུགས་སློབ་མ་བློ་བཟང་གྲགས་པ། says:
    2013-11-06 at 11:24 pm

    སྙན་པོ་འདུག་་་་ཐུགས་རྗེ་ཆེ་་་་་་་འདི་ལྟ་བུའི་རྩོམ་ཡིག་བྲིས་པས་ན་་་་ལེན་རྒྱུའང་མང་པོ་འདུག་་་་མུ་མཐུད་འབྲི་རོགས

  5. རང་བྱུང་རིག་པའི་རྡོ་རྗེ says:
    2013-11-07 at 1:06 am

    དགེ་འདུན་རྒྱ་མཚོ་ལགས། ཁྱེད་རང་ཨ་རིའི་སྐད་གྲགས་ཅན་གྱི་མཛེས་མ་དེ་དང་མཉམ་དུ་གོ་སྐབས་ཡག་པོ་ཞིག་ཤར་བའི་འཁྲུལ་སྣང་དེ་ཐམས་ཅད་རྨི་ལམ་ཡིན་པར་ངོས་ཟིན་སོང་ངམ། རྨི་ལམ་ཐམས་རྨི་ལམ་དུ་ངོས་ཟིན་ན་ཉམས་ལེན་ཡག་པོ་ཡོད་པའི་རྟགས་རེད། ཡིན་ནའང་རྨིས་ཚད་ཐམས་ཅད་ངོས་ཟིན་རྒྱུ་ཧ་ཅང་གི་དཀའ་བར་སྣང་ངོ་། ཉིན་མོའི་འཁྲུལ་བ་ཟད་ན་མཚན་མོའི་རྨི་ལམ་ཟད་ཟེར་སྲོད་ཅིག་འདུག་གོ ངས་ཉིན་མོའི་བྱ་བྱེད་ཐམས་ཅད་བདེན་པར་མ་གྲུབ་པ་རྨི་ལམ་ནང་བཞིན་བསམ་ཐུབ་ཀྱི་འདུག་མོད། འོན་ཀྱང་རྨི་ལམ་ངོས་ཟིན་རྒྱུ་དཀའ་བར་འདུག རྨི་ལམ་ངོས་མ་ཟིན་ན་བར་དོ་ངོས་མི་ཟིན་པས། ད་ང་ཧ་ཅང་ཞེད་སྣང་སྐྱེས་བཞིན་འདུག ཤི་རྗེས་ངའི་རྣམ་ཤེས་འཁྱམས་པོ་འདི་གར་འགྲོ་འདིར་འགྲོ་མེད་པར་བྱ་སྒྲོ་རླུང་གིས་བསྐྱོད་བཞིན་རིགས་དྲུག་གང་རུང་ཞིག་གི་སྐྱེ་བ་ཞིག་ལེན་མི་འོང་བསམ་ནས་འདར་གསིག་རྒྱག་གི་འདུག་གོ །

  6. ཤེས་དགའ་ says:
    2013-11-07 at 2:08 am

    དགེ་རྒྱ་ཨ་རུ་མ་རེད་ད་ཨ་རི་རེད། ཨ་རུ་ཟེར་དུས་ན་བའི་ངུ་འབོད་རེད།

  7. ཤེས་དགའ་ says:
    2013-11-07 at 2:26 am

    སྟབས་ལེགས་པ་ཞིག་ལ་ Miley Cyrus དེ་བོད་ཡིག་ཐོག་བྲིས་མིན་འདུག ཅིག་བྱས་ན་ཧ་གོ་ནས་མ་བྲིས་པ་ཡིན་སྲིད།

  8. གནམ says:
    2013-11-07 at 2:49 am

    ཕྱུག་པོ་དང་ཡག་མར་ཆགས་ནི། ཁྱོད་གཅིག་པོ་ག་ལ་ཡིན། དེ་འདྲ་སྒོམ་ནི་མང་པོ་རེད། ཡིན་ན་ཡང་། སྤྲུལ་བའི་ལྷ་ལྷ་མོ་ཞིག་ལ་ངེས་འཛིན་བྱེད་ནིའི། གཡོ་སྒྱུ་བ་ཚོ་ནི། བོད་པ་ཚང་གི་ཧམ་པ་ཅན་འགའ་ལས་ཡོད་པར་མི་སྣང་།
    ཁྱེད་ཁར་སླབས་བྱ་ཞིག་སྩལ་ཡ་ཡོད། དགེ་ཁོ།
    མཛེས་མ་གྲགས་ཆེན་སྒོམ་ན། ལོ་ཆུང་དུས་འམ། ཡང་ན་འཆི་ཁ་ལ་སྒོམ་ན་དོན་སྙིང་ཡོད། དེ་མིན་རང་སྡུག་དང་མཇེ་སྡུག་ཉོ་སྤྱད་རང་ཡིན་པས། དེ་འདྲ་མ་གནང་ན་བཟང་། ཧ་ཧ་ཧ།
    (བསྣོལ་) གོ་དོན་ནོར་ཡོད་པ་འདྲ། ཡི་གེ་རེ་རེ་ལ་རོ་རེ་ཡོད་པ་རེད། རོ་རེ་རེ་ལ་དོན་རེ་ཡོད་པ་རེད།
    (མཐེབ་མོང་དང་གོང་མཛུབ་གཉིས་བསྣོལ་ནས་གོར་གོར་སྒོང་ང་འདྲ) ཧ་ཧ་ཧ།

  9. དགེ་འདུན་རྒྱ་མཚོ། says:
    2013-11-07 at 3:08 am

    # 6 ཤེས་དགའ་་ལགས་ཀྱིས་མཆན་བཏབ་པ།:
    November 7th, 2013 at 2:08 AM
    དགེ་རྒྱ་ཨ་རུ་མ་རེད་ད་ཨ་རི་རེད། ཨ་རུ་ཟེར་དུས་ན་བའི་ངུ་འབོད་རེད།
    ་་་ཟེར།
    ཨ་རུ་ནི་ཨ་རུ་ར་མིན་ན་འགྲིག་བྱ། དེ་སང་མི་མང་བོ་ཞིག་གི་ཨ་རུ་ནི་ཨ་རུ་ར་ལ་འཁྲུལ་ནས་ཡོད།
    ཨ་རི་་ཞེས་གཞན་གྱིས་བྲིས་པ་ཤེས་དགའ་ཁྱོད་ཀྱིས་མ་མཐོང་སྔོན་ལ་ངས་མཐོང་ཡོད། ཡིན་ཡང་ངས་ཨ་རུ་ཞེས་བྲིས་པ་ཡིན། གཞན་གྱིས་ཨ་རི་བྲིས་ན་འགྲིག་པ་དང་ངས་ཨ་རུ་བྲིས་ན་མ་འགྲིག་པ་ག་རེ་ཡིན་ནམ། ཨ་རི་འབྲི་དགོས་ཟེར་ན་ཁོངས་ལུང་མེད་པའི་སྐད་ཆ་རེད། ཨ་རི་དང་ཨ་རུ་གང་འབྲི་ད་དུང་བརྡ་སྤྲོད་དང་ཁྲིམས་ལུགས་གང་ན་ཡང་གཏན་འབེབ་ཀྱི་ཐག་བཅད་བྱས་པ་ཞིག་མཐོང་མ་མྱོང་། སུས་ཐག་བཅད་པ་རེད། ཡིག་ཆ་གང་ན་ཡོད་། ཡོད་ན་ཁོངས་གསལ་བོར་བོར་ཁུར་ཤོག མཐོང་ཚད་ལ་ཁྱི་ཡི་ཟུག་སྐད་དེ་མ་བརྒྱག་རོགས། ཨ་རི་དང་ཨ་རུ་གང་བྲིས་ཡང་ནོར་བ་མེད། འདེམས་ཀ་བྱས་ཀྱང་འཐུས། 
    མཁས་པ་མཁས་པའི་མདུན་སར་མཛེས།། 
    བླུན་པོ་སོགས་ལ་དེ་ལྟ་མིན།།

  10. དགེ་འདུན་རྒྱ་མཚོ། says:
    2013-11-07 at 3:13 am

    རྩོམ་རིགས་གང་ཡིན་ཡང་རང་རང་གིས་བསྟན་བྱ་རེ་ཡོད་ངེས་ཡིན་པས། ཀློག་པ་པོ་ཚོས་ཀྱང་རྩོམ་རིགས་ཀྱི་རོ་མྱོང་དང་རྩོམ་རིག་གི་བསྟན་བྱ་འཚོལ་རྒྱུ་གལ་ཆེན་པོ་རེད། 
    རྩོམ་རིགས་གང་ཞིག་ཕག་པའི་མདུན་གྱི་གསེར་དུ་གྱུར་ན་སྐྱོ་བོ་རེད་བསམ་ཡོད། 
    གློག་མཁན་ཚོས་ཐུགས་ཞིབ་ཡོང་བ་མཁྱེན།

  11. དགེ་འདུན་རྒྱ་མཚོ། says:
    2013-11-07 at 3:17 am

    དེང་སང་འགའ་ཤས་ཀྱིས་རྩོམ་རིགས་ལ་བསྟེན་ནས་རྩོམ་རིགས་ཀྱི་རྒྱུ་ཆ་མི་འཚོལ་བར་རྩོམ་པ་པོའི་གདོང་ན་ལ་བལྟས་ཏེ་སྐྱོན་བཙལ་གྱིན་འདུག
    འདི་ནི་ང་ཚོའི་སྤྱི་ཚོགས་དང་ཁོར་ཡུག་འདིའི་རྩོམ་ཡིག་ཡར་རྒྱས་ལ་འགྲོ་བའི་འགག་རྡོ་ལྟ་བུ་ཞིག་རེད་སྙམ།

  12. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-11-07 at 3:24 am

    རྩོམ་ཡིག་འདིས་ག་རེ་བཤད་ཀྱིན་ཡོད་རེད། 
    ངས་བསམ་ན་རྩོམ་འདིས་གཞན་ལ་ཟུར་ཟ་བྱེད་ཀྱིན་ཡོད་པ་འདྲ། འདི་ཟུར་ཟའི་རྩོམ་ཡིག་ཅིག་རེད་བསམ་སོང་། 
    གང་ལ་ཟུར་ཟ་བྱེད་ཀྱིན་ཡོད་པ་གསལ་བོ་བཟོ་རོགས་གནང་། རྩོམ་པ་པོ་དགེ་འདུན་རྒྱ་མཚོས་འདི་ལ་གསལ་བྱེད་ཅིག་གནང་རོགས་ཞུ་ཡ་ཡིན། དེ་མིན་ཡག་པོ་གོ་གི་མི་འདུག 

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-11-07 at 3:24 am

    དགེ་འདུན་རྒྱ་མཚོས་དཔང་ལོའི་སྙན་ཊཱི་ཀ་བསྐུར་བར་ཐབས་ཤེས་བྱས་ཀྱང་འགྲོ་མ་སོང་། འདིར་ཡང་འགྲོ་ན། ཀློག་པར་སྐལ་བ་་མེད་པ་རང་ཡིན་འདུག དཔང་ལོའི་སྙན་ཊི་ཀ་ འདི་ལ་ཤོག་གྲངས་༢༨༨་ནས་་ ༥༡༠ དབུ་མེད་ཡིག་འཕྲེང་༨་རེ་ཡོད་འདུག མཇུང་བྱང་ན།་འདི་ལྟར་བྲིས་ཏེ ཤོང་སྟོན་ལོ་ཙ་བ་རྡོ་རྗེ་རྒྱལ་མཚན་གྱི་སྲས་མཆོག་བླ་མ་དམ་པ་ལེགས་པའི་བློ་གྲོས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཐ་སྙད་ཀྱི་གཙུག་ལག་རྣམས་ལ་མྱོང་བ་ཅུང་ཟད་སྐྱེས་པ་ལོ་ཙ་བ་ཆེན་པོ་དཔལ་ལྡན་བློ་གྲོས་བརྟན་པ་ཞེས་བྱ་བས་སྦྱར་བ། དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ཆེན་པོར་ལེགས་པར་གྲུབ་པའོ། །འགྲོ་བ་མང་པོ་ལ་ཤིན་ཏུ་ཕན་པར་གྱུར་ཅིག །ཅེས་བྲིས་སོ།

  14. དགེ་འདུན་རྒྱ་མཚོ། says:
    2013-11-07 at 3:32 am

    སྐད་ཡིག་གཞན་ཐོག་ནས་རྩོམ་ཡིག་ཀློག་མཁན་ཞིག་ཡིན་ན་རྩོམ་ཡིག་འབྲི་སྟེངས་འདི་ནི་རྒྱུན་ལྡན་གྱི་རྩོམ་ཡིག་འབྲིས་སྟངས་བེད་སྤྱོད་བྱས་ནས་བྲིས་ཡོད་རེད། བོད་ཡིག་གཅིག་པུའི་སྟངས་ནས་རྩོམ་ཡིག་ཀློག་མཁན་ཞིག་ཡིན་ན་དེ་ཙམ་ཁག་པོ་རེད། ཡིན་ཡང་བོད་ནང་གི་རྩོམ་ཡིག་འདི་འདྲ་མང་བ་དང་ཉེ་ཆར་ཀླུ་སྨྱོན་ལགས་ཀྱིས་ཀྱང་མང་བོ་བྲིས་སོང་བསམ་ཡོད། ཐབས་སྐྱོ་བ་ཞིག་ལ་ཀློག་མཁན་འགའ་ཤས་ཀྱིས་མ་གོ་བའམ་རྐང་བཙུགས་ནས་སྨྲ་བ་ཡིན་ཤེས་མ་སོང་ཡང་གོ་བ་མེད་པ་དང་ཕྱིན་ཅི་ལོག་ལེན་མཁན་འདུག

  15. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-11-07 at 3:34 am

    རྩོམ་རིག་གང་ཡིན་ཐམས་ཅད་རྩོམ་རིག་པ་ཚོས་མ་གཏོགས་མི་གང་ཡིན་གྱིས་མི་གོ་བ་དེ་ཡང་ཡ་མཚན་རེད།
    ད་ཡིན་ན་ཉོབ་སོང་།

  16. གནམ says:
    2013-11-07 at 3:36 am

    (དེང་སང་འགའ་ཤས་ཀྱིས་རྩོམ་རིགས་ལ་བསྟེན་ནས་རྩོམ་རིགས་ཀྱི་རྒྱུ་ཆ་མི་འཚོལ་བར་རྩོམ་པ་པོའི་གདོང་ན་ལ་བལྟས་ཏེ་སྐྱོན་བཙལ་གྱིན་འདུག
    འདི་ནི་ང་ཚོའི་སྤྱི་ཚོགས་དང་ཁོར་ཡུག་འདིའི་རྩོམ་ཡིག་ཡར་རྒྱས་ལ་འགྲོ་བའི་འགག་རྡོ་ལྟ་བུ་ཞིག་རེད་སྙམ།)

    གོང་གི་འདིའི་བོད་སྐད་ཡིན་ཙམ། བརྡ་སྤྲོད་འཆུག་ཙམ་ཡོད་པའི་སྣང་བ་ཤར།

    དེང་སང་འགའ་ཤས་ཀྱིས་རྩོམ་གྱི་བརྗོད་སྙིང་ལ་མི་རྟོག་པར། རྩོམ་མཁན་གྱི་ངོ་གདོང་གི་སྐྱོན་ཡོན་འཚོལ་སྟངས་ནི། བོད་པའི་སྤྱི་ཚོགས་རྩོམ་རིགས་ཡར་རྒྱས་མི་འགྲོ་བར་འགག་རྡོ་འཕང་བ་ལྟ་བུ་ཞིག་རེད་སྙམ་སོང་ཟེར་ན་ག་འདྲ་འདུག། ཧ་ཧ་ཧ།

  17. དགེ་འདུན་རྒྱ་མཚོ། says:
    2013-11-07 at 3:39 am

    # 13 ལ་དྭགས་བློ་བཟང་འཇམ་དཔལ་་ལགས་ཀྱིས་མཆན་བཏབ་པ།:
    November 7th, 2013 at 3:24 AM
    དགེ་འདུན་རྒྱ་མཚོས་དཔང་ལོའི་སྙན་ཊཱི་ཀ་བསྐུར་བར་ཐབས་ཤེས་བྱས་ཀྱང་འགྲོ་མ་སོང་།
    ལ་དྭགས་རྒན་ལགས།
    ཐུགས་རྗེ་ཆེ་སྐུ་ཉིད་ལ་དཀའ་ལས་བཟོས་སོང་། དགོངས་པ་མ་ཚོམས་རོགས། མཁས་དབང་མཆོག་ནས་ཕྱིན་ཆད་ཀྱང་ཡང་ཡང་བརྩེ་གཟིགས་ཡོང་བར་ཐུགས་ནས་མ་བརྗེད་པ་གནང་རོགས་ཞུ།

  18. གནམ says:
    2013-11-07 at 3:44 am

    སྟབས་ཡག་པ་ཞིག་ལ། སྒྲུང་འདི་མུ་འགོད་རེད་མི་འདུག། ཧ་ཧ་ཧ།

  19. དགེ་འདུན་རྒྱ་མཚོ། says:
    2013-11-07 at 3:45 am

    གནམ་ལགས།
    ངའི་ཁ་པར་དང་ཁྱོད་གཉིས་ངོ་མ་ཐང་ཐང་མི་འདུག་ད།
    ཧ་ཧ་ཧ་ཧ།

  20. གནམ says:
    2013-11-07 at 3:50 am

    ཧ་ཧ་ཧ། ང་ཚེ་རིང་ས་ཡོད། ཧ་ཧ་ཧ་མང་པོ་ལབ་ཡིན། དེ་ཁྱེད་རང་དགེ་བ་བྱོས།

  21. དགེ་འདུན་རྒྱ་མཚོ། says:
    2013-11-07 at 3:59 am

    སྒྲུང་འདི་མུ་འགོད་བྱས་ན་ཁྱེད་་ཀྱི་མིག་ནང་ནས་ཚེར་མ་སྐྱེ་རྒྱུ་ཡིན་པ་མ་ཟད་མགོ་ལ་སྐྲ་ལྗང་ཁུ་སྐྱེ་རྒྱུ་ཡིན་པ་ཐག་གིས་ཆོད།
    ཧ་ཧ་ཧ།

  22. ཤ་ཁྲག་དམར་པོ says:
    2013-11-07 at 5:13 am

    གང་ལྟ་རྩོམ་ཡིག་སྙན་པོ་འདུག

  23. ཨ་ནུ་ཐང་བསོད་ནམས། says:
    2013-11-07 at 9:29 am

    མོས་ཆགས་སྤྱོད་ཀྱི་གློག་བརྙན་འཁྲབ་པ་ཡིན་ན་ཨ་སྒོར་ས་ཡ་གཅིག་སྤྲད་རྒྱུ་བཟོ་ཚོང་ཁང་གིས་ཁས་ལེན་བྱས་འདུག གཅིག་བྱས་ན་མོས་མ་འོངས་བར་འཁྲབ་ངེས་རེད། ད་ནས་བཟུང་དམར་སྲིང་གི་གཞས་ཀྱི་བརྙན་ཐུང་ཞིག་བཟོས་ཟིན་འདུག དེང་སྐབས་མོ་ལ་མཚོན་ན་སྒོར་མོ་བཟོས་ཡ་ནི་དཔར་རྒྱབ་པ་ལས་ཀྱང་སླ་བ་འདོད།

  24. དགེ་འདུན་རྒྱ་མཚོ། says:
    2013-11-07 at 9:41 am

    ཨ་ཁ་
    རྨི་ལམ་ཐམས་ཅད་བདེན་པ་དང་།
    བདེན་པ་ཐམས་ཅད་རྨི་ལམ་ཡིན་ན་ཅི་མ་རུང་།
    གཞས་མ་་miley cyrus་ མོས་རང་ཉིད་ཀྱི་མ་འོངས་པའི་ལས་དོན་སྐོར་ང་ལ་ལུང་བསྟན་ཞུ་ཁོ་ཐག་ཡིན།
    ད་ངས་ཅི་ལྟར་བྱེད་ན་དགའ།

  25. ཤེས་དགའ་ says:
    2013-11-07 at 12:12 pm

    དགེ་རྒྱས་བསམ་ན་ཁོ་རའི་ལྕེ་ནས་ཐོན་ཚད་དག་པ་རེད་བམས་ཡོད་བཟོ་འདུག ངས་ཟེར་ན་དེ་ནོར་བ་རེད་ཟེར་གིན་ཡོད། དེ་མིན་ཨ་རི་ཨ་རུ་དེ་ནས་ཨ་རོ་ཨ་རེ་ཚང་མ་དག་པའི་ཁུངས་སུ་རྩིས་རྒྱུ་རེད་པས། མི་ལ་བླུན་པོ་མ་ཟེར་གོང་སོ་སོ་རང་ཉིད་བླུན་པའི་བླུན་ཚད་དེ་ངེས་པར་དུ་ཤེས་དགོས།

  26. ཤེས་དགའ་ says:
    2013-11-07 at 12:13 pm

    ང་རྒྱལ་གྱི་གོང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས་ཟེར་བ་དེ་ཅིས་མི་བདེན།

  27. དགེ་འདུན་རྒྱ་མཚོ། says:
    2013-11-07 at 1:13 pm

    # 25 ཤེས་དགའ་་ལགས་ཀྱིས་མཆན་བཏབ་པ།:
    November 7th, 2013 at 12:12 PM
    དགེ་རྒྱས་བསམ་ན་ཁོ་རའི་ལྕེ་ནས་ཐོན་ཚད་དག་པ་རེད་བམས་ཡོད་བཟོ་འདུག ངས་ཟེར་ན་དེ་ནོར་བ་རེད་ཟེར་གིན་ཡོད། དེ་མིན་ཨ་རི་ཨ་རུ་དེ་ནས་ཨ་རོ་ཨ་རེ་ཚང་མ་དག་པའི་ཁུངས་སུ་རྩིས་རྒྱུ་རེད་པས། མི་ལ་བླུན་པོ་མ་ཟེར་གོང་སོ་སོ་རང་ཉིད་བླུན་པའི་བླུན་ཚད་དེ་ངེས་པར་དུ་ཤེས་དགོས།

    གོང་གི་ཤེས་དགའི་མཆན་འདིའི་ནང་ན་ཡིག་ནོར་ག་ཚོད་འདུག་གམ། དྲྭ་གྲོགས་ཚོས་གཟིགས་རོགས་གནོངས།
    གཞན་ལ་ལྟ་་་་་་་
    རང་ལ་ལྟ་་་་་་

  28. ཤེས་དགའ་ says:
    2013-11-08 at 6:48 am

    ཨམ་སྐད་ལ་པ་མེད་པ་ཀུན་གྱིས་ཤེས་གསལ་རེད། ད་མི་ངན་ཁ་ཅིག་གིས་གི་གུ་ཡང་མེད་པ་བཟོ་རྒྱུའི་འཆར་གཞི་འདིང་གིན་འདུག དེ་ལས་ལོད་པ་ནི་གི་གུའི་ཚབ་ཏུ་ཞབས་སྐྱུས་འཐུས་པ་བྱེད་རྩིས་འདི་རེད། དེ་ལ་མཐའ་ཅིག་ཏུ་ངོ་རྒོལ་ཡོད།

  29. ཤེས་དགའ་ says:
    2013-11-08 at 6:57 am

    ཁ་སྐད་དེ་ཁ་སྐད་དང་སྤྱི་སྐད་དེ་སྤྱི་སྐད་ལ་བཞག་ནས་གཉིས་ཀ་ལ་རང་ཐོབ་ཀྱི་གུས་བརྩི་བྱེད་དགོས་པ་བདེན་ཡང་། དེ་གཉིས་གཅིག་གིས་ཅིག་ཤོས་ཀྱི་ཚབ་ནམ་ཡང་བྱེད་ཐུབ་ཐབས་མེད། མ་ཟད་དེ་གཉིས་ལས་གལ་ཆེ་བ་དེ་ངས་བསམ་ན་སྤྱི་སྐད་རེད་མ་གཏོགས་ཁ་སྐད་མ་རེད་སྙམ། དེ་ང་རང་གི་བསམ་ཚུལ་ཡིན་ནོར་ཡོད་ན་རྒྱུ་མཚན་ཤོད་མཐོང་ཆུང་བྱེད་རྒྱུ་དེ་ལས་བསླ་པོ་རེད།

  30. ས་སྲས། says:
    2013-11-08 at 12:43 pm

    ཤེས་དགའ་ཟེར་བ་ལགས། ཁྱོད་ངོ་མི་ཚ་འམ། ཡི་གེ་དག་མོ་ཞིག་ཀྱང་བྲི་མི་བས་ད་དུང་་་ཨ་མདོ་ཞེས་ལབ་བཞིན། ཁྱོད་ལྟ་བུ་དགེ་འདུན་རྒྱ་མཚོའི་སྤུ་ཉག་གཅིག་ལ་ཡང་མི་དོ། གཞན་ལ་དགག་རྩོམ་འབྲི་འདོད་ན་དང་པོ་བྱིས་པའི་དག་ཡིག་བློ་ལ་ཟུངས།

  31. ཤེས་དགའ་ says:
    2013-11-09 at 12:49 am

    ཕ་རི་བྲག་ལ་ཞུས་པས།། ཚུ་རིའི་འུག་པ་འདྲོག་བྱུང་།། ལྟས་ངན་འུག་པ་འདྲོག་པའི།། འདྲོག་དོན་ཅི་ཡིན་མི་ཤེས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme