Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲང་ལམ། (མུ་འགོད)

Posted on 2013-11-012013-11-01 By ཡེ་ཤེས་ 1 Comment on སྲང་ལམ། (མུ་འགོད)

bookཀླུ་སྨྱོན།

ངས་སྒེའུ་ཁུང་གི་འཁྲིས་སུ་འགྲེངས་ཏེ་མིག་གི་དབང་པོ་དང་རྣམ་ཤེས་སྲང་ལམ་ལ་གཏོད་མཚམས་བཞག་ནས་ཁ་ཕྱིར་འཁོར་ཏེ་རང་ཁྱིམ་ལ་ལྟ་ཙམ་བྱས། ཉལ་ཁྲི་གཉིས་དང་འབོལ་ཁྲི་རྙིང་གོག་གཅིག དེབ་གསར་རྙིང་མང་པོས་ཕྱུར་བུར་ཁེངས་བསྡད་ཡོད་པའི་དེབ་ཁྲི་གཉིས་དང་ཤོག་སྒམ་ལྔ་དྲུག་ཅིག གློག་ཀླད་སོ་ནི་རྟགས་ཅན་ཞིག་དང་པར་ཆས་ནེ་ཁོན་རྟགས་ཅན་ཞིག པ་སངས་ཀྱི་ཨ་མས་ཉེ་ཆར་ལྷ་ས་ནས་བསྐུར་པའི་རྒྱ་མིའི་ཇ་དེམ་ཆེ་ཆུང་གཉིས། ངའི་ནུ་མོས་མགོ་ལོག་ནས་ཟླ་ཤས་སྔོན་ཁྱེར་ཡོང་བའི་གཡག་ཤ་རྐང་པ་ཞིག ཁྱིམ་མཛེས་ནོར་འཛོམ་གྱི་བུ་མོས་ཁ་སང་འཁྱེར་རྒྱུ་བརྗེད་པའི་འགྱིག་བཟོས་ཁྱི་ཕྲུག་ཅིག ཅ་ལག་མང་ཆེ་བ་ནི་ཕྲུ་གུས་རི་མོ་བྲིས་པ་དང་འདྲ་པར་གོ་རིམ་ཅི་ཡང་མེད་པར་གང་སར་གཡས་འཁྱོར་གཡོན་བསྙེས་སུ་བཀྲམ་འདུག་ཅིང་། ཐ་ན་ཕ་གིའི་རྩིགས་ངོས་ཀྱི་ཆུ་ཚོད་འཁོར་ལོ་ཆེན་པོ་དེ་ཡང་སུ་ཞིག་གིས་མགོ་མཇུག་ལྡོག་སྟེ་བཀལ་འདུག སྐབས་དེར་ངས་རང་གིས་ཀློག་མཚམས་བཞག་པའི་ཆུ་བྱ་སྐེ་རིང་ཞེས་པའི་སྒྲུང་དེབ་དེ་བོར་བརླགས་སུ་ཕྱིན་ནས་ཉིན་བཞི་ཕྱིན་པ་ཡང་ཧོབ་སྟེ་དྲན་བྱུང་། དེབ་དེ་ཁྱིམ་འདི་ནས་བོར་བརླགས་སུ་ཕྱིན་པ་ཡིན་མོད། ཆུ་ཚོད་དང་ཆུ་ཚོད་བསྐྱལ་ནས་བཙལ་ཀྱང་རྙེད་ཐབས་མ་བྱུང་། ངེད་ཚང་གི་ཁང་མིག་ཆུང་ཆུང་འདིའི་རྒྱ་ཁྱོན་གྱི་ཕྱེད་ཀ་ཙམ་དེབ་རྐྱང་རྐྱང་གིས་ཁེངས་བསྡད་ཡོད་པས། དེབ་གཅིག་འཚོལ་དགོས་ན་ངོ་མ་མགོ་བོ་ན་བར་བྱེད། དེབ་རྙིང་པ་དག་ལས་ཤོག་རྡུལ་འཕྱུར་ཏེ་སྐབས་རེར་དབུགས་ཀྱང་འགག་ལ་ཁད་བྱེད་པ་དང་། སྐབས་རེར་པ་སངས་ཀྱི་དུ་སྣེ་མེ་སྟག་ཆུང་ཆུང་ད་དུང་ལུས་བསྡད་པ་དེ་ཚོས་ཚགས་པར་དང་འབྲི་དེབ་མེ་རུ་སྦར་ནས་ཁང་པ་འཚིག་གྲབ་ཀྱང་བྱེད་མྱོང་ན་ཡང་། ཁོང་དང་ངེད་གཉིས་ཀ་དེབ་ཀློག་རྒྱུ་མེད་ན་ཉི་མ་མི་འཁྱོལ་བའི་སྐྱེས་ཕོ་མོ་གཉིས་ཡིན་པས། ངས་ནམ་ཡང་གྲངས་ཀ་མི་ཟིན་པའི་དེབ་འདི་ཚོའི་ཆེད་དུ་ཁོ་ལ་འཁང་ར་དང་ཁ་རྩོད་བྱེད་མ་མྱོང་། སྐབས་རེར་ཁྱིམ་ཧྲིལ་བོ་རྫབ་རྫུབ་ཏུ་གྱུར་པས་སྲང་ལམ་ཛོར་བོ་ཞིག་གི་སྣང་བ་ཡང་དབང་མེད་དུ་སྟེར་བར་བྱེད། དབྱར་ཁ་དང་སྟོན་ཁར་ཤོག་འབུ་སྣ་ཚོགས་ཀྱང་སྒོ་ནས་སྒེའུ་ཁུང་བརྒྱུད་ནས་ནང་དུ་འཛུལ་ཡོང་སྟེ་དེབ་ཀྱི་བར་དུ་ཚང་བཅའ་བ་དང་། ཅོག་ཙེའི་ནང་དུ་སྒོ་ང་གཏོང་བ་སོགས་འབུ་སྲིན་ཚོའི་འཇོན་ཚོད་ཀྱི་ནུས་པ་དེ་ཕྱིར་འདོན་པ་ལ་བསམས་ལ། ཐེངས་མང་པོར་རྒྱུགས་ཐེངས་གཅིག་གིས་དེབ་ཧྲུལ་ཚང་མ་གད་སྙིགས་ཀྱི་ནང་དུ་གཡུག་པ་འམ་སྲང་བར་དུ་སྤུངས་ནས་མེ་ལ་བསྒྲོན་པ། ཡང་ན་ཤོག་སྙིགས་ཉོ་མཁན་ཚོར་འཚོང་བ་སོགས་བྱེད་འདོད་ཀྱང་ལན་གཅིག་མིན་པར་སྐྱེས་མྱོང་མོད། གལ་སྲིད་གྲངས་ལས་འདས་པའི་ཤོག་འབུ་དེ་ཚོ་དམར་གསོད་བཏང་ཚེ་སྐྱེ་བ་ཕྱི་མར་དམྱལ་བ་ཐིག་ནག་ཏུ་སྐྱེ་རྒྱུར་འཇིགས་སྣང་སྐྱེ་གི་འདུག་པ་མ་ཟད། ཚེ་འདི་ལ་ཡང་རླངས་འཁོར་བརྡབ་སྐྱོན་ནམ་སྐས་འཛེག་སྟེང་ནས་འདྲེད་བརྡར་ཤོར་ཏེ་རྐང་ཆག་ལག་ཆག་ཏུ་གྱུར་ན་ཇི་ལྟར་བྱ་བསམས་ནས་ནག་ཉེས་དེ་དག་གསོག་འདོད་མ་སྐྱེས།

བརྩམས་སྒྲུང་།

Post navigation

Previous Post: བོད་སྐོར་གྱི་བརྙན་ཐུང་ཞིག
Next Post: འོད་དང་རྨི་ལམ་འདྲེས་པའི་བུ་མོ།

Comment (1) on “སྲང་ལམ། (མུ་འགོད)”

  1. དགྲ་ཐར། says:
    2014-02-09 at 10:15 pm

    དཔེ་ཡག་པོ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme