Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསར་འགྱུར་ཞིག་བཀླགས་པའི་སེམས་ཚོར།

Posted on 2013-10-192013-10-19 By ཁ་བརྡ་ 8 Comments on གསར་འགྱུར་ཞིག་བཀླགས་པའི་སེམས་ཚོར།

བོད་ལ་ཞེན།

ཉིན་ཤས་སྔོན་མ་སུ་རིའི་བོད་ཁྱིམ་སློབ་ཕྲུག་༢༥༠ ཙམ་གྱིས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་བའི་གསར་འགྱུར་ཞིག་མཐོང་བྱུང་། དང་ཐོག་ཁོ་བོས་བསམ་པར་རྒྱ་ནག་གཞུང་ལ་ངོ་རྒོལ་ཡིན་ཤག་གིས་གསར་འགྱུར་གྱི་མགོ་ནས་མར་བལྟས་ཚེ་དེ་ལྟར་མ་ཡིན་པར་སློབ་གྲྭའི་འཛིན་སྐྱོང་ལ་ངོ་རྒོལ་རེད་འདུག ཡང་ཁོ་བོའི་བསམ་པར་ཕལ་ཆེར་ཤེས་ཡོན་སྲིད་ཇུས་སམ། ཡང་ན་བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱེད་སྟངས་ཐད་འཛིན་སྐྱོང་གིས་ཕྱག་ལས་གནང་སྟངས་འགྲིག་མ་འགྲིག་ཐད་ནས་སློབ་ཕྲུག་ཚོས་ངོ་རྒོལ་བྱས་པ་ཡིན་ཐག་ཆོད་རེད་སྙམ་བྱུང་།

གསར་འགྱུར་མར་མར་ཀློག་ཚེ་བསམ་པ་ལྟར་མ་ཡིན་པར་བློ་ཕམ་དགོས་པ་ཞིག་ལ། སློབ་ཕྲུག་རྒན་པ་ཚོའི་གོམ་བགྲོད་ཀྱི་ལས་འགུལ་དེ་ནི་ཐུགས་སྤྲོ་གཏོང་ཆོག་མི་ཆོག སྒྲིག་ཆས་གོན་དགོས་མི་དགོས། ཐུགས་སྤྲོའི་སྐབས་འཛིན་སྐྱོང་གིས་ཇུས་གཏོགས་བྱེད་ན་འགྲིག་མི་འགྲིག་གི་ཐད་ནས་ཡིན་པ་རེད། གསར་འགྱུར་བཀླགས་ཚར་བ་དང་སེམས་ནང་བཤད་མ་ཤེས་པའི་ཚོར་བ་སྐྱུར་མོ་་ཞིག་དང་ལྷན་ལུས་པོར་གྲང་འདར་ཞིག་བརྒྱབ་བྱུང་།

བོད་ནང་སློབ་ཕྲུག་ཚོས་སོ་སོའི་མདུན་ལམ་དང་ཐ་ན་རང་སྲོག་ཡན་ཆད་བློས་བཏང་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱི་ཞི་བའི་གོམ་བགྲོད་སྤེལ་གྱི་ཡོད།
འོན་ཀྱང་བཙན་བྱོལ་གྱི་སློབ་ཕྲུག་དེ་ཚོས་་་་་་་་་་་་་་་་་

སྣ་ཚོགས།

Post navigation

Previous Post: མདོ་སྨད་གྱ་སྟོན་བཀོད་སྒྲིག་ཚོགས་པས་གཞས་ཚིག་དགོས་ཟེར།
Next Post: བསམ་གཞིག་དགོས་པའི་གནད་དོན།

Comments (8) on “གསར་འགྱུར་ཞིག་བཀླགས་པའི་སེམས་ཚོར།”

  1. གངས་ལྡོམ། says:
    2013-10-19 at 9:33 am

    བོད་ནང་གི་སློབ་ཕྲུག་ཚོས་རང་མི་རིགས་ཀྱི་སྐད་ཡིག་ཡར་རྒྱས་དང་སྲུང་སྐྱོབ་གནང་པར་ངོ་རྒོལ་སྐད་འབོད་དང་གོམ་བགྲོད་གནང་གི་ཡོད་རེད། ཡིན་ནའི་བཙན་བྱོལ་ནང་གི་སློབ་ཕྲུག་ཚོས་རང་དབང་སྟེ་ཐུགས་སྤྲོ་དང་སྒྲིག་ཆས་གོན་ཆོག་མེད་ཀྱི་ཆེད་ངོ་རྒོལ་དང་གོམ་བགྲོད་གནང་གི་ཡོད་རེད། དངོས་གནས་བློ་ཕམ་པ་ལ་་་་་་་་་་་་་་

    དེ་བས་ཀྱང་བློ་ཕམ་སྐྱེ་དགོས་པ་ཞིག་ནི། བོད་ཁྱིམ་གྱི་དགེ་སློབ་མང་ཆེ་བ་རང་མི་རིགས་ཀྱི་སྐད་ཡིག་ལ་དུང་བ་མེད། དབྱིན་ཡིག་གི་རྗེས་ཆོད་ལ་མ་ཆོད་བྱས་ནས་རྒྱུག་གི་ཡོད་རེད།

  2. དབྱངས་ཅན་འབངས says:
    2013-10-19 at 11:55 am

    ཙུ་ཙུ། ཕ་ཡེ། ད་ག་རེ་བྱེད། རེ་བ་ཞེ་དྲག་མིན་འདུག

  3. གནམ says:
    2013-10-19 at 12:20 pm

    རེད་རེད། བློ་ཕམ་ན་ལས་འགྲིག། ཡིན་ན་ཡང་། སྙིང་རྗེ། ཁོང་ཚོར་ཡང་ཁག་ག་ལ་ཡོད། ཐུགས་སྤྲོ་བོ་བྱེད་པའི་ཐུགས་སྤྲོ་ཞིག་ཡོད་ན། དེ་ལ་ཐུགས་སྤྲོ་བོ་བྱེད་དུ་མ་བཅུག་ན། ཁོང་ཁྲོ་ལངས་དང་ལངས། དེ་འདྲའི་ཐུགས་མི་སྤྲོ་བའི་ཐུགས་སྤྲོ་ཞིག་གིས་གང་བྱེད།

    ལུས་ལ་འགྲིག་ཆས་བཙན་གྱིས་སྐོན་པ་ལས།། སློབ་མཐར་ཐོན་པས་དགའ་བ་སྒོམ་ན་བཟང་།།
    ཐོབ་ཐང་རང་ལྟ་ངོམ་པའི་སློབ་བུ་རྣམས།། མ་རུང་འཇིག་རྟེན་འདི་ལ་welcome.ཞུ།

    བཙན་བྱོལ་ཕ་ཡུལ་ཟེར་ནས་ཡོད་ཚད་ལ།། བཟང་ངན་དབྱེ་བྱེད་པོ་ཡིས་ཕུགས་བསམ་ནི།
    དུང་ལྟར་དཀར་བའི་མྱི་ཞིག་ཨེ་ཡིན་དོགས།། བོད་ལ་ཞེན་པར་བོད་རིགས་ཞེན་པས་བྲིས།།

  4. བསོད་མོ says:
    2013-10-19 at 1:05 pm

    ཡག་པོ་མ་རེད་གང་དྲག།

  5. བཀྲ་ཤིས་དོན་འགྲུབ། says:
    2013-10-19 at 1:39 pm

    བོད་ལ་ཞེན་ལགས་ཀྱིས་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་དེ་ཚོར་རེ་བ་འདྲ་ཞིག་བཅངས་མྱོང་ཡོད་པ་འདྲ། ངས་ནི་གནའ་སྔ་མོ་ནས་བོད་ཁྱིམ་སློབ་གྲྭ་ཟེར་བ་དེ་ནས་ཐོན་པའི་མི་ཞིག་གིས་བོད་མི་ཤེས་ཡོན་པ་ཞིག་གི་ཚབ་བྱེད་ཐུབ་པ་ཕར་ཞོག བོད་མི་དཀྱུས་མ་ཞིག་གི་ཚབ་ཀྱང་བྱེད་ཐུབ་ཐབས་མེད་པ་སྔ་མོ་ནས་ཤེས་ཡོད་པས། དུས་དེང་སང་གསར་འགྱུར་དེའི་བཟོ་འདྲ་དེ་ཚོ་ང་ལ་མཚོན་ན་གནས་ཚུལ་དཀྱུས་མ་ཁོ་ན་རེད། ད་བོད་ཁྱིམ་སློབ་གྲྭ་ཟེར་བ་དེ་དྲང་པོར་བཤད་ན། བཟོ་གྲྭ་བྱེ་བྲག་པ་ཞིག་རེད། བཟོ་གྲྭ་གཅིག་ནས་ཐོན་པའི་ཐོན་རྫས་རྣམས་བྱེད་ལས་དང་ངོ་བོ་ནུས་པ་རྣམ་པ་སོགས་གང་ལ་ཡང་ཁྱད་པར་མེད་པར་གཅིག་འདྲ་ཞིག་ཐོན་ཡོང་བ་ཡིན་པས། བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱང་ད་ལྟའི་གཞིས་ཆགས་ཀྱི་ཕོ་གསར་འཕོངས་ཤ་སྐམ་པོ་འདི་ཚོ་དང་གཅིག་པ་གཅིག་རྐྱང་ཁྱད་པར་སྤུ་ཙམ་ཡང་མེད་པ། ཐ་ན་སྐད་ཀྱི་གདངས་ཕྲ་མོ་ཚུན་ཆད་ནས་པར་བརྒྱབས་པ་འདྲ་རྐྱང་རྐྱང་རེད་འདུག་པས། དེ་དག་ལ་བོད་མི་རིགས་ཀྱི་རེ་བ་འཆང་བ་ནི་ནོར་འཁྲུལ་ཆེ་ཤོས་དེ་ཡིན་པས། དོན་མེད་སྙིང་ན་རོགས་རེད།

  6. ཏི་སེའི་བུ says:
    2013-10-19 at 2:06 pm

    བོད་མི་ཤེས་ཡོན་ཅན་གྱི་ཚད་གཞིར་སླེབས་མཁན་ཉུང་ཟེར་ན་འོས། ¨བོད་མི་དཀྱུས་མ་ཞིག་གི་ཚབ་ཀྱང་བྱེད་ཐུབ་ཐབས་མེད་པ་¨སྐད་ཆ་འདི་ཡང་ཅུང་ཐལ་དྲགས་སོང་ང།

  7. ཆབ་མདོ་ངག་ཕུན། says:
    2013-10-19 at 2:31 pm

    འབྲེལ་ཡོད་ཚོས་ཁ་ནས་སྒྲིག་ཆས་གྱོན་ཆོག་མི་ཆོག་དང་། ཐུགས་སྤྲོ་བཏང་ཆོག་མི་ཆོག་ལབ་པ་ཙམ་ལས་དེའི་ནང་ལོག་ལ་ལྐོག་འགྱུར་གྱི་གནད་དོན་མང་པོ་ཞིག་ཡོད་པ་འདྲ། ལྷག་དོན་མུ་རིའི་བོད་ཁྱིམ་སློབ་གྲ་ནང་ལ་སློབ་ཕྲུག་ལ་ཕ་ཚབ་མ་ཚབ་ཚོས་ལས་ཀ་ཧ་ལས་པ་བསྐོལ་གྱི་འདུག་ལ། ཕྲུ་གུ་ཆུང་ཆུང་ལ་ཁ་ལག་བཟོ་བཅུག་པ་དང་། གད་ཕྱིས་བྱེད་བཅུག་པ་སོགས་ཕྲུ་གུ་སློབ་སྦྱོང་བྱེད་རྒྱུའི་ཚབ་ལ་ཐབ་ལས་དང་ནང་མང་བ་བསྐོལ་གྱི་འདུག་ཅིང་། དེ་དག་ནི་རྒྱ་གར་གྱི་ཡུལ་ཁྲིམས་དང་མཐུན་གྱི་ཡོད་ན། རྒྱ་གར་གཞུང་གི་ཕྲུ་གུར་ལས་ཀ་བསྐོལ་མི་ཆོག་པའི་ཁྲིམས་ལུགས་གཏན་འབེབས་གནང་ཟིན་ཡོད་ཅིང་། དེ་དག་འབྲེལ་ཡོད་ཚོས་མ་ཤེས་པ་ཞིག་ནི་ག་ལ་ཡིན། ད་ནི་འབྲེལ་ཡོད་ཚོས་དེ་དག་ལ་དགོངས་པ་བཞེས་དགོས་ཀྱི་འདུག་སྙམ། མ་སུ་རི་སློབ་གྲྭ་མཐོང་ན་སློབ་གྲྭའི་རྣམ་པ་འདྲ་པོ་མཐོང་མི་ཐུབ་ལ། ཕྲུ་གུར་ལས་ཀ་བསྐོལ་ས་འདྲ་པོ་ཞིག་མཐོང་གི་ཡོད། ཕ་ཚབ་མ་ཚབ་བཞག་དགོས་པའི་རྒྱུ་མཚན་ནི་སློབ་ཕྲུག་དེ་དག་ཕ་མ་རྒྱང་རིང་ཡོད་པ་སོང་ཙང་། ཕ་མ་ནང་བཞིན་བྱམས་བརྩིའི་ལྟ་སྐྱོང་གནང་ཞིག་ཡིན་པ་ལས་ཕྲུ་གུར་སྡིག་ར་བསྐུལ་ནས་ཐབ་ལས་བསྐོལ་མཁན་ཞིག་བཞག་པ་ག་ཡིན། དེ་བཞིན་དུས་ཚོད་ལ་སློབ་ཕྲུག་ལ་ཁ་ལག་བཟོ་སྟེ་སྤྲད་ཐུབ་པ་བྱ་རྒྱུ་དང་། ཕྲུ་གུ་ལྟ་སྐྱོང་ལེགས་པར་བྱེད་མཁན་ཞིག་ཡིན་པ་ལས་སློབ་ཕྲུག་ལ་ལས་ཀ་བཀོལ་ནས་བཀོད་མངགས་གཏོང་མཁན་ཞིག་ག་ལ་ཡིན། ཕ་ཚབ་མ་ཚབ་ཀྱིས་སློབ་ཕྲུག་ལ་ཁ་ལག་བཟོ་སྟངས་སློབ་ཀྱི་ཡོད་མདོག་གི་ཐབ་ལས་ཡོངས་རྫོགས་ཕྲུ་གུར་བསྐོལ་བའི་ལུགས་སྲོལ་མ་རབས་རྒྱུན་འབྱམས་ཤིག་ཆགས་འདུག་ན་ངེས་པར་མེད་པ་བཟོ་དགོས་ཀྱི་འདུག་ཅིང་། མ་འོངས་པ་ཕྲུ་གུར་ཐབ་ལས་མི་བསྐོལ་བའི་རེ་བ་ཞུ་བཞིན་ཡོད།

  8. ཨོ་རྡོ། says:
    2013-10-19 at 11:47 pm

    གོང་གི་གནས་ཚུལ་དངོས་གནས་བློ་ཕམ་དགོས་ཡག་ཅིག་རེད། ཡིན་ནའང་དེ་ལྟར་ཡོང་དགོས་དོན་གཙོ་བོ་དེ་ང་ཚོས་ཤེས་དགོས། རང་ཉིད་སྤྱི་ཚོགས་དེའི་ནང་ལོ་མང་བསྡད་མྱོང་ཡོད་པའི་མི་ཞིག་གི་ངོས་ནས་ཉམས་མྱོང་བཤད་པ་ཡིན་ན། སྤྱི་ཚོགས་དེའི་ནང་དཀའ་ངལ་ག་ཚོད་ཡོད་ཀྱང་ནང་ཁུལ་སེལ་ཐབས་ཀྱི་བསམ་བློ་རྩ་བ་ནས་མེད་པ་གཅིག་རེད། དེའི་ཐོག་ནས་ངོ་རྒོལ་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད།
    གལ་ཏེ་དབང་ཆེན་འགའ་ཤས་ཡོད་པ་དེ་དག་གི་ཕྱོགས་གཏོགས་ཡིན་ན་དཀའ་ངལ་གང་ཅིའི་ཐོག་ཡར་ཞུས་ཙམ་གྱི་བསལ་ཐུབ་པ་དང་། དེ་དག་གི་ཕྱོགས་གཏོགས་མ་ཡིན་པའི་རིགས་ཀྱི་དཀའ་ངལ་རྣམས་བསལ་རྒྱུའི་ཚབ་ཏུ་དཀའ་ངལ་གང་ལས་ཚབས་ཆེ་རུ་འགྲོ་རྒྱུ་ཐག་ཆོད་པ་རེད། དཔེར་ན། བོད་པའི་ཤོས་སྲོལ་ལ་གྱེལ་བའི་ཐོག་ཏུ་རྡོག་རྫིས་ལྟ་བུ་རེད། དེར་བརྟེན་མང་པོ་ཞིག་གིས་རྡ་ས་བཙན་བྱོལ་གཞུང་ལ་རེ་བ་རྒྱག་གི་ཡོད། འོ་ན་དེས་ཕན་ཐོགས་ཤིག་ཡོང་གི་ཡོད་རེད་དམ་ཞེ་ན། རེ་བ་སྟོང་ཟད་རེད། སྐབས་ཤིག་མི་གནད་ཡོད་ཅིག་གིས་ གལ་ཏེ་ཁྱོད་ཚོའི་དཀའ་ངལ་སེལ་དགོས་ན་དེར་ཟིང་སློང་དགོས། དེ་མིན་སུས་ཀྱང་དོ་སྣང་སྤྲོད་ཀྱི་མ་རེད་ཅེས་པའི་གནས་ཚུལ་གོ་ཐོས་བྱུང་། གཞུང་ཞབས་པ་དོ་ཚོས་ཐོས་ཀྱང་གོ་མ་བྱུང་མདོག་མདོག་དང་ཤེས་མ་བྱུང་མདོག་མདོག་སྡོད་པ་ལས་ཡ་ལན་སྐར་ཆ་གཅིག་སྤྲོད་རྒྱུ་མིན་པ་ཐག་ཆོད་པའི་སྒོ་ནས་ཞུ་ཐུབ། ༸གོང་ས་མཆོག་གི་ཉེ་ཆར་ ཁྱོད་ཚོའི་སྐུ་དྲག་གསར་པ་བྱེད་ན་འགྲིག་གི་མ་རེད་གསུངས་གནང་བ་བཞིན། དངོས་གནས་སྐུ་དྲག་གསར་མང་པོ་ཐོན་བཞིན་པ་ནི་གསལ་པོ་རེད། གང་ལྟར་ད་ལན་སློབ་ཕྲུག་དེ་ཚོར་གཏན་གཏན་ཟིང་སློང་ན་རྒྱལ་ཁ་ཡོད་པ་གསལ་པོ་ཤེས་ཀྱི་ཡོད་པའི་རྟགས་རེད། མ་འོངས་པར་སློབ་གྲྭ་མང་པོར་ཟིང་སློང་རྒྱུ་དེ་དར་སོ་གསར་པ་ཞིག་ཆགས་སྲིད་པ་ཡིན་དུས། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ནས་སྤྱི་ཚོགས་གང་ནས་ཀྱང་ཞུ་འབུལ་འབྱོར་བ་དང་དེ་ལ་ཞིབ་འཇུག་དང་བདེན་རྫུན་ངོ་སྤྲོད་གནང་ཐབས་ངེས་པར་གནང་དགོས་པ་ཞིག་མཐོང་གི་འདུག སྐབས་རེ་བོད་གཞུང་ལ་ཞུས་སྐབས་དེ་ནས་དང་པོ་ prima facia བྱུང་ན་མ་གཏོགས་ངོས་ལེན་མེད་ཅེས་འཁོད་པའི་ཕྱག་བྲིས་གཏོང་གནང་གི་ཡོད་པའི་ལོ་རྒྱུས་འདུག
    བྱས་དུས་གོང་མ་རྣམ་པས་ངོས་ལེན་གནང་རྒྱུར་ལས་སླ་ཤོས་དེ་ངོ་རྒོལ་ལམ་ཟིང་སློང་རྒྱུ་དེ་རེད། གནས་ཚུལ་དེ་འདྲ་ཞིག་ལ་སླེབས་དུས་ཚར་བ་རེད། གཅིག་གི་གདོང་ལ་གཅིག་གིས་ལྟ་བཞིན་སྡོད་རྒྱུ་ལྟག་ཡོད་མ་རེད། བཀྲིས་བདེ་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (31)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme