Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདུད་བྷེ་ལ་བསྐུར་བའི་དཔྱད་མ་གཏམ།

Posted on 2013-11-032013-11-03 By ཁ་བརྡ་ 14 Comments on བདུད་བྷེ་ལ་བསྐུར་བའི་དཔྱད་མ་གཏམ།

རྔ་རྒོད། (དབྱིན་ཡུལ།)

0-1

༼གངས་ཅན་གླུ་བའི་གཙུག་རྒྱན་དཔལ་བདུད་བྷེ་མཆོག༽

གསལ་བསྒྲགས་འདི་མཐོང་ནས་སྐད་ཆ་འགའ་འདིར་འཆད་དགོས་བྱུང་། རང་གི་རིག་གནས་སྤྱི་དང་བྱེ་བྲག་གང་ལ། ཕྱག་རྗེས་གནང་མྱོང་མཁན་གྱི་སྐྱེས་བུ་རླབས་ཆེན་ནམ་གྲགས་སྙན་ཅན་སུ་ཞིག་ཡིན་ན་ཆོག ང་ཚོས་ཁོང་ཚོ་ཤེས་དགོས་ཤིང་། དེ་ཚོར་རྒྱབ་སྐྱོར་ངེས་པར་བྱ་དགོས། དེ་ལ་ཡང་རྒྱུ་འབྲས་ཀྱི་གོ་རིམ་ཡོད་པ་དང་། རང་སྲུང་རང་བརྩིས་རང་ལྟ་མཆོག་འཛིན་ནམ། ཡང་ན་དེ་གཉིས་ཀའི་ངོ་བོར་གྱུར་པའི་སྙིང་སྟོབས་བཅས་ཡོད་དགོས། དེའི་ཕྱིར། རྩོད་མེད་ཡོངས་གྲགས་ཀྱི་གླུ་བ་བདུད་བྷེ་མཆོག་ཀྱང་གོང་གི་སྡོམ་ཚིག་གསུམ་ལས་བརྒལ་མེད།
ལྷག་པར་ཁོང་གིས་བསྐྱངས་པའི་སློབ་མ་གླུ་བ་དང་གླུ་མ་སྐོར་ཞིག་གི་འཕག་འཚག་གི་ང་རོས་བོད་ཁམས་ཡོངས་ལ་སྙིང་སྟོབས་དང་འགུལ་སྐྱོད་སྤྲད་པ། དེ་མཚུངས་ཁམས་ནས་ཀུན་དགའ། དབུས་སམ་བཙན་བྱོལ་ནས་ཚེ་རིང་འགྱུར་མེད། བདུད་བྷེ་ཆུང་བ་ཤེར་བསྟན་དགེ་བྷེ་སོགས་གླུ་བ་ཆེས་མང་བོ་ཞིག་གིས། བདུད་བྷེ་ངོ་མའི་གཞས་དང་རྡུང་ལེན་ལ། ལད་ཟློས་བྱས་ཏེ་རླུང་རྟ་དར་བཞིན་པ་འདིས་རྒྱ་ཆེན་པོ་ཞིག་ལོས་མཚོན།
གཞན་རྒྱལ་ས་པེ་ཅིན་ན་བཞུགས་པའི་བོད་མི་མིང་ཅན་ཞིག་ཐམས་ཅད་མཁྱེན་པ་ཚང་ལ་མཇལ་སྐོར་དུ་འོང་སྟེ། ཁོང་གིས་དམ་པ་མཆོག་ལ་ལེགས་སྐྱེས་སུ་བདུད་བྷེའི་འོད་སྡེར་ཞིག་སྤྲད་པས་༧ སྐྱེས་ཆེན་དམ་པ་གང་དེས་བདུད་བྷེ་ལ་བསྔགས་བརྗོད་གནང་ཡོད་པས། དེས་ཁོང་གི་འོད་སྡེར་ལ་ལྷག་པར་རིན་ཐང་གི་དོན་སྙིང་ཞིག་ཡོད་པ་མངོན་གསལ་བསྟན་ཡོད།

འདིར་བདུད་བྷེ་དང་ཁོང་གི་ཡོང་སྒོའི་སྐོར་ཞིག་གླེང་ན། བོད་ནང་ལ་མཚོན་ན། བླ་མ་ཚོན་པོ་རེ་དང་དགོན་ཆེན་མིང་རློམ་ཅན་འགས། སོ་སོའི་མཚན་དང་སྙན་གྲགས་ཀྱི་ཆེད་དུ། བདུད་བྷེ་ཉིན་གླའི་ཟོལ་གྱིས་རྒྱ་སྒོར་འགའ་རེ་སྤྲད་ཡོད་པ་བདེན་མོད། དེས་ཁོང་གི་ནང་མིའི་གཏན་འདུན་གྱི་འཚོ་བ་བརྟན་པོར་བཟོ་བཏུབ་མེད། དེ་མཚུངས་ཕྱི་ལོག་ནས་ཀྱང་སློང་མོ་བའི་ང་ཚོའི་སྤྱི་ཚོགས་འདིར་མཚོན་ན་ཡང་རེད། དུས་གསུམ་ཀུན་ཏུ་རང་རེའི་རིག་གཞུང་གི་ཆེད་དུའམ་བོད་ནང་གི་གནད་དོན་འགའི་ཆེད་དུ་ཟེར་བཞིན་རོགས་སྐྱོར་རེག་གི་ཡོད་མོད། ཁྱེད་ལ་རོགས་རམ་སྤུ་ཙམ་ཡང་མ་བྱས་པ་དང་། དམིགས་བསལ་ང་རང་ཐེ་བའི་ཉིད་ཀྱི་སྐད་ངག་ལ་དགའ་མཁན་དག་གིས་ཀྱང་འོད་སྡེར་རྫུན་མ་ཉོས་ཏེ། བསམ་བཞིན་ཁྱེད་ཀྱི་འཚོ་བ་ལ་བར་ཆད་བཏང་བའི་ངང་ཚུལ་འདི་དག་མཐོང་འོང་དུས། རང་བཞིན་གྱིས་སེམས་ལ་མ་བདེ་བ་ཞིག་འབྱུང་གིན་འདུག རྒྱུ་མཚན་ནི། དམ་པ་ལྷ་ཆོས་དང་འཇིག་རྟེན་སྲིད་ཁྲིམས་རང་རེའི་ཚེ་སྲོག་གསུམ་ལ་འགལ་བས་ཡིན། གཞན་གླུ་བ་ནང་ཁུལ་ལ་འགྲན་ན་ནི། མ་བརྟག་ན་བདུད་བྷེ་འདྲ་འདྲ་མང་མོད་ཀྱང་། བརྟག་ན་ནི་ཁོང་དང་མཚུངས་པ་ཧ་ཅང་དཀོན།

དམིགས་བསལ་བདུད་བྷེ་ཁོང་གི་ངག་ལ་ཁྱད་ཆོས་ཤིག་ཡོད་པ་ནི། སྒྲ་ཡི་སྨྲ་བརྗོད་དག་མོ། ཚིག་སྔ་ཕྱིའི་གཅོད་མཚམས་སྙོམས་པོ། གཙོ་བོར་དབྱངས་ཀྱི་ལྡེམ་མྱུར་དང་འགྱུར་ཁུག་གི་གསེང་ན། ཧ་ཅང་སྡེབ་སྦྱོར་སྙན་པོའི་ཧིམ་སྒྲའམ་ཝང་སྒྲ་ཡང་ན་ལྡིར་སྒྲའི་ངོ་བོར་གྱུར་པའི་ངག་གང་ཞིག་གིས་གཞན་ཡིད་དབང་མེད་འགུག་ཐུབ་པའི་ནུས་པ་ཕུན་་སུམ་ཚོགས་པ་ཞིག་ཡོད་པས། ཡང་ཡང་ཉན་ཀྱང་ཉོབ་སྣང་མེད། དེར་བརྟེན་དེའི་ནང་དོན་དེ་ཇི་མ་ཇི་བཞིན་ཡིག་ཐོག་ཏུ་འགོད་མི་བཏུབ་སྙམ། འོན་ཀྱང་བདུད་བྷེ་ལ་ལད་ཟློས་བྱེད་མཁན་ཡིན་ཆོག་ལ་མིན་ནའང་རེད། ཁོ་བོའི་བསམ་པར། སྤྱིའི་ཆ་ནས་གླུ་བ་ཚེ་བྷེ་དང་བདུད་བྷེ་གཉིས་ལ་སྨྲ་བརྗོད་དག་མིན་དང་སྐད་ཕྲ་སྤོམ་གྱི་ཁྱད་པར་ཡོད་མོད། གོང་གི་བདུད་བྷེའི་དབྱངས་སྙན་འགྱུར་ཁུགས་ཀྱི་ཁྱད་ཆོས་གང་མང་ཞིག་གླུ་བ་ཚེ་བྷེའི་ངག་ལ་ཡང་ལྡན་པས། འདིར་ཟུར་འཕྲོས་ཙམ་ཡིན། གཞན་ཁ་ཅིག་གིས་རྒན་དཔལ་མགོན་མི་གླེང་དོན་ཅི་ཡིན་ནམ། ལན་བདུད་བྷེ་དང་དཔལ་མགོན་གཉིས་ནི། ༧རྗེ་ཙོང་ཁ་བ་ཆེན་མོ་དང་༧ རྗེ་བཙུན་རེད་མདའ་བའི་དཔེར་བླངས་ཏེ་བསྙད་པ་ཡིན།

མཇུག་གི་གཏམ། རླབས་ཆེ་བའི་མི་རིགས་དང་སྟོབས་ལྡན་རྒྱལ་ཁབ་དག་གི་གླུ་བ་གླུ་མ་ཚོའི་འཚོ་བའི་རྒྱབ་ལྗོངས་དེའི་སྐོར་འདིར་འཆད་དགོས་དོན་མེད། ངེང་ཅག་ལ་མཚོན་ཏེ་སྐབས་འོས་ཀྱི་དཔེ་མཚོན་འགའ་བརྗོད་ན། བལ་བོ། འབྲུག་ཡུལ། སེའུ་ཁུ་མི་རིགས་སོགས་ཀྱི་གླུ་བ་གྲགས་ཅན་ཚོར་མཚོན་ཡང་འཚོ་རྟེན་ཡག་པོ་ཡོད། དམིགས་བསལ་སེའུ་ཁུ་མི་རིགས་འདི་ལ། ངེད་ཚོས་མ་དག་རྒྱུན་འབྱམས་ཀྱི་འབོད་སྲོལ་བྱས་ན་པཎ་རྗེབ་མི་རིགས་ཟེར།

མི་རིགས་འདིའི་རིག་གནས་ལ། ཉམས་ལེན་བྱ་རྒྱུ་ནི་ང་ཚོར་མཚོན་ན་དགོས་གལ་ཤིན་ཏུ་ཆེ། ཁོང་ཚོའི་རིག་གནས་ཀྱི་སྙིང་བཅུད་མདོར་བསྡུས་ན། གཉིས་ཏེ། དེ་ནི་མི་རིགས་གཞན་ལ་སློང་མོར་མི་བྱ་རྒྱུ་དང་། རང་རིགས་ཕྱུག་པོས་རང་རིགས་སྐྱོ་བོ་དང་གྲགས་ཅན་ཚོ་ལ་འཚོ་བའི་རོགས་སྐྱོར་རྒྱ་ཆེར་བྱེད་སྲོལ་གཉིས་སོ།།
དེའི་ཕྱིར་མི་རིགས་འདི་ས་ཕྱོགས་གང་དུ་ཕེབས་ན། འབུར་ཐོན་གྱི་ཁྱད་ཆོས་དང་རང་ལུགས་ཤིག་ཡོད། ཁོང་ཚོའི་གོམས་གཤིས་དང་ལྟ་བ་ནི་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་འཇོམས་ཐུབ་མེད་ལ། གྷན་དྷིས་ཞི་དྲག་གི་ལམ་ནས་ཀྱང་བཅོས་བསྒྱུར་ཐུབ་མེད་པས། ཁོ་བོས་མི་རིགས་འདི་ལ་ཡིད་སྨོན་འཆོར་བཞིན་ཡོད། འོན་ཏེ་གྲུབ་པའི་མཐའ་མ་བཅད་ན། དེ་མཚུངས་ཀྱི་ཆོས་ཚིག་རེ་ང་ཚོར་ཡོད་དེ། དཔེར་ན་དགེ་ལུགས་པའི་ཞལ་འདོན་ནང་དུ” བསྟན་པའི་སྤྱིན་བདག་མངའ་ཐང་དར་བ་ཡིས” ཞེས་པ་དང་། གཞན་རྙིང་མའི་ཆོས་ཀྱི་ཆེ་བ་ལྔའི་ནང་དུ་ཡང་”བསྟན་པའི་སྦྱིན་བདག་གི་ཆེ་བ”ཞེས་པ་འདིས་ཀྱང་འཚོ་བ་དཔལ་འབྱོར་འཚོལ་སྟངས་ཤིག་མཚོན་མོད། ང་ཚོ་དང་པཎ་རྗེབ་པའི་འཚོ་བའི་གཞི་འཛིན་ས་དང་། རིག་གནས་དེ་ནི་བེད་སྤྱོད་བྱ་ཚུལ་དང་ལག་བསྟར་བྱེད་ཚུལ་གཏན་ནས་མི་འདྲ་ཞེས་མཇུག་བསྡུ་དགོས་བྱུང་། འདིར་ཆེད་དུ་བཀུར་འོས་གངས་ལྗོངས་ཁུ་བྱུག་སྔོན་མོའམ་བདུད་བྷེ་མཆོག་གི་དྲུང་དུ།

ཞུ་རྒྱར། སྐུ་ཞབས་རང་གི་ཐེངས་འདིའི་རྨ་ཁུགས་ཀྱི་དགོང་ཚོགས་ཆེན་མོ་ལ། བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་དང་། དམིགས་བསལ། ཁོ་བོ་ཆེད་དུ་དངོས་སུ་བཅར་མ་ཐུབ་པས། འགྱོད་སེམས་དང་། མ་འོངས་པར་མཇལ་རྒྱུའི་རེ་སྨོན་དང་བཅས་ཏེ།

༢༠༡༣/༡༡/༠༣ ཕུལ།

སྣ་ཚོགས།

Post navigation

Previous Post: བདེ་སྐྱིད་འདོད་དམ།
Next Post: བོད་ཀྱི་མགོ་རིལ་ཚོ། ཡག་བྱུང་ཨ།

Comments (14) on “བདུད་བྷེ་ལ་བསྐུར་བའི་དཔྱད་མ་གཏམ།”

  1. མདའ་མོ་བ་ says:
    2013-11-03 at 9:59 am

    ཡག་པོ་འདུག་དཱ།

  2. གཅན་ཚ བཟོད་རྒྱམ། says:
    2013-11-03 at 10:13 am

    ཐབ་ཚང་ནང་ནས་རྩོམ་ཡག་པོ་ཞིག་བྲིས་འདུག ངས་ཡོངས་རྫོགས་བཀླགས་པ་ཡིན།

  3. གཅན་ཚ བཟོད་རྒྱམ། says:
    2013-11-03 at 10:15 am

    ཁྱོད་ཀྱིས་ཐབ་ཚང་ནང་ནས་རྩོམ་ཡིག་ཡག་པོ་འདི་འདྲ་འབྲི་ཐུབ་ཀི་འདུག ངས་ཅོག་ཙེ་སྟེང་ནས་རྩོམ་ཡིག་འདི་འདྲ་འབྲི་མི་ཐུབ་གི རྔོ་རྒོད་ཁྱོད་རྒོད་པོ་ཞིག་རེད་འདུག ཡག་བྱུང་།
    ངོ་དེབ་ནང་ནས་ཐུག་ཡ།

  4. རུ་ཤུལ་བུ་ says:
    2013-11-03 at 10:35 am

    དོན་ལ་གནས་པའི་རྩོམ་ཡིག་ཅིག་རེད་འདོད། ཁོང་གི་སྐུ་དྲིན་ཤེས་དགོས་པ་མ་ཟད་བརྗེད་མི་ཉན། དོན་གྱི་གླུ་བ་ཁོང་ལ་རྟེན་འབྲེལ་ཞུ། གངས་ལྗོངས་ཀྱི་གླུ་བ་གངས་ལྗོངས་ཁུ་བྱུག་ཁོང་གི་སྐུ་ཚེ་ལ་བར་ཆད་མེད་ཅིང་བསམ་དོན་འགྲུབ་པའི་སྨོན་འདུན་ཞུ།

  5. བསྟན་འཛིན་འཆི་མེད། says:
    2013-11-03 at 10:49 am

    བོད་ཀྱི་ལོ་རྒྱུས་ཁྲོད་དུ་བདུད་བྷེ་ལྟ་བུའི་གླུ་བ་ཞིག་བྱུང་མྱོང་མེད། དུས་ཡུན་གྱི་ཆ་ནས་དང་གླུ་དབྱངས་མང་ཉུང་ཀྱི་ཆ་ནས། ད་དུང་གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་སེམས་ལ་བག་ཆགས་འཇོག་ཐུབ་མིན་གྱི་ཆ་བཅས་ནས་བཤད་ན།

    དེར་བརྟེན། དོན་དངོས་ཀྱི་ལོ་རྒྱུས་འདི་ནིངེས་པར་དུ་གླེང་རིན་ཡོད་པ་ཞིག་རེད།

  6. བདུད་འདུལ། says:
    2013-11-03 at 11:11 am

    མདོ་སྨད་རིག་པའི་ལྗོངས་ནས། །
    གངས་ལྗོངས་ཁུ་བྱུག་སྔོན་མོའི། །
    དྲུག་འགྱུར་ངག་གི་བདུད་རྩིས། །
    འཛམ་གླིང་ཡོངས་ལ་ཁྱབ་ཡོད། །

  7. མགོན་པོ says:
    2013-11-03 at 12:21 pm

    ངོ་མ་ཡག་པོ་བྲིས་འདུག ཡིད་དབང་ཕྲོགས་ནི་ཞིག་རེད

  8. ལུང་རྟོགས། says:
    2013-11-03 at 9:56 pm

    ང་ཆུང་ལོ་གསུམ་བྱིས་པའི་དུས་ནས་དུས་ད་ལྟ་བར་དུ་འདུད་བྷེའི་གླུ་སྐད་དང་ཁ་བྲལ་མྱོང་མེད། ཁོང་གླུ་ངག་གི་དབྱངས་རྟ་རེ་རེ་དང་། ལ་བརྒྱ་ཡི་ཚིག་འབྲུ་རེ་རེས་ང་ལ་སྤོབས་པ་ལ་རྒྱ་ལྷག་བསམ་བཅས་སྩལ་མྱོང་། ཐུགས་རྗེ་ཆེ་གངས་ལྗོངས་གི་ཁུ་བྱུག་ལགས།

  9. དྲི་མེད་ལྷག་བསམ། says:
    2013-11-04 at 12:43 am

    བདུད་འདུལ་ལམ་གཅེས་མིང་དུ་བདུད་བྷེ་ཞུ་བ་ནི། སྔོན་ཆད་རྨ་ཆུ་རྫོང་བོད་སློབ་འབྲིང་གི་དགེ་རྒན་དང་། དེ་ནས་གླུ་གར་ཚོགས་པའི་གླུ་བ་དང་སྒྲུང་བ། རིམ་པར་བོད་ཕྱི་ནང་ལ་མཐོང་ཆེ་བའི་གྲགས་ཅན་གླུ་བར་གྱུར་བ་རེད། རྒྱུས་ཡོད་ཐམས་ཅད་ཞལ་མཚུངས་པས་གླུ་བ་ཁོ་ནི་སྐད་སྙན་པ་ཙམ་དུ་མ་ཟད། བོད་ཀྱི་རིག་གཞུང་གི་ཤེས་བྱའི་ཆུ་ཚད་རན་པོ་ཡོད་པ་དང་། གཏམ་བཤད་ཤེས་པ། ལ་རྒྱ་ཆེ་བ། ལྷག་བསམ་དཀར་བ། དཔའ་སྙིང་ལྡན་པ། བདེན་པའི་ཁ་འཛིན་ལ་དགྱེས་པ་ཞིག་ཡིན་པར་ཡོངས་སུ་གྲགས། སྐྱོན་ཆ་ཆེ་ཤོས་ཞིག་ནི་ཆང་ནག་ལ་སྤྱན་མིག་ཆེར་བསྒྲད་པ་ཙམ་མོ། །གངས་ལྗོངས་ཁུ་བྱུག་ལགས། སྐུ་ཚེ་རིང་། རྒྱལ་བར་གྱུར་ཅིག

  10. རྔ་རྒོད says:
    2013-11-04 at 3:50 am

    རྣམ་པ་གང་མང་གིས་ཐུགས་དགྱེས་པའི་ངང་ཁོ་བོའི་བརྗོད་དོན་ལ་བསྔགས་པ་དང་མཉམ་པོར་གུས་པས་ཀྱང་གཏན་དེ་ཉོག་གཏམ་གྱི་ངོ་བོར་མ་སོང་བའི་སྒྲུབ་བྱེད་ལ་ཁྱེད་ཅག་བཟུང་སྟེ་དགའ་བཞིན་ཡོད།

  11. གནམ says:
    2013-11-04 at 3:59 am

    བདུད་བྷེའི་སྐད་ངག་སྙན་མོ་ཡིན་ནི་རེད།
    རེ་རེ་གྲགས་ན་སྙན་དབང་གསོ་ནི་རེད།
    བོད་ཁམས་སྤྱི་ལ་སྙན་གྲགས་ཆེ་ནི་རེད།
    གླུ་བ་ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཤོག།

  12. གཡུ་བྲག་པ། says:
    2013-11-04 at 6:05 am

    བདུད་བྷེ་ལགས་སྔོན་མ་ཟི་ལིང་ནས་ཚར་གཅིག་ཐུག་མྱོང་། དང་པོ་ཁ་ཞེ་དྲག་གྲགས་མཁན་ཞིག་མ་རེད། རྡུང་ལེན་ཞིག་ལོངས་ལབ་ཡིན་ད་ཚར་གཅིག་མ་གཏོགས་བླངས་མ་སོང་། ཅུང་ཙམ་ནས་ཆང་གིས་གཟི་དུས་ལ་རྒྱའི་སྐད་ཆ་དང་རྡུང་ལེན་སོགས་མ་བསྐུལ་དང་བླངས་གིས་ལེན་རྐྱང་རེད། ཁོང་ཆང་ལ་ཧ་ཅང་དགའ་མཁན་ཞིག་རེད།

  13. སེར་ཤུལ་རིན་ཆེན་དོན་གྲུབ། says:
    2013-11-04 at 10:07 am

    lkcn ALKNVClan cvlkA ALskcnvs lsK SCCOL VNVJSNVS VLSJkv

  14. སེར་ཤུལ་རིན་ཆེན་དོན་གྲུབ། says:
    2013-11-04 at 10:07 am

    ཡག་པོ་བྲིས་འདུག བཀླགས་ཟིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme