Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་འོངས་པར་བོད་པ་བཙན་བྱོལ་བ་ཚོར་འཕྲད་རྒྱུའི་དཀའ་ངལ་གྱི་ཕྱོགས་ཤིག

Posted on 2013-10-092013-10-09 By ཁ་བརྡ་ 16 Comments on མ་འོངས་པར་བོད་པ་བཙན་བྱོལ་བ་ཚོར་འཕྲད་རྒྱུའི་དཀའ་ངལ་གྱི་ཕྱོགས་ཤིག

འབྲོང་མགོ་སྐམ་པོ། ཧྥ་རན་སི།

ཉེ་བའི་ལོ་འགའི་རིང་ནས་བོད་དོན་གྱི་གནས་བབ་ཛ་དྲག་ཏུ་གྱུར་དང་འགྱུར་བཞིན་པའི་སྒང་ཡིན་པ་ལྟར། མང་པོ་ཞིག་གིས་བོད་དོན་འཛམ་གླིང་རང་བཞིན་ཅན་དུ་གྱུར་དང་འགྱུར་མུས་ལ་བསམ་བློ་བཏང་ནས་རང་ཅག་ལ་རེ་བ་ཞིག་ཡོད་པར་སྙམ་གྱིན་ཡོད་མོད། སྤྱི་ཡོངས་ནས་བཤད་ན་ཛ་དྲག་ཏུ་གྱུར་དང་འགྱུར་བཞིན་པ་འདིར་ལྡོག་ཕྱོགས་ཀྱི་ནུས་པ་ཡང་ཐོན་གྱིན་ཡོད་དེ། དེ་ཡང་ལྷ་སའི་སེ་འབྲས་དགེ་གསུམ་ན་སློབ་གཉེར་བྱེད་བཞིན་པའི་ཕྱོགས་ཡོང་གྲྭ་བ་ཚང་མ་ཕྱིར་རང་གནས་སུ་ལོག་དགོས་པར་བྱུང་ཡོད་པས། བོད་ཀྱི་དགོན་སྡེའི་རིག་གནས་སློབ་གཉེར་གྱི་ནུས་པ་ཉམས་ཞན་དུ་གྱུར་ཡོད་ཅིང་། གྲོང་གསེབ་ས་ཁུལ་དུ་ཡང་རྒྱ་གཞུང་གིས་ཏང་ཡོན་བྱ་འགུལ་ཁང་ཞེས་པའི་ཁང་པ་བརྒྱབ་ནས་དེར་གཏན་སྡོད་ཀྱི་ལས་བྱེད་གོ་སྒྲིག་བྱས་ཏེ་གྲོང་པ་རེ་རེའི་བདེ་འཇགས་ལ་དོ་དམ་ནན་ཏན་བྱེད་ཀྱི་ཡོད།

ལྷག་པར་དུ་སྲིད་གཞུང་གི་སྡེ་ན་ལས་ཀ་གཉེར་བཞིན་པའི་བོད་མི་གནད་ཡོད་མང་པོ་ཞིག་གོ་ས་ལས་གཡུགས་པ་དང་། སློབ་གྲྭ་ཁག་ཏུ་ཡོད་པའི་སློབ་མའི་ཚོགས་སློབ་གྲྭའི་ཕྱི་ནང་དུ་གང་བྱུང་འགྲོ་མི་ཆོག་པ་བཟོས་ཁར་ཁྱིམ་བདག་རྣམས་ཀྱང་རང་གི་བྱིས་པར་ཐུག་འཕྲད་ཆེད་སློབ་གྲྭའི་ནང་འགྲོ་མི་ཆོག་པ་བཟོས། བདེ་འཇགས་སམ་ཁྲིམས་ཀྱི་སློབ་ཁྲིད་ཅིག་ཁ་སྣོན་བྱས་ཏེ་ཀླད་པ་བཀྲུ་བའི་སློབ་གསོ་ལ་སྔར་ལས་ཀྱང་ཤུགས་བསྣན་དེ་ལག་ལེན་དུ་བསྟར་གྱིན་ཡོད།
དེ་བས་ཀྱང་འཇིགས་སུ་རུང་བ་ནི་དེ་སྔ་ལྷ་སའི་ཕྱོགས་ནས་སྲིད་གཞུང་གི་ལས་ཀ་བྱས་མྱོང་བའི་མི་གདུག་རྩུབ་ཅན་རེ་འགའ་ཞིང་ཆེན་གཞན་དང་གཞན་དུ་ལས་བགོས་ཀྱིས་དེ་སྔ་ཅུང་གུ་ཡངས་ཡིན་པའི་ས་ཁུལ་མང་པོ་ཞིག་ཏུ་ཡ་ང་བའི་ཁྲིམས་ཇུས་ལག་བསྟར་བྱེད་ཀྱིན་ཡོད་པ་སོགས་ནི་བོད་དོན་ལས་འགུལ་བ་དག་གི་བསམ་ཡུལ་ལས་འདས་པའི་ལྡོག་ཕྱོགས་ཀྱི་ནུས་པ་རེད་མོད། ད་ལྟའི་བར་འདིའི་ཕྱོགས་སྨན་པའི་ལས་འགུལ་གང་ལྟར་རྩོམ་དགོས་པའང་ཤེས་ཀྱིན་མེད།

སྤྱི་ཡོངས་ནས་རྒྱ་ནག་སྲིད་གཞུང་གི་དམིགས་ཡུལ་ནི་༧གོང་ས་རིན་པོ་ཆེའི་སྐུ་ཚེའི་མཇུག་རྫོགས་ན་བོད་པ་ཚོའི་ནུས་པ་རང་ཤུགས་ཀྱིས་ཉམས་འགྲོ་བར་བསམ་ཡོད་པ་དང་། ༧གོང་ས་རེིན་པོ་ཆེས་སྲིད་ཕྱོགས་ནས་བགྲེས་ཡོལ་ཞུས་པ་བཙན་བྱོལ་བོད་གཞུང་གིས་མང་གཙོའི་ཁྱད་ཆོས་ཤིག་ཕྱིར་མངོན་པ་དང་། ༧གོང་ས་མཆོག་གི་བགྲེས་ཡོལ་ནི་དོན་གྱི་བགྲེས་ཡོལ་ཞིག་ཏུ་འགྱུར་ཐུབ་ཀྱིན་ཡོད་མེད་ནི་ད་དུང་ཡང་བཙན་བྱོལ་ཁྲོད་དང་ལྷག་པར་བོད་ནང་ནས་གསང་ལམ་བརྒྱུད་ནས་ཉན་ཐུབ་པའི་གསར་འགྱུར་རེ་འགའ་ལྟར་ན། ད་དུང་ཡང་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ཅེས་པ་འདི་བཀོལ་མཚམས་བཞག་མེད་པ་དང་། ༧གོང་ས་མཆོག་གིས་ཀྱང་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་སྐོར་ལ་གསུངས་པའི་བཀའ་སློབ་ཀྱི་བབ་དང་བསྟུན་ཡོང་ན་དོན་གྱི་སྲིད་ཕྱོགས་ཀྱི་བགྲེས་ཡོལ་ཞིག་ཏུ་གྱུར་ཡོད་མེད་ཐེ་ཚོམ་ཟ་བའི་གཞི་རུ་གྱུར་ཡོད་པ་སོགས་བོད་ནང་གི་ཤེས་ཡོན་པ་མང་པོ་ཞིག་གི་བསམ་ཚུལ་ཤིན་ཏུ་མང་ན་ཡང་འདིར་རེ་རེ་བཞིན་འབྲི་བའི་དགོས་པ་མ་མཆིས་པས་བཞག བོད་དོན་བདེན་མཐའ་སེལ་བར་ཆེས་འཇིགས་སུ་རུང་བའི་གནད་དོན་ནི་ཕྱོགས་མང་པོ་ཞིག་དང་འབྲེལ་ཡོད་པ་ལས་བཙན་བྱོལ་བ་ཚོར་མཚོན་ན་འདི་དག་རེད་སྙམ་མོ།།

གཅིག ༡༩༩༠ ཡར་མར་དང་༢༠༠༠ ལོའི་ནང་བོད་ནས་སྐྱབས་བཅོལ་བའི་གྲངས་འབོར་མང་ཙམ་འབྱོར་སྐབས་སེམས་ཤུགས་ཧ་ཅང་ཆེ་བའི་གཞོན་སྐྱེས་མང་པོ་ཞིག་ལ་སྐྱབས་བཅོལ་ལག་འཁྱེར་སོགས་མེད་པར་བསྙད་ནས་གཞུང་གི་ལས་ཀ་གོ་སྒྲིག་མ་བྱས་པས། ཁོང་ཚོ་ཐབས་ཟད་འུ་ཐུག་གིས་ཕྱིར་ཕ་ཡུལ་དུ་ལོག་པ་དང་ཐབས་ལམ་འདྲ་མིན་ལ་བརྟེན་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཁ་ཐོར་དུ་སོང་ཡོད།

གཉིས། རྒྱ་ནག་གིས་ས་མཚམས་བརྟན་སྲུང་གི་སྲིད་ཇུས་ཇེ་དམ་དུ་བཏང་ནས་སྐྱབས་བཅོལ་དུ་འགྲོ་ལམ་སྒོ་ཀུན་ནས་བཀག་པའི་གྲོགས་དན་ལྟ་བུར། ལངས་ཕྱོགས་མེད་པའི་རྒྱ་གར་དུ་གནས་སྡོད་སྐྱབས་བཅོལ་བོད་མི་མང་པོ་ཞིག་གིས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་ནས་རྒྱ་ནག་གི་མི་སེར་གྱི་ངོ་བོའི་སྟེང་ནས་བོད་དུ་གཉེན་འཕྲད་དུ་ཡོང་བ་དང་མང་པོ་ཞིག་ཕྱིར་འགྲོར་མ་བཅུག་པའམ་འགྲོ་འདོད་མེད་པར་ལུས་ཡོད་པ།

གསུམ། བཙན་བྱོལ་བོད་གཞུང་གི་སྲིད་གཞུང་གསར་བས་རྔམ་རྔམ་རྫིག་རྫིག་གིས་འབེན་མེད་པར་མདའ་གང་སར་འཕེན་པ་ལས་བོད་དོན་བདེན་མཐའ་མ་གསལ་བར་དུ་བོད་རང་གི་རིག་གནས་དང་སྐད་ཡིག་ལ་གཅེས་སྐྱོང་༼ད་ལྟའི་སྲིད་གཞུང་གསར་བའི་བཀའ་ཁྲི་ནས་བཟུང་སྟེ་དབུ་ཁྲིད་མང་པོ་ཞིག་གི་བོད་ཡིག་གི་བྱང་ཚད་ཞན་པ་དེ་ནི་གཞིས་ལུས་རིགས་ཞེན་ཅན་དག་གི་སེམས་པ་སྐྱོ་གཞི་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་སྤྱི་འཐུས་ལྷན་ཚོགས་སྐབས་མུ་མཐུད་བོད་ཡིག་སྦྱང་དགོས་མིན་སོགས་ལ་དགོས་པ་མེད་པའི་བགྲོ་གླེང་སོགས་བྱུང་བར་ཤིན་ཏུ་ནས་བློ་ཕམ་སྐྱེས་ཡོད་པ་རེད།༽དང་། བཙན་བྱོལ་བའི་ངོ་བོ་བརྟན་སྲུང་། བཙན་བྱོལ་བའི་འཚོ་གནས་ཐག་གཅོད། བཙན་བྱོལ་ཁྲོད་ཀྱི་ཤེས་ཡོན་པ་བདག་མེད་དུ་ལུས་པ། བཙན་བྱོལ་ཁྲོད་ཀྱི་སློབ་མར་སློབ་སྦྱོང་མཁོ་སྤྲོད་བྱེད་པ་སོགས་ལ་དོ་སྣང་གིས་འདང་གིན་མེད་པ།

བཞི། ནུབ་ཕྱོགས་སུ་ཕྱིན་པའི་བོད་མི་དག་གིས་སྐབས་རེ་འམ་ལན་རེར་སྐད་འབོད་ཙམ་བྱེད་པ་ལས་བོད་རང་གི་ངོ་བོའི་སྟེང་ནས་ལས་ཀ་གང་ཡང་བྱེད་ཐུབ་ཀྱི་མེད་ལ། བོད་ཀྱི་ཆོས་དང་རིག་གཞུང་ཐད་སེམས་ཁུར་དང་ལས་ཀ་བྱེད་རྒྱུ་ཅམ་འཇོག་མི་བྱེད་རང་བྱེད་དུ་གྱུར་ཡོད།
མདོར་བསྡུས་ན་ཁོང་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་གིས་ཕྱིར་བོད་ནང་དུ་གཉེན་འཕྲད་སོགས་ལ་འགྲོ་སྐབས་རྒྱ་ནག་དོན་གཅོད་ཀྱིས་ཆོག་མཆན་མི་ཐོབ་པར་སྐྲག་ནས་ཆབ་སྲིད་ཀྱི་ལས་འགུལ་གང་གི་ཁྲོད་དུ་ཡང་ཞུགས་ཐུབ་ཀྱི་མེད་པས་རང་དབང་ལུང་པ་ནའང་ཁོང་ཚོའི་རང་དབང་རྒྱ་ནག་གིས་འཕྲོག་ནས་ཡོད་པ།

ལྔ། རྒྱ་ནག་སྲིད་གཞུང་ཆེས་སྐྲག་ཡུལ་དུ་གྱུར་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཀྱང་ཞལ་འདེབས་བསྡུ་སློང་དང་འབྲེལ་བའི་ལྐོག་ཟ་རུལ་སུངས་དང་། ནང་ཁུལ་རྙོག་སློང་གིས་ཚོགས་པའི་ངོ་བོ་དང་ལངས་ཕྱོགས་བརྟན་སྲུང་བྱེད་ཐུབ་མེད་ཁར། ཁོང་ཚོའི་ནང་ཁུལ་གྱི་རྙོག་སློང་གིས་རྒྱ་ནག་སྲིད་གཞུང་གི་འདོད་དོན་སྒྲུབ་ཀྱིན་པ་དེ་རེད།

དྲུག མང་ཚོའི་ཀ་བའི་ཡ་གྱལ་སྟེ་བཙན་བྱོལ་ཁྲོད་ཀྱི་གསར་འགོད་པ་ཚོར་ཤེས་ཡོན་དང་བསམ་བློ། སྐད་གདངས་དང་འཇོན་ནུས་དེ་ཙམ་མེད་སྟབས་གསར་འགྱུར་གྱིས་གཞན་ཡིད་འགུག་པའི་ནུས་པ་དབེན་པ། ལྷག་པར་དུ་ནུབ་ཕྱོགས་སུ་གནས་སྡོད་གསར་འགོད་པ་དག་གི་ལས་ཀ་ནི་ཞོར་ལས་ཀྱི་ངོ་བོ་ལྟ་བུར་ཡོད་པའི་ཚོར་སྣང་རིམ་ཅན་དུ་ཡོང་གི་འདུག་པ་མ་ཟད། ཁོང་ཚོས་བོད་ནང་གི་གསར་འགྱུར་གང་ཞིག་རེག་མཚམས་མགོ་མཇུག་གང་ལ་ཡང་བསམ་བློ་མི་གཏོང་བར་བསྒྲགས་རྗེས། གསར་འགྱུར་མཁོ་སྤྲོད་པ་སོགས་བཙོན་དུ་ཚུད་པ་ཤིན་ཏུ་མང་ཞིང་། སླད་མར་ཕྱི་ཕྱོགས་སུ་གསར་འགྱུར་མཁོ་གཏོང་བྱེད་མཁན་ཡང་ཇེ་ཉུང་དུ་འགྲོ་ངེས་པ།

བདུན། ད་ལྟའི་བར་དུ་དབུ་མའི་ལམ་ཞེས་སྐད་བརྒྱབ་བརྒྱབ་ནས་ད་ལྟའི་བར་དུ་འགོར་ན་ཡང་། བོད་མི་ཡོངས་ཕར་ཟད། བཙན་བྱོལ་བོད་གཞུང་གི་ལས་ཀ་བྱེད་མཁན་དག་ཀྱང་དབུ་མའི་ལམ་ལ་ཤར་སྐྱོད་བྱེད་ཐུབ་ཀྱི་མེད་པ་བཅས་ནི་ད་ལྟ་གཞིས་བཞུགས་བོད་མི་ཡོངས་ཀྱི་རེ་ལྟོས་ཉག་གཅིག་སྟེ། སྐྱབས་བཅོལ་བོད་མིའི་གཞུང་གི་མ་འོངས་པའི་ཉེན་ཁ་དང་ད་ལྟའི་གནད་དོན་འབའ་ཞིག་རེད་བསམ་མོ།།

གསལ་བཤད། གུས་པ་ནི་ལོ་ངོ་གཅིག་རིང་བོད་ནང་ནས་ཡོ་རོབ་ཏུ་སློབ་སྦྱོང་ལ་ཡོང་བའི་བོད་རིགས་ཤིག་ཡིན་སྟབས། རང་དབང་གི་འཚོ་བ་རོལ་ནས་ཟླ་ཤས་ལས་སོང་མེད་ན་ཡང་། དེ་སྔ་ནས་བོད་པའི་སྐད་ཡིག་རིག་གནས་དང་བཅས་པའི་གནད་དོན་མང་པོ་ཞིག་གི་ཐད་དོ་སྣང་བྱེད་མཁན་ཞིག་ཡིན་པའི་ངོས་དང་། བཙལ་བྱོལ་སྤྱི་ཚོགས་ཀྱི་གནས་བབ་དང་འགྱུར་ལྡོག་ལ་ཉམས་ཞིབ་བྱེད་མཁན་ཞིག་ཡིན་པའི་ཆ་ནས་འདིར་གནས་ཚུལ་མདོར་བསྡུས་འདི་ཞུས་པ་འདི་ལྟར་ན་ཡང་། འདིའི་ཁྲོད་གོ་འཛོལ་དུ་སོང་བ་ཅི་རིགས་ཡོད་ན་དགོངས་འགལ་མེད་པར་ཞུ་རྒྱུ་ཡིན་ནོ།།

སྣ་ཚོགས།

Post navigation

Previous Post: བོད་མི་གཞན་ཕན་པ་ཨ་སྐོང་རིན་པོ་ཆེ་སྐུ་བཀྲོངས་པར་ཡིད་གདུང་དྲག་པོས་མྱ་ངན་ཞུ།
Next Post: བན་ཆུང་ངའི་ལྟ་བ་འཁྲུགས་སོང་ཐལ།

Comments (16) on “མ་འོངས་པར་བོད་པ་བཙན་བྱོལ་བ་ཚོར་འཕྲད་རྒྱུའི་དཀའ་ངལ་གྱི་ཕྱོགས་ཤིག”

  1. སེམས་བཟང་། says:
    2013-10-10 at 1:19 am

    མགོ་སྐམ་གྱི་སྐད་ཆ་ཡང་སྐམ་པོ་རང་རེད་འདུག སྐད་ཆ་ཡག་པོ་གཅིག་ཀྱང་བཤད་ཡ་མི་འདུག

  2. དགེ་འདུན་རྒྱ་མཚོ། says:
    2013-10-10 at 3:00 am

    རེད་་ཡ།
    ཁྱོད་ཀྱི་ཤེས་དགོས་པ་ཚང་མ་ཤེས་ཡོད་འདུག
    ཚང་མ་ཐག་བཅད་ནས་བཤད་འདུག
    ངས་བལྟས་ན་ཁྱོད་ཀྱིས་ཤེས་ཡ་མང་དྲག་སོང་།་ཧ་ཧ་

  3. གེ་སར་ says:
    2013-10-10 at 5:36 am

    དཔེ་་ཡག་གསུང་འདུག་་་ཐུགས རྗེས་གནང་་་་་་་

  4. རིན་ཆེན། says:
    2013-10-10 at 8:17 am

    ཁོང་ལྟ་བུའི་སྐད་ཆ་དོན་གནད་ཡོད་པ་ཞིག་གསུང་མཁན་ནི་ཕྱི་སྡོད་བོད་མི་ནང་ལ་ཉིན་མོའི་སྐར་མ་ཙམ་དུ་འོ། ཁོང་ལྟ་བུའི་ཕྱི་སྡོད་བོད་རིགས་དེ་ཚོས་བོད་ནང་གི་བོད་མི་དཀའ་སྡུག་འཕྲད་མཁན་དེ་ཚོ་ལ་་ཁ་ཞེ་གཉིས་མེད་ཀྱིས་ལྷག་བསམས་རྣམ་དག་གིས་ལང་ཕྱོགས་ཞིག་འཛིན་པར་ཤིན་ཏུ་ནས་གལ་ཆེ་འོ།

  5. ནམ་མཁའ says:
    2013-10-10 at 9:45 am

    ཕྱོགས་གཉིས་ཀ་ལ་གསལ་ཆ་ཅུང་འདུག་པས་ཡག་པོ་རེད། གང་ལྟར་ཕྱི་ནང་གཉིས་ནས་གླེང་སློང་བྱེད་དགོས་ཀྱི་འདུག

  6. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-10-10 at 12:01 pm

    རི་བོང་གནས་རྡིབ་ཀྱི་སྔུག་བསྔལ་ཟེར་བ་འདི་འདྲ་ཞིག་ལ་གོ་དགོས་པ་རེད། 
    དོན་ལ་འདིས་བཙན་བྱོལ་པར་ཁ་གཏོང་བ་དང་སེམས་ཤུགས་ཆགས་ཐབས་བྱེད་ཀྱི་འདུག

  7. lནུབ་ཕྱོགས་གངས་ཕྲུག says:
    2013-10-10 at 12:15 pm

    ངའི་མཐོང་ཚུལ་ལ། འབྲོང་མགོའི་སྐད་ཆ་བརྒྱ་ཆ་བརྒྱ་ནས་དགུ་བཅུ་བདེན་པ་རེད།

  8. ཆོས་འཕེལ། says:
    2013-10-10 at 12:48 pm

    སྐད་ཆ་དེ་ཚོར་དཔྱད་གཞིའི་ས་བོན་མང་པོ་འདུག། བོད་ཕྱི་ནང་གཉིས་ཕྱོགས་ཀྱི་བསམ་ཚུལ་དང་གླེང་ཚུལ་བཅས་ཀྱིས་རྒྱན་འདུག། མིག་གཙུམས་ནས་རྒྱའི་འོག་ཏུ་བཙན་གྱིས་དེད་མཁན་ཚོའི་རྣ་ལ་སྐད་ཆ་འདི་འགྲོ་མི་སྲིད།

  9. དབྱངས་ཅན་ལྷ་མོ། says:
    2013-10-10 at 12:50 pm

    སྐད་ཆ་་གནད་ལ་ཕིགས་པོ་རང་རེད་ཞག

  10. དྲན་དཀར་དཔལ་ཡོན་ says:
    2013-10-10 at 1:40 pm

    ངའི་ལྟར་ན་འབྲོང་མགོ་སྐམ་པོ་རྫུན་བཤད་མཁན་ཅིག་རེད། ལྟ་གྲུབ་མི་གཙང་གི་བསམ་ནག་ཅིག་མིན་པ་འདྲ། མགོ་མོའུ་ཡི་ལག་པར་ཤོར་སོང་བ་འདྲ། བོད་ནང་གི་དཀའ་ངལ་མ་སེལ་ན་བཙན་བྱོལ་བ་ཡ་རབས་ཚོས་ཆོས་ཡོན་རེ་བླངས་ཏེ་འགུལ་བསྐྱོད་ལོས་བྱེད། བོད་ནང་གི་དཀའ་ངལ་སེལ་སོང་ན་གསར་འགྱུར་སྒྱུ་རྩལ་དང་གཏམ་བཤད་སྒྱུ་རྩལ་གྱི་ཁ་གསོ་དགོས་ན་བཙན་བྱོལ་བ་བཙན་བྱོལ་བ་མ་རེད། སྐྱིད་བྱོལ་བ་རེད།

  11. སྒྲོལ་མ་འཇིགས་སྒྲོལ says:
    2013-10-10 at 6:30 pm

    འབྲོང་མགོ་སྐམ་པོའི་སྐད་ཆ་རྒྱ་ཆ་དགུ་བཅུ་བདེན་པ་རེད

  12. ལྷ་རིག says:
    2013-10-11 at 3:13 am

    དྲང་མོ་བཤད་ན་མྱི་མི་དགའ གཡུག་ཕྱེར་ན་ཁྱི་ལ་དགའ

  13. ལུང་རྟོགས། says:
    2013-10-11 at 6:44 am

    སྤྱིར་འདྲ་ཆག་ཆག་ཅིག་བཤད་འདུག་ཀྱང་། འདིས་ནང་ལ་ཡང་ཆབ་སྲིད་ཀྱི་དྲི་མ་ངན་པ་ཞིག་ཁ་ཡོང་གི་འདུག དེས་ན་མཇུག་གི་གསལ་བཤད་དེ་ལ་དེ་ཙམ་ཡིད་ཆེས་མ་སོང་།

  14. གནམ says:
    2013-10-11 at 9:44 am

    འབྲོང་མགོ་སྐམ་པོའི་ནང་ན་ཀླད་པ་ཞིག་གང་ན་ཡོད། ད་དུང་ཁྱོས་ལོ་ངོ་མི་ཉུང་བ་ཞིག་ལ་ཞིབ་འཇུག་བྱེད་དགོས་རྒྱུ་རེད། གོ་ལོ་ཐེས་ལོ་ལ་ཞིབ་འཇུག་མི་ཟེར།

    རྒྱ་གར་ནས་འཚོ་རྟེན་མ་རག་པར་བོད་དུ་ལོག་ཡོད་པ་བདེན་ཡང་། ཆབ་སྲིད་ཀྱི་ལྟ་གྲུབ་ལ་རེ་ལྟས་ཆད་ནས་བོད་ལ་ལོག་པ་ནི་གཅིག་ལ་མེད་ཟེར་ན་ཡང་བཤད་ཆོག་པ་ཞིག་ཡིན།

    ཡོ་རོབ་དང་ཕྱི་གླིང་ཁག་གི་བོད་མིས་ཕ་ཡུལ་ལ་འགྲོ་འདོད་ཀྱིས་རྒྱ་དམར་ལ་ངོ་རྒོད་བྱེད་པར་སྐྲག་པ་ནི་བདེན་པ་མིན། མིག་ལ་ཤལ་ནག་དང་ཁ་ལ་ཁ་ཡོལ་བརྒྱབས་ནས་བློ་ཐབས་སྤྱང་པོའི་སྒོ་ནས་རྒྱ་ནག་གི་སྐྱོན་མཚང་ལ་ངོ་རྒོད་ཡང་ཡང་བྱེད་བཞིན་ཡོད་པ་རེད། སྐད་རྒྱག་རྒྱུ་དེ་གཙོ་ཡིན་པ་ལས་རྒྱ་ནག་གི་གསང་བའི་པར་མདུན་ནས་རྒྱ་ལ་ངོ་རྟགས་མི་སྤྲོད་པ་ནི་བློ་ཐབས་ཡིན་པ་དང་ཕ་ཡུལ་ལ་ཡང་སྐྱོད་ཐུབ་པའི་རང་སྲུང་ཙམ་རེད།

    རྒྱ་ནག་ལྟ་བའི་དམར་པོའི་མེ་མདའ་ཅན་གྱི་འོག་ཙམ་ལས་གཞན་ཡུལ་ལུང་གང་ན་ཡང་ཆབ་སྲིད་ལྟ་བ་གཅིག་ལ་ཤར་སྐྱོད་བྱེད་པའི་མི་རིགས་ཞིག་ནམ་ཡང་ཡོད་མི་སྲིད།

    བཙན་བྱོལ་ཁྲོད་ན་ཤེས་ཡོན་ཅན་ཡོད་རུང་མེད་རུང་། ཡོད་ཚོད་ཀྱིས་ལས་ཀ་ག་འདྲ་ཞིག་ཡིན་ཡང་། ལས་མཚམས་དང་ལས་སྒོ་བརྒྱབས་པའི་ཉིན་མ་གཅིག་ལ་ཡང་ཡོད་པ་མ་རེད། ཡོན་ཏན་གྱིས་མ་འདང་བ་དང་ཐུབ་པའི་བྱ་ཡོད་ཡང་། དེ་ནི་མི་རིགས་ཞིག་གི་ཀླད་པའི་ཤེས་རྩལ་ལ་རག་ཡོད་པ་ལས་གཞན་ཁག་འཇོག་ས་གང་ན་ཡོད་པ་རེད། སྤྱང་པོ་མེད་པ་ཡིན་ན། བཙན་གྱིས་སྤྱང་པོར་བཟོ་མི་ཐུབ།

    སྐྱབས་བཅོལ་བ་མང་པོ་སླེབས་ཐུབ་དང་མི་ཐུབ་ཀྱིས་བོད་རྒྱའི་ས་མཚམས་ཆུ་མཚམས་ཀྱི་དབྱེ་བ་ལ་ཕན་འབྲས་དེ་ཙམ་ཡོད་མདོག་ཁ་བོ་མ་རེད། དེ་ནི་ཕྱོགས་གཉིས་ཀྱི་དགོས་མདུན་དང་ཆབ་སྲིད་ལང་ཕྱོགས་ཀྱིས་ཐག་གི་གཅོད་པ་ལས་གཞན་གང་ཡང་མིན།

    བོད་ནང་ན་སྡུག་པོ་ཅི་ཙམ་ཡོད་པ་དེ་ཙམ་ཀྱིས་བོད་མིས་རང་ངོ་ཤེས་བ་དང་། རང་དགྲ་སུ་ཡིན་གྱི་ངོ་སྤྲོད་དང་། རང་བོད་རིགས་ཡིན་པའི་ལྟ་བ་དང་འདུ་ཤེས་གོང་མཐོར་ཕྱིན་ནས་ཉིན་ཞིག། རྒྱ་བོད་གཉིས་མཉམ་གནས་མི་ཡོང་པའི་དཔའ་རྟགས་འཇོག་པ་ལ་ཕན།

    གཞོན་ནི་ཚོགས་པ་མྱི་རྡོག་ཁ་ཤས་ཞིག་གི་ཡིན་ནི་མ་རེད། རུལ་སུངས་བ་ནི་མྱི་འགའ་རེད། དེ་ལ་དག་ཐར་བྱས་ཆོག་པ་ཞིག་རེད།

    བཙན་བྱོལ་བ་ཚོ་དམུར་བ་ལས། རྒྱ་འདྲེ་ཚང་ལ་ཁ་གཏད་ཀྱི་མཆུ་ཁ་སྐོར་ན་གང་འདྲ་ཡོང་། ཨ་མའི་བུ། རྒྱ་ངོ་ཤེས་ནི་ཞིག་དང་། སློབ་སྦྱོང་ཡོད་ནི་ཞིག་ཡིན་མདོག་རེད། བོད་ཀྱི་བདེ་སྡུག་ནི་མ་བགོས་མཐུན་མོང་རེད། ངར་བ་ཡོད་ན་ཐོན་ཤོག།

  15. གནམ says:
    2013-10-11 at 9:47 am

    མ་ཐུབ་པའི་བྱ་བ་ཡོད་ཀྱང་ལ་བཅོས།

  16. མིག་བརྒྱད་པ། says:
    2013-10-11 at 3:59 pm

    ངོ་མ་རེད། ཕྱོགས་ཡོངས་ནས་བསམ་གཞིགས་བྱེད་དགོས་པ་གལ་ཆེན་པོ་རེད། བཙན་བྱོལ་བོད་པ་ཚོའི་མ་འོངས་པའི་གནས་སྟངས་ཐད་བློ་འཚབ་འབྱུང་རྐྱེན་མང་པོ་ཞིག་བསླེབས་འོང་བ་ཁག་མི་འདུག །གསར་དུ་འཚར་ལོངས་འབྱུང་བཞིན་པའི་གཞོན་སྐྱེས་ཚོའི་སེམས་ནང་ལ་ཕྱི་རྒྱལ་གྱི་རིག་གཞུང་གི་བག་ཆགས་མཐུག་པ་དང་བོད་པའི་རིག་གཞུང་གི་བག་ཆགས་ཞན་པ་དང་། སྒེར་དོན་གཙོ་བོ་འཛིན་པ་དང་སྤྱི་དོན་ཞར་བྱུང་དང་། དོན་དུ་མི་རིགས་ཀྱི་འདུ་ཤེས་བརྟན་པོ་ཞིག་ཡོད་དང་མེད། རང་གི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་ཡོད་མེད་ཅེས་མ་དྲིས་ཀྱང་རང་ཤུགས་་ཀྱིས་ཤེས་འོང་བ་འདུག །འདི་དག་ནི་འབྱུང་འགྱུར་ལ་སེམས་འཚབ་བྱེད་དགོས་པའི་གནད་དོན་གཙོ་བོ་ཞིག་རེད་བསམ་གི་འདུག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (19)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (10)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme