Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངོ་པར་བཞག་མེད་པའི་དྲྭ་གྲོགས་ཚོར་གུ་ཡངས་གཏོང་འདོད་པ།

Posted on 2013-10-14 By ཁ་བརྡ་ 6 Comments on ངོ་པར་བཞག་མེད་པའི་དྲྭ་གྲོགས་ཚོར་གུ་ཡངས་གཏོང་འདོད་པ།

 བཀྲ་ཤིས་དོན་འགྲུབ།

 

       དེང་སང་ངོ་དེབ་དང་སྐད་ཕྲིན་ནང་དོ་བདག་གི་ངོ་པར་མེད་པའི་དྲྭ་ཉུལ་བ་མང་པོ་འདུག་ལ། དེར་མི་འགའ་ཞིག་གིས་སྐྱོན་བརྗོད་ཤུགས་ཆེར་བྱེད་ཀྱིན་འདུག་ཀྱང་། ངས་བལྟས་ན། ངོ་པར་ངོ་མ་བཞག་མིན་དེ་གཙོ་བོ་མ་རེད་འདོད། ང་ལ་མཚོན་ན་ཧ་ལམ་དྲྭ་གྲོགས་ཆིག་སྟོང་ཟིན་མ་ཟིན་ཡོད་ཀྱང་། ངོ་དེབ་ནང་ནས་སྲིད་དོན་དང་ཆོས་ལུགས་མི་རིགས་ཀྱི་གནད་དོན་སོགས་ལ་བགྲོ་གླེང་བྱེད་མཁན་མང་ཤོས་ངོ་པར་མེད་མཁན་ཚོ་ཡིན་པ་ལས། ངོ་པར་ཅན་མང་ཤོས་ཀྱིས་ཡོད་ཚད་ལ་ངོ་བསྟོད་དང་མཁས་རྐྱང་རྐྱང་བཤད་དེ་གཞན་སེམས་འབྲིད་དུ་འཇུག་ཐབས་ཁོ་ན་བྱེད་ཀྱིན་འདུག དེར་ལྟོས་ན་ངོ་པར་མེད་མཁན་ཚོ་གང་ཅིའི་ཐད་ནས་སྐྱོ་གི་མི་འདུག་བསམས་ཡོད། ཉེས་ཅན་པ་ནི་ངོ་པར་ཡོད་མཁན་གྱི་གྲས་སུ་ཡོད་ལ་མེད་མཁན་གྱི་གྲས་སུ་ཡང་ཡོད་པས། དེའི་ཆ་ནས་གླེང་ས་མེད།
 

      དེ་ལྟ་ནའང་གཙོ་བོ་ནི་མི་སོ་སོ་དྲྭ་ལམ་ཉུལ་དགོས་པའི་དམིགས་ཡུལ་ལ་ཐུག་ཡོད། གལ་སྲིད་ཁྱེད་རང་དྲྭ་ལམ་ཉུལ་བ་དེ་དགའ་རོགས་འཚོལ་རྒྱུ་དང་ངོ་ཤེས་བསྒྲིག་རྒྱུའི་ཆེད་དུ་ཡིན་ན་ནི། ངོ་པར་མེད་མཁན་ཚོར་ཁྱེད་རང་ཁོང་ཁྲོ་ལང་ངེས་ཡིན་ཡང་། དེ་ལྟར་མིན་པར། ཁྱེད་རང་དྲྭ་ལམ་ཉུལ་བ་དེ་ཅི་ཞིག་ཤེས་པ་དང་གང་ཞིག་ཐོས་པའི་ཆེད་དུ་ཡིན་ན་ནི། ངོ་པར་ཡོད་མེད་ཁོ་ནར་ཞིབ་གཤེར་བྱེད་པ་དེ་ཡང་དོན་མེད་ཀྱི་ལས་ཀ་འཐོལ་པ་ཞིག་ཏུ་མཐོང་གི་ཡོད།

       ང་རང་སྒེར་གྱི་ལྟ་ཚུལ་ལྟར། ངས་མཐོང་བ་དང་རིག་པའི་དྲྭ་ཉུལ་བ་མང་ཤོས་ཀྱི་ནང་ནས་བོད་མི་དྲྭ་ཉུལ་བ་དང་ལྷག་པར་བོད་ཡིག་བེད་སྤྱོད་བྱེད་མཁན་ཚོས་དྲྭ་ལམ་འདི་བེད་སྤྱོད་བྱས་པ་ཡག་ཤོས་ཀྱི་གྲས་སུ་མེད་ནའང་སྡུག་ཤོས་ཀྱི་གྲས་སུ་རྩ་བ་ནས་མེད་སྙམ་ཡོད། 

        གཅིག་ནས་ང་ཚོ་བོད་མི་ཚོ་ནི་མི་རིགས་གཞན་དང་གཏན་ནས་མི་འདྲ་བར་ཁ་ཐོར་གྱི་ངང་ནས་གཞན་རིགས་ཁྲོད་ཐིམ་ནས་ཡོད་ལ། གཉིས་ནས་ང་ཚོའི་སྐད་ཡིག་འདི་འཆི་གསོན་གྱི་མཐའ་ལ་ཐུག་པའི་སྐད་ཡིག་ཉེན་ཁ་ཅན་ཞིག་ཆགས་ཡོད་པའི་ཆ་ནས། བསྡུས་སྡོད་དང་འདུ་འཛོམས་བྱེད་ཐབས་མེད་པའི་བོད་མི་ནང་ཕན་ཚུན་ཕ་སྐད་ཀྱི་ལམ་ནས་ཁ་བརྡ་དང་བགྲོ་གླེང་སྣ་ཚོགས་བྱེད་ཐུབ་པ་འདི་ནི། དགའ་ཞིང་སྤྲོ་བའི་གནས་ཡིན་ན། གནས་ཚུལ་བཟང་པོ་འདི་འདྲ་ཞིག་གི་མདུན་ངོ་པར་ངོ་མ་བཞག་མིན་གྱི་གནད་དོན་དེ་ནི་གླེང་རིན་མེད་པ་ཞིག་དང་གལ་ཆེའི་རང་བཞིན་མི་ལྡན་པ་ཞིག་ཡིན། 

       ང་ལ་དྲྭ་གྲོགས་མི་རིགས་འདྲ་མིན་ཡོད་པའི་ནང་ནས། བོད་ཡིག་བཀོལ་བའི་བོད་པ་དག་ནི་ངས་དྲྭ་ལམ་བེད་སྤྱོད་བྱེད་མཁན་གྱི་དྲྭ་གྲོགས་ཡག་ཤོས་ཀྱི་གྲས་སུ་བརྩི་བཞིན་ཡོད། རྒྱུ་མཚན་ནི་མི་རིགས་གཞན་པའི་དྲྭ་ཉུལ་བ་མང་ཤོས་ཀྱིས། ཁྱོད་ཀྱིས་པར་དེ་སྙིང་རྗེ་མོ་འདུག རྫིག་པོ་འདུག ང་རང་ཁྱོད་ལ་དགའ་སོགས། མདོར་ན་ཕན་ཐོགས་ཅི་ཡང་མེད་པའི་ངོ་བསྟོད་དང་ཡང་ན་ཚིག་བཙོག་བལྟར་མི་བཟོད་པ་དེ་འདྲ་རྐྱང་རྐྱང་བྲིས་ནས་དུས་ཚོད་སྐྱེལ་གྱིན་འདུག་ཀྱང་། ང་ཚོ་བོད་རིགས་དྲྭ་གྲོགས་ཚོ་མང་ཤོས་ཀྱི་དེ་འདྲ་རང་མིན་པར། སྤྱི་ཚོགས་ནང་གི་གལ་ཆེན་མི་སྣ། ཆབ་སྲིད། རྩོམ་རིག སྒྱུ་རྩལ། སྐད་ཡིག སོགས་མ་གླེང་ཚད་མེད་ཀྱི་གནད་དོན་དག་ལ་རང་གི་ལྕོགས་ཚོད་ཀྱིས་དྲང་ལྡོག་གི་དབྱེ་ཞིབ་དང་བགྲོ་གླེང་སྣ་ཚོགས་བྱེད་ཀྱིན་འདུག་ན་དེ་ནི་དགའ་འོས་པའི་དོན་དག་ཁོ་ན་ཡིན། དེ་མིན་དྲྭ་འབུ་ཕན་ཚུན་འཁྲུག་ལོང་བྱེད་པ་དང་ཚིག་མཚོན་འདེབས་པ་སོགས་རེ་ཟུང་ནི་ཅིས་ཀྱང་འབྱུང་ངེས་ཏེ། དེ་ནི་ཐུན་མོང་གི་གླེང་སྟེགས་ཤིག་གི་ཁྱད་རྟགས་ཙམ་ཡིན་ན། དེ་ཙམ་ཡིད་མུག་དགོས་དོན་མེད་སྙམ།

        དེ་བས་ད་ལྟའི་བོད་མི་རིགས་ཀྱི་གནས་བབས་ཉམ་ཐག་པ་འདི་འདྲར། དྲྭ་བའི་འཇིག་རྟེན་འདི་མེད་སོང་ན། བོད་རིགས་ཕན་ཚུན་འབྲེལ་འདྲིས་དང་ཁ་བརྡ་བྱ་སའི་གླེང་སྟེགས་གལ་ཆེན་ཞིག་མེད་སོང་བས། ང་ཚོའི་འཆི་ལ་ཉེ་བའི་སྐད་ཡིག་འདི་དང་ཉམ་ཐག་པའི་མཐུན་སྒྲིལ་འདི་མ་གཞི་ནས་མཇུག་རྫོགས་ཉེན་ཡོད་ན། ང་ཚོ་བོད་མི་ཚོར་དྲྭ་བའི་འཇིག་རྟེན་འདི་ཤིན་ཏུ་དྲིན་ཆེ་བ་ཡིན་པར་མ་ཟད། ང་ཚོའི་བེད་སྤྱོད་བྱེད་སྟངས་ཀྱི་ཆ་ནས་ཀྱང་ད་ལྟའི་བར་དུ་བརྒྱ་ཆའི་དྲུག་བཅུ་བཟང་ཕྱོགས་ཡིན་ཚོད་འདུག་པས། ཁོ་བོས་ནི་དྲྭ་ཉུལ་བ་དག་གི་ངོ་པར་ངོ་མ་ཡོད་མིན་དེ་གནད་དོན་ཕལ་པར་བཞག་ནས། དེ་ལས་འགངས་ཆེ་བའི་དོན་དག་འདི་ཚོར་དགའ་བ་སྒོམ་བཞིན་ཡོད།

        ཞོར་དུ་སྤྱི་ཚོགས་འཛིན་སྐྱོང་བ་འགའ་ཞིག་གིས་དྲྭ་བའི་རིགས་འདི་ལ་མཐའ་གཅིག་ཏུ་བཀག་སྡོམ་བྱེད་ཀྱིན་འདུག་པ་དེ་ཡང་བཟང་ངན་དབྱེ་འབྱེད་མ་བྱས་པའི་བྱ་སྤྱོད་ཅིག་ཡིན་པར་གསལ་བཤད་བྱེད་འདོད་བྱུང་སྟེ། ཁོང་ཚོས་དྲྭ་ལམ་འགོག་པ་ནི་སློབ་སྦྱོང་སོགས་ཀྱི་བྱ་བར་འཐུས་ཤོར་མི་ཡོང་བའི་ཆེད་དུ་ཡིན་ཡང་། སློབ་སྦྱོང་ཞེས་པ་ནི་ངེས་པར་དུ་དཔེ་དེབ་ཀྱི་སྟེང་ནས་མ་གཏོགས་བྱེད་མི་ཆོག་པ་དང་ལེན་མི་ཆོག་པ་ཞིག་ཀྱང་མ་ཡིན་ལ། དྲྭ་ལམ་བརྒྱུད་ནས་ཐོས་རྒྱ་སོགས་པ་འདི་ཡང་དུས་རབས་དང་མཐུན་པའི་ཐོས་པ་འཚོལ་སྟངས་ཤིག་མ་རེད་ཅེས་སུས་ཀྱང་བསྒྲུབས་མི་ཐུབ། དེ་ལྟར་ཡིན་མིན་ནི། དེང་སང་མཐོ་དམན་བར་གསུམ་ཚང་མས་དྲྭ་ལམ་ཉུལ་བཞིན་འདུག་ན། སོ་སོས་སོ་སོར་བློ་གཟུ་བོར་གནས་པའི་སྒོ་ནས་དྲིས་ཤོག་དང་དྲིས་ལན་ཡ་ཡོ་མེད་པ་ཞིག་ཏན་ཏན་རག་ངེས་སོ།། 

རྩོམ་རིག

Post navigation

Previous Post: <སེམས་འཕྲིན་ཐེངས་གསུམ་པ་>དང་དེའི་སྐོར་ནས་རྒྱང་འདྲི་ཞིག་བྱས་ཡོད།
Next Post: ༸གོང་ས་མཆོག་གི་བཀའ་སློབ།

Comments (6) on “ངོ་པར་བཞག་མེད་པའི་དྲྭ་གྲོགས་ཚོར་གུ་ཡངས་གཏོང་འདོད་པ།”

  1. གནམ says:
    2013-10-14 at 8:10 am

    ཡོད་ཚད་ཀྱི་རྗེས་སུ་ལུས་ན། ཡོད་ཚད་བཤད་རིན་ཡོད་པའི་གསར་བ་རྐྱང་རྐྱང་ཡིན། ཧ་ཧ་ཧ།

    སྤྱི་ཚོགས་ཀྱི་སྐྱོན་མཚང་ཡོངས་སུ་རྟོལ་སོང་ན། ཁྱིམ་མཚེས་ལ་འཆམ་པོ་དང་། གྲོགས་པོ་ལ་ངོ་བསྟོད་རེ་བཤད་ནས་འདུག་ཡ་ལས་ལྷག་མེད་ཡ། ཧ་ཧ་ཧ།

    བཤད་ན་ཁ་ན་སྤྱད། ཉན་ན་རྣ་བསུན་སྤྱད་འདི་ཚོ། གོ་ལོ་ཐེས་ལོ་ཆེ་ཙམ་མེད་པའི་གཡམ་རྒྱུག་ཙམ་ལས། དོན་དུ་གནས་བ་ཞིག་གང་ནས་ཡང་མི་རག་ཡ། ཧ་ཧ་ཧ།

    མཁས་བར་སྙམ་ནས་ཁ་བློས། མཁས་སོ་ཟེར་བར་ཡིད་རེ། བླུན་པོ་ལུག་འདྲ་བ་འགས། དེ་རང་གི་ཆབ་སྲིད་བཤད། སང་ཉིན་གྱི་ཕྱི་མ་བཤད། འུར་བརྒྱབས་ནས་རང་མཚང་ཤོར། ཁ་ཉེས་ནས་ཁར་ཆད་ལྷག། ཧ་ཧ་ཧ།

    ད་མང་ཡ། མགོ་ན་འི་འཇུག་ནི། སྙིང་ལང་གི་འཇུག་ནི། ཡིད་གདུང་གི་འཇུག་ནི། སེམས་འཁྲུག་གི་འཇུག་ནི། ཧ་ཧ་ཧ།

  2. རྣ་བ་བརྒྱད་པ་ says:
    2013-10-14 at 11:46 am

    གྲོགས་པོ་འཚལ་བ་སོགས་དོན་དག་གཞན་མེད་ན་་་་གནས་ཚུལ་་་་དང་་་གསར་འགྱུར་་་་་སོགས་སྤེལ་ཡ་ལ་དོ་བདག་རང་གི་ངོ་པར་བཞག་དགོས་ཡ་མི་འདུག་སྙམ་རྒྱུ་མཚན་ངོ་པར་འདིའི་འཛམ་ལང་ན་རང་ཉིད་ཁྱབ་བརྒྲེགས་བྱེད་པ་ཙམ་རེད་

  3. དགེ་འདུན་རྒྱ་མཚོ། says:
    2013-10-15 at 4:53 am

    བཤད་ནོ་ཡག་གི
    ཚིག་གཅིག་ཀྱང་འཕྲོ་བརླགས་ལ་སོང་མེད་ཀི
    རིན་ཐང་བྲལ་བའི་སྐད་ཆ་རེད་།
    བསམ་བློ་ཡོད་པའི་མི་ཞིག་གི་སྐད་ཆ་རེད་འདུག

  4. དབྱངས་ཅན་འབངས says:
    2013-10-18 at 12:34 pm

    བཀྲ་བའི་རྣམ་དཔྱོད་སྤྱད་ནས།།
    ཤིས་པ་ལྷག་པར་སྒྲུབ་པའི།།
    དོན་ལ་གནས་པའི་ཚིག་ཕྲེང་།།
    གྲུབ་པ་འདི་ནི་རྨད་བྱུང་།།

  5. ཏི་སེའི་བུ says:
    2013-10-18 at 1:21 pm

    ཁ་ཅིག་སྒྱུ་རྩལ་པར་སོགས་མོས་པས་སྤྱོད།
    འགའ་རེས་མིང་གཞན་སྤྱོད་ཀྱང་རང་ཉིད་སྟོན།
    ལ་ལས་གཞན་མགོས་རང་ཉིད་ཡིན་མདོག་བྱེད།
    མདོར་ན་ངོ་དེབ་འདི་ལ་རྣམ་དབྱེ་མངས།

  6. ཏི་སེའི་བུ says:
    2013-10-18 at 3:51 pm

    གསུངས་སོ་ལེགས་པར་གསུངས་སོ། ཤིན་ཏུ་ལེགས་པར་གསུངས་སོ།
    བཙན་བྱོལ་བོད་མིས་རྩོམ་རིག་མི་ཤེས་པས། ཀླུ་སྨྱོན་བྱ་དགའ་དེ་ཡང་འཕྲོ་བརླག་གཏོང།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme