Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉི་མ་འདི་ཚོ།

Posted on 2008-08-30 By ཡེ་ཤེས་ 7 Comments on ཉི་མ་འདི་ཚོ།

ཉི་མ་ལྔའི་རིང་མི་དང་ཐུག་ཕྲད་མེད་ལ་གློག་ཀླད་དང་ཁ་པར་ལ་ལག་པ་མ་འཆང་བར་ནང་ལ་འཛུལ་ནས་སེམས་པ་ལྷོད་ལྷོད་བྱས་ཏེ་བསྡད་པས་དངོས་གནས་འཇིག་རྟེན་གཞན་ཞིག་ཏུ་བསླེབས་པ་ལྟ་བུ་བྱུང་། ཡིན་ན་ཡང་། ད་ལྟ་གཞི་ནས་གློག་ཀླད་ཀྱི་སྒོ་ཕྱེ་དུས། དྲ་གྲོགས་ཚོ་དང་ཁ་བརྡ་གཉིས་ཀ་མཉམ་དུ་དགའ་རབ་ཅིག་ཇེ་བཙན་དུ་སོང་འདུག
དེ་ནས་དུས་བབ་ལ་ཅིག་བལྟས་པ་ན། ཉིན་འགའི་སྔོན་གོང་ས་མཆོག་སྐུ་ཁམས་ཅུང་མ་བདེ་བར་སྨན་ཁང་དུ་ཕེབས་ཚུལ་འདུག་པས། རང་དབང་མེད་པར་ཁོང་འདར་ཞིག་ཤོར། ཡིད་བཞིན་ནོར་བུ་སྐུ་ཚེ་བརྟན་པར་སྨོན།
དེ་ནས་རྒྱ་མི་ཞིག་གིས་བྲིས་པའི་གོང་ས་ཏྰ་ལའི་བླ་མ་མཆོག་གི་སྙན་དྲུང་དུ་ཞེས་པ་དེ་ཀློག་ཞོར་དང་ངུ་ཞོར་བྱས། གལ་སྲིད་རྒྱ་རྒན་འདི་ཚོ་རྩོམ་ཡིག་འདི་འབྲི་མཁན་ལྟ་བུ་རེ་ཡིན་ན་བོད་ལ་རང་སྲིད་རང་སྐྱོང་སང་ཉིན་རང་འཐོབ་རྒྱུ་ངེས་ཅན་རེད། ཅིའི་ཕྱིར་རྒྱ་མི་འདི་ཚོ་ཀྲུའུ་རིའུ་ལྟ་བུའི་བོད་མིའི་སེམས་ཁོང་གི་སྡུག་བསྔལ་ཚོར་ཐུབ་མཁན་ཞིག་མིན་པ་རེད། གལ་སྲིད་རྒྱ་མི་མང་པོ་ཞིག་ཀྲུའུ་རིའུ་ལྟ་བུ་ཞིག་ཡིན་ན་ཡང་དེ་དག་ལས་སུ་ཞིག་གིས་རང་ཉིད་ཀྱི་འཚོ་གནས་བློས་བཏང་སྟེ་སྤུན་ཟླ་མི་རིགས་ཀྱི་བདེ་སྡུག་གོ་ཤེས་མེད་པའི་སྲིད་གཞུང་ཞིག་ལ་བརྗོད་ཀྱི་རེད། འདི་ལ་ངོ་མ་ཀློག་རིན་འདུག
རྒྱ་མོ་སི་ཕི་རིན་ཞེས་པ་ཞིག་གིས་ས་གནས་འདིའི་བོད་པ་ཚོ་དང་རྒྱ་རྒན་འགའ་མཉམ་དུ་བསྡུས་ནས་བོད་རྒྱའི་གྲོས་མོལ་ཞིག་བྱེད་རྩིས་འདུག་པས། རྒྱ་རྒན་དེ་ཚོའི་ཁྲོད་དུ་ཡང་གོང་གི་ཀྲུའུ་རིའུ་ལྟ་བུ་རེ་ཡོད་ན་མ་མཐའ་ཡང་ཕན་ཚུན་གོ་བརྡ་འཕྲོད་ཙམ་ཞིག་ཡོང་གི་རེད།
གཞན་རྒྱ་ནག་ཏུ་འགས་གཏོར་དང་བོད་དུ་ས་ཡོམ་བརྒྱབ་པ་འདི་དག་ཀྱང་ཉིན་འགར་གྲགས་མེད་ཚོར་མེད་དུ་བསྡད་པའི་ང་ལ་མཚོན་ན་གསར་འགྱུར་རེད། འདི་ལོར་ས་འོག་ས་སྟེང་གང་ས་ནས་ཅིག་མ་གཏོར་ན་འདུག་ཐུབ་ཀྱིན་མེད་པ་འདྲ། སྙིང་རྗེ། སེམས་ཅན་ཉེས་མེད་མང་པོ་ཞིག་དོན་མེད་ས་ནས་གཅེས་པའི་ཚེ་སྲོག་དང་བྲལ་འགྲོ་གིན་འདུག
ཨོ། ཤག་མཚེས་སེམས་བཟང་དེས་ཕིས་ཙ་སྡེར་མ་གང་ཁྱེར་ནས་བསླེབས་བྱུང་བས་སང་ཉིན་མཇལ་ཡ། ཕིས་ཙ་ལ་བོད་སྐད་དུ་ཇི་ལྟར་འབོད། ངས་བག་ཚལ་ཞེས་བོད་སྐད་ཡིན་པ་ལ་དབྱིན་སྐད་དང་ཡང་སྒྲ་ཉེ་བ་ཞིག་བཏགས་པ་ཡིན།

གསར་འགྱུར།

Post navigation

Previous Post: སྐྱིད་པོ་ཡོད་མེད་བཤད་ན།
Next Post: ༧གོང་ས་མཆོག་སྨན་ཁང་ནས་ཕེབས་ཐོན་གནང་གི་ཡིན་པ་རེད།

Comments (7) on “ཉི་མ་འདི་ཚོ།”

  1. shitsangwa says:
    2008-08-31 at 7:12 am

    བོད་ཀྱི་ཕ་སྐད་ལ་བདག་པོ་བརྒྱབ་པ་ཡག་པོ་རེད།

  2. འབར་ཞུན། says:
    2008-08-31 at 7:17 am

    ཕ་སྐད་ལ་བདག་པོ་བརྒྱབ་པ་ཡག་པོ་རེད།

  3. འབར་ཞུན། says:
    2008-08-31 at 7:24 am

    ཨ་རོ།

  4. kunchok says:
    2008-08-31 at 2:15 pm

    ཨ་རོགས་ཡེ་ཤེས་་་་་་་་་་ཉིན་འགའི་རིང་ཁྱོད་རིག་ས་ན་མི་འདུག་པས་སེམས་ཁྲལ་བྱུང་། གལ་ཏེ་སྟབས་ཉེས་འདྲ་བྱུང་ཡོད་ན་ང་ལ་ཡང་ལན་ཁག་ཅུང་མེད་དམ་དྲན་སོང་། ཡ་ད་ཡག་པོ་འདུག གོང་གི་ཕིས་ཙའི་འགྱུར་དེ་པད་ཡག་པོ་བྱུང་ཤག འདིའི་གོང་ཏག་ཏག་ལ་ངའི་ངོ་ཤེས་དབྱིན་ཇིའི་ཨ་ཅག་དེའི་ཧམ་སྦར་རྗེར་༼ཀྲིན་མོག་གམ་གྱོང་རྡོག་བར་ཏུ་ལྡུམ་བུ་དང་ཕག་མཇེའི་བཟོ་འདྲ་བོ་ཞིག་བཅུག་ནས་བཟའ་ཡ་༽ཤོག་ཁུག་གང་འཁྱེར་ཡོང་ནས་སྤྲད་སོང་བས་འདིའི་བོད་མིང་ལ་ཅི་ཟེར་ན་འོས་མོ་འདུག་གམ།

  5. དགེ་ཆོས། says:
    2008-08-31 at 3:32 pm

    གལ་སྲིད་ཉིད་ཀྱིས་གསུངས་པ་དེ་དབྱིན་སྐད་དུ་ཧ་ཁྲི་སྒྲོ་སྒུ་hot dogཡིན་ཚེ་སྒྲ་སྒྱུར་བྱས་ན་ཁྱི་ཚ་བོ་དང་། དོན་སྒྱུར་བྱས་ན་ཁྱི་མཇེ་ཚ་བོ་ཞེས་འབོད་ཆོག ཡིན་ན་ཡང་རང་རང་གི་ཕ་མ་སྤུན་མཆེད་སོགས་ངོ་ཚ་སྲུང་དགོས་སར་བག་རྒྱུ་ཞེས་འབོད་ཆོག གང་ལགས་ཤེ་ན་བག་ལེབ་ཀྱི་བར་དུ་རྒྱུ་མ་བཞག་ཡོད་པས་སོ།།

  6. kunchok says:
    2008-08-31 at 4:21 pm

    ཨོ་་་དགེ་ཆོས་རང་འཆུག་སོང་བ་མིན་ནམ། hot dogདབྱིབས་ནར་ནར་མིན་ནམ། ངས་ཟེར་ཡ་དེ་དབྱིབས་གོར་གོར་hamburger(སྐབས་རེར་གླང་ཤ་རྡོག་རྡོག་མཉམ་དུ་བཟའ་ཡ)རེད། བྱས་ཙང་དེ་རིང་ཤ་མཉམ་དུ་མེད་པར་གྱུ་མ་sausageམཉམ་དུ་འདུག ད་ཡིན་ན་འདི་ལ་ག་རེ་ཟེར་དགོས་རེད།

  7. སྟག་སྨྱོན། says:
    2008-09-01 at 6:33 pm

    དབྱིན་ཡིག་དང་འཇར་སྐད་སོགས་ཀྱི་ནང་དུའང་ lama ཞེས་སྒྲ་དོན་གཉིས་ཀར་གོ་རྒྱུ་ཅན་ཞིག་བསྒྱུར་འདུག་པ་ལས། བླ་མ་ནི་ “རླིག་པ་ཡོད་ཀྱང་སྐྱེས་དམན་ལ་མི་འཛག་པའི་མི་” ཞེས་བསྒྱུར་ན་དགོད་ཤོར་བ་ནང་བཞིན། དབྱིན་སྐད་ཡོངས་རྫོགས་སྐད་བོད་སྐད་ལ་ཨུ་ཚུགས་ཀྱིས་དོན་བསྒྱུར་བྱས་ན་གོང་གི་དཔེ་དེ་ནང་བཞིན་ཁྱད་མཚར་པོ་ཆགས་སྲིད། དོན་བསྒྱུར་དང་སྒྲ་བསྒྱུར་འདམ་མ་ནོར་དགོས་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme