Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སའི་གོ་ལ་ལེབ་ལེབ་ཏུ་འདོད་པའི་གནའ་བོའི་མཚར་གཏམ།

Posted on 2009-12-222009-12-22 By དགེ་རབ་ 16 Comments on སའི་གོ་ལ་ལེབ་ལེབ་ཏུ་འདོད་པའི་གནའ་བོའི་མཚར་གཏམ།

རྔ་བ་རྒྱལ་ཁམས་པ།
___________________

independence-the-world-is-flat
ང་ཚོས་ས་གཞི་འདི་ཆགས་ནས་ད་བར་མི་ལོ་དུང་ཕྱུར་བཞི་ལྷག་སོང༌། ལོ་རྒྱུན་རིང་མོ་དེའི་ནང་རྒྱུ་སྐར་ཆེན་པོ་དུ་བ་མཇུག་རིང་གི་རྒོལ་རྡུང་འོག གོ་ལ་འདི་ཉིད་མ་མཐའ་ཡང་ཐེངས་གསུམ་ལ་སྐྱེ་འཇིག་བྱས་ཡོད། རྒྱུ་སྐར་དེས་བརྡབས་སྟོབས་ཀྱིས་སྐྱེ་འཇིག་རེ་རེའི་སྐབས། མེ་དཔུང་གི་གོང་བུ་ཆེན་པོ་ཞིག་ཏུ་གྱུར་ནས་མི་ལོ་བརྒྱ་སྟོང་མང་བོའི་རིང་འབར་ཞིང༌། རྩི་ཤིང་ནགས་ཚལ་དང༌། ས་རྡོ་རི་བྲག དེ་ལ་བརྟེན་པའི་སྲོག་ལྡན་གྱི་རིགས་ཚང་མ་རྩ་མེད་དུ་གྱུར། དེ་ནས་ལོ་ངོ་སྟོང་ཕྲག་ལྷག་གི་རྗེས། ཚིག་རོ་ཅུང་ཙམ་ལྷག་ལུས་བྱུང་བ་ནས། ལྷན་གཤེར་དང་ཆུ་ཕྲན་རིམ་པར་བྲུབ་ནས་སླར་ཡང་སྐྱེ་བ་གསར་བ་ཞིག་བླངས་བ་སོགས། ཆགས་གནས་འཇིག་པའི་འཁོར་ལོ་ཞེས་པ་མུ་མཐུད་དུ་བསྐོར་དང་བསྐོར་ངེས་རེད། ད་ལྟ་རང་རེའི་བསམ་ཚུལ་དཀྱུས་མ་ཞིག་དང་འདྲ་བར། གདོད་མའི་མི་རྣམས་ཀྱང་ལྟོགས་སྐོམ་གྱི་དཀའ་སྣང་སེལ་ཐབས་ཙམ་ལས། ས་གཞི་དང་ཉི་ཟླ་སོགས་ཕར་ཞོག རང་གི་ཁོར་ཡུག་གི་གནས་སྟངས་ལའང་བསམ་བློ་རྣལ་མ་ཞིག་གཏོང་ཐུབ་པའི་བློ་རིག་སད་པ་ལ་ཕྱི་ནང་གི་རྐྱེན་མང་བོ་ཞིག་འཛོམས་དགོས། ཕོ་མོའི་འབྲེལ་བ་ལས་ཁྱིམ་ཚང་དང༌། དེ་ལས་རྙོག་འཛིངས་ཅན་གྱི་ཚོགས་སྡེ་སོགས་རིམ་པར་བྱུང་ཞིང༌། དོན་གནད་གང་ཞིག་ཐག་གཅོད་ཀྱི་ཕྱོགས་ལ་བསམ་བློ་མང་བོ་གཏོང་དགོས་བྱུང་བས། འགྲོ་བ་མིའི་ལུས་ངག་ཡིད་གསུམ་གྱི་ཕྱོགས་ལ་ཡར་རྒྱས་ཀྱི་རྣམ་པ་ཐོན་ནས། ས་གཞི་འདི་དང༌། ཉི་ཟླ་གཟའ་སྐར་སོགས་ཀྱི་ཐད་ཚོད་སྒམ་བྱེད་ཐུབ་པའི་རྟོག་གེ་བ་དང༌། མཚན་ཉིད་པ། ཚན་རིག་པ་སོགས་བྱུང་བ་རེད། ཨི་ཏྲ་ལིའི་མཉན་པ་གྲགས་ཅན་ཁུར་སི་ཁྲོ་སྤིར་ཁོ་ལིམ་བྷ་སིChristopher Columbus) ཞེས་པ་སྤྱི་ལོ་༡༤༩༢སི་པན་ནས་མཚོ་འགྲུལ་གྱིས་ཉིན་གྲངས་༧༡རྗེས་ཨ་རིའི་གླིང་ཕྲན་དུ་འབྱོར་ཞིང༌། མཚོ་འགྲུལ་དེ་ལ་བརྟེན་ནས་སའི་གོ་ལའི་དབྱིབས་རིལ་རིལ་ཡིན་པ་གཞི་ནས་ཤེས་རྟོགས་བྱུང་བར་འདོད་མཁན་ཧ་ཅང་གི་མང་བོ་ཡོད་ཅིང༌། ཕྱི་གླིང་བའི་ཕྲུ་གུའི་སྲོལ་རྒྱུན་གྱི་སྙན་རྩོམ་གྱི་ནང་དུའང༌། གཅིག་སྟོང་བཞི་བརྒྱ་དགུ་བཅུ་གོ་གཉིས་ལོ།། ཁོ་ལིམ་བྷ་སི་མཚོ་གྲུ་གསུམ་དང་ལྷན།། རྒྱ་མཚོ་སྔོན་མོའི་ངོགས་སུ་མཚོ་འགྲུལ་བྱས།། སྟོབས་ལྡན་དཔའ་བོས་རྒྱ་མཚོ་འཕྲེད་ཀྱིས་བཅད།། མི་རྣམས་ད་དུང་འཛམ་གླིང་ལེབ་ལེབ་འདོད།། ཁྱེད་རང་འདི་ལ་ཡིད་ཆེས་ཐུབ་བམ་ཅི།། ཞེས་སྨྲས་པས་ཀྱང་སྐབས་དེ་དག་ནང་སའི་གོ་ལ་ལེབ་ལེབ་ཡིན་པའི་ལྟ་ཚུལ་དེ་རྒྱུན་འབྱམས་ཡིན་པ་ཧ་ཅིང་མངོན་གསལ་ཞིག་ཡིན་པར་སྙམ། ཡང་༡༨༥༣ལོར་པར་སྐྲུན་བྱས་པའི་༼ཁོ་ལིམ་བྷ་སིའི་མི་ཚེ༽ཞེས་པའི་ལོ་རྒྱུས་ཀྱི་ནང༌། ཁོ་ལིམ་བྷ་སིའི་སྐུ་འཚོ་བཞུགས་སྐབས། མི་ཚོའི་སེམས་ནང་ས་གཞི་ནི་ལེབ་ལེབ་ཅིག་ཡིན་པར་འདོད་ཅིང༌། ནུབ་ཕྱོགས་རྒྱ་མཚོ་ཆེན་མོའི་ངོགས་ན། འཇིགས་སུ་རུང་བའི་རྦབ་ཆུ་མང་བོ་དང༌། མཚོ་གྲུ་ཡང་ལྟོགས་རྔུབ་བྱེད་པའི་ཆུ་སྲིན་གདུག་ཅན་མང་བོ་གནས་པར་འདོད་ཅིང༌།་ ཞེས་བཤད་པ་དང༌། དེང་རབ་ཀྱི་ལོ་རྒྱུས་སྨྲ་བ་སྐུ་ཞབས་བྷིར་ཁྲོན་ར སིལ(BurtonRussell)མཆོག་གིས་ཁོ་ལིམ་བྷ་སིས་ཨ་རི་མ་རྙེད་ཡར་སྔོན་དུ་ས་གཞི་རིལ་རིལ་ཡིན་པར་རྟོགས་མཁན་ཧ་ལམ་མེད་ཅིང༌། མི་རྣམས་གནའ་བོའི་༼མུན་བསྐལ༽གྱི་རྨོངས་དད་ལྟ་ཚུལ་ནང་ཕྱིར་སྣུར་བྱས་པས། གནའ་བོའི་དགུ་རིག་དག་གི་ས་གཞི་རིལ་རིལ་གྱི་ཤེས་བྱ་བོར་བརླག་ཏུ་སོང་ཞིང༌། ཁོ་ལིམ་བྷ་སིའི་དུས་ཚན་རིག་དང་མཐུན་པའི་ས་ལྒང་རིལ་རིལ་ཞིག་རྙེད་པར་བཤད་པ་དང༌། སྤ་རན་སིའི་རྩོམ་རིག་པ་གྲགས་ཅན། བྷོལ་ནེའོ་སི(Bolenius)དང༌། ལེ་ཁྲི་རོན(Letronne)རྣམ་གཉིས་ཀྱིས་རང་རང་གི་རྒྱུ་མཚན་དྲངས་ནས། ས་གཞི་འདི་ལེབ་ལེབ་ཅིག་མ་ཡིན་པ་དང༌། ཆོས་དཔོན་དག་གིས་ཚན་རིག་གི་ཤེས་བྱ་ལ་འགོག་གནོན་གཏོང་གི་ཡོད་ཚུལ་སྐྱོན་བརྗོད་བྱས་པ་དང༌། ལེ་ཁྲི་རོན་གྱིས་ཁ་བྱང་དུ༼ཡི་ཤི་ཆོས་དཔོན་དག་གི་འཇིག་རྟེན་ཆགས་སྟངས་ཐོག་གི་བསམ་ཚུལ༽ཞེས་བརྗོད་པ་སྤྱི་ལོ༡༨༣༥ལོར་པར་སྐྲུན་བྱས་ཤིང༌། བརྩམས་ཆོས་དེའི་ནང་གནའ་བོའི་ཡི་ཤིའི་ཆོས་པ་དག་གིས་ས་གཞི་ལེབ་ལེབ་ཡིན་པར་འདོད་པ་དང༌། ལེབ་ལེབ་ཀྱི་ལྟ་ཚུལ་དེ་ནུབ་ཕྱོགས་སྤྱི་ཚོགས་ཀྱི་གནའ་བོའི་༼མུན་བསྐལ༽ལས་བྱུང་བའི་ལྟ་བ་ཞིག་ཡིན་པར་གསལ་བཤད་སྐྱོན་འཛུགས་བྱས་ཡོད། དེ་བཞིན་ཁམ་བྷི་རེ་རྗིའི་གཙུག་ལག་སློབ་ཆེན་གྱི་གཙོ་འཛིན་གཞོན་པ་མཁས་དབང་བེལ་ཡིམ་བེ་བིལWilleam Whewell༡༨༣༧མཆོག་གིས་མཚན་བྱང་དུ་༼ཚན་རིག་ངོ་སྤྲོད་ཀྱི་ལོ་རྒྱུས༽ཞེས་བརྗོད་པའི་ནང༌། ལོ་རབས་བར་མའི་༼སྤྱི་ལོ་༡༠༠༠ནས་༡༤༠༠༽ཆོས་ལུགས་ནི་ཚན་རིག་གི་ནང་དོན་མེད་པའི་གྲུབ་མཐའ་ཞིག་ཡིན་པར་སྐྱོན་བརྗོད་ནན་མོ་བྱས་པས་མ་ཚད། དཔེ་ཆ་འདོན་ཐེངས་ཕྱི་མའི་ནང་དུས་རབས་བར་མའི་ས་གཞི་ལེབ་ལེབ་དུ་འདོད་མཁན་གྱི་བསམ་བློའི་སྣེ་ཁྲིད་ལྟ་བུར་གྲགས་པའི་མཁས་པ་གཉིས་ཆེད་དུ་བཏོན་ཡོད་པའི་གཅིག་ནི། སྐུ་ཞབས་སྤམ་ཡན་ན་སི་ལག་ཁྲེན་ཁྲེ་བེ་སིFirmianus Lactantivs (non-Judeo-Christian)སྤྱི་ལོ༢༤༥ནས༣༢༥བར། ཞེས་འབོད་པ་དུས་ཕྱིས་ཡི་ཤིའི་ཆོས་སྒོར་ཞུགས་ནས། རང་གི་དད་ཡུལ་ལ་རྒྱབ་གཉེར་གྱི་དཔེ་ཆ་མང་བོ་རྩོམ་མཁན་ཡོངས་གྲགསSt Lactantivs ཞེས་འབོད་པ་དེ་ཉིད་ཡིན་ལ། མཁས་པ་དེས་སྤྱི་མཚན་ལ༼ཁྱད་འཕགས་བཅའ་ཁྲིམས༽ཞེས་བརྗོད་པའི་དེབ་ཕྲེང་གསུམ་པ༼མཚན་ཉིད་པ་་དག་གི་ནོར་འཁྲུལ་གྱི་ཤེས་རབ༽ཅེས་བརྗོད་པའི་ནང༌།་ གལ་ཏེ་ས་གཞི་འདི་གོར་ཟླུམ་ཞིག་ཡིན་ན། ས་གཞིའི་ཕར་ངོས་ཀྱི་མིའི་རྐང་བ་མགོ་ཐོག་ན་ཡོད་དགོས་པ་དང༌། ཁ་ཆར་དང་ཐོག་སེར་གྱེན་ལ་འབབ་དགོས་པར་ཐལ་བ་དང༌། རྩི་ཤིང་ནགས་ཚལ་སོགས་མགོ་སྔ་ཐུར་དུ་བརྗེས་ནས་སྐྱེ་དགོས་པ། ནམ་མཁའ་ཡང་ཐང་ལས་དམའ་བར་འགྱུར་བ། རི་ར་བ་ཁང་ཁྱིམ་སོགས་ས་གཞི་ལས་ཐུར་དུ་དཔྱང་ནས་གནས་དགོས་སོགས་ཀྱི་སྐྱོན་འཕངས་ཡོད། དེ་རྗེས་དུས་རབས་དྲུག་པ་ཡས་མས་ཤིག་གི་ནང༌། ཁོང་གི་ལྟ་ཚུལ་དེ་བཞིན་ཡི་ཤིའི་ཆོས་བརྒྱུད་ཀྱི་གྲ་བ། ཁ་སི་མོ་སིཨིན་སྒྲིའི་ཁབ་ལེ་སི་ཁྲེ་སིCosmas Indicopleustesཞེས་པས་བསྐྱངས་པར་གྲགས་ཤིང༌། ཁ་སི་མོ་སི་མཆོག་རྒྱ་གར་དུ་ཚོང་འགྲུལ་ནས་ཕྱིར་རང་དགོན་དུ་སླེབས་འཕྲལ། འཛམ་གླིང་རྒྱས་བཤད་དང་འཇིག་རྟེན་ཆགས་རིམ་གྱི་ལོ་རྒྱུས་མཚན་བྱང་དུ༼ཡི་ཤིའི་གནས་བཤད༽ཅེས་བརྗོད་པའི་དཔེ་ཆ་ཞིག་བརྩམས་ཡོད། དཔེ་ཆ་དེའི་རྒྱབ་བརྟེན་གཙོ་བོ་ནི། དམ་པའི་གསུང་རབ་རྙིང་མOld Testamentརྩོམ་མཁན་གྱི་ཡ་གྱལ། ཡོངས་གྲགས་ལུང་བསྟན་པ་ཨ་སེ་ཡIsaiah700-600Bcམཆོག་གི་བཀའ་མཆིད་ལ་གཞི་བཅོལ་བ་ཞིག་ཡིན། ལུང་བསྟན་པ་དེས་བཀའ་ཆོས་རྙིང་མའི་ནང་འདི་ལྟར་གསུངས་ཡོད། Have you not known? Have you not heard? Has is not been told you from the foundations of the earth? It is he who sits above the circle of the earth, and its inhabitants are like grasshopper; Who stretches out the heavens like a curtain, and spreads them like a tent to dwell in;

ངས་གོང་གི་བཀའ་གསུང་འདི་བོད་ཡིག་ཐོག་མ་ཕབ་པར་རང་སོར་བཞག་ཡོད། དྲ་གྲོགས་ཚོས་འདི་ཅི་ལྟར་བསྒྱུར་ན་ལེགས་བསམ་ཚུལ་རེ་གསུང་རོགས་ཞུ། ལུང་བསྟན་པ་དེས་ཁུངས་གཏུགས་ས་དེ་ནི་སྤྱི་ལོ་སྔོན་གྱི་དུས་རབས་བདུན་བརྒྱད་ནང༌། མེ་སོ་ཕོ་ཁྲ་མེ་ཡMesopotamia ཞེས་འབོད་པ་ས་ཁུལ་ནང་གནས་པའིSumerians and Babyloniansདག་གི་འཇིག་རྟེན་ལྟ་ཚུལ་ལ་གཞི་བཅོལ་བ་ཞིག་ཡིན་པར་བཤད་ཅིང༌། སྐབས་དེའི་མི་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཆགས་དབྱིབས་ཤིག་པྲིས་པ། ས་འོག་དང་ས་བླ་གཉིས་ཀྱི་བར་ན། ས་གཞི་ངོས་ལེབ་ལེབ༌། ལྷ་ཡུལ་དག་དེའི་ཐོག་ན་གུར་ཞིག་ཕུབ་པའམ་ཡང་ན་ཡོལ་བ་ཞིག་འཐེན་པ་ལྟ་བུའི་རྣམ་པར་པྲིས་ཡོད། ས་གཞི་ཆགས་བཀོད་ཀྱི་རྣམ་བཞག་དེ་གཞི་ལ་བཞག་ནས་གནའ་བོའི་ཨེ་ལྗེབ་དག་གིས་ས་གཞི་འདེགས་པའི་ཀ་བ་གཉིས་དང༌།༼འདི་ང་ཚོ་བོད་པས་ས་ཡི་རྟེན་ཕུར༽ཞེས་བརྗོད་པ་དང་ཨེ་མཚུངས་སྙམ། གནམ་གྱི་ཀ་བ་གཉིས་ཏེ་གནམ་ས་འདེགས་བྱེད་ཀྱི་ཀ་བ་བཞི་བསྣན་ནས། སྔ་མའི་བཀོད་པ་དེ་བཞིན་སྙིང་རྗེ་བོར་བཟོས་ཡོད། དེ་ལྟ་བུའི་སའི་བཀོད་པ་སྔ་ཕྱི་གཉིས་ལ་བརྟེན་ནས། གོང་གི་དམ་པའི་གསུང་རབ་རྙིང་མའི་ནང་གི་བཀའ་གསུང་དེ་བྱུང་བ་ཞིག་རེད། དེར་བརྟེན་དམ་ཆོས་རྙིང་མ་ལ་༼ས་གཞི་ལེབ་ལེབ་ཀྱི་གསུང་རབ༽ཞེས་བོས་པ་དང༌། དེ་ཉིད་ཡི་དམ་དུ་བྱེད་པའི་ཚོགས་སྡེ་ལ༼ས་གཞི་ལེབ་ལེབ་ཀྱི་སྤྱི་ཚོགས༽ཞེས་པ་ཨེ་ཡིན་སྙམ་པ་སོགས། མདོར་ན། མེ་སོ་ཕོ་ཁྲ་མེ་ཡའི་གདོད་མའི་མི་རིགས་ལས། ས་གཞི་ལེབ་ལེབ་ཀྱི་ལྟ་ཚུལ། དེ་ལས་གནའ་བོའི་ཨེ་ལྗེབ་ཀྱི་གནམ་ས་འདེགས་པའི་ཀ་བ་བཞི། དེ་དག་ལས་དམ་ཆོས་རྙིང་མའི་ས་གཞི་ལེབ་ལེབ་ཀྱི་གྲུབ་མཐའ། དེ་ལས་ས་གཞི་ལེབ་ལེབ་འདོད་མཁན་གྱི་སྤྱི་ཚོགས་སོགས་བྱུང་བ་ཞིག་ཨེ་ཡིན་ཞེས་འདྲིའོ།། འདི་སྐོར་ཞིབ་མོར་མཁྱེན་འདོད་པ་དག་གིས། གཤམ་གྱི་དྲ་ཚིགས་འདི་དང༌། www.spaceandmotion.comཚན་རིག་ལོ་རྒྱུས་ཀྱི་རབ་འབྱམས་པ། མཁྱེན་ལྡན་མ་ཁིར་སི་ཀྲེན་སྒར་བོས་སྒྲིChristine Garwood མཆོག་གི་བརྩམས་དེབ”Flat Earth”ཞེས་པ་དང༌། ཚན་རིག་བཅོས་སྒྲུང་འབྲི་མཁན་སྙན་གྲགས་ཅན། སྐུ་ཞབས་ཨ་ས་ཁི་ཨ་སེ་མོསIsaac Asimov མཆོག་གིས་མཛད་པའི་ཚིག་ཉུང་དོན་གསལ་གྱི་དཔེ་ཆ་མཚན་བྱང་དུ་༼བར་སྣང་དང་ས་གཞིའི་ལམ་སྟོན༽Guide to earth and spaceཞེས་བརྗོད་པའི་ཡི་གེ་དག་ལ་གཟིགས་ཐུབ་པ་ཡིན་ན། བློ་སྒོ་མང་བོ་ཞིག་འབྱེད་ཐུབ་པར་སྣང་ངོ༌།། རྩོམ་ཡིག་འདི་མི་ཁོམ་བའི་བར་གསེང་ཞིག་ནས་འཕྲལ་མར་སྤེལ་སྟབས། ཚིག་དོན་གྱི་ཆ་ལ་སྐྱོན་ཡོད་ངེས་པས་མཁྱེན་ལྡན་དག་གིས་ཡོ་བསྲིང་ཡོང་པའི་རེ་བ་བཅས་རེ་ཞིག་རྫོགས་པར་བྱས་སོ།།

དཔྱད་རྩོམ།

Post navigation

Previous Post: ཨ་མ་དྲན་ཚུལ།
Next Post: གལ་ཏེ་ང་ཤི་སོང་ན།

Comments (16) on “སའི་གོ་ལ་ལེབ་ལེབ་ཏུ་འདོད་པའི་གནའ་བོའི་མཚར་གཏམ།”

  1. ཀླུ་སྨྱོན། says:
    2009-12-22 at 12:48 am

    ཁྱད་དུ་འཕགས་པའི་བཀླག་བྱ་ཞིག་རྙེད་སོང་།

  2. ཀརྨ་དགེ་ལེགས། says:
    2009-12-22 at 2:54 am

    རྔ་བ་རྒྱལ་ཁམས་པ།
    བཀྲིས་བདེ་ལེགས། གལ་ཏེ་ཁྱེད་ཀྱིས་ང་ཤེས་ན་ང་ལ་འབྲེལ་བ་ཞིག་བྱེད་རོགས།
    གོང་དུ་བྲིས་པ་འདི་དག་ནི་ཆེས་ཤིན་ཏུ་གལ་ཆེ་བས་ད་དུང་མུ་མཐུད་དུ་གསུང་བར་ཞུ།
    ངའི་ཡིག་ཟམ་ནི། karmagelck@hotmail.com

  3. གཅན་བཟོད་རྒྱམ། says:
    2009-12-22 at 3:20 am

    བཀུར་བར་འོས་པའི་རྔ་བ་རྒྱལ་ཁམས་པས་ཡང་གློག་སྤྲོ་པའི་རྩོམ་ཡིག་ཅིག་བཀོད་འདུག་གཱ ཁྱོད་ལ་ལུས་ངག་ཡིད་གསུམ་གྱིས་ཐུགས་རྗེ་ཆེ་ཞུས་པ་ཡིན།

  4. བོད། ལྷ་ཀླུ་གཉན་གསུམ། says:
    2009-12-22 at 4:21 am

    རྔ་བ་རྒྱལ་ཁམས་པ་ལགས། དེང་སང་མཚན་རིག་པ་ཆེས་མང་བོ་ཞིག་གི་ཉིས་སྟོང་བཅུ་གཉིས་ལ་སེམས་འཁུར་ཆེན་པོ་ཞིག་བྱེད་ཀྱི་ཡོད་པའི་གློག་བརྙན་ཡང་ཆེས་མི་ཉུང་བ་ཞིག་བཟོས་ཚར་བ་དང་བཟོ་བཞིན་པ་སོགས་མང་བོ་ཞིག་མཆིས་ན། སྐུ་ཉིད་ནས་དེའི་སྐོར་གྱི་སྒྱུར་རྩོམ་ཞིག་སྤུན་ཟླ་དག་ལ་མི་འགྱངས་པར་གནང་རྒྱུར་བདག་གི་རེ་སྐུལ་ཞིག་ཞུས་པ་ཡིན་ལགས།

  5. བློ་བཟང་དབང་ལྡན་ says:
    2009-12-22 at 7:27 am

    བཀུར་བར་འོས་པའི་རྔ་བ་རྒྱལ་ཁམས་པས་ཡང་གློག་སྤྲོ་པའི་རྩོམ་ཡིག་ཅིག་བཀོད་འདུག་གཱ ཁྱོད་ལ་ལུས་ངག་ཡིད་གསུམ་གྱིས་ཐུགས་རྗེ་ཆེ་ཞུས་པ་ཡིན།

  6. བློ་བཟང་བསྟན་འཛིན་ says:
    2009-12-22 at 7:47 am

    ཧ་ཅང་ཡག་པོ་འདུག དོགས་པ་རྣམ་རྟོག་མང་པོ་ཞིག་བསངས་སོ། གསེར་ས་འོག་ལ་ཡོད་ཀྱང་། འོད་ནམ་མཁར་ཟེར་བ་དངོས་གནས་བདེན།།

  7. gangbu says:
    2009-12-22 at 9:42 am

    རྗེས་མ་ཚན་རིག་པ་གཅིག་གིས་སའི་གོ་ལ་རིལ་རིལ་མ་རེད་ནར་ནར་རེད་ལབ་ཡོང་།

  8. མདོ་ལྷ་ཁམས་པ། says:
    2009-12-22 at 1:33 pm

    རྔ་བ་རྒྱལ་ཁམས་པས་དུས་ལྟར་འདི་འདྲའི་རིགས་ཁ་བརྡ་ཐོག་བཀོད་པ་བསྔགས་པའི་གནས་སུ་མཆིས།

  9. ཆོས་འཕེལ says:
    2009-12-22 at 1:33 pm

    རི་བོང་ཅལ་འགྲོག་པ། ནང་པའི་གཞུང་ལས་བཤད་པའི་འཇིག་རྟེན་གྱི་གནས་ཚུལ་ལ་བློ་ཁ་ཅུང་ཟད་ཀྱང་མ་ཕྱོགས་ཞིང་། ཆོས་ལུགས་གཞན་གྱི་བཤད་སྲོལ་དེ་ནང་བཞིན་ཞིག་ནང་པ་སངས་རྒྱས་པའི་གཞུང་ལས་ཀྱང་གསུངས་ཡོད་ཤག་བྱས་ནས། མུན་ནག་མདའ་འཕེན་ལ་དགའ་བ་ཡོངས་ལ་ཞུ་རྒྱུར། རང་རེ་ཆགས་ཞིང་རྟེན་སའི་འཇིག་རྟེན་འདི་ལེབ་ལེབ་ཡིན་པ་གསུང་པའི་ཚད་ལྡན་གྱི་ཁུང་ཞིག་གང་དུ་འདུག་ཁྱེར་ཤོག་དང་། ཞིབ་མོར་རྣམ་པར་འཐག་བྱེད་པ་ལ་རྐམ་པས་ཆུ་འདོད་བཞིན་སྒུག་ནས་འདུག་གོ།

  10. དགེ་ཆོས་རྗེས་སྐྱོང་བ།་ says:
    2009-12-22 at 2:43 pm

    རྡོ་སྤིས་བློ་བཟང་ཡོན་ཏན་ད་ལྟ་ཁྱོད་གང་ན་ཡོད་།་ཤོག་དང་།་གྲོགས་པ་ཚོ་མཆན་མང་པོ་ཐོབ་།་བློ་ཡོན་ངན་དུག་ཅན་གྱི་དགེ་ཆོས་གསོད་འདོད་པའི་བསམ་པ་དེ་གཏར་ཅི་ཐུབ་བྱོས་།་་ཧ་ཧ་།་བོད་པ་བོང་པ།་ཁྱོད་གང་ན་ཡོད་།་གཞོན་ནུ་ཟླ་འཛག་ཁྱོས་གང་ན་ཡོད་།ཧ་ཧ་

  11. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-12-22 at 2:57 pm

    ཟླ་ངོ་གཅིག་ཙམ་ལ་ཁ་བརྡ་དང་དུས་བབ་སོགས་སུ་མཆན་འབྲི་བ་དང་བསམ་ཚུལ་སྤེལ་བའི་དུས་ཁོམ་མ་བྱུང་།དེ་རིང་སང་ཉིན་གྱི་ཁ་བརྡའི་ཐོག་གི་སའི་གོ་ལ་རིལ་རིལ་དང་སའི་གོ་ལ་ལེབ་ལེབ་སྐོར་གྱི་རྩོམ་ཡིག་ཚོ་ྐློག་གིན་ཡོད།འདིར་དེའི་སྐོར་ལ་སྐད་ཆ་ཚིག་འགའ་བཤད་ཀྱི་ཡིན།
    སའི་གོ་ལ་ལེབ་ལེབ་ཡིན་དང་རིལ་རིལ་རེད་འདོད་མཁན་དག་སྡེ་ཚན་གསུམ་ཏུ་དབྱེ་དགོས་རེད་འདོད།
    དང་པོ་། གནའ་སྔ་མོའི་ནུབ་ཕྱོགས་ཀྱི་རྟོག་གེ་བ་དང་ཤེར་རྟོགས་རིག་པ་བ། ཆོས་ལུགས་པ། ཚན་རིག་པ་བཅས་ཀྱི་ཁྲོད་དུ་སའི་གོ་ལ་ལེབ་ལེབ་ཡིན་པའི་བསམ་ཚུལ་འཛིན་མཁན་ཇི་སྙེད་ཅིག་བྱུང་བ་རེད་ལ། དེ་ནི་དངོས་ཁམས་ཚན་རིག་ཆེས་ཆེར་མ་དར་བའི་དུས་ཚོད་ཀྱི་ནང་ལ་རེད།
    གཉིས་པ། དངོས་ཁམས་ཚན་རིག་དང་རྩིས་ཀྱི་རིག་པ་ཆེས་ཆེར་དར་བ་ལ་བརྟེན་ནས་སའི་གོ་ལ་རིལ་རིལ་ཡིན་པར་སྨྲ་མཁན་གྱི་དངོས་ཁམས་ཚན་རིག་པ་དང་རྩིས་རིག་པ་སོགས་ཇི་སྙེད་ཅིག་བྱུང་བ་རེད་ལ་དེ་དག་གི་ལྟ་ཚུལ་དེ་ད་ལྟ་བར་དུ་གནས་ཐུབ་པ་རེད།
    གསུམ་པ། དེ་རིང་སང་ཉིན་བསྐྱར་དུ་སའི་གོ་ལ་ལེབ་ལེབ་རེད་འདོད་མཁན་གྱི་རིགས་གཅིག་ཡོང་གི་ཡོད་པ་རེད། འདི་ཚོ་ཕལ་ཆེ་བ་དཔལ་འབྱོར་རིག་པ་བ་ཚོ་རེད།
    ཁོང་ཚོའི་འདོད་ཚུལ་ལྟེ་བ་ནི་གོ་ལ་གཅིག་གྱུར་གྱི་ཚོང་འབྲེལ་དང་བརྡ་འཕྲིན་གྱི་འབྲེལ་བའི་འོག་སའི་གོ་ལ་ལེབ་ལེབ་ཆགས་བཞིན་འདུག་ཟེར་བ་དེ་རེད།
    དཔེར་ན། གོང་དུ་བཀུར་འོས་རྔ་བ་རྒྱལ་ཁམས་པས་བཀོད་པའི་( The World Is Flat ) ཟེར་བའི་དཔེ་དེབ་དེའི་པར་རིས་དེ་གོང་གི་རྩོམ་ཡིག་འདི་དང་འབྲེལ་བ་མི་འདུག་སྙམ། ལགས་ནས་ཕྱི་ལོ་༢༠༠༥ལོར་བརྩམས་གནང་བའི་( The World Is Flat )
    ཟེར་བའི་དེབ་འདིའི་ཁོངས་སུ་ཁོང་ནས་རྒྱུ་རྐྱེན་བཅུ་( 11/9/89, 8/9/95, Work Flow Software, Uploading, Outsourcing, Offshoring, Supply-Chaining, Insourcing, In-forming and The steroids) ལ་བརྟེན་ནས་སའི་གོ་ལ་ལེབ་ལེབ་ཆགས་བཞིན་པའི་སྣང་ཚུལ་དེ་བརྗོད་ཡོད་པ་རེད།
    གུང་གསེང་གི་སྐབས་འདི་དང་བསྟུན་ནས་དཔལ་འབྱོར་རིག་པའི་ཐོག་ནས་སའི་གོ་ལ་ལེབ་ལེབ་ཡིན་པའི་བསམ་ཚུལ་འགའ་ྐློག་མཁན་ཚོའི་མདུན་ལ་འཇོག་གི་ཡིན།
    གནས་སྐབས་ལ་དེ་ཙམ་ཡིན།

  12. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-12-22 at 3:00 pm

    Thomas L. Friedman ལགས་ནས་ཕྱི་ལོ་༢༠༠༥ལོར་བརྩམས་གནང་བའི་( The World Is Flat )
    ཟེར་བའི་དེབ་འདིའི་ཁོངས་སུ་ཁོང་ནས་རྒྱུ་རྐྱེན་བཅུ་( 11/9/89, 8/9/95, Work Flow Software, Uploading, Outsourcing, Offshoring, Supply-Chaining, Insourcing, In-forming and The steroids) ལ་བརྟེན་ནས་སའི་གོ་ལ་ལེབ་ལེབ་ཆགས་བཞིན་པའི་སྣང་ཚུལ་དེ་བརྗོད་ཡོད་པ་རེད།

  13. བོད་པ says:
    2009-12-22 at 7:56 pm

    དགེ་ཆོས་ལ་རྒྱབ་སྐྱོར་ཆེད་ལན་འབྲི་མཁན་ཞིག་ལ་ཞུ་བ་བྱས་ནི་མིན་ནའ། རྒྱལ་ཁམས་པ་མང་པོ་ནོར་འདུག སའི་གོ་ལ་ལེབ་ལེབ་སྒྲུབ་ཁུལ་བྱས་ནས་རིལ་རིལ་ཡིན་པར་བསྒྲུབས་འདུག ཧ་ཧ། དགེ་ཆོས་ཀྱིས་བྲིས་བའི་ཚིག་འདི་དག་ལ་ཡང་བསྐྱར་བསམ་བློ་ཐོངས།
    ༡་་་སྔོན་ཕྱི་གླིང་ཡོ་རོབ་ཀྱི་ཡུལ་རྣམས་ན་ཡང་མ་བརྟག་པའི་སེམས་ཀྱི་འཆར་ཚུལ་བཞིན་འཇིག་རྟེན་འདི་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལབ་ཟེར།སྐབས་དེ་དུས་ཡོ་རོབ་ན་འཇིག་རྟེན་ལེབ་ལེབ་ཡིན་ཟེར་མཁན་ཤ་སྟག་རེད་དམ།་་་་་ཡང་་་་རིལ་མོ་ཡིན་ཞེས་སྨྲ་མཁན་ཅིག་ཀྱང་མེད་ཟེར།་་་་་་རིལ་མོ་ཡིན་སྨྲ་མཁན་གཅིག་་ཀྱང་མེད་པ་རེད་དམ།དེ་དུས་ཡོ་རོབ་ན་འཇིག་རྟེན་ལེབ་ལེབ་ཤ་སྟག་ལས་རིལ་མོ་ཡིན་སྨྲ་མཁན་གཅིག་ཀྱང་མེད་པའི་ཁུངས་ཁྱེར་ཤོག་་་་་་མེད་ན་དགེ་ཆོས་ནོར་བ་ཨེ་རེད།
    ༢་་་་་ཡུལ་སོ་སོའི་ཆོས་ལུགས་རྙིང་པ་(ནང་པ།་རྗོ།ཡི་ཤུ་་ཁ་ཆེ་སོགས)ཐམས་ཅད་ན་ཡང༌།འཇིག་རྟེན་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལས།རིལ་རིལ་ཡིན་བྱ་བ་ཡེ་མེད་ཟེར།ཆོས་ལུགས་རྙིང་པ་ཐམས་ཅད་ན་འཇིག་རྟེན་ལེབ་ལེབ་ཤ་སྟག་ལས་རིལ་རིལ་བྱ་བ་ཡེ་ནས་མེད་པའི་ཁུངས་ཁྱེར་ཤོག་་་་་་ཁུངས་མེད་ན་དགེ་ཆོས་ནོར་བ་ཨེ་རེད།
    ༣་་་་་་་་་དེའི་ཕྱིར་དང་པོར་རིག་པ་ཅན་འགའ་ཞིག་གིས་རིལ་རིལ་ཡིན་སྨྲས་ཚེ།གསོན་པོར་མེ་ལ་བསྲེགས་པ་སོགས་གཏམ་དེ་མི་འཕེལ་བའི་ཐབས་ཁོ་ན་བྱས་ཟེར།་་་་་རིག་པ་ཅན་སུ་ཞིག་གིས་འཇིག་རྟེན་རིལ་རིལ་ཡིན་སྨྲས་ནས་མེ་ལ་བསྲེགས་པ་རེད་དམ། དགེ་ཆོས་ཀྱིས་ཤ་སྟག་དང་ཅིག་ཀྱང་མེད། ཡེ་མེད་ཟེར་སོགས་ལབ་ནས་ཐག་བཅད་པ་ལ་བསམ་བློ་ཐོངས་’། དེ་ནས་ལན་བྲིས།

  14. མདའ་ཚན་པ། says:
    2009-12-22 at 9:03 pm

    ད་སའི་གོ་ལ་ལེབ་ལེབ་རེད་ཟེར་ན་ཆོག རིལ་རིལ་རེད་ཟེར་ན་ཆོག ག་རེ་ལབ་ཀྱང་དེ་ལ་ཧ་ལས་གི་མི་འདུག ཅི་ཟེར་རང་ཚོའི་འདོད་པ་རེད།
    ང་ཧ་ལས་པ་དེ་ང་ཚོས་ ་་འཇིག་རྟེན་་ ཟེར་བ་དང་ ་་སྲིད་པ་་ ཟེར་བའི་ཐ་སྙད་དེ་གཉིས་རེད། ཆི་འདྲ་འདྲའི་གནས་ལུགས་དང་རྒྱུ་མཚན་གྱིས་ཕྱུག་པའི་ཐ་སྙད་ཟོ་ཡོད་ལས་ཁ་ཉན་ནི་རེད། ཐ་སྙད་འདི་ཚོ་ནམ་ཟིག་ནས་བྱུང་བ་ཡིན་ནི་ན། སྐད་ལུགས་མི་འདྲ་བ་རེར་སའི་གོ་ལར་མིང་རེ་ཡོད་ཀྱང་བོད་མིང་འདི་འདྲ་ཞིག་གཞན་དེ་ཚོའི་ཁ་ནང་གི་ཟུར་ལའང་བྱུང་མི་འདུག

  15. ཁྲ་གླགསྤྱང་གསུམ་ནས says:
    2009-12-22 at 9:25 pm

    གནའ་བོའི་མཚར་གཏམ་འདི་ཡག་པོ་རེད་མུ་མཐུད་དུ་འབྲི་རོགས་གནང།
    ད་དུང་ཞུ་རྒྱུ་ཞིག་ལ་ 2012ལོར་ཆགས་འཇིག་ཡོང་པས་གློག་མང་པོ་ཞིག་བཟོས་དང་བཟོ་བཞིན་པ་རེད་ དེའི་སྐོར་ལ་ཁ་གསལ་ཀྱི་རྩོམ་རེ་འབྲི་རོགས་གནང་།

  16. དགེ་ཆོས་རྗེས་སྐྱོང་བ།་ says:
    2009-12-22 at 10:07 pm

    བོད་པ་ཟེར་པ་ཁྱོད།་མིང་ལ་བོད་པ་བཏགས་།་རྒྱ་འདྲེ་ཁོག་པ་ཞུགས་།་ད་ཆིས་རྒྱ་རྒྱུ་ནོ་རེད་།་་མཁས་བ་རྒྱལ་ཁམས་པས་”དེང་རབ་ཀྱི་ལོ་རྒྱུས་སྨྲ་བ་སྐུ་ཞབས་བྷིར་ཁྲོན་ར སིལ(BurtonRussell)མཆོག་གིས་ཁོ་ལིམ་བྷ་སིས་ཨ་རི་མ་རྙེད་ཡར་སྔོན་དུ་ས་གཞི་རིལ་རིལ་ཡིན་པར་རྟོགས་མཁན་ཧ་ལམ་མེད་ཅིང༌། མི་རྣམས་གནའ་བོའི་༼མུན་བསྐལ༽གྱི་རྨོངས་དད་ལྟ་ཚུལ་ནང་ཕྱིར་སྣུར་བྱས་པས། གནའ་བོའི་དགུ་རིག་དག་གི་ས་གཞི་རིལ་རིལ་གྱི་ཤེས་བྱ་བོར་བརླག་ཏུ་སོང་ཞིང༌། ཁོ་ལིམ་བྷ་སིའི་དུས་ཚན་རིག་དང་མཐུན་པའི་ས་ལྒང་རིལ་རིལ་ཞིག་རྙེད་པར་བཤད་”ཅེས་གསུང་མེད་གིན་ནས་།་་རྒྱལ་ཁམས་པ་གཅིག་པོ་མ་རེད་ད་།་

    མདའ་ཚན་པ་།་དེ་ལྟར་མི་གསུང་བར་།་ད་ག་ལ་ཆོག་།་ལེབ་ལེབ་ཡིན་ན་ལེབ་ལེབ་ཟེར་དགོས་ནི་རེད་།་རིལ་རིལ་ཡིན་ན་རིལ་ཟེར་དགོས་ནི་རེད་།་ཁྱེད་རིལ་རིལ་ཡིན་ན་ངས་ལེབ་ལེབ་ཟེར་ན་ཆོག་ནི་ཨེ་རེད་།་

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ནས། དེ་བདེན་པ་རེད་།་དཔེ་ཆ་དེ་།་དཔེ་ཆ་ཚོང་ཁང་ཡིན་ས་ན་བཙོང་རྒྱུ་ཡོད་གིན་།་རྒྱལ་ཁམས་པས་ཉམས་པར་མ་བཞག་ནི་ཡིན་རྒྱུ་རེད་།་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme