Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་རིགས་བོད་རིག་པ་ཞིབ་འཇུག་པ་ཞུའུ་ནས་དབུ་མའི་ལམ་གྱི་སྐོར་བཅར་འདྲི་བྱས་པ།

Posted on 2013-10-092013-10-09 By ཁ་བརྡ་ 8 Comments on རྒྱ་རིགས་བོད་རིག་པ་ཞིབ་འཇུག་པ་ཞུའུ་ནས་དབུ་མའི་ལམ་གྱི་སྐོར་བཅར་འདྲི་བྱས་པ།

བཅར་འདྲི་ཞུ་ཡུལ་ཤར་ཕྱོགས་ཁུག་རྟ།

༡༽ དབུ་མའི་ལམ་གྱི་གཏན་ཚིགས་དང་ཁོངས་གཏོགས་བརྗོད་དོན་སོགས་ཀྱི་ཐད།

ལན། ༡ བརྟན་གཡོའི་དངོས་པོ་ཀུན་བརྟེན་ཅིང་འབྲེལ་བར་འབྱུང་བའམ་གཅིག་ལ་གཅིག་བརྟེན་ཡིན་པ། ༢ བོད་མི་རིགས་གནས་དགོས་དོན་འཇིག་རྟེན་སྤྱིའི་སྣོད་བཅུད་གཉིས་ཀྱི་ཕན་བདེའི་རྩ་བར་འབྲེལ་བ། ༣ ཕན་བདེའི་རྩ་བ་དེ་སྒྲུབ་བྱེད་བོད་མི་རིགས་ཀྱི་ངོ་བོ་དང་ལེགས་བྱང། ནང་དོན་རིག་པའི་སྲོལ་རྒྱུན་བཅས་བོད་སྐད་ཡིག་གི་ལམ་ནས་བརྒྱུད་འཛིན་ཐུབ་དགོས་པ། ༤ དེ་ལྟར་བརྒྱུད་འཛིན་ཡོང་ཕྱིར་ཀྲུང་གོའི་མི་རིགས་ལྔ་བཅུ་ལྔ་དྲུག་ལས་གཅིག་སྟེ་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་གནས་དགོས་པ། ༤ དེ་གནས་པར་བྱེད་པ་ལ་ཀྲུང་གོ་གསར་པའི་མངའ་ཁོངས་ནས་ཁ་ཕྲལ་མིན་ལ་ད་ལྟའི་གནས་བབ་གཉིས་ཀ་མིན་པའི་༼བསམ་འཆར་༽གྲོས་གཞིར་བཞག་སྟེ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་མདུན་ལམ་འཚོལ་རྒྱུ། ༥ མདུན་ལམ་དེའི་ཆེད་འདས་པའི་བྱུང་རབས་བེད་སྤྱོད་མི་གཏོང་ཞིང། བྱུང་རབས་རང་སོར་བཞག་སྟེ་འཚེ་བ་མེད་པའི་ལམ་འབའ་ཞིག་རྒྱུན་འཁྱོངས་བྱ་རྒྱུ།

༢༽ དབུ་མའི་ལམ་གྱི་ནང་དོན་མཐའ་དག་གམ་ཡོད་ཚད་ཅི་ཡིན་པ།
ལན། ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་འོག་བཟོས་པའི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་གཞིར་བཟུང་གྲོས་གཞིར་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐབས་ཀྱི་བསམ་འཆར་དང་དེའི་འགྲེལ་བརྗོད་ནི་དབུ་མའི་ལམ་གྱི་ནང་དོན་ཡིན།

༣༽དབུ་མའི་ལམ་ཅི་ལྟར་གཏན་འབེབས་བྱས་པའི་རྒྱུ་མཚན་དང་རྒྱབ་ལྗོངས།

ལན། དེང་དུས་འཕྲུལ་རིགས་ཀྱིས་འཛམ་གླིང་ཤར་ནུབ་ཀྱི་འབྲེལ་བ་ཇེ་མྱུར་བཟོས་པ་དང། མི་རྣམས་ཀྱི་འདོད་རྔམ་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། དེའི་ཁྲོད་བོད་ཀྱི་ཐུན་མིན་རིག་གནས་ཀྱི་སྙིང་དོན་བརྟེན་ཅིང་འབྲེལ་བའི་ནང་དོན་ཆ་ཙམ་རེ་རང་བཞིན་གྱིས་ལག་བསྟར་བྱེད་དགོས་པའི་རྣམ་དཔྱོད་རྙེད་ཀྱི་ཡོད་ཅིང། ཡོ་རོབ་མཉམ་འབྲེལ་སོགས་ནི་དེའི་དཔེ་མཚོན་གསལ་ཤོས་ཤིག་ཡིན། བོད་མི་རིགས་ལ་བཙན་པོའི་དུས་ནས་སྲ་བརྟན་ཆགས་ཟིན་པའི་གཅིག་ཕན་གཅིག་གྲོགས་དང། གཅིག་ལ་གཅིག་བརྟེན་གྱི་བརྟན་གཡོའི་རང་བཞིན་དང་དངོས་པོའི་གཤིས་ལུགས་རྣལ་མ་ངོས་འཛིན་དང་འབྲེལ་བའི་འཚོ་ཐབས་གཤིས་ལུགས་གཞན་འགྲན་མེད་པ་ཞིག་ཡོད་ཁར། བོད་ཀྱི་རིག་གནས་ཀྱིས་འཛམ་གླིང་ཧྲིལ་བོར་བརྟེན་ཅིང་འབྲེལ་བའམ། གཅིག་ལ་གཅིག་བརྟེན་བྱ་ཕྱོགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་ཆ་ཚང་ཞིག་བསྟན་ཡོད་སྟབས། རིག་གནས་དེའི་ཉམས་ལེན་པ་བོད་མི་རང་ཉིད་ཨང་དང་པོ་བྱེད་དགོས་པ་དང། གཉིས་ནས། བོད་མི་རིགས་གནས་དགོས་པ་མིའི་འགྲོ་བ་མཐའ་དག་ལ་ཕན་བདེ་དང་གཞན་འགྲན་མེད་པའི་ཤེས་རིག་གི་རྣམ་དཔྱོད་ཅིག་བསྐྲུན་ཆེད་ཡིན་དགོས་པ་སྙིང་དོན་དུ་བཟུང་ནས། མཐའ་གཅིག་ཏུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་བཟུང་བྱས་པའི་གནས་བབ་ལས་རྦད་དེ་ཁ་ཕྲལ་མིན་པར། ཤེས་ཡོན་དང་ཞི་བདེའི་དུས་རབས་འདིར་རྒྱ་བོད་ཁྱིམ་གཅིག་ཏུ་འདྲ་མཉམ་དང། མཐུན་སྒྲིལ། རོགས་རེས་བཅས་སྤེལ་ཆེད་འཕྲལ་ཕུགས་གང་དུའང་བབ་བརླིང་བརྟན་གསུམ་ལྡན་པའི་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་བྱེད་དགོས་པ་༸གོང་ས་ཆེན་པོའི་དགོངས་གཞིར་འཁོར་བ་དང། དེ་ཡང་དེང་དུས་མང་གཙོ་ཞེས་གྲགས་པའི་བརྒྱུད་ལམ་ནས་ཡང་དག་པར་གཏན་འབེབས་མཛད་དེ་ཚད་མཐོའི་མང་མོས་ཐོབ་ཡོད་པ་ནི་ཡོངས་གྲགས་རེད།

༤ ༽ད་སྔ་བཙན་བྱོལ་བོད་མིས་དབུ་མའི་ལམ་དང་ལེན་བྱ་རྒྱུར་དཀའ་ཁག་གཙོ་བོ་གང་ཡིན།

ལན། ད་སྔ་དཀའ་ཁག་གཙོ་བོ་དབུ་མའི་ལམ་གྱི་མདུན་རྒྱབ་ཀྱི་གནད་འགག་རྟོགས་མིན་གྱིས་ཡིན་ཡང། དེང་བཙན་བྱོལ་བོད་མི་སྤྱི་བྱིངས་ལ་དབུ་མའི་ལམ་གྱི་ཤེས་ཚད་གོང་མཐོར་ཕྱིན་ཡོད་པ་དང། མ་འོངས་པར་དབུ་མའི་ལམ་གྱི་སྙིང་དོན་དེ་བས་ཀྱང་གསལ་རྟོགས་བྱུང་མཚམས་འདི་ཉིད་ཆབ་སྲིད་ཀྱི་ཐབས་ལམ་གཅིག་རྐྱང་ཞིག་གམ། ཡང་ན་དབུ་མའི་ལམ་གྱི་ཉམས་ལེན་པའི་ངོས་ནས་གནས་བབ་གང་འདྲ་ཞིག་གི་འོག་ཏུའང་རང་གི་ཉིན་རེའི་ལས་དོན་ནས་མིའི་འགྲོ་བ་སྤྱིའི་བདེ་དོན་རིགས་པའི་གཞུང་ལུགས་འདིའི་ཉམས་ལེན་བརྒྱུད་སྒྲུབ་པ་ཡིན་ན། དེ་ནི་དུས་གཏན་དུ་རྣམ་པར་རྒྱལ་རྒྱུར་ངེད་རང་ཡིད་ཆེས་བརྟན་པོ་ཡོད།

དོན་ཆེན་གཉིས་པ།
༡༽ཏཱ་ལའི་བླ་མས་སྔ་ཕྱི་བར་གསུམ་དུ་དབུ་མའི་ལམ་ལ་ཐད་ཀར་སྣེ་ཁྲིད་བྱས་པའི་རྣམ་འགྱུར།

ལན། བོད་གངས་ཅན་པ་རྣམས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་བསམ་བློའི་གཙོ་འཛིན་༸གོང་ས་ཆེན་པོས་དུས་དང་རྣམ་པ་ཀུན་ཏུ་དབུ་མའི་ལམ་ལ་ཐད་ཀར་སྣེ་ཁྲིད་བྱས་པའི་རྣམ་འགྱུར་ནི་ཕྱི་གསལ་ནང་གསལ་ཡིན་ལ། མགོན་པོ་གང་གིས་འཛམ་གླིང་འདིར་བསྐྱངས་དང་སྐྱོང་བཞིན་པའི་མཛད་འཕྲིན་མཐའ་དག་གི་ཁྲོད་ནས་དབུ་མའི་ལམ་ལ་ཅི་ཙམ་ཐུགས་ཞལ་གཉིས་མེད་ཡིན་པ་གསལ་རྟོགས་ཐུབ་ངེས་པ་མ་ཟད། གང་གིས་དབུ་མའི་ལམ་གྱི་ལམ་སྟོན་བཀའ་སློབ་ཕེབས་པ་རྣམས་མཇལ་སྐབས། སྐུ་སྒེར་གྱི་ཞལ་འདོན་དང་སྒོམ་སྒྲུབ། ཉམས་ལེན་སོགས་ཀྱི་སྐབས་སུའང་ཅི་ཙམ་དབུ་མའི་ལམ་ལ་དོན་འབྲས་སྨིན་རྒྱུར་སྨོན་ལམ་གནང་གི་མེད་འགྲོ་བསམས་པ་ནི་གཟུར་གནས་ཤེས་ལྡན་ཚང་མར་འབྱུང་ངེས་པའི་ཚོར་བ་ཞིག་རེད།

༢༽ཏཱ་ལའི་བླ་མས་ཅི་ལྟར་དབུ་མའི་ལམ་སྐུལ་འདེད་བྱེད་ཀྱི་ཡོད།

ལན། ༸གོང་ས་ཆེན་པོས་ཆོས་དངོས་གང་ཞིག་གི་སྤུས་ཀ་གཙོ་བོར་བཟུང་ནས་ཞིབ་འགྲེལ་དང་དེ་ལ་ལྟ་སྟངས་ཡང་དག་པ་ཞིག་དགོས་རྒྱུར་འདོམས་གནང་མཛད་པ་ནི་ཁོང་གི་ཐུགས་གཤིས་རེད་ལ། དེ་ལྟར་མི་རྣམས་ཀྱི་བློའི་རྩལ་རབ་ཏུ་ཀུན་ཏུ་རྒྱས་ཕྱིར་བདེན་ལུགས་རིགས་པས་འདོམས་གནང་མཛད་པ་ལས། གང་གིས་བཞེད་པ་དེ་ལྟར་བསམས་དགོས་པ་དང་བྱེད་དགོས་པ་ཞིག་མཚན་ལམ་ཚུད་ཆུད་དུའང་རྨིས་མྱོང་མེད་ཅེས་བཀའ་ཕེབས་པ་དང་སྦྲགས་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་ཞེས་པའི་བཅོམ་ལྡན་འདས་ཀྱི་བཀའ་འདི་ཡང་ཡང་ལུང་འདྲེན་གནང་གི་ཡོད་ལ། དེ་བཞིན་རྗེ་ཙོང་ཁ་པའི་རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་བླངས་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་ཞེས་པའི་བཀའ་འདི་རྟག་ཏུ་ལུང་འདྲེན་གནང་གི་ཡོད། དབུ་མའི་ལམ་གྱི་དགེ་ཕན་ལམ་སྟོན་གནང་རྗེས་དེར་རྒྱབ་སྐྱོར་བྱེད་མིན་གྱི་རང་དབང་ཚང་མར་སྤྱི་མཚུངས་སུ་ཡོད་སྟབས། གང་གིས་དབུ་མའི་ལམ་གྱི་དགེ་སྐྱོན་བཀའ་ཕེབས་པ་ལས་དེར་ཞུགས་དགོས་པ་དང་ཡང་ན་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་འདེད་ནམ་ཡང་གནང་མྱོང་མེད། དེ་ནི་མགོན་པོ་མཆོག་ལས་འཛམ་གླིང་འདིར་མང་གཙོའི་དབུ་ཁྲིད་ཚད་ལྡན་ཞིག་ད་བར་བྱུང་མ་མྱོང་བས་ཀྱང་རེད།

༣༽མིག་སྔར་དབུ་མའི་ལམ་གྱི་དམིགས་ཡུལ་དེ་ཚད་གཞི་གང་འདྲ་ཞིག་ལ་སླེབས་ཡོད།

ལན། དབུ་མའི་ལམ་གྱི་དམིགས་ཡུལ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རྒྱས་བཤད་༼རང་སྐྱོང་བསམ་འཆར་༽དེ་ག་རང་རེད་ལ། གལ་སྲིད་རྩ་ཁྲིམས་དང་བཅའ་ཁྲིམས་ལ་འགྱུར་བ་མ་ཕྱིན་པར་དེར་འགྱུར་བ་གང་ཡང་མེད་པ་གསལ་བོ་རེད།

དོན་ཆེན་གསུམ་པ།
༡ ༽བཙན་བྱོལ་བོད་མི་སྤྱི་དང་དམིགས་བསལ་གནད་ཡོད་མི་སྣ་དག་གིས་དབུ་མའི་ལམ་ལ་བཟུང་བའི་རྣམ་འགྱུར་ག་འདྲ་ཡིན།

ལན། བཙན་བྱོལ་བོད་མི་ཡོངས་དང་གནད་ཡོད་མི་སྣ་ཚོར་དབུ་མའི་ལམ་ལ་རྣམ་འགྱུར་གང་ཡང་མེད། དེ་རྒྱ་བོད་དཀའ་རྙོག་བསལ་བའི་ཐབས་མཆོག་མིན་པ་དང། གཉིས་སྨན་མིན་པར་འདོད་མཁན་གཅིག་ཀྱང་མེད། འོན་ཀྱང། རྒྱ་ནག་གཞུང་གིས་རི་བོང་རྡོི་བརྫུས་དང་ཁ་ཏན་ཚིག་ལ་མི་གནས་པ། མངོན་སུམ་ལ་བསྙོན་པ། རང་ཁྲིམས་རང་གིས་མི་བརྩི་བ་སོགས་ཀྱི་བྱ་སྤྱོད་ཐོན་ངེས་པའི་ཚོད་དཔག་སྡོམ་ཚིག་བཀོད་དེ། མདོ་དོན་རྒྱ་ནག་གཞུང་ལ་ཡིད་ཆེས་མེད་པའི་གནས་སྟངས་འོག་དབུ་མའི་ལམ་ལ་ཡ་ལན་བྱེད་ངེས་པའི་ཡིད་ཆེས་མེད་པ་དང། གལ་སྲིད་ཡ་ལན་བྱས་ཀྱང་རང་སྐྱོང་ཚད་ལྡན་མུ་མཐུད་འགྲོ་མིན་ལ་ཡིད་ཆེས་མེད་པ་བཅས་ཀྱིས། གནད་ཡོད་མི་སྣ་རེ་འགས་”ད་ལྟའི་རྒྱ་ནག་གཞུང་གི་བྱེད་བབ་ལ་བལྟས་ན་ཅི་ཙམ་ཕར་ཡག་པོ་བྱས་ཀྱང་ཚུར་ཚུལ་མཐུན་བྱེད་ངེས་ཀྱི་ཡིད་ཆེས་མེད་”ཅེས་བཤད་ཀྱི་ཡོད་སྟབས། རྣམ་འགྱུར་འདིས་ཤུགས་རྐྱེན་ཐེབས་པ་གཏན་ནས་མེད་པ་མིན། དཀའ་ངལ་འདི་ནི་ཙི་ཙིའི་སྐད་ནས་འབྲུག་གི་ངར་སྐད་གཉིས་ཆར་འགྲོ་མིན་རྒྱ་ནག་གཞུང་ལ་ཐུག་ཡོད་སྙམ།

༢༽དབུ་མའི་ལམ་ལ་འདོད་པ་མེད་ཅིང་ངོ་རྒོལ་བྱེད་མཁན་གྱི་ཚོགས་པ་དང་མི་སྣ་གང་གང་ཡོད།

ལན། དེ་ནི་ཡོངས་གྲགས་ཡིན་པས་བསྐྱར་ཟློས་བྱེད་དགོས་མ་མཐོང།

༣༽གཞོན་ནུ་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་རྩ་འཛུགས་ཁག་གིས་དབུ་མའི་ལམ་ལ་བཟུང་བའི་རྣམ་འགྱུར་ག་འདྲ་ཡིན།

ལན། གཞོན་ནུ་སོགས་རང་བཙན་རྩོད་མཁན་ཚོགས་པ་ཁ་ཤས་ཡོད་ཀྱང། དེ་དག་གི་ཚོགས་མིའི་གྲངས་འབོར་ལྡབ་ནས་ལྡབ་ཀྱིས་མར་ཆགས་ཡོད་སྟབས། རྩ་འཛུགས་དེའི་རྒྱུན་སྐྱོང་པའི་གང་ཟག་རྣམས་ཀྱིས་དབུ་མའི་ལམ་ལ་བཟུང་བའི་རྣམ་འགྱུར་དེ་ཙམ་གལ་ཆེན་མ་རེད་འདོད། གང་ཡིན་ཞེ་ན། རྒྱ་གར་དང་ཕྱི་རྒྱལ་ཁག་ནང་སྐྱེས་ཤིང་འཚར་ལོངས་བྱུང་བ་མང་པོ་ཞིག་ལས་ཀ་རེག་རྒྱུའི་ཆེད་དུ་ཚོགས་པ་སོགས་སུ་འཛུལ་གྱི་ཡོད་པ་ལས། ཚོགས་པ་དེའི་ལས་ཀའི་ངོ་བོ་དང་དམིགས་ཡུལ་རང་གི་ཕུགས་འདུན་དང་མཐུན་མིན་ལ་གཟིགས་ཏེ་ཕྱག་ལས་གནང་མཁན་ཞེ་དྲག་དཀོན་པོ་ཡིན་སྟབས། བོད་རང་བཙན་སློབ་ཕྲུག་ཚོགས་པ་ལྟ་བུར་མཚོན་ན། དང་པོར་རྒྱབ་སྐྱོར་ཚོགས་པ་ཞིག་ཡིན་པའི་ཟོལ་འདྲ་ནའང། དེང་སང་བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཀྱང་བྱེད་བཞིན་ནའང། ཚོགས་པ་འདི་ལྟ་བུར་རྒྱུན་ལས་གསར་རྙིང་བསྐོ་བཞག་འོས་ཤོག་འཕེན་པ། ལས་སྡོམ་དང་རྩིས་ཁྲ་འགྲེམས་སྤེལ། རྒྱུན་ལས་བརྗེ་བསྒྱུར་ཟེར་བ་སོགས་མེད་སྟབས། གཞོན་སྐྱེས་ཁ་ཤས་ཤིག་གིས་ཐད་ཀར་གླ་ཆར་གཟིགས་ཏེ་མཐོ་སློབ་སྐབས་ནས་བཟུང་ལས་ཀ་འཚོལ་ཞིང་ཚོགས་པའི་མིང་འཁུར་ཡོད་སྟབས། ཚོགས་པའི་མིང་ཙམ་ཡོད་པ་མཐའ་དག་ལ་ངས་གནད་དོན་དེའི་སྟེང་ནས་ལྗིད་ཁོག་ཡོད་མེད་དང། གླེང་རིན་ཡོད་མེད་ལ་ལྟ་ཡི་ཡོད་པས་ཁོང་ཚོའི་དབུ་མའི་ལམ་ལ་རྒྱབ་སྐྱོར་མེད་པའི་རྣམ་འགྱུར་དེ་དེ་ཙམ་ཧང་སངས་གི་མེད།
གླ་ཆ་ལྟ་མཁན་ཞིག་ཡིན་ན། སང་གནངས་ཨ་རི་དང་ཁ་ཎ་ཌའི་མི་སེར་བྱེད་རྒྱུའི་གོ་སྐབས་ཐོབ་ན་རྩ་དགོངས་ཞུས་ནས་འགྲོ་རྐྱང་བྱེད་ཀྱི་རེད། ཡིན་ནའང། རྒྱ་ཆེའི་མི་མང་གིས་འདི་དག་ལ་ཞིབ་ཚགས་པོས་དོ་སྣང་གནང་གི་ཡོད་མེད་ངས་ཤེས་མ་སོང་ལ། རྒྱ་རིགས་ཤེས་ཡོན་ཅན་དེ་ཚོས་ཀྱང་གསལ་བོར་མཁྱེན་གྱི་ཨེ་ཡོད་བསམས་ལ། བཙན་བྱོལ་བོད་མིའི་ནང་དངོས་གནས་རང་རང་བཙན་རྩོད་པའི་སྒྲིག་འཛུགས་ལྗིད་ཁོག་ལྡན་པ་རེ་ལོས་ཡོད་བསམས་ན་དེ་ནི་ནོར་འཁྲུལ་རེད། འོན་ཀྱང་འདིའི་གནས་སྟངས་འདི་རྒྱ་ནག་གཞུང་འབྲེལ་གྱིས་གསལ་ཐག་ཆོད་མཁྱེན་གྱི་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་ཡང། ག་དུས་ཡིན་ན། དབུ་མའི་ལམ་ལ་ལན་འདེབས་བྱེད་སྐབས་ཀྱག་ཀྱག་བྱས་ཏེ་ཚོགས་པ་འདི་དག་གི་བྱེད་བབ་འཁྱེར་ནས་ཁ་གཏད་གཅོག་གི་ཡོད་པ་རེད། དེའི་ཆ་ནས་ནུས་པ་ཐོན་སྟངས་དེ་རྒྱ་ནག་གཞུང་ལ་དུས་ཚོད་འཕྲོ་བརླག་གཏོང་བྱེད་ཀྱི་ཁ་དཀྲི་ས་ཞིག་ཆགས་པ་དེ་རེད། ཧཧཧཧཧཧ

༤༽བཙན་བྱོལ་བོད་མི་སྤྱིར་བཏང་བ་ཚོར་དབུ་མའི་ལམ་ལྟ་སྟངས་གང་འདྲ་ཡོད།

ལན། སྤྱིར་བཏང་བ་ཚོ་ཡག་ཐག་ཆོད་ཡོད། རྒྱལ་ཁབ་ཐམས་ཅད་ཀྱི་རྟེན་གཞི་འམ་མ་རྩ་གཙོ་བོ་གཞི་རིམ་རྒྱ་ཆེའི་མི་མང་ཡིན་པ་ལྟར། བཙན་བྱོལ་གཞི་རིམ་མི་མང་རྣམས་ཀྱིས་ཀྱང། ད་བར་ལོ་ལྔ་བཅུའི་ནང་བྱུང་བའི་གྲུབ་འབྲས་ཏེ་༸གོང་ས་ཆེན་པོའི་ལམ་སྟོན་རྣམས་མ་འོངས་མངོན་གཟིགས་ལྟར་སྒྲོ་བཏགས་དང། ལྷ་སྒྲུང་གི་ཟོལ་གྱིས་བཤད་མི་དགོས་པར། དངོས་སུ་མིག་མཐོང་ལག་ཟིན་བྱུང་ཡོད་པར་བརྟེན། བཙན་བྱོལ་བོད་མི་སྤྱིར་བཏང་བ་ཚོས་ཚད་ལྡན་སྐྱེས་བུའི་བཀའ་ལ་ཉན། ཚད་ལྡན་དཔྱད་པ་བཏང་བའི་ལམ་སྟོན་ལ་ཉན་པ་སོགས་ཀྱིས་དབུ་མའི་ལམ་ལ་ཡིད་ཆེས་རྩེ་གཅིག་རྒྱུ་མཚན་ཤེས་པའི་སྒོ་ནས་ཞུ་བཞིན་པ་གསལ་བོ་རེད། དེ་སྔ་རྒྱ་རིགས་གྲོགས་པོ་ཞིག་ངའི་ལས་ཁུངས་སུ་ཕེབས་དུས། ངས་ཁོང་ལ་གཞིས་ཆགས་དང་དགོན་སྡེ་ཁག་གི་མི་མང་མང་ཆེ་བས་དབུ་མའི་ལམ་ལ་ཡིད་ཆེས་ཡོད་པའི་འགེངས་ཤོག་བསྐངས་ཟིན་པ་མིག་བསྟར་ཞུས་པས་ཁོང་ལ་བཅོས་མིན་གྱི་ཡིད་ཆེས་ཤིག་ཐོབ་སོང། ཁྱེད་ཀྱང་ངྷ་རམ་ས་ལར་ཡོང་ནས་ང་དང་མཉམ་དུ་གཞི་རིམ་མི་མང་ནང་དབུ་མའི་ལམ་གྱི་ཤེས་ཚད་དང་ཡིད་ཆེས་ལ་ཞིབ་འཇུག་བྱེད་དུ་འགྲོ་ན་ངས་དགའ་བསུ་ཞུ་ངེས་ཡིན།།

༥༽ དབུ་མའི་ལམ་གྱི་བསམ་བློས་རྒྱལ་ནང་བོད་རིགས་ས་ཁུལ་དུ་ཤུགས་རྐྱེན་ག་ཚོད་ཐེབས་ཀྱི་ཡོད།

ལན། ༸གོང་ས་ཆེན་པོ་བཅུ་བཞི་པ་མཆོག བོད་མི་རྣམས་ཀྱི་བླ་མ་དང་སྟོན་པ། དགེ་རྒན། ཕ་མ། གཡོག་པོ། མདུན་ལམ་ལམ་སྟོན་པ། མཁས་པའི་དབང་པོ་བཅས་ཡིན་པ་རྒྱུ་མཚན་རང་སྟེང་དང། ༸གོང་ས་ཆེན་པོའི་མཛད་འཕྲིན་ལས་བོད་མི་ཚོར་ར་འཕྲོད་གསལ་བོ་བྱུང་ཡོད། བྱས་ཙང་དབུ་མའི་ལམ་གྱི་ལམ་སྟོན་ལ་ཁོང་ཚོར་རང་དབང་གིས་བསམ་ཚུལ་བཤད་ཆོག་པའི་ཉིན་མོ་ཞིག་ཡོད་ན། བརྒྱ་ཆ་བརྒྱས་དད་གུས་ཡིད་ཆེས་རྩེ་གཅིག་ཞུ་བ་སྨྲ་ག་ལ་དགོས། ཉིན་ཞིག་རྒྱལ་ནང་དུ་འགྲོ་སྐལ་བྱུང་ཚེ་སྐབས་དེར་དཔོན་རིགས་ཁག་དང་བོད་མི་ཚོར་དབུ་མའི་ལམ་གྱི་སྐོར་བཤད་འདོད་ཆེན་པོ་ཡོད།

༦༽ བཀའ་ཤག་དང་གྲོས་ཚོགས་གཉིས་ཀྱིས་དབུ་མའི་ལམ་ཁྱབ་སྤེལ་གྱི་རྣམ་པ་གང་འདྲ་ཡིན།

ལན། ཁྱབ་སྤེལ་གྱི་རྣམ་པ་ཧ་ཅང་ཚད་མཐོ་བོ་དང་རྒྱུ་མཚན་ལྡན་པ། མང་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་ཡིན་ཅིང། དབུ་མའི་ལམ་དང་འབྲེལ་ནས་གོ་བརྡ་ལོག་པར་སོང་བའི་གནད་དོན་ཆུང་ཙག་རིགས་ཀྱང་གཏན་ནས་ཡན་པོར་གཏོང་གི་མེད། དཔེར་ན། ཀརྨ་ཆོས་འཕེལ་གྱིས་ཁ་སང་ཚེས ༦ ཉིན་གསལ་བསྒྲགས་ཤིག་སྤེལ་སྟེ་རྫུན་གཏམ་བཤད་པར། དཔལ་ལྡན་བཀའ་ཤག་གིས་དེ་མ་ཐག་ཚེས ༡༠ ཉིན་དེ་རྣམས་སྐྱག་རྫུན་རེད་བདེན་པ་མ་རེད་ཅེས་ཡོངས་གྲགས་བརྙན་འཕྲིན་དང་དྲ་ལམ། ཚགས་ཤོག་བཅས་སུ་གསལ་བསྒྲགས་ནན་པོ་གནང་སོང། དེ་བཞིན་བོད་མི་མང་སྤྱི་འཐུས་བརྒྱ་ཆ་དགུ་བཅུ་གོ་གྲངས་དབུ་མའི་ལམ་ལ་ཡིད་ཆེས་བརྟན་པོ་ཡོད་པ་རེད། རེ་ཤོས་ཤིག་འདོད་པ་མེད་པ་དེ་ཡོང་ཆོག་གི་རེད། ཕ་མ་གཅིག་གི་བུ་ཕྲུག་ནང་དུའང་ཁྱིམ་དོན་ཆེད་བསམ་ཚུལ་མ་མཐུན་པ་ཡོང་བཞིན་པ་ལྟར་རེད། རྒྱུ་མཚན་ཡོད་མེད་ལ་མ་བལྟས་པར་བསམ་བློ་འཁྱེར་ཕྱོགས་ཤིག་གིས་དབུ་མའི་ལམ་ལ་མ་འདོད་པའི་རྣམ་འགྱུར་འཛིན་པ་དེ་ཧ་ལས་དགོས་པ་གང་ཡང་ཡོད་པ་མ་རེད་བསམས།།

༢༠༡༣། ༩ ། ༡༡། ཉིན།།

བཅར་འདྲི།

Post navigation

Previous Post: འཐེན་རྟགས་ཀྱིས་བསླུས་པའི་མི་འབོར།
Next Post: རྗེས་དྲན་ཐོལ་བྱུང་ཡིད་ཀྱི་མིག་ཆུ།

Comments (8) on “རྒྱ་རིགས་བོད་རིག་པ་ཞིབ་འཇུག་པ་ཞུའུ་ནས་དབུ་མའི་ལམ་གྱི་སྐོར་བཅར་འདྲི་བྱས་པ།”

  1. འོད། says:
    2013-10-10 at 1:24 am

    ད་བྱས་དུས། སྟན་རྡོ་དང་ལ་སྒྲོན་སོགས་ཀྱི་རྩུས་ཕྲ་ཞིབ་འཇུག་བྱེད་དགིས་པ་འདྲ།།

  2. འོད། says:
    2013-10-10 at 1:25 am

    མི་མང་གིས་ཁྱོན་ནས་སྣང་མེད་བཏང་འདུག་ ཨ་ཁ་ཁ

  3. ཤར་པ says:
    2013-10-10 at 6:17 am

    ཤར་ཁུག་ལགས། དངོས་པོ་ཀུན་བརྟེན་ཅིང་འབྲེལ་བ་ཡིན་དུས་ཁྱི་རྒན་ཁྱོད་ཡང་བོད་མི་ས་ཡ་ཅིག་ལྷག་ཙམ་གསད་པའི་རྒྱ་རོའི་ཁྲག་དར་དམར་པོ་ལ་བརྟེན་པ་ཡིན་ནམ། དངོས་པོ་ཀུན་བརྟེན་འབྱུང་ཡིན་ཀྱང་ཁྱོད་ཀྱི་ལས་ཀ་དེ་དཔལ་་ལྡན་སྲིད་མཆོག་ལ་མ་བརྟེན་པའི་བདེན་པ་རང་འགའ་བ་རྒྱ་རོའི་ཁྲག་དར་ལ་བརྟེན་པ་ཡིན་ནམ་། ཁྱི་རྒན་ཁྱོད་རང་གིས་བསླུ་ཁྲིད་འོག་གླིང་ཚ་ལ་ཡང་རྐྱོན་མང་པོ་བཟོས་པ་དེ་ཡང་ཁྱོད་ལ་བརྟེན་ཅིང་འབྲེལ་བ་འབྱུང་བ་ཡིན་ནམ།

  4. ཆབ་བྲག་ལྷ་མོ་སྐྱབས། says:
    2013-10-10 at 7:55 am

    དབུ་མའི་ལམ་གྱི་དྲི་ལན་ཡག་པོ་ཞིག་འདུག
    ད་ནས་བཟུང་དབུ་མའི་ལམ་གྱི་ཟབ་སྦྱོང་ངོ་མ་དེ་མཐོ་རིམ་མི་སྣ་དག་ནས་བསྐྱར་དུ་དབུ་འཛུགས་དགོས་པ་ཞིག་མཐོང་བྱུང། མང་ཚོགས་ནང་ལ་དབུ་མའི་ལམ་གྱི་གོ་རྟོགས་མེད་པ་དེར་ཁག་མི་འདུག

  5. བོད་ཀྱི་བུ་ says:
    2013-10-10 at 8:28 am

    ཆབ་སྨྱོན་གྱིས་ཤར་སྨྱོན་སྟེག་པ་དེ་སྐྱག་པས་རྐུབ་སྟེག་ཟེར་བ་དང་ཅིས་མི་འདྲ་
    སྨྱོན་པ་གཉིས་ཁྲག་དར་དམར་པོ་མགོ་ལ་འཁྱེར་ཏེ་བོད་ལྗོངས་འབྲི་རུ་ནས་རྒྱུད་ཏེ་རང་ཡུལ་ཨ་མདོ་ལུང་པར་ལོག་རྒྱུག་དང་འབྲི་རུ་ནས་ཁྱེད་གཉིས་ཀྱི་སྲོག་མགོ་ཐོན་ན་དེ་ནས་རྒྱ་གུང་ཁྲན་གྱིས་ཁྱེད་གཉིས་ལ་ཁྲག་དར་དམར་པོ་མགོ་ལ་ཆར་བའི་རྔན་པ་དང་བོད་མི་ནང་ཁུལ་ད་ལྟ་བར་དུ་དཀྲུག་པའི་རྔན་པ་བཅས་མང་པོ་རག་གི་རེད་

  6. སྤྱང་ཤོག་ says:
    2013-10-10 at 10:14 am

    བཙན་བྱོལ་བ་ཚོས་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སློབ་སྦྱོང་གནང་ན་རྩ་ཁྲིམས་ནང་དུ་མི་རིགས་ས་གནས་རང་སྐྱོང་གང་ཡོད་པ་རྣམས་ད་ལྟ་བོད་ནང་ལ་ལག་ལེན་གནང་བཞིན་པ་འདི་རེད་། དེའི་ཡུན་གནས་ཆེད་འདས་པའི་བྱུང་རབས་བེད་སྤྱོད་མི་གཏོང་རྒྱུ་ལམ་དབུ་མའི་མངོན་འདོད་རེད་།

  7. སྤུ་གྲི་རེག་གཅོད། says:
    2013-10-12 at 12:48 am

    བདེ་མོ།

  8. ཁ་བའི་ཡུལ་གྱར་བ། says:
    2013-10-12 at 12:57 am

    ད་རང་བཙན་དང་དབུ་མའི་ལམ་གང་གི་ལངས་ཕྱོགས་ཡིན་ཡང་བོད་མི་རིགས་འཆི་ལམ་ནས་སྐྱབས་ཐུབ་ན་འགྲིགས་ཀྱི་ཡོད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme