Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁོར་ཡུག་གཏོར་བཤིག་བཏང་བའི་ཚབས་ཆེའི་མཇུག་འབྲས་གླེང་བ།

Posted on 2013-10-272013-10-27 By ཁ་བརྡ་ 4 Comments on ཁོར་ཡུག་གཏོར་བཤིག་བཏང་བའི་ཚབས་ཆེའི་མཇུག་འབྲས་གླེང་བ།

ཆབ་ཚང་འཇམ་དཔལ། ༼སྔོན་མའི་འཕྲོས།༽

ལྔ་བ། རང་བྱུང་གཏེར་དངོས་སྔོག་འདོན་དང་ཚོང་བསྒྱུར།

འཛམ་གླིང་སྤྱི་དང་ཡང་སྒོས་བོད་ནི་ལོ་ངོ་སྟོང་ཕྲག་མང་པོའི་རིང་གསོག་ཉར་བྱས་པའི་རང་བྱུང་གཏེར་དངོས་འདྲ་མིན་གྱིས་ཕྱུག་པའི་ལུང་པ་ཞིག་ཡིན། དེ་ཡང་མཚོ་སྔོན་ཞིང་ཆེན་གྱི་ཁྱབ་ཁོངས་ཚ་འདམ་གཤོངས་དང༌། ན་ཀོར་མོ། ཝུའུ་ལན་རྫོང༌། ཏུའུ་ལན་རྫོང༌། ཆི་ལིན་རྫོང༌། མོང་ཡོན་རྫོང༌། ནང་ཆེན་རྫོང༌། འབྲི་སྟོད་རྫོང༌། དར་ལག་རྫོང༌། རྨ་ཆེན་རྫོང༌། ཐུང་སྟེ་རྫོང༌། ཧོ་ནན་རྫོང༌། ཐུང་རན་རྫོང་སོགས་སུ་ཁྱོན་བསྡོམས་གཏེར་ཁ་མི་འདྲ་བ་བརྒྱ་དང་དྲུག་ཅུ་ལྷག་དང༌། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གཏེར་ཁ་དྲུག་ཅུ་ལྷག བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་གཏེར་ཁ་བཞི་བཅུ་ལྷག ཐེན་ཀྲུང་བོད་རིགས་རང་སྐྱོང་རྫོང་གི་མངའ་ཁོངས་སུ་གཏེར་ཁ་ལྔ་བཅུ་ལྷག ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གཏེར་ཁ་སུམ་ཅུ་ལྷག ལྷ་སའི་རྫོང་ཁག་བདུན་གྱི་ནང་གཏེར་ཁ་ཉེར་བཞི་ལྷག་ཡོད་པས་མཚོན་བོད་ཀྱི་ས་གནས་མང་ཆེ་བར་གཏེར་རིགས་རྣམ་གྲངས་མི་འདྲ་བ་བརྒྱ་ཕྲག་མང་པོས་ཡོངས་སུ་ཁེངས་ཡོད།

རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༨༦ ལོ་ནས་རྒྱ་ནག་གི་ཞིང་ཆེན་བརྒྱད་ཀྱི་ས་གཏེར་རུ་ཁག་ཚོ་དང་མཉམ་འབྲེལ་གྱིས་བོད་ཀྱི་འབྲི་ཆུ། རྒྱལ་མོ་དངུལ་ཆུ། ཟླ་ཆུ། ཡར་ལུང་གཙང་པོ། སྐྱིད་ཆུ། མྱང་ཆུ་སོགས་བརྒྱུད་ནས་གསེར་དངུལ་ཟངས་ལྕགས་རྣོ་སོགས་ཀྱི་གཏེར་ས་༨༢༩ ལྷག་རྙེད་འདུག་པ་དག་ཡོངས་སུ་སྔོག་འདོན་བྱས་དང་བྱ་འཆར་ཡོད།

གོང་གསལ་གྱི་རྫོང་དང་ཞིང་ཆེན་ཁག་ནས་ཏི་ཚ་དང༌། རྡོ་སོལ། ཡུའུ། གཤེར་གཟུགས། ཞ་ཉེ། འཇིམ་པ། གསེར། དངུལ། ཟངས། ལྕགས། ཚྭ། རག་གན། རྡོ་ཀ་མ་རུ། གཤའ་རྡོ། ལྕགས་དམར། དངུལ་ཆུ། སྣུམ་ལྡན་རྡོ། གཤའ་དཀར། རྡོ་ཞོའི་བྲག་རྡོ། རྡོ་སྣག བུལ་ཏོག རྡོ་སྣུམ། ཧ་ཡང༌། མུ་ཟི། ཀོ། ལྕགས་ཁབ་ལེན། ཆུ་ཤེལ། རྡོ་རྗེ་ཕ་ལམ། ཚ་ལ། གཡུ། རྡོ་རྒྱུས་བྱ་བལ་མ། འབྲུག་རིས་ཅན་གྱི་རྡོ། རང་བྱུང་རླངས་པ། བྱེ་རྡོ། གྱོ་མོ་དཀར་པོ། ཚ་ལ་དཀར་པོ། ཉི་མ་ཁ་ཆུ་དཀར་ནག དྭངས་གསལ་ཤེལ་རྡོ། ཆུ་ཤེལ་གྱི་རྡོ། བྱེ་རྡོ་རིང་པོ། དྭངས་གསལ་ཤེལ་རྡོའི་བྱེ་མ་སོགས་རིན་ཐང་ཧ་ཅང་ཆེ་བའི་གཏེར་རིགས་འདྲ་མིན་བརྒྱ་ཕྲག་མང་པོ་སྔོག་འདོན་བྱས་པ་དང༌། དེ་ཡང་བོད་རང་སྐྱོང་ལྗོངས་ཀྱི་ཡུའུ་གཏེར་གྱི་གསོག་ཚད་འཛམ་གླིང་ནང་ཨང་དང་པོའི་གྲས་སུ་ཚུད་ཡོད་ཐོག རྔ་པ་བོད་རིགས་རང་སྐྱོང་ཁུལ་དང༌། ཐེན་ཀྲུང་བོད་རིགས་རང་སྐྱོང་རྫོང༌། དཔའ་རིས། ཚྭ་འདམ་གཤོངས་སོགས་སུའང་ཡུའུ་གཏེར་རྒྱ་ཆེ་ཙམ་ཡོད། ཡུའུ་གཏེར་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གི་ཉེ་འགྲམ་ན་ཡོད་པའི་གཤེར་གཟུགས་ཀྱི་གཏེར་ཁ་གཉིས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་གྱི་རྒྱུ་ཆར་བཀོལ་བཞིན་ཡོད་པ་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གིས་བཤད་ཡོད།

ལོ་རེའི་ཁེ་འབབ་ཨ་སྒོར་ས་ཡ་༣་༧༥ ལྷག་ཡོད་པའི་ལྷོ་ཁ་ཁུལ་ནས་བཏོན་པའི་ཀོ་ལྕགས་གཏེར་ཁ་དང༌། ལོ་རེར་ཁེ་འབབ་ཨ་སྒོར་ས་ཡ་གཉིས་དང་ཕྱེད་ལྷག་ཡོད་པའི་འཇོ་མདའ་གཡུ་ལུང་གི་ཟངས་གཏེར། ལོ་རེར་ཁེ་འབབ་ཨ་སྒོར་ས་ཡ་༨་༧༥ ལྷག་ཡོད་པའི་མཚོ་སྔོན་ཚ་འདམ་གཤོངས་ཀྱི་ཚྭ་ལ་དཀར་པོའི་གཏེར་ཁ། རྔ་པ་ས་ཁུལ་དུ་ཡོད་པའི་རྡོ་རྗེ་ཕ་ལམ་གྱི་གཏེར་ཁ། སྟོད་མངའ་རིས་ཁུལ་གྱི་ཚྭ་ལ་དཀར་པོ། འདམ་གཤོངས་དང༌། ཡར་འབྲོག རི་བོ་ཆེ། ཐེ་བོ། མཛོད་དགེ། རྔ་པ་སོགས་སུ་ཡོད་པའི་ཡུ་རིན་ཨུམ་གཏེར་རྫས་སོགས་ནི་འཛམ་གླིང་ནང་བེད་སྤྱོད་ཀྱི་རིན་ཐང་དང་སྤུས་ཚད་གང་གི་ཆ་ནས་ཀྱང་སྐད་གྲགས་ཆེ་བའི་རིན་ཆེན་གཏེར་དངོས་ཤ་སྟག་ཡིན་སྟབས། གོང་གསལ་གྱི་གཏེར་དངོས་དག་སྔོག་འདོན་གྱི་ལས་གྲྭ་རྒྱ་ཆེ་རུ་འགྲོ་བཞིན་ཡོད།

མདོར་བསྡུས་ནས་བཤད་ན། ཕྱི་ལོ་༡༩༦༨ ཡས་མས་ཤིག་ནས་ཕྱི་ལོ་༡༩༩༡ ལོའི་བར་བོད་ས་ཁྱོན་ཡོངས་ནས་ཀོ་ལྕགས་གཏེར་ཁ་གཉིས་དང༌། རྡོ་སོལ་གཏེར་ཁ་གསུམ། རྡོ་རྒྱུས་བྱ་བལ་མའི་གཏེར་ཁ་གཉིས། ཉི་མ་ཁ་ཆུའི་གཏེར་ཁ་གཅིག གསེར་དངོས་ཀྱི་གཏེར་ཁ་གཅིག ཚྭ་ལ་དཀར་པོའི་གཏེར་ཁ་གཉིས། ལྕགས་ཀྱི་གཏེར་ཁ་གཅིག ཞ་ཉེའི་གཏེར་ཁ་གཅིག ཀླུས་ཧ་རྗའི་གཏེར་ཁ་གཅིག སྣས་གཏེར་ཁ་གཅིག ཆན་ཤིན་གཏེར་ཁ་གཅིག ཚྭའི་གཏེར་ཁ་གཅིག་བཅས་ཡོངས་སུ་སྔོག་འདོན་བྱས་འབྲས་སུ་ཁེ་འབབ་ཨ་སྒོར་ ༡༥༤༤༦༥༠༠༠༠ ལྷག་ལག་སོན་བྱུང་བ་དང༌། ད་དུང་འབྱུང་འགྱུར་ཨ་སྒོར་དུང་ཕྱིར་༦༨ ལྷག་གི་རིན་ཐང་ལྡན་པའི་མགོ་ལོག་རྨ་ཆེན་རྫོང་གི་ཟངས་གཏེར་དང༌། ཨ་སྒོར་དུང་ཕྱིར་༡༣༢༠ ལྷག་གི་རིན་ཐང་ལྡན་པའི་ཚྭ་ཁ་མཚོའི་ཚྭའི་གཏེར་ཁས་མཚོན་གཏེར་ཁ་བརྒྱ་ཕྲག་ལྷག་ལ་གཞི་ནས་ལག་པ་འཆང་འཆར་ཡོད་པ་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གིས་བརྗོད་འདུག ཕྱི་ལོ་༡༩༩༡ ལོ་ནས་བཟུང་ད་ལྟའི་བར་བོད་ནང་དེ་སྔ་ལག་སོན་མ་བྱུང་བའི་གཏེར་ཁ་གསར་པ་མང་པོ་བཙལ་རྙེད་བྱུང་དང་འབྱུང་བཞིན་ཡོད།

མ་ཟད་ཕྱི་ལོ་༡༩༩༡ ལོའི་ཡར་སྔོན་ནས་རྙེད་ཟིན་པའི་གཏེར་ཁའི་རིགས་དང༌། འདས་པའི་ལོ་ངོ་ཉི་ཤུའི་ནང་གསར་དུ་རྙེད་པའི་གཏེར་ཁ་ཕལ་མོ་ཆེ་ཡོངས་སུ་སྔོག་འདོན་བྱེད་བཞིན་པ་དང༌། རེ་ཟུང་སྔོག་འདོན་བྱེད་སའི་ལས་གྲྭ་གསར་དུ་འཛུགས་བཞིན་ཡོད།
འདི་ལྟར་བོད་ནང་ཁུལ་གྱི་ས་གནས་ཁྱོན་ཡོངས་སུ་གཏེར་ཁ་སྔོག་འདོན་བྱས་པ་དེ་སྒོར་དུང་ཕྱུར་ ༡༥༠༤ ལྷག་གི་དཔལ་འབྱོར་གྱི་གྱོང་གུད་ཙམ་མིན་པར་གཏེར་ཁའི་རྣམ་གྲངས་དང་འབོར་ཆེ་ཤོས་ཡིན་པའི་མཚོ་ནུབ་ས་ཁུལ་གྱི་ཚ་འདམ་གཤོངས་ས་དང༌། ནག་ཆུ། མགོ་ལོག ཆབ་མདོ། བྱང་ཐང༌། དཀར་མཛེས། ལྷོ་ཁ་སོགས་ཀྱིས་མཚོན་རིན་ཆེན་གཏེར་དངོས་འདྲ་མིན་སྦས་པའི་བོད་མདོ་དབུས་མཐོ་སྒང་གི་ས་ཁུལ་ཁྱོན་ཡོངས་ཀྱི་རྩྭ་ཐང་གི་རྒྱ་ཁྱོན་དང༌། སྐྱེ་དངོས། མི་དང་རི་སྐྱེས་སྲོག་ཆགས་ཁྲི་སྟོང་མང་པོའི་འཚོ་གནས་རང་བཞིན་ལ་གནོད་པ་ཚབས་ཆེན་ཐེབས་བཞིན་ཡོད།

དེ་ཡང་གསལ་བོར་བཤད་ན། གཏེར་ཁ་སྔོག་འདོན་བྱེད་སའི་མཐའ་ནས་ཕར་བརྩིས་པའི་རྒྱ་ཁྱོན་ཀེ་ལོ་མིས་ཌར་བརྒྱ་རེའི་ནང་རྩྭ་ལག་མཐིལ་ཙམ་ཡང་སྐྱེ་ཐུབ་ཀྱི་མེད་པ་མ་ཟད། གཏེར་ཁ་སྔོག་འདོན་སྐབས་གཏེར་རྫས་ཀྱི་དུག་སྙིགས་ཡུལ་དེ་དང་དེའི་རྩྭ་ས་ཁྱོན་ཡོངས་སུ་ཁྱབ་བརྡལ་གྱིས་མི་དང་ཕྱུགས་ཟོག་མང་པོར་ཤི་རྨས་དང་ནད་ཡམས་འདྲ་མིན་གྱི་འཇིགས་པ་འབྱུང་བཞིན་ཡོད།
ལྷག་པར་དུ་གཏེར་ཁ་སྔོག་འདོན་ཟིན་པའི་རྫས་སྙིགས་མང་པོ་ཨེ་ཤུ་ཡའི་གནམ་གཤིས་འགྱུར་ལྡོག་ཐད་ཚོད་འཛིན་ངེས་ཅན་ཐེབས་ནུས་པའི་བོད་ཀྱི་རྩྭ་ཐང་གང་སར་ཕུང་གསོག་དང༌། རྒྱུགས་ཆུ་འདྲ་མིན་གྱི་ནང་དུ་འདེབས་བཞིན་ཡོད་སྟབས། བོད་ཙམ་མིན་པར་རྟ་མཆོག་ཁ་འབབ་དང༌། རྨ་བྱ་ཁ་འབབ། གླང་ཆེན་ཁ་འབབ། སེང་གེ་ཁ་འབབ། བོང་ཆུ། རྒྱལ་མོ་རྔུལ་ཆུ། རྫ་ཆུ་དང་ངོམ་ཆུ། འབྲི་ཆུ། རྨ་ཆུ་སོགས་བོད་ཀྱི་རྒྱུགས་ཆུ་ཁག་དང་ཐད་ཀར་འབྲེལ་བའི་འཛམ་གླིང་མི་འབོར་གྱི་བརྒྱ་ཆའི་ཞེ་བདུན་ཙམ་གནས་སའི་རྒྱ་གར་དང༌། བྷང་ལ་དེ་ཤུ། བལ་ཡུལ། པ་ཀི་སིཐཱན། ཨབ་གྷ་ནི་སི་ཐཱན། ཐའི་ལན། ལའོ་སེ། ཀམ་པོ་ཊི་ཡ། བིཏི་ནམ། རྒྱ་ནག འབྲུག་ཡུལ་བཅས་སུའང་ཆུ་ལས་བྱུང་བའི་ནད་ཡམས་དང༌། གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་གོད་ཆག་འདྲ་མིན་ཤུགས་ཆེས་འབྱུང་མུས་སུ་ཡོད།

ད་དུང་རྒྱ་གཞུང་གིས་ནུབ་རྒྱུད་ཐོན་འབྱེད་ཆེན་མོའི་འཛུགས་སྐྲུན་འོག་བོད་ནང་གི་གཏེར་ཁ་སྔོག་འདོན་བྱེད་ཤུགས་སྔར་ལས་ཀྱང་རྒྱ་ཆེ་རུ་གཏོང་རྒྱུ་གཏན་ཁེལ་སྟབས། མ་འོངས་པར་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ཡོང་ངེས་ཡིན་པ་”བོད་གཞུང་ཕྱི་འབྲེལ་ལས་ཁུངས་ནས་བཏོན་པའི་བོད་དུ་ལག་བསྟར་བྱས་པའི་རྒྱ་དམར་གྱི་སྲིད་བྱུས་དང་བྱ་ཐབས་”ཞེས་པའི་ནང་གསལ།

རྩོམ་རིག

Post navigation

Previous Post: ཨ་དཀོན་བླ་མའི་འོད་སྣང་དང་རྡ་སའི་གླིང་གི་མུན་ནག
Next Post: བོད་ཀྱི་སྐད་ཡིག་གི་ཚེ་སྲོག་ཅི་ལྟར་གསོ་ཐུབ་བམ།

Comments (4) on “ཁོར་ཡུག་གཏོར་བཤིག་བཏང་བའི་ཚབས་ཆེའི་མཇུག་འབྲས་གླེང་བ།”

  1. གཅན་ཚ བཟོད་རྒྱམ། says:
    2013-10-27 at 11:05 am

    ཆེད་རྩོམ་ཡག་པོ་ཞིག་བྲིས་གནང་འདུག་ན་བཀའ་དྲིན་ཆེ་ཞུ། དབྱིན་ཡིག་ལ་བསྒྱུར་ནས་འཛམ་གླིང་གི་གསར་འགྱུར་དང་དྲ་ལམ་ཁག་ཏུ་དགོད་ཐུབ་ན་དེ་བས་ཕན་པ་ལའང་།

  2. དབྱངས་ཅན་ལྷ་མོ། says:
    2013-10-27 at 1:13 pm

    ཡག་པོ་འདུག ཐུགས་རྗེ་ཆེ།

  3. བདུད་འདུལ། says:
    2013-10-30 at 3:25 am

    བཀའ་དྲིན་ཆེ། ཞིབ་འཇུག་རྩོམ་ཡིག་འདི་འདྲ་དགོས་པ་རེད།

  4. ཆབ་ཚང་འཇམ་དཔལ། says:
    2013-10-30 at 1:00 pm

    རྣམ་པ་ཚོས་ངར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme