Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོ་སྣང་མི་བྱེད་དོན་ཅི་རེད།

Posted on 2013-10-232013-10-23 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 6 Comments on དོ་སྣང་མི་བྱེད་དོན་ཅི་རེད།

འཇིགས་མེད་ནུབ་པ།

ཉེ་ཆར། ངས་རང་གི་ཉེ་འཁོར་གྱི་གྲོགས་པོ་འགའ་ལ་སྐད་ཆ་ཞིག་དྲིས་བ་ཡིན། ངའི་དྲི་བ་ནི་རིང་པོ་ཞིག་མིན། དྲི་བ་ཐུང་ཐུང་ཞིག་ཡིན། ངས་“ཁྱེད་ཚོས་འཕྲིན་ཐུང་མ་ལག་གཙོ་བོ་གང་བེད་སྤྱོད་གཏོང་གི་ཡོད་དམ།”ཞེས་དྲིས། ང་ལ་ལན་མི་འདྲ་བ་གསུམ་རེག་བྱུང་། གྲོགས་པོ་གཅིག་གིས། “ངས་ཡི་གེ་ཡག་པོ་འབྲི་མི་ཤེས། དེར་བརྟེན། ངས་འཕྲིན་ཕྲན་(WeChat)བེད་སྤྱོད་གཏོང་གི་ཡོད། འཕྲིན་ཕྲན་ཐོག་ལ་སྐད་འཕྲིན་འཇོག་བདེ་བ་འདུག་”ཟེར། གྲོགས་པོ་གཞན་དེས། “ངས་འཕྲིན་ཕྲན་བེད་སྤྱོད་གཏོང་གི་ཡོད། རྒྱུ་མཚན་ནི། འཕྲིན་ཕྲན་ཐོག་ལ་བོད་ཡིག་འབྲི་བདེ་བ་འདུག་”ཟེར། གྲོགས་པོ་གསུམ་པ་དེས། “ངའི་ཕ་མ་དང་སྤུན་མཆེད་ཚང་མ་བོད་ན་ཡོད། ཁོང་ཚོས་འཕྲིན་ཕྲན་བེད་སྤྱོད་གཏོང་གི་འདུག ངས་ཀྱང་འཕྲིན་ཕྲན་བེད་སྤྱོད་བཏང་ནས་ཁོང་ཚོར་འབྲེལ་བ་བྱེད་གི་ཡོད་”ཟེར། གྲོགས་པོ་ཚོའི་དྲི་ལན་ཁག་གི་ཐོག་ནས་ང་སྒེར་གྱིས་ཚོད་དཔག་བྱེད་ཐུབ་པའི་གནད་དོན་གཅིག་ནི། བོད་ཕྱི་ནང་གི་བོད་རིགས་ཚོའི་ཁྲོད་དུ་འཕྲིན་ཕྲན་བེད་སྤྱོད་གཏོང་མཁན་མང་བ་དེ་རེད།

འཕྲིན་ཕྲན་བེད་སྤྱོད་གཏོང་མཁན་མང་བ་འདིས་ང་ལ་སེམས་ཁྲལ་ལྷག་མ་ཞིག་སླེབས། སེམས་ཁྲལ་དེ་ནི། འཕྲིན་ཕྲན་བེད་སྤྱོད་གཏོང་མཁན་གྱི་བོད་མི་ཚོས། འཕྲིན་ཕྲན་སོ་སོའི་ལག་འཁྱེར་ཁ་པར་སྟེང་དུ་ཕབ་ལེན་བྱེད་དུས། ཁོང་ཚོས་འཕྲིན་ཕྲན་གྱི་བཀོལ་སྤྱོད་མ་ལག་ཆོག་མཆན་(Apps Permission)ཟེར་བ་དེར་དོ་སྣང་སྤྲོད་གི་ཡོད་མེད་དེ་ཡིན། ཕལ་ཆེར་མེད་ཚོད་ཡིན། རྒྱུ་མཚན། ནམ་རྒྱུན་མཉེན་ཆས་དང་བཀོལ་སྤྱོད་མ་ལག་(Apps)སོགས་ཀྱི་སྐོར་ལ་དོ་སྣང་ཡོད་མཁན་ཚོས་ཀྱང་། བཀོལ་སྤྱོད་མ་ལག་ཆོག་མཆན་ཟེར་བ་དེ་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མི་འདུག གནད་དོན་འདི་འཕྲིན་ཕྲན་ཕབ་ལེན་གྱི་གནད་དོན་གཅིག་པོ་མིན། བཀོལ་སྤྱོད་མ་ལག་རིགས་ཚང་མར་ཁྱབ་པའི་གནད་དོན་ཞིག་ཡིན།

ཁྱེད་རང་གློག་ཀླད་དང་ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་མཁན་ཞིག་ཡིན་ཚེ། ཕབ་ལེན་ཟེར་བའི་བྱེད་ལས་འདི་ལ་རྒྱུས་ཡོད་པ་རེད། དཔེར་ན། ཨན་སྒྲོ་(Android)མ་ལག་བེད་སྤྱོད་གཏོང་མཁན་ཞིག་ཡིན་ན། (Play Store)ནས་བཀོལ་སྤྱོད་མ་ལག་རིགས་ཕབ་ལེན་བྱེད་གི་ཡོད། ཀུ་ཤུ་རྟགས་ཅན་བེད་སྤྱོད་གཏོང་མཁན་ཞིག་ཡིན་ཚེ། (App Store)ནས་བཀོལ་སྤྱོད་མ་ལག་རིགས་ཕབ་ལེན་བྱེད་གི་ཡོད། འོན་ཀྱང་། ང་ཚོས་བཀོལ་སྤྱོད་མ་ལག་ཆོག་མཆན་ཟེར་བ་དེ་ལ་དོ་སྣང་བྱེད་ཀྱི་མེད་པ་མ་ཟད་གཟབ་གཟབ་ཡང་བྱེད་གི་མེད། ཆོག་མཆན་ཟེར་ན། བཀོལ་སྤྱོད་མ་ལག་གང་ཞིག་ཁྱོད་ཀྱི་ལག་འཁྱེར་ཁ་པར་སྟེང་དུ་ཕབ་ལེན་བྱས་རྗེས། བཀོལ་སྤྱོད་མ་ལག་དེས་ཁྱོད་ཀྱི་གནས་ཚུལ་དང་འབྲེལ་ཐོ། དྲ་ཐོག་གི་ལས་ཀ་སོགས་ལ་བལྟ་ཀློག་དང་རྗེས་འདེད་སོགས་བྱས་ཆོག་མིན་གྱི་ཆོག་མཆན་དེ་ལ་ཟེར། དེར་བརྟེན། ཆོག་མཆན་གང་ཞིག་ལ་ངོས་ལེན་བྱས་བའི་རྗེས་སུ། བཀོལ་སྤྱོད་མ་ལག་དེའི་བྱེད་ལས་ལ་ཡང་ངོས་ལེན་བྱས་ཡོད།

བྱེ་བྲག་ཏུ་འཕྲིན་ཕྲན་གྱི་བཀོལ་སྤྱོད་མ་ལག་གི་ཆོག་མཆན་སྐོར་ནི་ང་ཚོས་དོ་སྣང་བྱེད་དགོས་བའི་གནད་དོན་གལ་ཆེན་ཞིག་ཡིན། རྒྱུ་མཚན། ཁྱེད་ཀྱིས་འཕྲིན་ཕྲན་རང་གི་ལག་འཁྱེར་ཁ་པར་སྟེང་དུ་ཕབ་ལེན་བྱས་ཚར་བའི་རྗེས་སུ། ཁྱེད་ཀྱིས་འཕྲིན་ཕྲན་ལ། ཁྱོད་ཀྱི་སྡོད་གནས་འཚོལ་བ་དང་རྗེས་འདེད་གཏོང་ཐུབ་པའི་ཆོག་མཆན། ཁྱོད་ཀྱི་ལག་འཁྱེར་ཁ་པར་དང་བྱང་བུ་གཉིས་ཀའི་སྟེང་གི་འཕྲིན་ཐུང་ཚང་མ་བསྔོགས་པ་དང་ཀློག་པའི་ཆོག་མཆན། ཁྱོད་ཀྱི་ལག་འཁྱེར་ཁ་པར་སྟེང་དུ་ཡོད་པའི་བཀོལ་སྤྱོད་མ་ལག་གཞན་དག་གང་དང་གང་ཡིན་མིན་བལྟ་ཆོག་པའི་ཆོག་མཆན། ཁྱེད་ཀྱི་ཁ་པར་སྟེང་གི་འབྲེལ་མིང་ཁག་དང་གླེང་མོལ་ཁག ད་དུང་། སུ་ལ་ཁ་པར་བཏང་བ་དང་སུ་ཡི་རྩ་ནས་ཁ་པར་སླེབས་པ་སོགས་ཀྱི་གནས་ཚུལ་ཚང་མ་བསྔོགས་ཆོག་པའི་ཆོག་མཆན་བཅས་སྤྲོད་ཀྱི་ཡོད་པ་རེད། དེར་བརྟེན། འཕྲིན་ཕྲན་སོ་སོའི་ལག་འཁྱེར་ཁ་པར་སྟེང་དུ་ཕབ་ལེན་མ་བྱས་སྔོན་ལ། བཀོལ་སྤྱོད་མ་ལག་གི་ཆོག་མཆན་དེ་ངེས་པར་དུ་ཀློགས་དགོས། ད་དུང་། བཀོལ་སྤྱོད་མ་ལག་དེས་གསང་སྡོམ(HTTPS)་གྱི་མཐུན་རྐྱེན་སྦྱར་གྱི་ཡོད་མེད་ལ་ཡང་བལྟ་རོགས།

ངེད་ཀྱིས་གོང་དུ་གླེང་བ་བཞིན། འདི་འཕྲིན་ཕྲན་གཅིག་པོའི་གནད་དོན་ཞིག་མ་རེད། བཀོལ་སྤྱོད་མ་ལག་ཚང་མ་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་རེད། སླད་ཕྱིན། ཁྱེད་ཀྱིས་སོ་སོའི་ལག་འཁྱེར་ཁ་པར་སྟེང་དུ་བཀོལ་སྤྱོད་མ་ལག་ཅི་ཞིག་ཕབ་ལེན་བྱེད་རུང་། ཕབ་ལེན་མ་བྱས་སྔོན་ལ། དེའི་ཆོག་མཆན་དག་ངེས་པར་དུ་ཀློགས་རོགས།

ངའི་གློག་འཕྲིན་ཁ་བྱང་། jigmeynubpa@gmail.com

(འཇིགས་མེད་ནུབ་པ་ནི། རྩོམ་འབྲི་དང་ཡིག་བསྒྱུར། རྩོམ་འབྲི་བཅས་ཀྱི་ཕྱག་ལས་གནང་མཁན་བོད་རིགས་ན་གཞོན་ཞིག་ཡིན།)

གློག་ཀླད་ཤེས་བྱ།

Post navigation

Previous Post: ཀུན་ཕན་ཐེབས་རྩ་ཚོགས་པའི་འདྲེ་སྒྲུང་གི་བྱེད་སྒོ
Next Post: གླིང་ཚ་ཚེ་བརྟན་རྡོ་རྗེ་རྨི་ལམ་རྨིས་པ་འོད་གསལ་སྒྱུ་མའི་གྲོང་ཁྱེར།

Comments (6) on “དོ་སྣང་མི་བྱེད་དོན་ཅི་རེད།”

  1. གངས་ལྡོམ། says:
    2013-10-24 at 3:17 am

    ང་ཚོས་འཕྲིན་ཕྲན་དང་གཞན་Apps གང་རུང་རང་གི་ལག་འཁྱེར་ཁ་པར་སྟེང་དུ་ཕབ་ལེན་བྱེད་འདོད་ཚེ་ངེས་པར་དུ་ཁོང་ཚོའི་ཆོག་མཆན་དེ་ངོས་ལེན་བྱེད་དགོས་ཀྱི་འདུག

    དེས་ན་ཆོག་མཆན་དེ་ངོས་ལེན་མ་བྱས་ཀྱང་ཕབ་ལེན་བྱེད་ཐུབ་བམ།

  2. བསྟན་འཛིན་རྒྱལ་པོ། says:
    2013-10-24 at 4:23 am

    སྐད་འཕྲིན་གྱིས་བོད་ནང་ལོག་ཏུ་བཞུགས་པའི་བོད་མི་ཚོར་དཀའ་ཁག་མང་པོ་ཞིག་བཟོ་བཞིན་ཡོད་ལ་ད་དུང་ཡང་མང་དག་ཅིག་བཟོ་རྒྱུ་རེད། འོན་ཀྱང་འཇིགས་མེད་ལགས་ཀྱི་གྲོགས་པོ་གསུམ་པ་དེས་བཤད་པ་ལྟར། བོད་བཞུགས་ཀྱི་བོད་མི་རྣམས་ཀྱིས་ད་ལྟའི་ཆར་འཕྲིན་ལམ་ཅི་ཞིག་ཤེས་ཡོད་པ་ནི་སྐད་འཕྲིན་(Wechat)ཙམ་ཞིག་ལས་དེའི་འགན་ལེན་དང་བཀོལ་སྤྱོད་མ་ལག་གི་ཆོག་མཆན་ཟེར་བ་སོགས་ནི་རྨི་ལམ་ཙམ་ཡང་བཏང་མ་མྱོང་ལ་གཏོང་ཡང་མི་ཤེས། ང་ཚོས་འཕྲིན་ལམ་གཞན་གླེང་བཞིན་པའི་ ལཱིན་(Line)དང་ཀ་ཀཱ་འོ་གླེང་སྟེགས་(Kakao Talk) སོགས་ཁོ་ཚོར་ངོ་སྤྲོད་ཇི་ལྟར་བྱས་ཀྱང་དོ་སྣང་བྱེད་ཀྱི་མི་འདུག དེ་ནི་གཙོ་བོ་སྐད་འཕྲིན་གྱིས་བོད་བཞུགས་བོད་མི་ཚོའི་རྐང་པ་ཡ་གཅིག་བཟུང་ཚར་བས་མ་ཚད། ཁོ་ཚོ་ལ་དེང་རབས་འཕྲིན་ལམ་གྱི་ཤེས་ཡོན་ཟེར་ན་འདྲ་གཅིག་འབྱོར་བཞིན་པ་ནི་གོང་ཞུས་ལྟར་སྐད་འཕྲིན་ཙམ་རེད།

  3. རིན་ཆེན། says:
    2013-10-24 at 5:07 am

    ༧རྒྱལ་བ་རིན་པོ་ཆེའི་ཐེང་མང་པོ་གསུང་མྱོང་ཡོད་ང་ཚོ་བོད་མི་དང་བོད་གཞུངས་ཕྱི་གསལ་ནང་གསལ་ཡིན་གསང་བ་དང་གཡོར་སྒྱུར་གྱིས་ལས་ཀ་རྒྱ་གུང་ཁྲན་ནང་བཞིན་ཅི་གང་མེད་དོ།

  4. གླིང་གཅེར་བུ། says:
    2013-10-25 at 10:40 am

    ཡ་ཡ་། འཇིག་མེད་ནུབ་པ། དེ་རིང་མ་གཏོགས་གོ་ཡང་མ་མྱོོང་། རྒྱུན་ཤེས་རེ་གླེང་བར་དགའ་ཡོད།

  5. རྒྱ་མཚོ་ཆེན་པོ་ says:
    2013-11-16 at 6:25 am

    སྙིང་ཁུང་རུས་པའི་གཏིང་ནས་བཀྲིན་ཆེ་ཞུ་མུ་མཐུད་འདི་ལྟར་སློབ་སྟོན་གནང་རོགས་

  6. ཡེ་ཤེས། says:
    2015-09-24 at 2:54 pm

    དེང་སང་འཕྲིན་ཕྲན་མ་ཡིན་པའི་སྐད་འཕྲིན་གསར་པ། telegram. ཟེར་བ་ཞིག་ཐོན་འདུག་པ་དེ་ཤིན་ཏུ་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme