Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉེས་པ།

Posted on 2013-10-252013-10-25 By ཁ་བརྡ་ 4 Comments on ཉེས་པ།

རས་པ།

ཅིས་ཀྱང་སྙན་ངག་ཅིག་འབྲི་དགོས་པ་འདྲ
རང་སེམས་སྡུག་ནད་ཀྱིས་མནན་པའི
ངང་ཚུལ་འདི་ནི
རི་རབ་ཕྲག་སྟེང་ལ་ལྷུང་འདྲའི
ས་གཞིར་བརྩེ་བ་ཡོད་ཚད་ཀྱི་སྐྱེ་རྒྱུན་ཆད་འདྲའི
མགོ་བོ་དགྱེ་ཐུབ་ཀྱང་ནམ་མཁའ་སྔར་ནས་ཡལ་ཟིན་འདྲའི

དབྱར་གཞུང་གི་ལོ་མ་སེར་པོ་བྱེ་ཐང་དུ་འཁུར་འདྲའི
ཚ་བའི་ཁྲོད་ཀྱི་མེ་ལྕེ་འདྲ་བའི
སྟོང་སྣང་ཡོད་ཚད་སྐད་ཅིག་གིས་མཚོན་པར་བྱེད་པའི
སྙན་ངག་ཅིག ཅིས་ཀྱང་འབྲི་དགོས་པ་འདྲ

ཅིས་ཀྱང་འབྲི་དགོས་པའི་སྙན་ངག་དེ་ནི
རང་གི་ཤ་ལ་གཅུ་གཟེར་བརྒྱབ་འདྲའི
སྙིང་ལ་ཨི་ཁུང་ཕིགས་འདྲའི
མཁར་ཤུལ་གྱི་བསེར་བུའི་ཤུགས་སྒྲ་འདྲ་བའི
ཁེར་ཧྲང་གི་སྐྱོ་བ་ཡོད་ཚད་སྤུང་གསོག་བྱེད་པའི
སྲིད་པའི་སྐྱེ་རྒྱུན་གྱི་ཉེས་པ་དེ་ཡིན་ཨང

༢༠༡༣།༡༠།༢༥ལ།

སྙན་ངག

Post navigation

Previous Post: 《སངས་རྒྱས་བཀྲོངས་པ》 དཔེ་དེབ་སྒོ་འབྱེད་དང་རྩོམ་མཁན་གྱི་སྤྱི་བསྒྲགས།
Next Post: ལྡུམ་ར། ༼གཉིས་པ།༽

Comments (4) on “ཉེས་པ།”

  1. ཆབ་བྲག་ཕོ་ཉ། says:
    2013-10-25 at 4:36 pm

    འདི་ན་ཡང་སྙན་དངགས་ཀྱི་ལྕེབས་ཐག་ཅིག་དཔྱངས་འདུག
    ཡང་ན་སྙན་དངགས་པ་གང་ཞིག་དམྱལ་ཁམས་ཤིག་ཏུ་ལྷུང་འདུག

  2. འདྲེ་རྐང་ཐོ། says:
    2013-10-25 at 8:20 pm

    གནའ་ནས་ད་ལ་ཐུག་གི་བར།།
    གངས་ཅན་སྙན་ངག་སྨྲ་བ་དག།
    སེམས་པ་བདེ་ཐང་མེད་འདྲ་བའི།།
    སྨྱོ་རྟགས་མ་བསྟན་མཁན་ཞིག་མེད།།

  3. གནམ says:
    2013-10-26 at 4:06 am

    སེམས་ངོ་མི་སྟོན་པའི་ཁ་དཀར་ངོ་དཀར།
    ནང་སྙིང་ཞིག་ཡོད་པར་ཐེ་ཚོམ་ཆེ་བའི་ཕྱི་ལུས་མཛེས་པོ།
    ལག་སྣེ་འདི་བརྩེ་བས་ཅི་ཙམ་བསྲངས་ཡང་།
    ཁན་ས་རེ་ས་ཞིག་མི་ཉན་པའི།
    དེང་སང་གི་དུས་ཚོད་ལ་དར་བའི།
    སྙན་པའི་ངག་འདི་ལ།
    དོན་གྱི་ཕུགས་ཞིག་ཡོད་དམ།
    ཡིད་ཀྱི་དང་བ་དེ་འདྲེན་ནམ།
    ངས་བརླགས་ཟིན་པའི་སྐར་ཆ།
    ཁྱོས་ཉོ་འདོད་པའི་ནོར་བུ་ཡིན་ནམ།
    ཡང་ན།
    ཁྱོས་སྤྲད་པར་འདོད་པའི་སྤྲང་ཟས་འདི།
    ངའི་ཡིད་ཁ་འདི། ངའི་ཡིད་ཁ་འདི་ལ་་་་་་་་་་་་་་་།

  4. གསར་བུ། says:
    2013-10-26 at 3:01 pm

    ཞ་ར་ཞིག་གིས་ཁ་དོག་དཀར་པོ་ཆོས་ཅན་ཟེར
    ད་དུང་རྒྱལ་བོ་དེ་ཅིས་ཀྱང་སྨྱོ་ཆུ་འཐུང་དགོས་ཟེར
    ང་ཚོད་ཚོད་ལ་དགོད་རྒྱུ་ཞིག་ཡོང་བར་རྒྱུ་མཚན་ལོས་ཡོད
    སྙན་ངག་ཟེར་ཡང
    རྨང་རྡོ་ཞིག་ཡིན
    ཁྲག་དང་རུས་པས་བརྩིགས་པའི་སྟོང་སེམས་ཀྱི་ཕོ་བྲང་ཞིག་གོ
    སུ་དང་སུ་ཞིག་ཆུ་བོ་ཆེན་པོ་ཞིག་གི་ཕ་རོལ་ཚུར་རོལ་ཡིན་པས
    ཨམ་ཕྲག་སྟོང་བ་ཞིག་འཁྱེར་ནས་གཉེན་སྟོན་བྱེད་རྒྱུ་མ་ཟེར

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme